གསར་འགྱུར།
གསལ་བསྒྲགས།
༄༅། །ལྷག་བསམ་མཚུངས་མེད་མདོ་ཁམས་ཆུ་བཞི་སྒང་ས་གནས་ཁག་གི་ཚོགས་གཙོ་དང་དྲུང་ཆེ་ལྷན་རྒྱས་ལ་
ཆེད་ཞུ།
ལོ་ལྟར་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་མི་རིགས་ཀྱི་རྩ་དོན་སྤྱི་དང་མ་འོངས་ཆུ་སྒང་ལས་དོན་བྱ་ཕྱོགས་སོགས་ཀྱི་ཐད། གལ་ཆེ་བགྲོ་གླེངས་ཞུ་བཞིན་ཡོད་པར་བརྟེན། འདི་ལོ་ཡང་འགན་འཛིན་ལྷན་ཚོགས་ཐེངས་ ༤༢ པའི་སྐུ་མགྲོན། སྒྲིག་གཞི་དོན་ཚན་བཅུ་དྲུག་པའི་ནང་གསལ་ལྟར། དམིགས་གསལ་གདན་ཞུ་ཕུལ་བའི་སྤྱི་འཐུས་རྣམས་པ་དང་། དབུས་རྒྱུན་ལས་རྣམ་པ་དང་ས་གནས་ཁག་གི་ཚོགས་གཙོ་དང་དྲུང་ཆེ་བཅས། ཕྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༠ ནས་ ༡༢ བར་ཚོགས་གཏན་ཁེལ་སོང་བའི་གོང་གསལ་རྣམས་ཟླ་བ་ ༢ ཚེས་ ༩ ཉིན་དབུས་སྤྱི་ཁྱབ་ཁང་དུ་ངེས་ཕེབས་ཐོ་འགོད་གནང་ཐུབ་པ་དགོངས་འཇགས་ཡོད་པ་མཁྱེན་མཁྱེན།
མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༢ ཚེས་ ༢༣ ལ།
གསལ་བསྒྲགས།
ཡིད་སྐྱོའི་གནས་ཚུལ།
བོད་རིགས་སྤུ་ཟླ་སྤྱི་དང་མདོ་ཁམས་རྒྱ་ཆེན་མི་དམངས་ལ་ཞུ་རྒྱུ། དེ་རིང་སྤྱི་ལོ༢༠༡༡།༡༢།༡༩།ཉིན། བོད་མི་དམངས་སྤྱི་འཐུས་ཟུར་པ་དང་། སྦིར་གཞིེས་མགོ དེ་སྔོན་མདོ་ཁམས་ཆུ་སྒང་བསྟན་སྲུང་དྭངས་བླང་དམག་ཁོངས་སུ་གཞུགས་ནས་ཆུ་མིག་གསང་བའི་སྒྲིག་འཛུགས་ཀྱི་བཀོད་སྒྲིག་བཞིན། གནམ་མཆོང་ས་བབ་ཀྱི་མཛད་རྗེས་རླབས་ཆེན་བཞས་
གསལ་བསྒྲགས།
༄༅།། །མཁྱེན་ཡངས་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཁག་གི་ཚོགས་གཙོ་དབུས་རྒྱུན་ལས་ལྷན་རྒྱས་མཆོག་གི་དྲུང་དུ།
ཆེད་ཞུ། དགོངས་མངའ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་རིམ་པའི་ནང་ཤེས་ཡོན་སྐོར་འཐུས་ཤོར་ཆེན་པོ་ཕྱིན་ཡོད་པ་སོགས་བཀའ་ནན་ཕེབས་པ་སོང་། མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ངོས་ནས་རང་རང་ནུས་པ་ལ་དཔག་པའི་བཀའ་ཡའི་ཆ་ཤས་ཕྲ་མོ་ཙམ་སྒྲུབས་ཐུབ་པའི་རེ་བ་ཞུས་ཏེ་ཆུ་སྒང་ཚོགས་པའི་ན་གཞོན་སློབ་ཕྲུག་གྲངས་ ༢༠ ལ་སློབ་ཡོན་འབུལ་རྒྱུ་ཐག་ཆོད་བྱུང་བ་ལྟར་སྔོན་དུ་གསལ་བསྒྲགས་ཞུས་ཟིན་འདུག་ཀྱང་། ས་གནས་ཁག་འགའ་ཤས་ནང་ས་གནས་རྒྱུན་ལས་ཁག་གི་བརྒྱུད་ནས་གསལ་བསྒྲགས་འཐུས་གཙང་མ་བྱུང་བ་སོགས་ལ་བརྟེན། ད་ལམ་དབུས་རྒྱུན་ཚོགས་ཐེངས་གཉིས་པའི་སྐབས་བཀའ་བསྡུར་ཐག་གཅོད་བྱུང་བ་ལྟར་ ༢༠༡༢ ཟླ་ ༡ ཚེས་ ༣༡ བར་མཐའ་མའི་འཚང་སྙན་འབུལ་རྒྱུའི་དུས་ཚད་ཕྱིར་འགྱངས་གནང་གཏན་འཁེལ་ཡོད།
མྱ་ངན་གུས་འདུད་དང་འདས་འཇུག་དགེ་བསྔོའི་གསར་བརྡ།
༄༅། །རྒྱལ་ཁབ་ཕྱི་ནང་གང་སར་ཡོད་པའི་མདོ་སྟོད་ས་གནས་རྒྱུན་ལས་ཁག་གི་སྙན་ལམ་དུ་ཞུ་རྒྱུ།བོད་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པར་བླ་མ་མེད་པའི་མཛད་རྗེས་ཆེ་བ་དང་། རང་རེ་མདོ་ཁམས་ཆུ་བཞི་སྒང་དྲུག་ལ་སྔ་ཕྱི་བར་གསུམ་དུ། ཉི་མ་མེ་གྲོགས་དང་། ཆར་པ་ཆུ་གྲོགས་ཀྱི་དཔེ་ལྟར། སྐྱིད་སྡུག་ཡག་ཉེས་གང་བྱུང་ཡང་སྐྱིད་མཉམ་སྡུག་མཉམ་གྱི་འགན་ཁུར་མཉམ་ལེན་དང་།
དེ་ལས་མང་བའི་རྩོམ་ཡིག...
- བཀའ་བློན་ཁྲི་ཟུར་འཇུ་ཆེན་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།
- མདོ་ཁམས་ཆུ་སྒང་དབུས་རྒྱུན་གསར་རྙིང་རྩིས་སྤྲོད་ལེན་དང་སྐབས་ ༡༩ པའི་དབུས་རྒྱུན་ལྷན་ཚོགས་ཐེངས་དང་པོ།
- མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པའི་གྲོས་གཞི་གྲོས་ཆོད་ཁག
- མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་དབུ་བརྙེས་པའི་དུས་དྲན།
- མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་ ༡༨ པའི་ལས་བསྡོམས་སྙིང་བསྡུས།
ཤོག་ངོས། 1 of 12
















