དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།68
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།300
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1192
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96085

Online (20 minutes ago): 12
Your IP: 38.107.179.238
,
Today: Feb 07, 2012

རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དབུ་འབྱེད་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

སྐྱབས་ རྗེ་གཏེར་སྟོན་དྲི་མེད་རབ་འབྱམས་རིན་པོ་ཆེའི་གདུང་སྲས་དགྱེས་སྤྲུལ་འཇིགས་ མེད་རིན་པོ་ཆེའི་གདན་ས་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་ཕྱི་ནང་གི་རྟེན་དང་ བརྟེན་པ་ཕུན་སུམ་ཚོགས་པ་ཨོ་རིས་ས་ཕུན་ཚོགས་གླིང་དུ་བཞེངས་བསྐྲུན་ཡོངས་སུ་ གྲུབ་སྟེ་ཕྱི་ལོ་ ༢༠༡༠་ལོའི་ཟླ་ ༡ ཚེས་ ༡༡ ཉིན་སྤྱི་ནོར༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་གཟིགས་ཆེན་པོ་ མཆོག་གདན་ཞུས་ཀྱིས་ཕྱི་ནང་སེར་སྐྱ་སྟོང་ཕྲག་མང་པོ་འདུ་འཛོམས་སར་དགོན་པ་དབུ་ འབྱེད་བཀྲ་ཤིས་མངའ་དབུལ་རབ་གནས་ཀྱི་མཛད་སྒོ་གྲ་རྒྱས་ཕུན་སུམ་ཚོགས་པ་གནང་ སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་སྐུ་ མགྲོན་དུ་གདན་ཞུས་གནང་བ་ལྟར་ཆེད་བཅར་ཞུ་ཐུབ་པ་བྱུང་བ་དང་། གོང་ས་མཆོག་གིས་དབུ་ཁྲིད་པའི་གཞུང་གི་མཛད་གཙོ་རྣམ་པ་དང་གནད་ཡོད་ཀྱི་བླ་ སྤྲུལ་དུ་མ་མཇལ་བཅར་ཞུ་ཐུབ་པ་སོགས་དོན་ཕན་ཆེན་པོ་བྱུང་ཡོད་པ་ཙམ་མ་ཟད། སྐྱབས་རྗེ་རྣམ་པ་དང་གུས་འབངས་མདོ་ཁམས་ཆུ་བཞི་སྒང་དྲུག་དབར་བླ་སློབ་དམ་ཚིག་ གི་རེ་ཁ་གང་བ་དང་། གདན་ས་དེ་ཉིད་ནི་མ་འོངས་འགྲོ་བ་སྤྱི་ཡི་བསོད་ནམས་གསོག་སའི་ཞིང་མཆོག་བླ་ན་ མེད་པ།
སྔ་ འགྱུར་སྙིང་མའི་བསྟན་པ་སྤྱི་ཡི་མཛེས་རྒྱན་དུ་དགོན་པའི་ཕྱི་ནང་གི་ཁོར་ཡུག་ རྒྱ་ཆེ་ལ་བལྟ་ན་སྡུག་པ། དོན་བདག་ཉམས་ནི་དམར་སེར་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་གཉིས་ཀྱིས་མདོ་སྔགས་ཟུང་འབྲེལ་ཉམས་ལེན་གྱིས་ཕྱུག་པ། ཕྱི་ནང་གི་ཁོར་ཡུག་ནི་སུས་བལྟས་ཀྱང་ཡིད་སྨོན་ཞུ་འོས་པའི་དབེན་གནས་མིང་དོན་ མཚུངས་པ་ཞིག་བཞེངས་བསྐྲུན་གནང་བ་དང་། དེ་བཞིན་ཨོ་རིས་ས་གཞིས་ཆགས་གཙོས་པའི་ཉམ་ཐགས་མི་མང་གྲངས་མེད་པ་ཞིག་ལ་ལོ་ཤས་ ནང་་ཁ་ཡོད་ལག་ཡོད་ཀྱི་རོགས་དངུལ་ཧིན་སྒོར་ ༣༣'༨༢༡'༥༣༩། བཀའ་དྲིན་ཆེན་པོ་བསྐྱངས་གནང་བ་ནི་ཡིད་རངས་ཞུ་དགོས་པ་དང་སྤྱི་ཚོགས་ཞབས་ཞུའི་ མིག་དཔེར་འོས་པའི་ཕུལ་བྱུང་གི་གཟེངས་རྟགས་འབུལ་དགོས་པ་ཞིག་མཐོང་བྱུང་། དེ་རྗེས་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་སྐྱབས་རྗེ་ཆགས་མེད་རིན་ པོ་ཆེའི་གདན་ས་དང་། བདུད་འཇོམས་རིན་པོ་ཆེའི་གདན་ས། དེ་བཞིན་གནད་ཡོད་མི་སྣ་མང་པོ་མཇལ་འཕྲད་ཞུས་ཏེ་ཕྱི་ཚེས་ ༡༤ ཉིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཕྱིར་ཕེབས་གནང་ཡོད་པ་རེད།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༡ ཚེས་ ༡༥ ལ།