དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།19
mod_vvisit_counterཁ་སང།118
mod_vvisit_counterབདུན་ཕྲག་འདི།137
mod_vvisit_counterབདུན་ཕྲག་སྔོན་མ།580
mod_vvisit_counterའདི་ཟླ།524
mod_vvisit_counterཟླ་བ་སྔོན་མ།3103
mod_vvisit_counterགཟིགས་མཁན་བསྡོམས།28262

Online (20 minutes ago): 5
Your IP: 38.107.191.90
,
Today: Sep 06, 2010

གསར་འགྱུར།

མདོ་ཁམས་དབུས་ཆུ་སྒང་གི་མཛད་གཙོ་རྣམ་པ་ས་གནས་ཁག་ཏུ་འཚམས་གཟིགས་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཕྱོགས་སྐྱོད་ལས་བསྡོམས། །

བཀྲིས་ལྗོངས་ས་གནས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ ནས་འགྲུལ་འཁོར་རྒྱུད་ཐོན་ནས་ཕྱི་ཟླ་ ༦ ཚེས་ ༦ ཉིན་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་བཀྲིས་ལྗོངས་གཞིས་ཆགས་སུ་འབྱོར་སྐབས། ས་གནས་ཆུ་སྒང་ཚོགས་གཙོ་དང་རྒྱུན་ལས། ས་གནས་འགོ་འཛིན་བཅས་ཀྱིས་ཕེབས་བསུ་གནང་རྗེས་ཞོགས་པའི་ཆུ་ཚོད་

དེ་ལས་མང༌།: མདོ་ཁམས་དབུས་ཆུ་སྒང་གི་མཛད་གཙོ་རྣམ་པ་ས་གནས་ཁག་ཏུ་འཚམས་གཟིགས་ཕེབས་པ།

 

མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐབས་ ༡༨ པའི་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་འཚོགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐབས་ ༡༨ པའི་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་འཚོགས་གནང་ཡོད་པ་རེད། མདོ་ཁམས་ཆུ་སྒང་ཚོགས་པའི་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་ཉུང་མཐའ་ཟླ་བ་གསུམ་རེའི་མཚམས་ནས་དབུས་རྒྱུན་ལྷན་ཚོགས་ཐེངས་རེ་འཆར་ཅན་དང་། འཕར་མའི་ཚོགས་འདུ་དགོས་གལ་བྱུང་ཚེ་འཚོགས་དགོས་ཞེས་གསལ་བ་ལྟར་། ད་རེས་ཕྱི་ལོ་ ༢༠༡༠ ལོའི་ཟླ ༦ ཚེས ༡ དང་ ༢ ཉིན་གཉིས་རིང་གི་ཚོགས་འདུའི་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཆེན་ཐོག་ཆུ་སྒང་དབུས་རྒྱུན་ལས་སྐབས་ ༡༩ པ་དང་། མདོ་སྟོད་སྤྱི་འཐུས་སྐབས་ ༡༥ པའི་སྔོན་འགྲོའི་འོས་གཞི་ས་གནས་རྒྱུན་ལས་ཁག་ནས་འདོན་གནང་མཛད་དེ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་དགོས་པ་དང་། ཕུལ་འབྱོར་བྱུང་མཚམས་དབུས་རྒྱུན་ལྷན་ཚོགས་གནང་སྟེ་མང་མོས་རྩེ་ཏོག་གི་སྔོན་འགྲོའི་འོས་གཞི་རྣམས་འདོན་དགོས་ཞེས་གསལ་བ་ལྟར་། ས་གནས་ཁག་ནས་འབྱོར་བའི་སྔོན་འགྲོའི་འོས་གཞི་རྣམས་རྩིས་གཤེར་གྱིས་སྐབས་ ༡༩  པའི་དབུས་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་གཞི་མི་འགྲོ་ ༢༠ དང་། མདོ་སྟོད་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་མི་འགྲོ་ ༢༠ གཏན་འབེབས་གནང་ཡོད་པ་མ་ཟད། སྔོན་འགྲོའི་འོས་གཞིར་འཁོད་པའི་ཁོངས་མི་སོ་སོར་བཀྲ་ཤིས་བདེ་ལེགས་དང་བཅས་ཏེ་སྔོན་འགྲོའི་འོས་གཞིར་འདེམ་ཐོན་བུྱུང་ཡོད་པའི་བརྡ་ཐོ་འབུལ་རྒྱུའི་གཏན་འབེབ་གནང་ཡོད་པ་དང་། གལ་ཏེ་དོ་བདག་སྔོན་འགྲོའི་འོས་གཞིའི་ཁོངས་སུ་བཞུགས་འདོད་མཆིས་ཚེ་ཆ་རྐྱེན་གལ་གནད་ཆེ་བོད་སྤྱི་པའི་རྩ་དོན་གཞི་རྩར་བཟུང་སྟེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། མདོ་ཁམས་ཆུ་སྒང་ཚོགས་པའི་ཁྲིམས་སྒྲིག་ཁག་ལ་སྙིང་ནས་ཡིད་ཆེས་དང་བློ་གཏད་བྱེད་རྒྱུ་ཡིན་པས་སྙན་ཞུ་ཐུང་ངུ་ཞིག་དང་ལྷན་དུ་ལོ་རྒྱུས་མདོར་བསྡུས་རེ། ཕྱེད་པར་སྤུས་ལེགས་རེ། དེ་བཞིན་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་མིའི་ལག་དེབ་ངོ་བཤུས་བཅས་འཕྲལ་དུ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ཕྱིར་འབུལ་ཐུབ་པ་དགོས་རྒྱུའི་འགན་བསྐུར་ཡང་བྱས་ཡོད་པ་རེད། དེ་བཞིན་མདོ་ཁམས་ཆུ་སྒང་ཚོགས་པའི་དབུས་རྒྱུན་ལས་རྣམ་པ་ཕྱོགས་བསྐྱོད་ཕེབས་ཕྱོགས་དང་འཛིན་སྐྱོང་གི་ལས་དོན་གང་ཅིར་བགྲོ་གླེང་ཞིབ་རྒྱས་གནང་སྟེ་ཕྱི་ཚེས་ ༢ ཉིན་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།

 

སྐབས་བཞི་པའི་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་བསྐོང་འཚོགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་བཅུ་དགུ་པ་དང་མདོ་སྟོད་རྒྱལ་ཡོངས་མི་མང་གིས་འོས་བསྡུ་བྱས་པའི་སྐབས་གསུམ་པའི་དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པ་ཕྱི་ལོ་ ༢༠༡༡ ལོའི་ཟླ ༦ ཚེས ༡༨ ཉིན་ལས་ཡུན་ལོ་གསུམ་ཧྲིལ་པོ་ཚང་གི་ཡོད་པར་བརྟེན་ཕྱི་ལོ་ ༢༠༡༠ ལོའི་ཟླ ༢ ཚེས་ ༢༧ ཉིན་མདོ་ཁམས་ཆུ་སྒང་འགན་་ལྷན་ཐེངས་ ༤༠ པའི་ཚོགས་ཆེན་ཐོག་སྐབས་བཞི་པའི་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་གི་འཐུས་མི་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་། སྤྱི་འཐུས་དགེ་བཤེས་ག་ཟི་ཚེ་རིང་པོ། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། དབུས་རྒྱུན་ཚོགས་གཞོན་སྨར་ཁམས་ཆོས་འཕེལ། ཀོང་པོ་པདྨ་ཚེ་རིང་བཅས་ལ་གཏན་འབེབས་གནང་ཡོད་པ་རེད།  ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས ༢༣ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྐབས་བཞི་པའི་དབུས་འོས་བསྡུ་ཚོགས་ཆུང་གི་འཐུས་མི་རྣམ་པར་འགན་ལྷན་ཐེངས་ ༤༠ པའི་གྲོས་ཆོད་ཨང་ ༧ པའི་དགོངས་དོན་གཞིར་བཟུང་ཆུ་སྒང་དབུས་རྒྱུན་སྐབས་ ༡༩ པ་དེ་ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༦ ཚེས ༡༩ ཉིན་བསྐོ་བཞག་གནང་ཐུབ་པ་དགོས་པའི་བཀོད་རྒྱ་བཏང་བ་གཞིར་བཟུང་ད་རེས་སྐབས་བཞི་པའི་ཆུ་སྒང་འོས་བསྡུ་ཚོགས་ཆུང་གི་ལྷན་ཚོགས་ཐེངས་དང་པོ་༢༠༡༠།༥།༢༨ ཉིན་བཞུགས་སྒར་རྡ་རམ་ས་ལར་བསྐོང་འཚོགས་གནང་སྟེ་ལས་དོན་ཐག་བཅད་གནང་བ་གཤམ་གསལ་ལྟར་ཡིན་འདུག  ༡༽ ཚོགས་མི་ནང་ཁུལ་གྱི་ལས་འགན། ཚོགས་གཙོ། སྤྱི་འཐུས་ག་ཟི་དགེ་བཤེས་ཚེ་རིང་པོ། ཚོགས་དྲུང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།  དངུལ་གཉེར། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན།  རྩིས་པ། ཀོང་པོ་པདྨ་ཚེ་རིང། ཚོགས་མི། ཆུ་སྒང་དབུས་རྒྱུན་ཚོགས་གཞོན་སྨར་ཁམས་ཆོས་འཕེལ་བཅས་ལ་གཏན་འཁེལ་གནང་སྟེ། ༢༽སྒྲིག་གསལ་ས་གནས་འོས་བསྡུ་ཚོགས་ཆུང་འཛུགས་ཕྱོགས་སྐོར། ༣༽འོས་འཕེན་པའི་དེབ་སྐྱེལ་བྱ་ཕྱོགས་སྐོར། ༤༽སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ལས་དོན་དངོས་སུ་འགོ་འཛུགས་དང་མཐའ་མ་ཁྱབ་བསྒྲགས་བཅས་ཀྱི་ལས་རིམ། ༥༽གཞན་ཡང་སྐབས་བསྟུན་གྱི་ལས་འགན་སྒྲུབ་སྟངས་བཅས་ཀྱི་སྐོར་ལ་གོ་བསྡུར་གྱིས་ཐོག་མར་ས་གནས་འོས་བསྡུ་ཚོགས་ཆུང་རྣམས་འཛུགས་ཕྱོགས་ཐད་ས་གནས་སོ་སོའི་རྒྱུན་ལས་ལ་འབྲེལ་བ་གནང་རྒྱུ་དང་དེ་མཚམས་རིམ་བཞིན་ལས་རིམ་གཞན་སྐོར་ཁྱབ་བསྒྲགས་བྱ་རྒྱུ་སོགས་ལ་གོ་བསྡུར་ལྷུག་པོས་ཐག་བཅད་གནང་ཡོད་པའི་གནས་ཚུལ་ཐོན་འདུག


 

ཨ་རིའི་ནིའུ་ཡོག་མདོ་ཁམས་ཆུ་སྒང་གིས་༸གོང་ས་མཆོག་མཇལ་ཁ་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་ཚེས་ཁ་གསལ་མ་འཁོད་ཀྱང་འདི་ལོའི་ཟླ་ ༥ ཚེས་ ༢༣ ཡས་མས་ཞིག་ལ། ནིའུ་ཡོཀ་གྲོང་ཁྱེར་དུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཞབས་པད་ཆིབས་བསྒྱུར་གནང་སྐབས་དང་བསྟུན་ས་གནས་ཆུ་སྒང་གི་རྒྱུན་ལས་རྣམས་ལ་མཇལ་འཕྲད་ཀྱི་སྐལ་བཟང་གོ་སྐབས་བྱུང་བ་མ་ཟད་ས་གནས་ཆུ་སྒང་གི་ལས་བསྡོམས་ཞིག་ཀྱང་སྤྱན་འབུལ་ཞུས་ཡོད་འདུག
དེའང་ཨ་རིའི་ནིའུ་ཡོཀ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་མ་ནས་འདས་མ་འོངས་ད་ལྟ་སོགས་ཀྱི་གནས་སྟངས་དང་། ཚོགས་པ་འདིས་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་དུས་དང་བསྟུན་པའི་ལས་འགུལ་སྤེལ་བ་ཁག་དང་། དེ་བཞིན་རྒྱལ་ཕྱི་ནང་གི་དམངས་གཙོ་དོན་གཉེར་ཅན་དང་། བོད་དོན་རྒྱབ་སྐྱོར་བ། དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མཛད་གཙོ་དང་སློབ་སྟོན་པ་སོགས་གལ་ཆེའི་མི་སྣ་ཁག་གདན་ཞུས་ཀྱིས་གནད་ལ་སྨིན་པའི་བགྲོ་གླེང་སོགས་གང་འགབ་ཞུས་ཡོད་པའི་སྐོར་དང་། ཉེ་བའི་ཆར་བོད་ཁམས་སྐྱེ་རྒུར་རང་བྱུང་གི་གནོད་འཚེས་མི་མང་ཁྲི་ཕྲག་རྒལ་བར་དཀའ་སྡུག་ཚད་ལས་འདས་པར་བྱུང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བར་ཞུས་ཡོད་པའི་སྐོར་སོགས་ཞུས་ཡོད་འདུག
དེ་བཞིན་༸གོང་ས་མཆོག་གིས་ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པ་འདི་ཉིད་བྱས་རྗེས་ཅན་ཞིག་དང་བསྟན་སྲིད་ལ་སྨིན་པའི་ལས་དོན་རྒྱ་ཆེར་བྱས་ཡོད་པ་དགོངས་དབྱིངས་སུ་མངའ་ཡོད་པའི་བཀའ་སློབ་བཀའ་དྲིན་རྒྱ་ཆེར་བསྩལ་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད།
 

ཁམས་སྐྱེ་རྒུར་ས་ཡོམ་གོད་ཆག་གི་འདས་པོ་རྣམས་ཀྱི་བདུན་ཚིག་བཞི་པའི་མཆོད་འབུལ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ཞུས་པ།།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༠ ལོའི་ཟླ ༥ ཚེས ༡༡ རེས་གཟའ་མིག་དམར་ཉིན་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་དབུ་འཛུགས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་རྐྱེན་ངན་འོག་བོད་མི་ཁྲི་ཕྲག་ལས་བརྒལ་བ་ཚེ་ལས་འདས་པ་དེ་དག་གི་གཙོས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བདུན་ཚིགས་བཞི་པའི་དུས་གནད་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་༸རྒྱལ་བ་ཀརྨ་པ་༸སྐུ་ཕྲེང་བདུན་པ་ཆེན་པོ་མཆོག་ཞབས་ཀྱི་པདྨོ་རྣམ་པར་བཀོད་པ་དང་། སྐྱབས་རྗེ་འདན་མ་བློ་ཆོས་རིན་པོ་ཆེ་མཆོག་རྣམ་པ་གཉིས་བཞུགས་ཁྲིར་འཁོད་པ་དང་མཚན་ཉིད་གྲྭ་ཚང་གིས་གསུང་འདོན་ཆོ་ག་དབུ་འཛུགས་གནང་སྟེ་རྡ་སར་རྟེན་གཞི་བྱས་པའི་དགོན་སྡེ་གྲྭ་ཚང་ཁག་གི་བླ་སྤྲུལ་ ༨༠༠ ལྷག་ཙམ་དང་། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་དཔོན་རྣམ་པ།

དེ་ལས་མང༌།: ཁམས་སྐྱེ་རྒུར་ས་ཡོམ་གོད་ཆག་གི་འདས་པོ་རྣམས་ཀྱི་བདུན་ཚིག་བཞི་པའི་མཆོད་འབུལ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ཞུས་པ།།

 

དེ་ལས་མང་བའི་རྩོམ་ཡིག...

ཤོག་ངོས། 2 of 6