དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།12
mod_vvisit_counterཁ་སང།118
mod_vvisit_counterབདུན་ཕྲག་འདི།130
mod_vvisit_counterབདུན་ཕྲག་སྔོན་མ།580
mod_vvisit_counterའདི་ཟླ།517
mod_vvisit_counterཟླ་བ་སྔོན་མ།3103
mod_vvisit_counterགཟིགས་མཁན་བསྡོམས།28255

Online (20 minutes ago): 3
Your IP: 38.107.191.92
,
Today: Sep 06, 2010

གསར་འགྱུར།

ས་གནས་མདོ་ཁམས་ཆུ་སྒང་སྒྲིག་འཛུགས་ཁག་གིས་ཁམས་སྐྱེ་རྒུའི་མི་མང་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་བ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

བཀྲ་ཤིས་ལྗོངས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

བཀྲ་ཤིས་ལྗོངས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གནས་ཚུལ་བཏང་གསལ་ལྟར། ཕྱི་ལོ་ ༢༠༡༠ ཟླ ༦ ཚེས་ ༡༠ ཉིན་ཁམས་པ་སྒར་དགོན་པར་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་ཞུས་ཏེ། ཁམས་སྤྲུལ་སྐུ་འཕྲེང་དགུ་པ་བཤད་སྒྲུབ་ཉི་མ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག མཁན་པོ་དང་བླ་སྤྲུལ། གྲྭ་མང་དང་ས་གནས་མི་མང་སོགས་སྐྱ་སེར་ ༣༠༠ ལྷག་ཞིག་འཛོམས་ནས་འདི་ལོའི་སྐྱེ་རྒུའི་ས་ཡོམ་གོད་ཆག་འོག་རྐྱེན་འདས་སོང་བ་རྣམས་ལ་བསྔོ་སྨོན་མཆོད་འབུལ་དང། ཚེ་དང་ལྡན་པ་རྣམས་ཀྱི་དཀའ་ཚེགས་ལ་གདུང་སེམས་མཉམ་སྐྱེད་སོགས་ཀྱི་ལས་འགུལ་རྒྱ་ཆེན་སྤེལ་ཡོད་པ་རེད། 

ཀུམ་རའོ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

ཀམ་རའོ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་གནས་ཚུལ་གཏོང་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་མདོ་སྐྱེ་རྒུ་མདོར་རང་འབྱུང་ས་ཡོམ་གྱི་གནོད་འཚེ་ཤུགས་ཆེན་བྱུང་ནས་མི་མང་སྟོང་ཚོ་འགའ་ཤས་རྐྱེན་འདས་དང་། སྨས་སྐྱོན་སོགས་བྱུང་བར་འདི་གའི་ས་གནས་ནས་གདུང་སེམས་མཉམ་བསྐྱེད་ཆེད། གཞིས་མི་ཚང་མ་ཉིན་ལྟར་ཆུ་ཚོད་གཉིས་རིང་མཉམ་འཛོམས་ཀྱིས་ཞབས་རིམ་གཟུངས་བསྔགས་ཡིག་དྲུག་དང་། སྒྲོལ་མ། བསམ་ལྷུན། བར་ཆད་ལམ་སེལ། བཟང་སྤྱོད་སྨོན་ལམ་སོགས་བསྔོ་སྨོན་དང་། ཉིན་ལྟར་བརྒྱ་མཆོད་རེ་ཆད་མེད་སྒྲུབ་འབུལ་ཞུས་ཡོད་པ་རྣམས། འདས་པོ་དེ་དག་མྱུར་དུ་རྫོགས་བྱང་གི་གོ་འཕང་འཐོབ་པ་དང་། གསོན་པོར་གནས་པ་རྣམས་ཀྱི་དཀའ་སྡུག་སེལ་བའི་ཆ་རྐྱེན་དུ་འགྲོ་བའི་སྨོན་ལམ་གདུང་ཤུགས་དྲག་པོ་དང་བཅས་ཀམ་རའོ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཁང་ནས་ཕུལ།།

སྦེལ་འཇམ་མདོ་ཁམས་ཆུ་སྒང་ཚོགས་པའི་ལས་འགུལ།

་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་མདོ་ཁམས་སྐྱེ་རྒུའི་ཁུལ་སུ་ས་ཡོམ་གྱི་འཇིག་པས་མི་ཤི་རྒྱུ་གྱོང་བཤད་མི་ཤེས་པ་ལྟ་བུར་ཆགས་པར་གདུང་སེམས་མཉམ་བསྐྱེད་ཆེད་ཕྱི་ལོ་ ༢༠༡༠ ཟླ ༤ ཚེས ༡༨ དང་། ཕྱི་ཟླ་ ༤ ཚེས ༢༣།༢༤།  ཕྱི་ཟླ་ ༥ ཚེས་ ༤ དང་ཚེས་ ༡༥།  ཚེས་ ༢༧ ཏེ་ས་ག་ཟླ་བའི་ཚེས་ ༡༥ ། ཕྱི་ཟླ་ ༥ ཚེས ༢༩ སོ་སོ་མདོ་ཁམས་ཆུ་སྒང་ཚོགས་པ་དང་། བོད་རིགས་ཚོགས་པ། ས་གནས་གཞོན་ནུ་ཚོགས་པ་བཅས་ལྷན་དུ་འདས་གསོན་རྣམས་ཀྱི་ཆེད་དུ་བསྔོ་བ་སྨོན་ལམ་དང་། གསོལ་འདེབས་སྨོན་ལམ་རྒྱ་ཆེ་གནང་ཡོད་པ་མ་ཟད་དཔལ་འབྱོར་བསྡུ་འགོད་ཀྱང་བྱས་ཡོད་འདུག  ཞེ་དགུའི་ཐོག་བསྔོ་བ་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

ལ་དྭགས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

ལ་དྭགས་ས་གནས་ཆུ་སྒང་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡༡ ཉིན་ལ་དྭགས་ས་གནས་མདོ་ཁམས་ཆུ་སྒང་བདེ་དོན་ཚོགས་པ་ནས་སྒ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་བྱུང་བ་རྣམས་ལ་བསྔོ་སྨོན་མཆོད་འབུལ་རྒྱས་པ་དང། གསོན་པོ་ལྷག་ལུས་རྣམས་གདུང་སེམས་མཉམ་བསྐྱེད་ཀྱི་ལསགཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག དེ་བཞིན་ཕྱི་ཟླ་ ༦ པའི་ཚེས་ ༡ ཉིན་འདས་གསོན་དེ་དག་གི་ཆེད་བསྔོ་སྨོན་མཆོད་འབུལ་དང་གསོལ་འདེབས་རྒྱ་ཆེ་གོ་སྒྲིག་ཞུ་འཆར་ཡོད་པ་རེད།

བོན་གཞིས་ཆུ་སྒང་དང་ཐོབ་རྒྱལ་གསར་པའི་ནང་ལས་འགུལ།

ཕྱི་ལོ་ ༢༠༡༠ ལོའི་ཟླ ༥ ཚེས ༢༤ ཉིན་གནས་ཚུལ་ཐོན་གསལ་ལྟར་ན། ཉེ་ཆར་རང་ཡུལ་མདོ་ཁམས་ཁོངས་གཏོགས། སྒ་སྐྱེ་རྒུ་མདོའི་ཕྱོགས་སུ་སུས་ཀྱང་འགོག་ཐབས་བྲལ་བའི་ས་ཡོམ་གྱིས་འཇིག་པས་རང་རེའི་བོད་རིགས་སྤུན་ཟླའི་མཚོན་པའི་ཚེ་སྲོག་ཤོར་བ་ཆེས་མང་ཞིང༌། གཞན་ཡང་རྨས་སྐྱོན་སོགས་ཀྱི་གོད་ཆགས་ཚབ་ཆེན་བྱུང་བ་བཅས་ལ་མདོ་ཁམས་ཆུ་སྒང་དབུས་རྒྱུན་ཀྱི་བཀའ་དགོངས་བཞིན། སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པ་ཆེན་པོ་མཆོག་དང༌། བླ་སྤྲུལ་འདུས་པ་རྒྱ་མཚོ་བསྔོ་སྨོན་སྐྱབས་ཞུ་གསོལ་འདེབས་རྒྱ་མི་ཆུང་བ་ཞུས་པ་མ་ཟད། འདིར་སོ་ལན་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ནས་གདུང་སེམས་མཉམ་བསྐྱེད་ཀྱིས་ཕྱི་མའི་ལྔ་ལམ་དུ་གྱུར་པ་རྣམས་རྫོགས་བྱང་མྱུར་དུ་འཐོབ་ཕྱིར། མ་ཏྲི་དང༌།  ཨ་དཀར།  ས་ལེ་འོད་དེ་བོན་སྐུ་དང༌། རྫོགས་སྐུ།  སྤྲུལ་སྐུ་གསུམ་གྱི་སྙིང་པོ་རྣམ་གསུམ་དང༌། བསྔོ་བ་སྨོན་ལམ་གསོལ་འདེབས་ཀྱི་མཚམས་སྦྱོར་ཡང་དག་པ་ཞུས་གནང་བ་དང༌། དེ་བཞིན་བུ་ཆུང་མས་བོར་བ་བཞིན་གྱི་གསོན་ལུས་རྣམས་གནས་སྐབས་རྨས་སྐྱོན་ཚབ་ཆེན་ཕོག་པ་སོགས་ཀྱི་རྐྱེན་ངན་ལས་ཐར་ནས་གེགས་མེད་བདེ་དགའི་དཔལ་ལ་སྤྱོད་ཕྱིར། རྒྱལ་ཡུམ་ཤེས་རབ་བྱམས་མའི་སྔགས་བསྟོད་དང༌། བར་ཆད་ལམ་སེལ།  འཆི་མེད་ཚེ་ཡི་བསྒྲུབ་པ་སོགས་འདས་གསོན་གཉིས་ཀར་ཕན་པའི་དགེ་བསྐུལ་རྒྱ་ཆེན་གནང་ཡོད་པའི་གནས་ཚུལ་ཐོན་འདུག

 མ་ན་ལི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

མ་ན་ལི་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ ༥ཚེས་ ༢༠ ཉིན་གནས་ཚུལ་བཏང་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ལོའི་ཟླ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུར་ས་ཡོམ་གྱི་རྐྱེན་ངན་འོག་མི་རྒྱུ་གཉིས་ལ་གོད་ཆག་ཤུགས་ཆེ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཆེད་ལམ་སེང་གནས་ཚུལ་གོ་མ་ཐག་མ་ན་ལི་ས་ཁུལ་དུ་ཡོད་པའི་དགོན་སྡེ་ཆེ་ཁག་གསུམ་ལ་ཚོགས་པས་ནུས་ཤུགས་གང་ཡོད་བཏོན་ཏེ་སྨོན་ལམ་མཆོད་འབུལ་དང་བསྔོ་སྨོན་འཐུས་ཚང་ཞུ་ཐུབ་པ་བྱུང་ཡོད། དེ་བཞིན་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་ཞུས་པ་ལྟར་ཕྱི་ཟླ་ ༤ པའི་ཚེས་ ༡༧། ༡༨།  ཕྱི་ཟླ་ ༥ ཚེས་ ༤ སོགས་སུ་མདོ་ཁམས་ཆུ་བཞི་སྒང་དྲུག་དང་ས་གནས་མདོ་ཁམས་མི་མང་རྣམས་མཉམ་ཞུགས་ཐུབ་པ་བྱུང་བ་དང། ཡང་ཕྱི་ཟླ་ ༦ ཚེས་ ༡ ཉིན་ཞེ་དགུའི་དུས་ཚིགས་དང་བསྟུན་ཐེག་ཆེན་གླིང་དགོན་པ་རུ་ས་གནས་མི་མང་བདུན་བཅུ་ཡས་མས་མཉམ་ཞུགས་ཀྱིས་བརྒྱ་མཆོད་དང་བསྔོ་སྨོན་གསོལ་འདེབས་གང་མང་ཞུས་པ་དང་། དགེ་འདུན་པ་རྣམས་ལ་སྐུ་ཡོན་སོགས་ཕུལ་ནས་ལས་འགུལ་རྒྱ་ཆེར་སྤེལ་ཡོད་འདུག 

མན་སྤར་ཕན་བདེ་གླིང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

 ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས ༧ འཁོད་པའི་གནས་འཕྲིན་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༤ ཚེས ༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་འཇིགས་པས་མི་མང་སྟོང་ཕྲག་མང་པོ་འཆི་སྐྱོན་དུ་གྱུར་པ་དང་། གསོན་ལུས་རྣམས་དབང་པོ་མི་ཚང་བའི་རྨས་སྐྱོན་ཚབ་ཆེ་ཕོག་པ་མ་ཟད་རྒྱུ་ནོར་ལོངས་སྤྱོད་ཐམས་ཅད་རྩ་སྟོང་དུ་གྱུར་འདུག་པར་ཛ་དྲག་རོགས་སྐྱོབས་ཀྱི་བྱ་ཐབས་ཟད་ཀྱང་། ས་གནས་བཞུགས་པའི་ཁམས་རིགས་སེར་སྐྱ་མི་མང་རྣམས་ཉིན་ལྟར་མ་ཎི་བསགས་སྒྲུབ་དང་། ཞེ་དགུའི་བདུན་ཚིགས་རེ་རེ་བཞིན་བླ་གྲྭ་དགེ་འདུན་རྣམ་པ་དབུ་བཞུགས་ཐོག་ཁམས་རིགས་མི་མང་རྣམས་གདུང་སེམས་མཉམ་བསྐྱེད་ཀྱིས་མཚན་མོ་ཆུ་ཚོད་གསུམ་རིང་སྨོན་ལམ་འཚོགས་འདོན་དང་མཆོད་མེ་བརྒྱ་མཆོད་འགྲོ་གང་ཆེའི་དགེ་བསགས་བསྔོ་སྨོན་ཆགས་མེད་གནང་ཡོད་པ་རེད། དེ་བཞིན་ས་གནས་སུ་གཞུང་འབྲེལ་དང་གཞུང་འབྲེལལ་མ་ཡིན་པའི་སྡེ་ཚན་ཁག་མང་པོས་སྐྱེ་རྒུ་མདོར་གུད་སྐྱོབ་ཀྱི་མིང་ཐོག་ནས་ཞལ་འདེབས་བསྡུ་སློང་མང་དག་ཞིག་གནང་འདུག་པར་ཆུ་སྒང་ཚོགས་པ་དང་མདོ་སྟོད་མི་མང་གིས་ཞལ་འདེབས་རྒྱ་གང་ཆེ་གནང་ཡོད་འདུག  དེ་བཞིན་མན་སྤར་ཆུ་སྒང་ཚོགས་པས་རྡོ་རྗེ་གདན་སོགས་གནས་མཆོག་ཁྱད་པར་ཅན་རྣམས་སུ་དགེ་འདུན་བསྙེན་བཀུར་གྱི་མང་ཇ་དང་གསལ་བའི་སྒྲོན་མེའི་མཆོད་པ་རྒྱ་གང་ཆེ་གནང་དང་གནང་བཞིན་པའི་གནས་ཚུལ་ཐོན་འདུག

 ཧོན་སུར་རབ་རྒྱས་གླིང་མདོ་ཁམས་ཆུ་སྒང་ཚོགས་པའི་ལས་འགུལ།

 ས་གནས་སུ་ཡོད་པའི་གསང་ཆེན་འདུས་སྡེ་རྒྱ་མཚོ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་། རྫོང་ཆོས་དགའ་ལྡན་འཕེལ་རྒྱས་གླིང་། ཨོ་རྒྱན་གླིང་གྲྭ་ཚང་རྣམས་སུ་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གསོལ་འདེབས་རྒྱ་ཆེ་ཞུས་ཡོད་པའི་གནས་ཚུལ་ཐོན་འདུག

 མོན་གྷོ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

༡ ཕྱི་ཟླ་ ༤ ཚེས་ ༡༤ ཉིན་གནས་ཚུལ་དེ་གོ་མ་ཐག་ནས་ས་གནས་ཀྱི་མི་མང་ལ་འབྲེལ་གཏུག་གིས་གནས་ཚུལ་ངོ་མ་ཇི་ཡིན་འཚོལ་བསྒྲུབས་བྱས་ཏེ་གསར་ལམ་ཁག་ལ་ངོ་སྤྲོད་ཞུས། ༢ ཕྱི་ཟླ་ ༤ ཚེས་ ༡༧ ཉིན་རྒྱུན་ལས་རྣམས་ཛ་དྲག་གིས་ཚོགས་འདུ་ཚོགས་ཏེ་སྐྱེ་རྒུའི་གོད་ཆགས་ཁྲོད་སྤུན་ཟླ་ཤི་རྨས་ཚབ་ཆེན་བྱུང་བ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་མྱ་ངན་གུས་བཏུད་ཞུས། གཞན་ཡང་དེའི་ཐོག་ལ་གང་དགོས་ཀྱི་གྲོས་བསྡུར་ཞུས། ཤི་བོའི་རྒྱབ་ཀྱི་གསོན་པོ། ཞེས་པའི་དཔེ་ལྟར་མཆོག་གསུམ་ལ་བསྔོ་སྨོན་དང་སྐྱབས་འཇུག་ཞུ་རྒྱུ་གལ་ཆེན་མཐོང་ནས་མོན་གྷོ་ལ་ཡོད་པའི་འབྲས་སྤུང་སྒོ་མང་གྲྭ་ཚང་དང་། བློ་གསལ་གླིང་། དགའ་ལྡན་བྱང་རྩེ་གྲྭ་ཚང་། ཤར་རྩེ། རྭ་སྟོད། བདེ་ཡང་གྲྭ་ཚང་། ས་སྐྱ་དང་། རྙིང་མ་དགོན་པ། བཀའ་རྒྱུད། བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་གྲྭ་ཚང་བཅུ་ལ་ཐུགས་སྨོན་མཚམས་སྦྱོར་གྱི་རིམ་པ་རྒྱ་མི་ཆུང་བ་ཞིག་གནང་རོགས་ཞེས། ཞུ་རྟེན་ཁ་དར་ཨ་ཤི་དང་བསྡོམས་སྒོར་ ༢༧༠༠ བཅས་ཕུལ། ༣ གཞན་ཡང་རྒྱ་ནག་གིས་གནས་ཚུལ་རྫུན་བཟོ་དང་སྦ་གསང་བྱས་པར་བརྟེན། གནས་ཚུལ་ངོ་མ་ཅི་ཡིན་མང་ཚོགས་ཀྱིས་མཁྱེན་དགོས་པ་གལ་ཆེན་པོ་སོང་། སྐྱེ་རྒུའི་གནས་ཚུལ་ངོ་མ་ཁྱབ་བསྒྲགས་བྱ་ཆེད། “ཁམས་སྐྱེ་རྒུ་མདོའི་ཡ་ང་བའི་དོན་རྐྱེན་དང་མོན་གྷོ་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཁང་གི་རེ་འབོད་” ཅེས་པའི་འཕྲད་དར་ཆེ་བ་ཕུ་ཊི་བཅུ་གཉིས་དང་བརྒྱད་ཅན་མ་གནས་སྒོར་ ༥༢༠༠ རུ་བ་གྲངས་བཞི་དང་། ཆུང་བ་གྲངས་ཉི་ཤུ་མ་གནས་སྒོར་ ༧༠༠ ཡིན་པ་ཞིག་པར་འགྲེམས་བྱས་ཏེ་གྲྭ་ཚང་དགུ་དང་། གཞིས་གྲོང་དགུ་བཅས་ལ་སྦྱར་གཤམ་བྱས། འཕྲད་དར་གྱི་ནང་དོན་ནི། ཡིད་སྐྱོའི་སྐབས་ཀྱི་འདྲ་པར་དགུ་དང་། གཡས་གཡོན་དུ་༸གོང་ས་མཆོག་གི་བཀའ་དང། མྱ་ངན་ཁྲོད་ཀྱི་བོད་མིའི་རེ་འབོད། བཀའ་ཁྲི་མཆོག་གི་གསུང་། རྒྱ་ནག་སྲིད་གྲོས་ཀྱི་ཚོགས་གཙོའི་གཏམ་བཤད་བཅས་ལུང་འདྲེན་དང་། འོག་ཏུ་རོགས་འབོད་རེ་བསྐུལ་བཅས་ཡོད། ༤ མོན་གྷོ་མདོ་ཁམས་ས་རྒྱུན་ནས་རོགས་འབོད་རེ་བསྐུལ་ནི། སྙིང་ཉེ་བའི་ཁ་བ་ཅན་གྱི་སྤུན་ཟླ་ཚོ། ང་ཚོའི་ཤ་ཁྲག་རུས་གསུམ་གྱི་ཟུངས་ཤུགས་གཅིག་ཏུ་འདྲེས་པའི་བོད་ཀྱི་སྐྱེ་རྒུ་མདོའི་ཡ་ང་ཞིང་ཡིད་སྐྱོ་བའི་མིག་ཆུའི་ཁྲོད་ཀྱི་དོན་རྐྱེན་འདིར་རང་ཅག་རྣམས་ཀྱིས་སེམས་འཁུར་ཞུ་དགོས་པ་སྨྲོས་མེད་ཐོག ཁོང་ཚོར་སྡོད་གནས་དང་ཟས་གོས་སོགས་ཀྱི་རོགས་རམ་ལོས་དགོས་ཀྱང་། གཙོ་ཆེ་ཤོས་ནི་ཁོ་ཚོའི་སྙྀང་ཕུགས་ཀྱི་རེ་བ་སྟེ། ༸གོང་ས་མཆོག་ས་གནས་དེར་དངོས་སུ་ཕེབས་རྒྱུ་དེ་ཡིོན་པས། ཉེན་ཁ་ལ་མ་འཛེམས་པར་རྒྱ་གཞུང་ལ་ཞུ་སྙན་ཕུལ་འདུག་པ་འདིས་ཤེས་ཐུབ། ང་ཚོས་ཀྱང་རེ་འདུན་ནན་ཞུ་བྱས་པ་དེར་རྒྱབ་སྐྱོར་ནུས་ཤུགས་ལྡན་པ་ཞིག་ཞུ་རྒྱུའི་དུས་ལ་བབས་འདུག་པས། རྒྱ་ཆེ་སེར་སྐྱ་ཚང་མས་གང་འགབ་ཀྱིས་ཐུགས་བསམ་བཞེས་རོགས། ཞེས་མོན་གྷོ་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ནས་ཞེས་ཞུས་ཡོད། ༥ ཞག་ཞེ་དགུ་ནི་གལ་ཆེན་གྱི་དུས་ཚིགས་ཞིག་ཡིན་པས་དཔལ་འབྱོར་གྱིས་ལྕོགས་ན་དེའི་ཉིན་མི་མང་ཚོགས་ཁང་དུ་མཆོད་འབུལ་ཞིག་བྱ་འཆར་ཡོད་པའི་གནས་ཚུལ་སྙིང་བསྡུས་སུ། ས་གནས་མོན་གྷོ་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ཟླ་ ༥ ཚེས་ ༦ ཉིན་དྲུང་ཆེ་ཨ་ཀྲུག་ཚེ་བརྟན་ནས་ཕུལ། །

 བདེ་སྐྱིད་གླིང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

ཕྱི་ལོ་ ༢༠༡༠ ཟླ ༤ ཚེས ༡༤ ཉིན་མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཡོངས་ཁྱབ་གསལ་བསྒྲགས་གནང་བ་ལྟར་སྐྱེ་རྒུ་མདོའི་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་སོང་བ་རྣམས་དང་། ཤུལ་ལུས་རྣམས་ལ་བྱེས་འཁོད་མདོ་ཁམས་མི་མང་གིས་གདུང་སེམས་མཉམ་བསྐྱེད་གནང་བ་སྤྱི་མཚུངས་བཞིན་འདས་གསོན་རྣམས་བདེ་གནས་རྙེད་ཕྱིར་བདེ་སྐྱིད་གླིང་ཆུ་སྒང་ཚོགས་པས་བཀའ་བརྒྱུད་ནང་བསྟན་མཐོ་སློབ་དང་། འབྲི་གུང་བཀའ་བརྒྱུད་བཙུན་དགོན་བསམ་གཏན་གླིང་། འབྲི་གུང་བཀའ་བརྒྱུད་བྱང་ཆུབ་གླིང་། ས་སྐྱའི་བཙུན་དགོན་རིན་ཆེན་ཆོས་གླིང་རྣམས་སུ་བསྔོ་སྨོན་མཆོད་པའི་རྟེན་རྩ་དང་། འདས་གསོན་རྣམས་སྐྱབས་འོག་ནས་མི་འདོར་བའི་གསོལ་འདེབས་སྨོན་ལམ་གཞི་རྒྱ་ཆེ་བ་ཞིག་ཞུ་ཐུབ་པ་བྱུང་ཡོད་འདུག

སྦིར་ཅོན་ཏ་ར་ནང་ཆེན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

ས་གནས་ནས་གནས་ཚུལ་བཏང་གསལ་ལྟར། སྦིར་ཅོན་ཏ་ར་ནང་ཆེན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒོ་སྒྲིག་འོག་ཁམས་སྐྱེ་རྒུར་ས་ཡོམ་གྱི་གོད་ཆག་ཁྲོད་ད་བར་སྤུན་ཟླ་སྟོང་ཕྲག་མང་པོ་འདས་གྲོངས་སུ་སོང་བ་དང་ཁྲི་ལས་རྒལ་བ་རྨས་སྐྱོན་ཕོག་ཡོད་པ་རྣམས་ཀྱི་ཆེད་དུ་བདུན་ཚིག་གསུམ་པའི་མཆོད་འབུལ་རྡོར་སེམས་ཀྱི་ཆོ་ག་དང་ཞི་དྲག་གཉིས་ཀྱི་སྦྱིན་སྲེག་རྒྱས་པ་ཞིག་ཅོན་ཏ་ར་མྱུང་གནས་ལྷ་ཁང་དུ་ཕྱི་ཟླ་ ༥ ཚེ་ ༤ ཉིན་རི་མགོ་དགོན་པ་ནས་བླ་གྲྭ་བཅུ་གསུམ་གདན་ཞུས་ཀྱིས་བསྔོ་སྨོན་གནད་སྨིན་གསུངས་གནང་བ་དང། དུས་མཚུངས་མི་མང་ཉིས་བརྒྱ་ལྷག་ཙམ་གྱིས་མ་ཎི་དང་བཛྲ་གུ་རུ་སོགས་བསགས་ཤིང་། སྔ་ཕྱིར་མ་ཎི་བྱེ་བ་གཅིག་དང་ཉིས་འབུམ་བདུན་ཁྲིའི་མཚོན་གཟུངས་སྔགས་རིགས་གང་མང་བསགས་བསྒྲུབས་ཞུས། དེ་བཞིན་ཞེ་དགུའི་དུས་སུ་ཡང་འདི་བཞིན་སླར་ཡང་གང་ཐུབ་ཀྱིས་འཚོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད།

ར་ཇུ་པུར་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

ར་ཇུ་པུར་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གནས་ཚུལ་བཏང་བ་ལྟར་ན་འདི་ལོའི་སྐྱེ་རྒུའི་མདོའི་ས་ཡོམ་གོད་ཆགས་ཀྱི་རྐྱེན་ངན་འོག་འདས་གྲོངས་སོང་བ་རྣམས་ཐར་པའི་བདེ་གནས་སུ་འཁོད་པ་དང་། ཁང་ཁྱིམ་གནས་མལ་ཤོར་ནས་སྡུག་བསྔལ་གྱི་གནས་སུ་ལྷུང་བ་རྣམས་རེ་ཞིག་བདེ་གནས་ཀྱི་ངལ་གསོ་འཐོབ་ཆེད། ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་། ས་གནས་ར་ཇུ་པུར་དཔལ་ལྡན་ས་སྐྱའི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་། དེ་བཞིན་དཔལ་ས་སྐྱའི་བཙུན་དགོན་རིན་ཆེན་ཆོས་གླིང་སོགས་སུ་བསྔོ་སྨོན་དང་མ་ཎི་བསག་སྒྲུབ་ཆེད་འཆོད་འབུལ་ཞལ་འདེབས་རྒྱ་ཆེར་ཞུས་ཡོད་པ་རེད།

 

ཐེ་ཝན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

ཐེ་ཝན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གནས་ཚུལ་བཏང་བ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་ཁམས་སྐྱེ་རྒུ་མདོར་རང་བྱུང་ས་ཡོམ་གྱི་བནོད་འཚེས་མི་མང་ཁྲི་ཕྲག་མང་པོར་རྐྱེན་ཆགས་བྱུང་བར་གདུང་སེམས་མཉམ་བསྐྱེད་ཆེད། ཐེ་ཝན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ནས་གོ་སྒྲིག་ཞུ་སྟེ། ས་གནས་བླ་སྤྲུལ་སེར་སྐྱ་མི་མང་ལྷན་འཛོམས་ཐོག་མྱ་ངན་གུས་དུད་དང་སྨོན་ལམ་མཆོད་འབུལ་གང་འགབ་ཞུ་རྒྱུའི་གསན་ཚུལ་ཐོན་ཡོད། དེའང་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༨ དང་རེས་གཟའ་སྤེན་པ། ས་གནས་དེ་གའི་ཆུ་ཚོད་ ༧ པའི་ཐོག་ལས་འགུལ་དེར་མཉམ་ཞུགས་གནང་འདོད་ཡོད་རིགས་ཐེ་ཝན་མདོ་ཁམས་བོད་ཀྱི་གསོལ་ཟས་ཁང་དུ་ངེས་ཕེབས་གནང་དགོས་པའི་གསལ་བསྒྲགས་དང། འབྲེལ་མཐུད་ཞལ་པར་ཨང། ༠༩༣༨༣༣༡༧༣༩ དང་། ཡང་ན་ ༠༣༣༦༤༥༣༢༡ ཐོག་འབྲེལ་བ་གནང་དགོས་པ་སོགས་ཀྱི་གསར་གནས་སུ།

 

 སྒང་ཏོག་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཁམས་སྐྱེ་རྒུ་མདོར་འཇིགས་སུ་རུང་བའི་རང་འབྱུང་གི་གནོད་འཚེས་མི་མང་ཁྲི་སྟོང་མང་པོར་རྐྱེན་ངན་འཕྲད་བཞིན་པའི་གནས་ཚུལ་གསར་ལམ་ཁག་ནས་ཐོན་རྗེས། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་སྒང་ཏོག་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག་ཆོལ་གསུམ་ཚོགས་ཁང་དུ་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆགས་ལ་གདུང་སེམས་མཉམ་སྐྱེད་ཆེད་བསྔོ་སྨོན་གསོལ་འདེབས་རྒྱ་ཆེར་གནང་ཡོད་པ་རེད། སྨོན་ལམ་གསོལ་འདེབས་དེར་དགོན་གནས་མི་འདྲ་བ་ཁག་དྲུག་ཙམ་ནས་དགེ་འདུན་བླ་གྲྭ་གྲངས་ ༨༠ ལྷག་དང་དེ་བཞིན་ས་གནས་ཀྱི་མི་མང་མང་དག་ཞིག་མཉམ་ཞུགས་ཀྱིས་བསྔོ་སྨོན་གང་འགབ་ཞུས་ཡོད་པའི་གསར་གནས་སུ།

ཨིན་ལན་ཌ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

ནིའུ་ཨིན་ལན་ཌ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་གནས་ཚུལ་བཏང་གསལ་ལྟར་ན། ཕྱི་ཚེས་ ༡༥ ཉིན་བོད་མི་མང་སྤྱི་འཐུན་ཟུར་པ་དང་། ད་ལྟའི་ཆར་ནིའུ་ཨིན་ལན་ཌ་ས་གནས་མདོ་ཁམས་ཆུ་སྒང་གི་སློབ་སྟོན་པ་སྒ་ཁྲི་འདུ་དཔོན་འཆི་མེད་རྣམ་རྒྱལ་ལགས་ནས་ས་ཡོམ་གྱིས་གནོད་སྐྱོན་ཐེབས་པའི་ཁམས་སྐྱེ་དགུ་མདོར་ཞལ་པར་རྒྱུད་ནས་ཡིད་སྐྱོི་བའི་གནས་ཚུལ་མཁྱེན་རྟོགས་བྱུང་རྗེས།
 ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༨ ཉིན་ནིའུ་ཨིན་ལན་ཌ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག་ཁམས་སྐྱེ་དགུ་མདོར་ས་ཡོམ་གོད་ཆག་གིས་གནོད་སྐྱོན་ཐེབས་པའི་ཤི་གསོན་བོད་རིགས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་ཡོད་འདུག ད་དུང་ནིའུ་ཨིན་ལན་ཌ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཚོགས་མི་རྣམས་ནིའུ་ཡོཀ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་དང། སྒ་བ་སྐྱིད་སྡུག་གཉིས་ནས་གོ་སྒྲིག་བྱས་པའི་ལས་འགུལ་ལའང་མཉམ་ཞུགས་དང་ཞལ་འདེབས་བསྔོ་སྨོན་སོགས་གང་འགབ་ཞུས་ཡོད་འདུག
དེ་བཞིན་གནས་ཚུལ་ལྟར་ན་ཕྱི་ཟླ ༥ ཚེས་ ༨ སྟེ་རེས་གཟའ་པ་སངས་ཉིན། དགོང་མོའི་ཆུ་ཚོད་ ༥ པའི་ཐོག་ནིའུ་ཨིན་ལན་ཌ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་གནང་སྟེ། བདེ་ཆེན་སྤྲུལ་སྐུ་དང་དགེ་བཤེས་བློ་བཟང་དབང་ཕྱུག་རྣམ་པ་སོགས་དབུ་བཞུགས་ཐོག་གནོད་སྐྱོན་ཐེབས་པའི་བོད་རིགས་སྤུན་ཟླ་གནས་ཁང་ཟས་གོས་བྲལ་བ་རྣམས་ཀྱི་ཆེད་ཞབས་འདེབས་བསྡུ་རུབ་དང་རྐྱེན་ལམ་དུ་ཤོར་བ་རྣམས་ཀྱི་ཆེད་སྨོན་ལམ་གསོལ་འདེབས་རྒྱ་ཆེ་ཞིག་འཚོགས་གནང་རྒྱུ་ཡིན་པ་དང་། སྨོན་ལམ་གྱི་ལས་འགུལ་གྲུབ་རྗེས་ས་གནས་ཨམཧེ་རེ་སཊ། ལུཐ་རན། མཆོད་ཁང་དུ་བོད་ཀྱི་གསོལ་རྒྱུན་གྱི་དགོང་ཟས་སྟབས་བདེ་ཞིག་ཀྱང་འབུལ་འཆར་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

ཨ་རིའི་གྲོང་ཁྱེར་ནེའུ་ཡོཀ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་འགུལ།

ཨ་རིའི་གྲོང་ཁྱེར་ནེའུ་ཡོཀ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་ཁང་ནས་གནས་ཚུལ་བཏང་གསལ་ལྟར། ཨ་རིའི་ནེའུ་ཡོཀ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་གོ་སྒྲིག་ཞུས་ཏེ། ཕྱི་ལོ་ ༢༠༡༠ ཟླ་ ༤ པའི་ཚེས་ ༡༤ ཉིན་བོད་ཁམས་སྐྱེ་དགུ་མདོ་རུ་རང་འབྱུང་ས་ཡོམ་གྱི་གནོད་འཚེ་ཤུགས་ཆེན་ཐེབས་པར་གདུང་སེམས་མཉམ་སྐྱེད་ལ། རང་གཞུང་སྐུ་ངོ་དོན་གཅོད་མཆོག་གདན་ཞུས་ཀྱིས་ས་ཡོམ་དོན་རྐྱེན་ནང་དུ་སྡུག་བསྔལ་གྱི་ཀློང་དུ་ཐེམས་པའི་ཤི་གསོན་དེ་དག་བདེ་གནས་གྱི་གོ་འཕང་འཐོབ་ཕྱིར། སྨོན་ལམ་རྒྱ་ཆེ་ཞིག་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༨ ཉིན་འཚོགས་ཡོད་པ་རེད། 
གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་འདུ་འཛོམས་ཆེན་མོ་དེར་བོད་རིགས་སྤུན་ཟླ་ ༡༠༠༠ མ་ཟིན་ཙམ་ཞིག་མཉམ་འཛོམས་ཐོག་ས་ཡོམ་གྱིས་གནོད་སྐྱོན་ཕོག་ཡུལ་ལ་གཙོ་བུར་དམིགས་ཏེ་བསྔོ་སྨོན་དང་མ་ཎི་བསགས་སྒྲུབ། དེ་བཞིན་ཞབས་འདེབས་བསྡུ་སློང་གི་གསལ་བསྒྲགས་མེད་པའི་ཐོག་ནས་མ་བསྐུལ་དང་བླངས་ཀྱི་ཨ་སྒོར་ཆིག་ཁྲི་དྲུག་སྟོང་མ་ཟིན་ཙམ་ཞིག་གི་ཞལ་འདེབས་ཕུལ་བ་སོགས་ཀྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་འདུག 
དེ་བཞིན་ཕྱི་ཚེས་ ༡༧ ཉིན་སྒ་བ་སྐྱིད་སྡུག་ནས་ཀྱང་སྡུག་སེམས་མཉམ་སྐྱེད་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཡོད་པ་དང། ད་དུང་ཕྱི་ཚེས་ ༡༦ ཉིན་ནང་ཆེན་སྐྱིད་སྡུག་གིས་ཀྱང་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ། དེ་རྗེས་རིམ་པར་ལི་ཐང་སྐྱིད་སྡུག་སོགས་ནས་ཀྱང་གོང་ཞུས་ལྟར་གྱི་ལས་འགུལ་སྤེལ་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད། གོང་ཞུས་ཚོགས་པ་ཁག་གིས་གོ་སྒྲིག་འོག་ནས་སྤེལ་བའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྐབས་བྱུང་བའི་ཞལ་འདེབས་རྣམས་ཆད་ལུས་མེད་པར་སྐུ་ངོ་དོན་གཅོད་མཆོག་ལ་ཕུལ་ཡོད་འདུག་པ་དང།། 
དེ་བཞིན་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༥ ཉིན་ཨ་རིའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གཙོ་འཛིན་ལས་ཁུངས་མདུན་དུ་ས་ཡོམ་གྱི་གོད་ཆགས་ཀྱི་གནས་སུ་གྱར་བའི་ཡུལ་མི་རྣམས་ཀྱི་བདེ་སྡུག་ཞུ་ཆེད་ཞུ་ཡིག་པར་སློག་བརྒྱབ་ནས་མི་མང་ལ་འགྲེམས་སྤེལ་ཡང་ཞུས་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག

ཁེ་ན་ཌའི་ས་གནས་མདོ་ཁམས་ཆུ་བཞི་སྒངདྲུག་གི་ལས་འགུལ།

ཁེ་ན་ཌའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༥ ཉིན་དགོང་མོའི་ཆུ་ཚོད་ ༦ པའི་ཐོག་ས་གནས་པཀ་ཌེལ། ཀོ་ལི་ཇེ་ཊ་རུ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་དང། བོད་རང་དབང་སློབ་ཕྲུག་ཚོགས་པ། ས་གནས་བོད་ཀྱི་གཞོན་ནུ་དང་བུ་མེད་དེ་བཞིན་ཚོགས་སྡེ་ཁག་འགའ་ཞིག་མཉམ་སྦྲེལ་ཐོག་ཁམས་སྐྱེ་དགུ་མདོ་ཡི་ས་ཡོམ་གོད་ཆགས་ལ་གདུང་སེམས་མཉམ་སྐྱེད་ཆེད་མར་མེའི་ཁྲོམ་སྐོར་དང། བསྔོ་སྨོན་གསོལ་འདེབས་རྒྱ་ཆེ་ཞིག་གནང་ཡོད་པ་དང། དེ་བཞིན་ལས་འགུལ་ནང་མཉམ་ཞུགས་དང་ས་ཡོམ་གོད་ཆགས་ཁྲོད་རྐྱེན་ངན་འཕྲད་པའི་རང་རིགས་ཀྱི་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་སྐྱེད་གནང་མཁན་གྱི་འཛམ་གླིང་མི་མང་རྣམས་ལ་ཐུགས་རྗེ་ཆེ་ཡང་ཞུས་ཡོད་པ་རེད། 
དེ་བཞིན་ཁེ་ན་ཌའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག་གངས་ལྗོངས་ཆོས་ལྡན་གླིང་དུ་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༦ ཉིན་དང། ཡང་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡ ཉིན་བཅས་ཉིན་གཉིས་རིང་སྨོན་ལམ་རྒྱ་ཆེ་རེ་འཚོགས་འཆར་ཡོད་པ་དང།  
གོང་ཚེས་ ༢༥ ཉིན་ཕྱི་དྲོའི་ཆུ་ཚོད་ ༢ ནས་ ༥ བར་བླ་མ་བསྟན་འཛིན་ལགས་དབུ་བཞུགས་ཐོག་སྨོན་ལམ་འཚོགས་རྒྱུ་དང། 
 འབྲེལ་བ་གནང་ཡུལ།
KARMA SONAM DARGYE LING , 86 Vaughan Road, Toronto, On, M6K3B7, Tel: (416) 653-5371
གོང་ཚེས་ ༡ ཉིན་ཕྱི་དྲོའི་ཆུ་ཚོད་ ༢ ནས་ ༥ བར་མཁན་པོ་བསོད་ནམས་སྟོམས་རྒྱལ་རིན་པོ་ཆེ་ནས་དབུ་བཞུགས་ཐོག་སྨོན་ལམ་འཚོགས་གནང་རྒྱུ་དང།
འབྲེལ་བ་གནང་ཡུལ།
RIWOCHE PEMAVAJRA TEMPLE, 28 Heintzman Street, Toronto, Ontario, M6P 2J6, Tel: (416) 766-7964
བཅས་རེད་འདུག་ན་དེ་ལུགས་རྒྱ་ཆེའི་མི་མང་ནས་དུས་ཐོག་ཏུ་ཕེབས་གནང་ཡོང་བའི་གསལ་བསྒྲགས་སོགས་བྱས་ཡོད་པ་རེད། 

རྡ་ས་ཆུ་སྒང་ཡན་ལག་ནོར་གླིང་བཟློས་གར་ཚོགས་པའི་ལས་འགུལ།

རྡ་ས་ཆུ་སྒང་ཡན་ལག་ནོར་གླིང་བཟློས་གར་ཚོགས་པའི་ཚོགས་གཙོ་དགེ་བཤེས་བློ་བཟང་བསྟན་འཕེལ་ལགས་ནས་གནས་ཚུལ་བཏང་གནང་ལྟར། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༡ ཉིན་ཕྱི་དྲོའི་ཆུ་ཚོད་ ༦ ནས་ ༨ བར་རྡ་ས་ནོར་གླིང་དུ་སྒ་རྗེ་ཁམས་སྤྲུལ་འཇམས་དབྱངས་དོན་འགྲུབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་རྡ་ས་ཆུ་སྒང་ཡན་ལག་ནོར་གླིང་བཟློས་གར་ཚོགས་པས་གོ་སྒྲིག་གནང་སྟེ་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཁམས་སྐྱེ་དགུ་མདོར་རང་འབྱུང་གནོད་འཚེས་བོད་མི་ཁྲི་ཚོ་བརྒལ་བར་རྐྱེན་ཆགས་བྱུང་བར་གདུང་སེམས་མཉམ་སྐྱེད་ཆེད་བསྔོ་སྨོན་གསོལ་འདེབས་དང་མ་ཎི་བསགས་སྒྲུབ་སོགས་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད་པ་རེད། དེ་ཡང་ནོར་བུ་གླིང་ཁ་དང། ཤེས་རབ་དགའ་ཚལ་སློབ་གླིང་། སྙིང་སྟོབས་གླིང། སྒྲོལ་མ་གླིང་། དེ་བཞིན་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་སོགས་སུ་ཡོད་པའི་ཆུ་སྒང་ནོར་གླིང་བཟློས་གར་ཚོགས་པའི་ཁྱབ་ཁོངས་ཀྱི་ཁམས་རིགས་མི་མང་གཙོ་བོར་བྱས་པའི་མི་གྲངས་ ༣༥༠ ལྷག་ཙམ་ཞིག་ལས་འགུལ་དེར་མཉམ་ཞུགས་གནང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་ཡོད། 

 

ཁམས་སྐྱེ་རྒུའི་ས་ཡོམ་གོད་ཆགས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

༄༅།། དམ་ཚིག་གི་ཟོང་ཁ་ གཅིག་ཏུ་བསྒྲིལ་བའི་བྱེས་འཁོད་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཁག་ དང་སེར་སྐྱ་མི་མང་ཡོངས་ཀྱི་སྙན་ལམ་དུ་ཆེད་ཞུ།

ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས ༡༤ དེ་རིང་ཞོགས་པ་ཆུ་ ཚོད་ ༥་༣༩ དང་། ཡང་ཆུ་ཚོད་ ༧། ༤༩ ཐོག་བོད་མདོ་ཁམས་ སྐྱེ་རྒུའི་ཕྱོགས་སུ་འབྱུང་བའི་ནུས་པས་འཇིགས་སུ་རུང་བའི་ས་གཞི་གཡོ་འགུལ་ ཤུགས་དྲག་ཆེན་པོ་ཐེབས་ཏེ་ཉུང་མཐའ་མི་འབོར་ ༤༠༠ ལྷག་ཙམ་རྐྱེན་འདས་སུ་གྱུར་པ་དང་ ༡༠༠༠༠ ལས་ལྷག་ཙམ་ལ་རྨས་ སྐྱོན་ཚབ་ཆེན་པོ་ཕོག་སྟེ་མི་ཤི་རྒྱུ་གྱོང་གི་གོད་ཆགས་བསམ་ཡུལ་ལས་འདས་པ་ བྱུང་བའི་གནས་ཚུལ་གསར་འགྱུར་རྒྱུད་ལམ་ཁག་ནས་ཐོན་བཞིན་འདུག་པ་ཚང་མའི་མཁྱེན་ ཤག་ཡིན། རང་རིགས་བྱེས་འཁོད་མི་མང་སྤྱི་དང་། བྱེ་བྲག་ཏུ་འཛམ་ གླིང་གང་སར་གནས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཁག   དེ་བཞིན་ཁམས་རིགས་མི་མང་ཡོངས་ཀྱིས་མ་བསྐུལ་དང་བླངས་ཀྱིས་འདས་པོ་ དེ་དག་དང་། རྨས་སྐྱོན་ཕོག་པ་དེ་དག་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མཆོག་ཡང་དག་ ཏུ་འདྲེན་ནུས་པའི་སྐྱབས་ཡུལ་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ ཀྱི་བླ་ཆེན་བླ་སྤྲུལ་གང་ན་སུ་བཞུགས། སྐྱབས་གནས་དགེ་འདུན་གྱི་སྡེའི་སྐྱབས་འོག་ནས་ འཁོར་བ་དང་ངན་སོང་གི་གནས་སུ་དུས་ནམ་ཡང་མི་གཏོང་བའི་ཛ་དྲག་གིས་གསོལ་འདེབས་ ཞུ་དགོས་པ་དང་། དེ་མཚུངས་འབྱུང་བའི་རྐྱེན་ངན་འོག་ནས་ཚེ་ལས་འདས་པ་དང་། རྨས་སྐྱོན་བྱུང་བ་ དེ་དག་སྡུག་བསྔལ་ལས་སྐྱོབས་ཐབས་ཡུལ་མཆོག་གནས་བཞི་ལས་ལྷག་པ་ཞིག་རྙེད་ཐབས་ མེད་པས་ཚང་མས་དཀོན་མཆོག་ལ་སྐྱབས་ཐབས་ཀྱི་གདུང་འབོད་དང་། མཆོད་འབུལ་གསོལ་ འདེབས་རྒྱ་གང་ཆེ་གནང་སྐྱོང་ཡོང་བའི་ཡོངས་ཁྱབ་གསལ་བསྒྲགས་སུ།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ལོའི་ཟླ ༤ ཚེས་ ༡༤ ལ་ཕུལ།
 

མདོ་ཁམས་ཆུ་སྒང་སློབ་མའི་སློབ་ཡོན་གསལ་བསྒྲགས་དང་བཏང་རག་ཞབས་བྲོ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༠ཟླ ༢ ཚེས་ ༢༨ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོམས་ཆེན་ཡོངས་སྟེང་དུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་། སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་སོགས་གཙོས་ཆེས་མཐོའི་དཔོན་རིགས་རྣམས་དང་། ས་གནས་ཁག་ནས་ཕེབས་པའི་དབུ་འཛིན་ལྷན་རྒྱས། དེ་བཞིན་ཁམས་རིགས་མི་མང་གཉིས་བརྒྱ་ལྷག་ཙམ་ཞིག་འདུ་འཛོམས་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གཏོང་རགས་རྒྱས་པ་ཞིག་ཕུལ་ཡོད་པ་རེད། 
དེ་ཡང་འདུ་འཛོམས་དེའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་བཀའ་སློབ་གསུང་དོན། 

དེ་ལས་མང༌།: མདོ་ཁམས་ཆུ་སྒང་སློབ་མའི་སློབ་ཡོན་གསལ་བསྒྲགས་དང་བཏང་རག་ཞབས་བྲོ།

 

མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་བསྡོམས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།


མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་བཅོ་བརྒྱད་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱི་ལོ་  ༢༠༠༩  ཟླ་  ༤   ཚེས་  ༡  ནས ་  ༢༠༡༠ ཟླ་ ༣  ཚེས་  ༣༡ བར་གྱི་ལས་བསྡོམས་འགོད་འབུལ་ཞུས་པ་གཤམ་གསལ་ལྟར་ཡིན།ལུགས་གཉིས་ཀྱི་མཁྱེན་རླབས་རབ་ཏུ་ཕྱུག་པའི་སྐུ་མགྲོན་གཙོ་བོ་སྐུ་ངོ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་རྣམ་པ།  མདོ་ཁམས་ཆུ་བཞིི་སྒང་དྲུག་གི་དབུས་རྒྱུན་ཟུར་རྣམ་པ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆུ་སྒང་ཚོགས་གཙོ་དང་དྲུང་ཆེ་རྣམ་པ། རྒྱ་གར་ས་གནས་ཁག་གི་ཆུ་སྒང་ཚོགས་གཙོ་དང་དྲུང་ཆེ་རྣམ་པའི་གཙོས་མདོ་སྟོད་ཆེས་མཐོའི་དཔོན་རིགས་ཡོངས་ལ་སྙན་གསན་ཞུ་རྒྱུར།
ཕྱི་ལོ་  ༢༠༠༨ ལོའི་ཟླ་  ༦  ཚེས་  ༡༨  ནས་ང་ཚོ་སྐབས་བཅོ་བརྒྱད་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱིས་ལས་ཁུར་འགོ་འཛུགས་བྱས་པ་ནས་ཕྱི་ལོ་  ༢༠༠༩  ལོའི་ཟླ་ ༣ ཚེས་  ༣༡ བར་ལས་བསྡོམས་སྙན་སྒྲོན་ཞུས་ཟིན་པ་ཚང་མའི་མཁྱེན་གསལ་ལྟར་ཡིན།  དེ་ནས་དབུ་བཙུགས་ཏེ་འགན་ལྷན་ཐེངས་  ༣༩  པའི་ཐོག་གཏན་འབེབས་གནང་བའི་གྲོས་ཆོད་ཁག་དང།  རྒྱུན་ལས་ལྷན་ཚོགས་ཐོག་ཐག་བཅད་གནང་བའི་དོན་ཚན་ཁག   དེ་བཞིན་སྒྲིག་གཞི་གཞིར་བཟུང་ལོ་གཅིག་རིང་ལས་དོན་གྲུབ་འབྲས།  གྲོས་ཆོད་དོན་འཁྱོལ།  མུ་མཐུད་རྒྱུན་སྐྱོང་དགོས་རིགས་སོགས་ཀྱི་དོན་གནད་རྣམས་རེ་རེ་བཞིན་སྙན་སྒྲོན་ཞུ་རྒྱུ་ཡིན།
༡། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱི་ལོ་  ༢༠༠༩ ལོའི་ཟླ་  ༩  ཚེས་  ༢༠  ཉིན་རྒྱུན་ལས་ལྷན་ཚོགས་ཐེངས་  ༦  པའི་ཐོག་དབུས་རྒྱུན་ཚང་འཛོམས་ཀྱིས་བོད་མི་མང་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་མུ་མཐུད་དེ་སྐབས་བཅོ་བརྒྱད་པའི་ཚོགས་གཙོ་གནང་རྒྱུ་སྤྱི་མོས་ཀྱིས་གཏན་འབེབས་གནང་ཡོད།  ཚོགས་གཞོན་སྨར་ཁམས་ཆོས་འཕེལ་དང་།  ཚོགས་གཞོན་སྒ་པ་ལྷ་མོ།  དྲུང་ཆེ་བདེ་བ་ཚང་རྡོ་རྗེ་དབང་འདུས།  དྲུང་གཞོན་ངག་དབང་བསྟན་པ།  དངུལ་གཉེར་སྐྱུར་ར་དཔའ་རྡོ།  དབུས་རྒྱུན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ།  དབུས་རྒྱུན་གྲྭའུ་ཚེ་བརྟན།  དབུས་རྒྱུན་ནང་ཆེན་ཨ་རྡོ་བཅས་རང་འཇགས་དང།  དབུས་རྒྱུན་བོད་མི་མང་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་དང་ཀོང་པོ་ཐུབ་བསྟན་གཉིས་དགོངས་པ་ཞུས་ཚབ་སྒུག་ཐོའི་བང་རིམ་ལྟར་དབུས་རྒྱུན་ཀོང་པོ་ཕུར་བུ་ཚེ་རིང་དང།  དབུས་རྒྱུན་ཀརྨ་མཁས་གྲུབ་གཉིས་ལྷན་ཚོགས་ཐེངས་  ༦  པའི་ཐོག་ལས་ཁུར་འགོ་འཛུགས་དང་དམ་འབུལ་ཞུ་ཐུབ་པ་བྱུང་ཡོད།

དེ་ལས་མང༌།: མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་བསྡོམས།

 

མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས ༤༠ པ་འཚོགས་གནང་བ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པ་རྒྱལ་ས་ལྡི་ལིར་འཚོགས་པ།
མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ ལྡི་ལི་རུ་ཕྱིོ་ལོ ༢༠༡༠ ཟླ ༢ ཚེས ༢༥ ནས་ ༢༧ བར་འཚོགས་ཡོད་པ་དང་། དེ་བཞིན་ཕྱི་ཚེས་ ༡༨ ནས་ཉིན་བདུན་རིང་དབུས་རྒྱུན་ལས་རྣམས་ཚང་འཛོམས་ཐོག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཐོག་ཏུ་བགྲོ་གླེང་བྱ་རྒྱུའི་གྲོས་གཞི་ཁག་མི་འདྲ་བ་བཅུ་ཙམ་གཏན་འབེབས་ཞུས་པ་དང། དེའི་བར་མདོ་ཁམས་ཆེས་མཐོའི་རྩིས་ཞིབ་ཚོགས་ཆུང་ནས་ཀྱང་ཕྱི་ལོ་ ༢༠༠༩ དང་ ༢༠༡༠ ལོའི་རྩིས་ཁྲར་ཞིབ་བཤེར་གནང་ནས་བྱུང་སོང་ལྷག་བསྡད་སོགས་ཀྱི་གསལ་ཁ་ཞིབ་རྒྱས་ཞུས་ཡོད་པ་རེད།

དེ་ལས་མང༌།: མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས ༤༠ པ་འཚོགས་གནང་བ།

 

དེ་ལས་མང་བའི་རྩོམ་ཡིག...

ཤོག་ངོས། 3 of 6