Tizu
ཏི་ཛུ་དར་རྒྱས་གླིང་ས་གནས་རྒྱུན་ལས་ཀྱི་མིང་ཐོ་གཤམ་གསལ་ལྟར།
རྒྱལ་ཐང་ཀརྨ། ཚོགས་གཙོ།
༡༩༣༨ ཕ་ཡུལ་རྒྱལ་ཐང་དུ་སྐྱེས། ཕྱི་ལོ་ ༡༩༥༨ ལོར་བོད་བསྟན་པ་ཆབ་སྲིད་དོན་དུ་བོད་ལྷོ་ཁ་ལྕག་ཙ་འབྲི་གུ་ཐང་དུ་བོད་ཀྱི་ བསྟན་བསྲུང་དྭང་བླངས་དམག་གི་སྒྲིག་འཛུགས་ཆུ་བཞི་སྒང་དྲུག་ནང་བཞུགས༌། ཆུ་བཞི་སྒང་དྲུག་དམག་གི་སྒྲིག་འཛུགས་ནང་རང་སྲོག་བློས་གཏོང་གི་དགྲ་བོ་རྒྱ་ དམག་ལ་ཁ་གཏད་གཅོག་མཁན་གྱི་གྲས་སུ་བསྡད་པ་མཐར་བཙན་བྱོལ་དུ་འབྱོར་རྗེས་ཕྱི་ ལོ་ ༡༩༦༢ ལོར་ཌོ་ཌོན་དྭང་སློབ་དམག་སྒར་ནང་ཐོག་མ་འཛུལ་བཞུགས་གནང་མཁན་གྲས་ཡིན། ཌོ་ཌོན་དམག་སྒང་ནང་ལོ་ངོ་ ༢༤ རིང་གོ་གནས་འདྲ་མིན་ཐོག་ལས་འགན་གྲུབ་ཡི་གེ་སྐབས་ཐོབ་ཡོད་པ་མཐར་ཕྱི་ལོ་ ༡༩༨༦ ལོར་རྒས་ཡོལ་ཞུས་རྗེས་ཏི་ཛུ་དར་རྒྱས་གླིང་བོད་མིའི་གཞིས་ཆགས་ནང་སྡད་སྐབས་ རང་གི་མི་ཚེ་འཚོ་བའི་ལས་ཀའི་མཉམ་གཞིས་ཆགས་ཀྱི་མཉམ་འབྲེལ་འགན་འཛིན་དང་རང་ བདེན་ཚོགས་ཆུང་འཐུས་མི། དེ་བཞིན་སྤྱི་མི་འགན་འཁུར་སྐབས་ལྷག་བསམ་རྣམ་དག་ཞབས་ཕྱི་ཞུས་ཡོད། ད་ལྟ་སྐབས་སུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ལས་འཁུར་ཞུས་མུས་ ཡིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ་གོང་མིང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༤ ལ།།
དཔལ་འབྱོར་ཚེ་རིང༌། ཏྲེ་ཧོར། ཚོགས་གཞོན། སྐྱེ་ཚེས་ ༥ ། ༦ ། ༡༩༧༢ ཕ་ཡུལ་ཏྲེ་ཧོར། གུས་པ་ཆུང་དུས་ནས་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་སློབ་གྲྭ་ཆུང་བ་ནས་ཐོན་རྗེས་ རྡོ་རྗེ་གླིང་བོད་གཞུང་གཏན་འཇག་སློབ་གྲྭ་ནང་འཛིན་རིམ་དགུ་པ་བར་སོང༌། ཕྱི་ལོ་ ༡༩༨༩ ལོར་ཌོ་ཌོན་དྭང་སློབ་དམག་སྒར་ནང་ཛུལ་བཞུགས་བྱས་ཏེ་རང་འཁྲིའི་ལས་འགན་གང་ སྤྱིའི་ཐད་ཞབས་ཕྱི་ཧུར་ཐག་ཞུས་རྗེས་ཕྱི་ལོ་ ༢༠༠༣ ལོར་དམག་སྒར་ནས་རྩ་དགོངས་གུང་སེང་བཀའ་ཁྲོལ་ཐོབ་ཡོད། གཞིས་ཆགས་ནང་བསྡད་རིང་རང་གི་མི་ཚེའི་འཚོ་བ་དང་མཉམ་དུ་གཞིས་ཆགས་སྤྱི་པའི་ལས་ ཀ་མཉམས་འབྲེལ་འགན་འཛིན་ལས་འཁུར་ཕྱི་ལོ་ ༢༠༠༤ ནས་ཕྱི་ལོ་ ༢༠༠༨ བར་འཐུས་གཙང་ཞུས་ཡོད། ད་ལྟ་སྐབས་སུ་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་ས་གནས་ཆུ་སྒང་དྲུག་གི་ཚོགས་གཞོན་ལས་འཁུར་ཞུ་མུས་ཡིན་པ་བཅས་ཀྱི་ ལོ་རྒྱུས་སྙིང་བསྡུས་སུ་གོང་མིང་ནས་ཕྱི་ལོ་ ༢༠༠༩ ཟླ་ ༤ ཚེས་ ༤ ལ་ཕུལ། །
འཇམ་དཔལ་རྒྱལ་མཚན། པད་བཀོད་སྐྱིད་འབྲུག དྲུང་ཡིག
བཀྲིས་དབང་རྒྱལ། པད་བཀོད་སྐྱིད་འབྲུག རྩིས་པ།
ངག་དབང་རབ་གསལ། མི་ཉག དངུལ་གཉེར།
༄༅། ཏེ་ཛུ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྙིང་བསྡུས།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་པར་ཕེབས་པའི་ས་གནས་ཁག་གི་འཐུས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག། མཚམས་སུ་ཞུ་སྙིང༌།
དང་པོ། སྔ་ལོ་འགན་ལྷན་ཐེངས་སོ་དགུ་པའི་ཐོག་ཚོགས་བཅར་ཞུ་མི་ཏེ་ཛུ་ས་རྒྱུན་གྱི་ཚོགས་གཙོ་རྒྱལ་ཐང་ཀར་མ་དང་ཚོགས་གཞོན་དཔལ་འབྱོར་ཚེ་རིང་གཉིས་ཀྱི་གདོང་རྒྱན་ཤོག་ཆག་པ་གཅིག་ལ་ཤོག་ལྷེ་ ༡༠༠ ཐམ་པ་འདུག་པ་ལ་སྒོར་ ༥༠༠༠།༠༠ ཐམ་པ་བབས་འདུག་པ་ལྟར་ཕུལ་ཡོད། ཡང་སྟོད་ཐུང་ ༥༠ ཐམ་པ་འཚོང་པའི་རྒྱ་ཆ་བདུན་བཅུ་ལ་སྒོར་ ༣༥༠༠།༠༠ བབས་འདུག་པ་ལྟར་ཕུལ་ཡོད།
གཉིས་པ། ཚོགས་བཅར་བ་གཉིས་བརྒྱུད་ང་ཚོ་ལ་ཚོགས་ཁང་ཞིག་སྐྱབས་འཇུག་ཞུས་པར་ཚོགས་གཙོ་རྣམ་གཉིས་ཀྱིས་ཞལ་བཞེས་གནང་སོང་ཟེར་གྱི་འདུག་རུང་ང་ཚོས་ད་ལྟའི་བར་འགྱང་ཆ་ཤོར་སོང༌། གང་རེད་ཟེར་ན། ཁང་པའི་བཟོ་དབྱིབས་དང། ཆེ་ཆུང༌། འོས་མཚམས༌། གྲོ་སོང་བཅས་གཏན་འབེབས་བཟོ་མ་ཐུབ་པར་ལུས་སོང༌། ད་དུང་མུ་མཐུད་སྐྱབས་འཇུག་ཞུ་བཞིན་ཡོད་པས་གནང་གཏན་ཁེལ་སོང་ན་ས་ཆ་ཡང་ཐབས་ཤེས་བྱ་རྒྱུ་ཡིན།
གསུམ་པ། སྤྱི་ལོ་ ༢༠༠༩ ཟླ་བ་ ༦ ཚེས་ ༡༦ ཉིན་ཆུ་སྒང་ལྔ་བཅུ་དུས་དུས་དྲན་སྐབས་མགྲོན་ཤོག་ཕུལ་བ་ཁག་གི་མཚན་ཐོ། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། ས་གནས་གཞིས་ཆགས་ཀྱི་འགོ་འཛིན། རང་བདེན་ཚོགས་གཙོ། གཞིས་འགོའི་ལས་དྲུང༌། མཉམ་འབྲེལ་འགན་འཛིན། མཉམ་འབྲེལ་དྲུང་ཡིག ས་གནས་གཞོན་ནུའི་ཚོགས་གཙོ། ས་གནས་བུད་མེད་ཚོགས་གཙོ། གྲོང་སྡེ་ལྔ་ཡི་སྤྱི་མི། དྭང་ཞབས་ཚོགས་གཙོ། ས་གནས་ཕ་མའི་ཚོགས་གཙོ། རྫོགས་ཆེན་དགའ་ནོར་རིན་པོ་ཆེ་ཡི་གསང་ཡུམ་བཅས་ལ་ཕུལ་ཡོད། དུས་དྲན་གངོས་གཞི་སྐབས་སྔ་དྲོའི་ཆུ་ཚོད་བདུན་པ་ནས་བསང་གསོལ་ལྷ་རྒྱལ་དང༌། རྒྱལ་དར་སྒྲེང་འཛུགས། རྒྱལ་གླུ་བཏོང་ལེན། བདེན་གསོལ་སྨོན་ལམ་སོགས་གྲུབ་མཚམས། ས་གནས་ཚོགས་གཙོས་དུས་དྲན་ངོ་སྤྲོད་གསུང་བཤད་དང༌། དྲུང་ཆེས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གསུང་འཕྲིན་བསྒྲོག་སྦྱང་བྱས། དེ་ནས་སྐུ་མགྲོན་རྣམ་པས་རིམ་པའི་གསུང་བཤད་གནང་གྲུབ་རྗེས྄། དྲུང་ཆེས་ཐུགས་རྗེ་ཆེ་ཞུ་ཡི་གཏམ་བཤད་བྱས་ཏེ་མཛད་སྒོ་གྲོལ། བཞིཔ། བློ་ཕམ་བྱ་རྒྱུ་ཞིག་ལ་ང་ཚོ་ཆུ་སྒང་ས་གནས་རྒྱུན་ལས་རྣམ་པའི་མིང་དང་ལས་གནས་འོས་གྲངས་སོགས། འཁོད་པའི་མིང་ཐོ་ཐེངས་གཉིས་ཙམ་གཞིས་ལས་ཁང་ལ་ཕུལ་བ་ཡིན་ཀྱང། གཞུང་འབྲེལ་མཛད་སྒོ་ཁག་ལ་སྤྱི་མཚུངས་ལྟར་ང་ཚོ་རྒྱུན་ལས་ལ་མགྲོན་བརྡ་གཏོང་གི་མི་འདུག
ལྔ་པ། འདི་ནས་མཐོ་རིམ་སློབ་མ་བཅུ་ཡི་སློབ་ཡོན་སྤྲད་རྒྱུ་ཆ་རྐྱེན་ཚང་བ་དག་གི་ཆ་རྐྱེན་གྱི་ཡིག་ཆ་རྣམས་ཟུར་འབུལ་བྱས་ཡོད། ལས་བསྡོམས་དང་མཉམ་དུ་རྩིས་ཁྲ་དགོས་ལུགས་གསུང་པ་ལྟར་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་གཤམ་གསལ།
བྱུང་བ།
སྤྱི་ལོ་ ༢༠༠༢ སྤྱི་ཟླ་ ༢ སྤྱི་ཚེས་ ༡༠ ཉིན་ཚོགས་གཙོ་དཀོན་མཆོག་ནོར་བུ་བརྒྱུད་ནས་སྒོར་ ༡༠༠༠༠།༠༠ ཐམ་པ་གནང་ཁོངས་ནས་ད་ལྟ་ལྷག་བསྡད་སྒོར་ ༣༤༦༦།༠༠ ཡོད། ལྔ་བཅུ་དུས་དྲན་གྱི་སྟོད་ཐུང་གྲངས་ ༥༠ ཐམ་པ་འཚོང་བསྒྱུར་བྱས་པའི་རིན་འབབ་བརྒྱ་ཆ་སུམ་བཅུ་ས་རྒྱུན་གྱིས་ཉར་ན་ཆོག་གསུང་པ་ལྟར་སྒོར་ ༡༥༠༠།༠༠ ཐམ་པ་བྱུང་ཡོད།
སྤྱི་ལོ་ ༢༠༠༩ སྤྱི་ལོ་ ༢ སྤྱི་ཚེས་ ༡༦ ཉིན་སྒོར་ ༡༠༠༠༠།༠༠ ཐམ་པ་གནང་བ་ད་ལྟ་དངུལ་ཁང་དུ་བཅོལ་འཇོག་བྱས་ཡོད།
གོང་གསལ་བྱུང་ཁག་ཁྱོན་བསྡོམས་སྒོར་ ༡༧༠༦༡།༠༠ བཅས་ཡོད།
སོང་བ།
ལྔ་བཅུ་དུས་དྲན་མཇུག་བསྡོམས་མཛད་སྒོའི་སྐབས་སུ་སྐུ་མགྲོན་རྣམ་པར་ཇ་སྟོན་ཞིག་དྲངས་པ་ལ་སྒོར་ ༢༠༩༠།༠༠ སོང༌།
བསྡད་པ།
ད་ལྟ་ལྷག་བསྡད་སྒོར་ ༡༤༠༧༡།༠༠ བཅས་ཡོད།
ཆུ་སྒང་གི་ལོ་རྒྱུས་དེབ་ཕྲེང་གཉིས་པ་དྲུག་དང་མི་ལོ་ལྔ་བཅུ་རིང་གི་ལོ་རྒྱུས་ཕྱོགས་བསྡུས་དེབ་བཅུ་འཚོང་བསྒྱུར་ཟིནཔའིསྒོར་ ༢༥༠༠།༠༠ ཐམ་པ་ཚོགས་གཙོ་བརྒྱུད་སྐུར་ཡོད། དེ་དང་ཆབས་གཅིག་ཆུ་སྒང་ཚོགས་དངུལ་ལག་དེབ་བཅུ་ཡི་རིན་འབབ་སྒོར་ ༥༠།༠༠ ཐམ་པ་མཉམ་དུ་སྐུར་ཡོད།
དེ་བཞིན་སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༡ སྤྱི་ཚེས་ ༡ ནས་ སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༢ སྤྱི་ཚེས་ ༣༠ བར་ལོ་གཉིས་ཀྱི་ཚོགས་དངུལ་སྒོར་ ༢༠༩༥།༠༠ བཅས་བྱུང་འདུག་པར་དངུལ་སྒོར་ཇི་བྱུང་དབུས་ལས་ཁུངས་སུ་སྙན་སེང་ཞུས་པས་ས་རྒྱུན་གྱིས་ཉར་ན་འཐུས་གསུང་འདུག་པ་ལྟར་ས་རྒྱུན་གྱིས་ཉར་ཡོད།
ཏེ་ཛུ་ས་རྒྱུན་སྐབས་གཉིས་ཀྱི་རིང་ལ་དབུས་རྒྱུན་གྱིས་སྐུར་བའི་ཚོགས་དངུལ་ལག་དེབ་སྔ་ཕྱི་གཉིས་བསྡོམས་པའི་གྲངས་ ༡༡༠ ཐམ་པ་འབྱོར་བྱུང་བའི་ཁུངས་ནས་ ༨༤ སོང་བ་དང་ ༢༦ ད་ལྟ་ལྷག་ཡོད།
སྦྱར་ཐམ་སྒོར་ ༡༥ ཅན་ ༡༧༢ དང༌། སྒོར་ ༡༠ ཅན་ ༢༨༠ སྒོར་ ༥ ཅན་ ༢༨༠ སྒོར་ ༢ ༣༥༠ སྒོར་ ༡ ཅན་ ༧༠༤ བཅས་སོང་འདུག་པ་དང༌།
སྦྱར་ཐམ་སྒོར་ ༡༥ ཅན་ ༢༧ དང༌། སྒོར་ ༡༠ ཅན་ ༡༢༦ སྒོར་ ༥ ཅན་ ༤༦ སྒོར་ ༢ ཅན་ ༦༧ སྒོར་ ༡ ཅན་ ༡༩༦ བཅས་ད་ལྟ་ལྷག་ཡོད།
སྤྱི་ལོ་ ༢༠༠༦ ཟླ་བ་ ༡ ཚེས་ ༡ ནས་ ༢༠༠༨ ཟླ་བ་ ༡༢ ཚེས་ ༣༠ བར་ལོ་གསུམ་རིང་མི་རེ་ནས་སྒོར་ ༤༥ རེ་བསྡུས་པ་ཡིན། ཚོགས྄་དངུལ་སྤྲད་མཁན་མི་གྲངས་ ༧༤ བྱུང་ཡོད། མི་གྲངས་ ༧༤ ཡི་དངུལ་འབབ་སྒོར་ ༣༣༣༠།༠༠ ཐམ་པ་བྱུང་ཡོད། ལག་དེབ་རྐྱང་པའི་རིན་འབབ་སྒོར་ ༣༧༠།༠༠ ཐམ་པ་བྱུང་ཡོད།
སྐབས་དེར་དབུས་རྒྱུན་གྱིས་བཀའ་གསལ་ལ་མ་གསལ་ཞིག་གནང་ནས་ཚོགས་དངུལ་ཕྱེད་ཀ་ཁྱོད་རང་ཚོས་ཉར་ན་ཆོག་པ་དང་ཕྱེད་ཀ་དབུས་ལས་ཁུངས་སུ་བཏང་ཡོང་དགོས་པ་འདྲ་པོ་ཞིག་གསུང་འདུག་སྟབས། སྒོར་ ༢༠༨༥།༠༠ དབུས་ལས་ཁུངས་སུ་བཏང་བའི་འབྱོར་འཛིན་གནང་འབྱོར་བྱུང༌། འདི་ཚོ་ཚང་མ་རྩིས་ཁུངས་རྙིང་པའི་ཁོངས་སུ་བཏང་ཟིན་པས་ད་ལྟ་རྩིས་རྒྱག་བྱས་མེད།
ཏེ་ཛུ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་གྱི་ལས་བསྡོམས་དང་རྩིས་ཁྲ་སྙིང་བསྡུས་སུ།
ཏེ་ཛུ་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༢ སྤྱི་ཚེས་ ༡༢ ཉིན་ཕུལ།
ཏི་ཛུ་དར་རྒྱས་གླིང་ས་གནས་མདོ་སྟོད་ཆུ་སྒང་རྒྱུན་ལས་ཟུར་པ།
ཟི་བུ། ཕ་ཡུལ་འཇུས་ཞི་བདེ་དགོན། སྐྱེས་ལོ་༡༩༣༩ ། ༢༠༠༦ ནས་ ༢༠༠༧ བར་ཏི་ཛུ་དར་རྒྱས་གླིང་གི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲག་གི་ཚོགས་གཙོ་གནང་།
དེ་ལས་མང༌།: ཏི་ཛུ་དར་རྒྱས་གླིང་ས་གནས་མདོ་སྟོད་ཆུ་སྒང་རྒྱུན་ལས་ཟུར་པ།
















