དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།98
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།98
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3212
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118079

Online (20 minutes ago): 11
Your IP: 38.107.179.238
,
Today: May 20, 2012

ཐེ་ཝན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་གནས་རྒྱུན་ལས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

 

སྡེ་དགེ་བཀྲ་ཤིས་ཚེ་རིང༌། ཚོགས་གཙོ།

 

ཁྱུང་པོ་རིག་དགའ། ཚོགས་གཞོན།

 

 

 

 

ལི་ཐང་དགེ་ལེགས་བསྟན་པ། ཚོགས་གཞོན།

 

སོག་རྫོང་པད་མ། དྲུང་ཆེ།

 

སྒ་པ་སྐལ་བཟང༌། རྩིས་པ།

 

རེ་ཁེ་སྤུ་ལུད། རྒྱུན་ལས།

 

རེ་ཁེ་བསམ་འཕེལ། རྒྱུན་ལས།

 

མིག་དམར་ལྷ་མོ། རྒྱུན་ལས།

 

སྡེ་དགེ་ཁྱི་རྒྱལ། རྒྱུན་ལས།

 

༄༅། ཐེ་ཝན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་བསྡོམས་སྙིང་བསྡུས།

དཔལ་ལྡན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་ཆེད་ཞུ། 

ཆུ་སྒང་འགན་ལྷན་ཐེངས་བཞི་བཅུ་པའི་ཚོགས་བརྡའི་གསལ་བསྒྲགས་ནང་གསལ་ལྟར་ན། ད་རེས་ཚོགས་འདུ་དེ་སྔར་དང་མ་འདྲ་བའི་གལ་ཆེན་ཞིག་ཡིན་ལུགས་གསལ་འདུག ཡིན་ནའང་ཚོག྄ས྄་གཙོ་ས་གནས་སུ་བསྡད་མེད་པ་དང༌། རྒྱུན་ལས་ཁག་གཅིག་ལ་ལོ་གསར་པའི་ནང་ལས་ཀ་གསར་པ་བཙལ་དགོས་པ་དང་རྒྱུན་ལས་ཁག་གཅིག་ལ་ཕྱི་བསྐྱོད་ལག་ཁྱེར་མེད་པའི་དཀའ་ངལ་འཕྲད་ནས་ཚོགས་འདུ་ལ་བཅར་ཐུབ་མཁན་མི་འདུག་པས་དགོངས་འགལ་མེད་པ་ཞུ་རྒྱུ་དང༌།

འགན་ལྷན་ཚོགས་འདུ་ཐོག་ཐག་གཅོད་གང་ཞིག་བྱང་ན་ཐེ་ཝན་མདོ་སྟོད་མི་དམངས་ཀྱིས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཞུ་རྒྱུ་ཡིན།  དབུས་ཀྱི་ཚོགས་གཞོན་སྨར་ཁམས་ཆོས་འཕེལ་ལགས་ལ་ས་གནས་ཀྱི་གནས་སྟངས་གསལ་བཤད་གནང་རོགས་ཞུས་ཡོད། དབུས་ཀྱི་གསལ་བསྒྲགས་ནང་སློ་ཕྲུག་ལ་སློབ་ཡོན་སྤྲོད་ཕྱོགས་གསལ་འདུག་ཀྱང་ཐེ་ཝན་ས་གནས་སུ་སློབ་ཡོན་སྤྲོད་རྒྱུའི་ཆ་རྐྱེན་ཚང་བའི་སློབ་ཕྲུག་ད་ལྟའི་ཆར་མི་འདུག་ཞུ་རྒྱུ་དང༌། དེ་སྔོན་ཆུ་སྒང་ལྔ་བཅུ་ད྄ུས་དྲན་སྐབས་སྟོད་ཐུང་དང་ཆུ་སྒང་ལོ་རྒྱུས་དེབ་གྲངས་གཉིས་བཅས་མི་དམངས་ལ་ཚོང་འགྲེམས་མ་བྱས་པར་མི་དམངས་ལ་དྲན་རྟེན་དུ་ཕུལ་ཡོད། ཅ་ལག་གི་མ་དངུལ་དེ་དག་ཚོགས་གཞོན་སྨར་ཁམས་ཆོས་འཕེལ་བརྒྱུད་ནས་ཕུལ་ཡོད། 

ཚོགས་མིའི་ལག་དེབ་བཟོ་ཕྱོགས་ནི་ས་གནས་རྒྱུན་ལས་སྔོན་མ་ཚོས་བཟོས་པའི་ལག་དེབ་སེར་པོ་ཡིན་པ་དང་ད་ལྟ་དབུས་ཀྱིས་བསྐུར་བའི་ལག་དེབ་དམར་ནག་རེད་འདུག་པས་དེར་ཐོག་ཚོན་མདོག་གཅིག་གྱུར་དགོས་ཀྱི་ཡོད་མེད་ཆོས་འཕེལ་བརྒྱུད་ལན་གསལ་པོ་ཞིག་གནང་རོགས་ཞུ་རྒྱུ་དང། ལན་གསལ་བྱུང་ཕྱིན་འདི་གར་ས་རྒྱུན་གྱིས་ཚོགས་མིའི་ལག་དེབ་བཟོ་རྒྱུ་ཐད་གྲ་སྒྲིག་ཨང་གསར་བྱས་ནས་བསྡད་ཡོད། སྔར་ལོ་ཐེ་ཝན་ས་གནས་སུ་ཆུ་སྒང་དུས་དྲན་སྐབས་འགྲོ་སོང་ཐེ་སྒོར་ ༣༠༠༠༠།༠༠ ཐམ་པ་སོང་ཡོད་པ་དང་ཚུར་བྱུང་ཐེ་སྒོར་ ༣༠༠༠༠།༠༠ ཡོད་པས་བྱུང་སོང་ཁ་ཐུག་པའི་ལྷག་མ་ཐེ་སྒོར་ ༧༥༠༠༠།༠༠ ཡོད། 

མཐའ་དོན་ཐེ་ཝན་མདོ་སྟོད་མི་དམངས་ཀྱི་རེ་བསྐུལ་ཆེ་ཤོས་ནི་འདས་པའི་ཆུ་སྒང་རྒྱུན་ལས་གནད་ཡོད་མི་སྣ་ཁ་ཤས་ཀྱིས་ཆུ་སྒང་གི་མ་དངུལ་རྩིས་སྤྲོད་མ་བྱས་པའི་སྐོར་ཆུ་སྒང་གི་རྩིས་ཁྲ་ནང་འཁོད་འདུག་པར་ང་ཚོ་བློ་ཕམ་ཧ་ཅང་བྱུང༌། ཁོང་རྣམ་པ་ལ་རེ་བསྐུལ་ཞུས་ཏེ་མདོ་སྟོད་མི་དམངས་ཀྱི་སྤྱི་དངུལ་རྣམས་རེག་ཐབས་གནང་རོགས་ཞུ་རྒྱུ་དང༌། ད་ལན་ཆུ་སྒང་དབུས་རྒྱུན་གྱིས་ཕྱག་ལས་གནང་ཕྱོགས་རྣམས་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་ཕྱག་ལས་གནང་བ་ལ་རྗེས་སུ་ཡིད་རངས་ཞུ་རྒྱུ་དང། མ་འོངས་པར་དབུས་རྒྱུན་ནི་སྤྱི་རྒྱུ་ཧམ་ཟ་མི་བྱ་མཁན་ཡོང་དགོས་གལ་ཆེན་པོ་ཡིན་པ་མ་ཟད་བོད་མི་དམངས་ཀྱི་སྤྱི་འཐུས་སྐབས་བཅོ་ལྔ་པར་མདོ་སྟོད་སྤྱི་འཐུས་འང་བོད་སྤྱི་པའི་རྩ་དོན་ལ་ལྷག་བསམ་ཡོད་མཁན་དང་ཁྱད་པར་ཆུ་སྒང་གི་ལང་ཕྱོགས་ཐོག་ལྟ་བ་བརྟན་པོ་ཡོད་མཁན་ཡོང་དགོས་རྒྱུ་གལ་ཆེན་ཡིན་པ་དང། དེ་སྔོན་མདོ་སྟོད་སྤྱི་འཐུས་རེ་ཟུང་གིས་རང་རང་སོ་སོའི་ཁེ་ཕན་ལ་དམིགས་ནས་རྡ་སའི་ཁུལ་ལ་བཤད་རྒྱུ་མང་དག་བཟོས་པར་ང་ཚོ་བློ་ཕམ་ཆེན་པོ་ཡོད། མ་འོང་པར་དེ་འདྲ་མི་ཡོང་བར་ཕྱོགས་མཐའ་ཁག་ནས་ཕེབས་པའི་འཐུས་མི་ཚོས་འགན་ཁུར་གང་ལེགས་གནང་རོགས་ཞུ་རྒྱུ་དང༌། འགན་ལྷན་ཐེངས་བཞི་བཅུ་པ་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཀྲ་ཤིས་བདེ་ལེགས་བཅས་ཐེ་ཝན་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་ལས་བསྡོམས་སྙིང་བསྡུས་སུ། 

ཐེ་ཝན་ས་གནས་ཆུ་སྒ྄ང་རྒྱུན་ལས་ཀྱིས་སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༢ སྤྱི་ཚེས་ ༡༥ ཉིན་ཕུལ།།