ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས།
ཕྱི་ལོ་ ༢༠༠༧ ཟླ་ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡ བར་ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐབས་བཅུ་པའི་རྒྱུན་ལས་རྣམས་ཀྱི་མཚན་ཐོ་དང་མཚན་གནས་གཤམ་གསལ།
ཁམས་རི་ཚང་ས་སྐྱའི་བདག་མོ་བསོད་ནམས་དཔལ་བསྐྱེད། ལུང་ཚན། ཁམས་རི་བོ་ཆེ། ལས་གནས། ཡུ་རོབ་མདོ་ཁམས་ཆུ་སྒང་ཚོགས་པའི་ཚོགས་གཙོ།
སྲིད་པ་ཚང་ཚེ་རིང་ནོར་བུ། ལུང་ཚན། སྨར་ཁམས་དང་། ལས་གནས་ཡུ་རོབ་མདོ་ཁམས་ཆུ་སྒང་ཚོགས་པའི་ཚོགས་གཞོན།
འཇམས་དབྱངས་ཆོས་འཕེལ། ལུང་ཚན་ཆབ་མདོ་དང་། ལས་གནས་ཡུ་རོབ་མདོ་ཁམས་ཆུ་སྒང་ཚོགས་པའི་དྲུང་ཆེ།
ནོར་བུ་ཁང་གསར་བཀྲ་ཤིས་ནོར་བུ། ལུང་ཚན་ལྷོ་ཁ་དང་། ལས་གནས་ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་གཞོན།
ཀ་འབྱུང་ཚང་བཀྲ་ཤིས་དོན་འགྲུབ། ལུང་ཚན་འབའ་བ་དང་། ལས་གནས་ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དངུལ་གཉེར།
གླིང་ཆུང་ཚང་བདེ་ཆེན་ཀུན་ཁྱབ། ལུང་ཚན་ཆབ་མདོ་དང་། ལས་གནས་ཡུ་རོབ་མདོ་ཁམས་ཆུ་སྒང་ཚོགས་པའི་རྩིས་པ།
འཛི་གླ་ཚང་ཆོས་སྐྱོང་དབང་འདུས། ལུང་ཚན་ནང་ཆེན་དང་། ལས་གནས་ཡུ་རོབ་མདོ་ཁམས་ཆུ་སྒང་ཚོགས་པའི་དཔལ་འབྱོར་འདུ་འགོད་པ།
ཕྱི་ལོ་ ༡༩༨༠ ཟླ་ ༤ ཚེས་ ༡ ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡ བར་ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རིག་གཞུང་སྡེ་ཚན་གྱི་འགན་འཛིན་རྣམ་པའི་མཚན་ཐོ་དང་མཚན་གནས་གཤམ་གསལ།
དཀོན་རྡོར་རིག་འཛིན་དཔལ་མོ། ལུང་ཚན་ཆབ་མདོ་དང་། ལས་གནས་རིག་གཞུང་སྡེ་ཚན་གྱི་ཚོགས་གཙོ།

ཁམས་རི་ཚང་བསོད་ནམས་བདེ་སྐྱིད། ལུང་ཚན་ཚ་བ་དཔའ་ཤོད། ལས་གནས་རིག་གཞུང་སྡེ་ཚན་གྱི་ཚོགས་གཞོན།

ཨ་མགོན་ཚང་ཚེ་སྐྱིད་སྒྲོལ་མ། ལུང་ཚན་རི་བོ་ཆེ་དང་། ལས་གནས་རིག་གཞུང་སྡེ་ཚན་གྱི་དངུལ་གཉེར་དང་རྩིས་པ་གཅིག་ཅོག་བཅས་སོ།
ཕྱི་ལོ་ ༢༠༠༩ ཟླ ༤ ཚེས་ ༡ ནས་ཕྱི་ལོ་ ༢༠༡༠ ཟླ ༤ ཚེས ༡ དབར་ལོ་ངོ་གསུམ་གྱི་རིང་ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐབས་བཅུ་པའི་ རྒྱུན་ལས་རྣམ་པས་ལས་འགུལ་ཁག་གཤམ་གསལ།
དོན་ཚན་དང་པོ། ལོ་བསྟར་ཕྱི་ཟླ་ ༣ ཟླ་མཇུག་ལ་ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན་རྒྱས་པ་བཀོང་ཚོགས་ ཐོག ཚོགས་གཙོས་ལོ་འཁོར་ལས་བསྡོམས་དང་འབྲེལ་བཀའ་སློབ་གསུང་བཤད་དང་། ལོ་སྔོན་མའི་ཚིག་ཐོ་རྣམས་བསྐྱར་བཤད།དེ་ནས་རྩིས་པས་ལོ་གཅིག་གི་ནང་བྱུང་སོང་ རྩིས་ཁྲའི་འགྲེལ་བཤད། རྩིས་ཞིབ་པ་རྣམ་གཉིས་ནས་རྩིས་ཁྲ་ཁམས་དངས་ཀྱི་གསལ་བཤད། མི་མངས་ཀྱི་བསམ་འཆར་བསྡུ་ལེན་དང་འབྲེལ་གྲོས་བསྡུར་རྒྱས་པ་གནང་རྒྱུ་བཅས།དོན་ཚན་གཉིས་པ། ལོ་བསྟར་ཕྱི་ཟླ་ ༦ ནང་རི་དཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུས་བླ་སྤྲུལ་དགངེ་འདུན་རྣམ་ པ་དང་། ས་གནས་སྐུ་ཚབ་དོན་གཅོད་མཆོག་དང་། དེ་བཞིན་ཡུ་རོབ་སྤྱི་འཐུས། སུད་སིའི་མི་མངས་ཚོགས་གཙོ་གཙོས་པའི་གཞུང་འབྲེལ་མིན་པའི་ཚོགས་སྐྱིད་ཁག་གི་ ཚཾོགས་གཙོ་རྣམ་པ་གདན་ཞུས་ཐོག དུང་རྒྱ་སྤོས་སྣ་བཅས་༸གོང་ས་མཆོག་གི་སྐུ་དཔར་མཐོང་གྲོལ་རིན་པོ་ཆེ་གདན་ཞུས་ དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེང་འཛུག་དང་འབྲེལ་རྒྱལ་གླུ་གཏོང་རྒྱུ། དེ་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་དྲན་གཅེས་འཛིན་སྲུང་བརྩི་ དང་། བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རང་སྲོག་དོར་བའི་དཔའ་བོ་ཕོ་མོ་ བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་བཏུད་སྐར་མ་གཉིས་རིང་ཞུ་བ་དང་། རིམ་པས་སྤྱི་རིམ་ཁག་དང་སྐུ་མགྲོན་རྣམ་པས་དུས་དྲན་དང་འབྲེལ་བའི་གསུང་བཤད། བསང་གསོལ་རྒྱས་པ་བཅས་གྲུབ་རྗེས་སྐུ་མགྲོན་ལྷན་རྒྱས་དང་། མི་མངས་རྣམ་པར་ཚོགས་པས་ཉིན་གུང་གསོལ་ཚིགས་དང་། གསོལ་ཇ་རིན་མེད་དུ་ཕུལ་ནས་མཛད་སྒོ་རྒྱལ་ཁའི་ངང་མཇུག་བསྒྲིལ་རྒྱུ།
དོན་ཚན་གསུམ་པ། ལོ་བསྟར་ཕྱི་ཟླ་ ༨ པའི་ནང་ཚོགས་པའི་དངུལ་གཉེར་ཆེད་དུ་ཉིན་གཅིག་གི་རིང་སུད་སིའི་གྲོང་ཁྱེར་ འཛུས་རིག་ལ་ཞལ་ལག་བཙོང་རྒྱུ། དེ་བཞིན་རིག་གཞུང་སྡེ་ཚན་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ནས་བོད་ཀྱི་རྩ་དོན་ ཁྱབ་བསྒྲགས་དང་འབྲེལ་ཞབས་གཞས་འཁྲབ་སྟོན་གནང་ནས་ཚོགས་པར་ཚོགས་དངུལ་བསྡུ་རུབ་ ཀྱི་ཞབས་ཞུ་གནང་།
དོན་ཚན་བཞི་པ། ལོ་བསྟར་ཕྱི་ཟླ་ ༩ པའི་ཟླ་མཇུག་ཏུ་ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་སྤྲོ་སྐྱིད་ དུས་སྟོན་རྒྱས་པ་འཚོགས་རྒྱུ་དང་། སྐབས་དེར་གོང་གསལ་བཞིན་རི་དཀོན་ཆོས་འཁོར་དགོན་གྱི་བླ་གྲྭ་རྣམ་པ་དང་། ས་གནས་ཀྱི་མཛད་གཙོ་རྣམ་པ་གདན་ཞུས་ཐོག་མི་མངས་ལྷན་འཛོམས་གྲུབ་པ་དང་ཆབས་ཅིག་༸ གོང་ས་མཆོག་གི་སྐུ་པར་གདན་ཞུ། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་བསྒྲེང་འཛུག་དང་རྒྱལ་གླུ་གཏོང་རྒྱུ། དེ་ནས་བོད་བསྟན་སྲིད་ཀྱི་དོན་དུ་ཞབས་རིམ་ཁག་དང་། མཛད་གཙོ་རྣམ་པའི་བཀའ་སློབ་ཁག་གྲུབ་མཚམས་སུ་ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་ གི་རིག་གཞུང་སྡེ་ཚན་ནས་ཡུལ་ལུང་ཁག་གི་གཞས་སྣ་གཟིགས་འབུལ་དང་། ཕྱི་ལུགས་ཀྱི་གཞས་སྣ་འདྲ་མིན་འཁྲབ་སྟོན། མི་མངས་ནས་སྒོར་གཞས་དང་གནང་ནས་མཚན་མོའི་ཕྱག་ཚོད་ ༢༤ བར་དང་། གཞོན་ནུ་ཚོས་འཁྲུག་ཆ་དོད་པོའི་མཚན་ཚོགས་ཞབས་བྲོ་རྒྱག་ནས་སང་ཞོགས་བར་དུ་ སྤྲོ་སྐྱིད་ངང་བཞུགས་རྒྱུ་བཅས།
དོན་ཚན་ལྔ་པ། ཡུ་རོབ་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ལོ་བསྟར་༸གོང་ས་མཆོག་གི་སྐུ་ཡི་འཁྲུངས་ སྐར་དུས་ཆེན་དང་། ཞི་བདེའི་གཟེངས་རྟགས་དུས་ཆེན་སོགས་ལ་གཞས་སྣ་འཁྲབ་སྟོན་ཞུ་རྒྱུ།
དོན་ཚན་དྲུག་པ། ད་ལྟའི་སྐབས་བཅུ་པའི་རྒྱུན་ལས་སྐབས་སུ་ལེགས་སྤེལ་ཉེས་འགོག་གི་དཔེ་ལྟར་སྔོན་ མའི་སྐབས་ཀྱི་ཚོགས་པའི་མིང་ལ་ཡུ་རོབ་མདོ་སྟོད་ཆུ་སྒང་ཚོགས་པ་ཞེས་པར་ད་ཆ་ཡུ་ རོབ་མདོ་ཁམས་ཆུ་སྒང་ཚོགས་པ་བྱ་བར་མིང་བསྒྱུར་ཞུས། དེ་བཞིན་ཚོགས་མི་རྣམ་པར་ཚོགས་པའི་ལག་འཁྱེར་གསར་བཟོ་སོགས་ཀྱི་ཞབས་ཞུ་གནང་ བའི་ལས་སྡོམ་སྙིང་སྡུས་སུ།། །།
ཡུ་རོབ་མདོ་ཁམས་ཆུ་སྒང་རྒྱུན་ལས་ཐུན་མོངས་ནས་ཕྱི་ལོ ༢༠༡༠ ཟླ་ ༢ ཚེས་ ༡ ཉིན།།

















