གསུང་འཕྲིན་ཁག
ལྔ་བཅུའི་མཇུག་སྡོམ་མཛད་སྒོར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བསྩལ་བའི་ཡོངས་ཁྱབ་གསུང་འཕྲིན།
དེ་རིང་འདིར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༡ འཁོར་བ་དང༌། མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་མཇུག་བསྡོམས་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་ཆེས་མཐོའི་ཁྲིམས་ཞིབ་ཆེ་བ་ཟུར་པ་བྱ་དུར་བསོད་ནམས་བཟང་པོ་མཆོག་དང༌། སྐྱབས་གནས་བླ་སྤྲུལ་དགེ་འདུན་གྱི་སྡེ། བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ། བོད་མི་མང་སྤྱི་འཐུས་ཚོགས་ཟུར་ཀརྨ་ཆོས་འཕེལ་མཆོག ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་སྤྱི་འཐུས་རྒྱུན་ལས་རྣམ་པ། མདོ་སྟོད་སྤྱི་འཐུས་རྣམ་པ། ལྡི་ལི་བོད་སྒར་བསམ་ཡས་གླིང་གི་ས་གནས་འགོ་འཛིན། གཞུང་འབྲེལ་སྡེ་ཚན་ཁག་གི་དབུ་འཛིན་རྣམ་པ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ཟུར་རྣམ་པ། དེ་བཞིན་སྤྱི་མི་དང་བརྒྱ་དཔོན། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་ལས་རྣམ་པ། བསྟན་སྲུང་དང་བླངས་དམག་ཟུར་རྣམ་པ། མདོ་ཁམས་ཆུ་སྒང་ས་གནས་ཁག་གི་དབུ་ཁྲིད་རྣམ་པའི་གཙོས་སེར་སྐྱ་མང་ཚོགས་ཡོངས་ལ་ངས་མདོ་སྟོད་རྒྱ་ཆེའི་མང་ཚོགས་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་ས་མོ་གླང་ལོ་དང་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༦ ཚེས་ ༡༦ ཉིན་མོ་འདི་ནི་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་བསྲུང་དང་བླངས་དམག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༡ འཁོར་བའི་དུས་ཚིགས་ཁྱད་པ་ཅན་ཞིག་དང༌། མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་མཛད་སྒོའི་ཉིན་མཐའ་མ་དེ་ཡིན། དུས་དྲན་མཛད་སྒོ་འདི་བཞིན་ལོ་བསྟར་ཆགས་སུ་བསྲུང་བརྩི་ཞུ་བཞིན་པ་དགའ་སྐྱིད་ལོ་ལེགས་དང་སྐྱིད་པོ་རྒྱག་པ། ཕྱི་ནང་མི་མང་གི་མདུན་དུ་འདྲ་ཆགས་མཛེས་ལྡན་གྱི་ཆེད་དུ་མ་ཡིན་པ་རྒྱ་དམར་གྱིས་ཕྱི་ལོ་ ༡༩༤༩ ལོར་བོད་ཤར་རྒྱུད་ནས་རིམ་བཞིན་བཙན་འཛུལ་བྱས་ཏེ་རང་ས་སྟོད་སྨད་བར་གསུམ་དང༌། བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་དྲག་པོ་མཚོན་ཆའི་དུག་རླུང་གི་མུན་པ་འཁྲིགས་ཉེར་མཚམས་དཔའ་བོའི་ཁྱུ་ཆོག་ཨ་འབྲུག་མགོན་པོ་བཀྲིས་ཀྱི་གཙོས་མདོ་ཁམས་དཔའ་བོ་མང་པོས་མ་གྲོས་བསམ་པ་གཅིག་མཐུན་གྱིས་བོད་བསྟན་སྲིད་སྲུང་སྐྱོབས་ཁོ་ནའི་ཆེད་དུ་ཕྱི་ལོ་ ༡༩༥༨ ལོའི་ཟླ་ ༦ ཚེས་ ༡༦ ཉིན་རང་སྲོག་བློས་བཏང་གི་མནའ་གན་ཆེན་མོ་བཞག་པ་ལྟར་ལྷོ་ཁ་ལྕགས་ཚ་གྲི་གུར་དཔོན་དམག་ཕོན་ཆེ་འདུ་འཛོམས་ཐོག་དམག་སྒར་དབུ་འཛུགས་མཛད་སྒོ་ཟབ་རྒྱས་ཐོག་དམག་དར་རལ་གྲི་ཁ་སྤྲོད་མཁའ་དབྱིངས་སུ་སྒྲེངས་ཏེ་བོད་རང་དབང་རང་བཙན་མ་ཐོབ་བར་དགྲ་རྒོལ་བྱ་རྒྱུར་ཕྱི་འཐེན་ནམ་ཡང་མི་བྱེད་པའི་དམ་བཅའ་བརྟན་པོ་ཡོད་པ་ལྟར་རང་སྲོག་འབན་དུ་བཞག་སྟེ་བོད་བསྟན་སྲིད་ཀྱི་ཆེད་དུ་དགྲ་བོ་རྒྱ་དམར་ལ་གདོང་ལེན་མཐའ་གཅིག་ཏུ་བྱས་པའི་ཉེར་འབྲས་སུ་མི་ཤི་རྒྱུ་གྱོང་བསམ་ལས་འདས་པ་བྱུང་བ་ནི་ཚེ་སྔོན་ལས་ལ་གཟུར་ཐབས་མེད་པ་ཞིག་ཡིན། རྒྱ་མི་དམར་པོས་དྲག་སྤྱོད་ངན་པའི་འོག་བོད་མིའི་ཚེ་སྲོག་ནི་བརྡོག་ཞབས་ཀྱི་འབུ་གྲོག་མའི་མཐོང་ཙམ་མ་བཞག་པར་གནམ་ས་མགོ་གཏིང་ལྷོག་ཐུབ་པའི་དེང་དུས་ཀྱི་འཕྲུལ་རིགས་མཚོན་ཆ་ཁོ་ནའི་འོག་བོད་མི་ཉེས་མེད་རྣམས་རང་ཡུལ་རང་སར་སྡོད་ཐབས་མེད་པའི་སྡུག་སྦྱོང་མནར་གཅོད་བསད་གཏུབ་དང༌། བསྟན་དགོན་བླ་སྤྲུལ་སོགས་རིམ་བཞིན་རྩ་མེད་བཏང་བའི་ལས་འགུལ་བརྩམས་པ་འཇིག་རྟེན་གྱི་མི་སྤྱོད་ལས་འདས་པ་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ངན་པ་དེ་དག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་མང་གིས་སྡུག་སྒོམ་བཟོད་ཐབས་མ་བྱུང་བར་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་བསྟན་སྲིད་ཀྱི་ཆེད་དུ་ཚོགས་པ་འདི་དབུ་འཛུགས་ཞུས་པ་ཞིག་ཡིན་ཙམ་ང་ཚོ་མདོ་ཁམས་མི་མང་གིས་འདས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོའི་མཛད་རྗེས་ལ་གུས་བརྩིས་ཆེན་པོས་དྲན་གསོ་དང༌། ཤི་གསོན་མང་པོའི་བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་བཏང་གི་དགྲ་རྒོལ་བྱས་རིགས་བྱས་པ་རྗེས་མེད་དུ་མི་ཡོང་བའི་འགན་ཁུར་གྱིས་བསྲུང་བརྩི་ཞུས་པ་ལས་ལྟ་བ་འདྲ་མིན་དང༌། སྤྱི་ལ་མ་ཁྱབ་པའི་ཁེ་ཕན་འདྲ་མིན་གྱི་ཆེད་དུ་བཙུགས་པའི་ཚོགས་པ་དང༌། ལུང་ཚན་དང་ཆོལ་ཁའི་རྐུབ་སྟེགས་འཚོལ་ཡུལ་དང༌། ལྟོ་གོས་འཚོལ་ཆེད་དུ་བཙུགས་པ་ཞིག་མིན་པ་ས་རིས་ཐང་གསལ་ཡིན། འོན་ཀྱང་ད་བར་རླབས་ཆེན་གྱི་བྱས་རྗེས་དང་གྲུབ་འབྲས་གཟེངས་སུ་ཐོན་པ་ཚོགས་སྐྱིད་སུས་ཀྱང་དོ་ཟླ་བྲལ་བ་མ་ཟད། ཞི་བའི་ཐབས་ལམ་བརྒྱུད་ལམ་གཞུང་དུ་སྐད་འབོད་བྱས་པ་ལྟ་བུ་མ་ཡིན་པའི་ལས་འགུལ་ནུས་ཅན་འཛམ་གླིང་དུ་གྲགས་རྒྱུ་ཡོད་པ་དེ་འདྲ་སྤེལ་བའི་རྒྱུ་རྐྱེན་ལ་བརྟེན་རང་རིགས་ལ་ཤ་ཞེན་དང༌། བོད་དོན་ལ་སེམས་གཏིང་ནས་ཤ་ཚ་ཡོད་པའི་ཕྱི་ནང་གི་སྐྱེ་བོ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་གོ་ལའི་ཁྱོན་དུ་བཀྲམས་ཡོད། དེ་བཞིན་ཕྱི་ནང་སྐྱེ་བོ་ཐ་ཤལ་མང་པོས་མི་རྒྱུ་གཉིས་ཀ་བསྟན་སྲིད་ཀྱི་ཆེད་དུ་འགྲོ་གྲོན་བཏང་ཟིན་པའི་ཚོགས་པ་འདིས་བྱས་པ་རྗེས་མེད་དུ་འགྲོ་རྒྱུའི་བསམ་ངན་འཆང་བཞིན་པའི་བོད་མི་དཀྲུགས་རིས་ཅན་གང་ན་སུ་ཡོད་ལ་ང་ཚོ་ཕྱི་རབས་རྗེས་འཇུག་གཞོན་ནུ་ཕོ་མོ་ཚོས་དུས་ནམ་ཡང་ཁོ་ཚོས་རེ་སེམས་ངན་པ་འགྲུབ་མི་ཐུབ་པ་བྱ་རྒྱུ་ནི་ཡིད་ཡུལ་དུ་འཇོག་དགོས་པ་ཞིག་ཡིན།
གཞན་ཡང་མདོ་ཁམས་ཤི་གསོན་མི་མང་གིས་ཐོག་མའི་བསྒྲུབ་བྱའི་དམིག་ཡུལ་འགྱུར་མེད་བརྟན་བཟུང་ཐོག་དུས་ནས་དུས་སུ་ཆབ་སྲིད་ཀྱི་ངོ་བོདང༌། བོད་ཀྱི་ཐུན་ཡོང་མ་ཡིན་པའི་ཆོས་དང་རིག་གཞུང༌། ཡུལ་གོམས་གཤིས་ལུགས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་རྒྱུ་ནི་སྐབས་སུ་བབས་པའི་འོས་འགན་བླ་ན་མེད་པ་ཞིག་ཡིན།
ཆབ་སྲིད་ཀྱི་ཐད་ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གིས་འགྲེམས་སྤེལ་གནང་བཞིན་པའི་དེབ་དམར་པོའི་ནང་དོན་ལྟར་དོན་ཚན་བདུན་ཅན་ཐོག་རྒྱ་མིར་འབྲེལ་ལམ་གནང་བཞིན་ཡོད་འདུག་པ་དང༌། གཞི་རྩའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་འགྲེལ་བརྗོད་གང་འདྲ་ཞིག་རྒྱག་ཡོང་ང་ཚོས་ཚོད་དཔག་བྱེད་དཀའ་བར་བརྟེན་དོན་ངོ་མ་འི་བབས་ས་ཇི་ཡིན་དོགས་གནས་སུ་གྱུར་པ་ཡིན་ཙང་ཚང་མས་དོ་སྣང་ཆེན་པོ་གནང་དགོས།
འདས་པའི་དུས་རིམ་ནང་གཞིས་ལུས་བོད་མིར་རྒྱ་དམར་གཞུང་གིས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ངན་པའི་འོག་བོད་མིའི་མངོན་འདོད་དང་ནམ་ཡང་མཐུན་ཐབས་མེད་པའི་ཆོས་དད་རང་དབང་བཙན་འཕྲོག་དང༌། འགྲོ་བ་མི་ཡི་ཐོབ་ཐང་རྩིས་མེད་རྡོག་རུལ་བཏང་སྟེ་བོད་མིའི་ལུས་སེམས་གཉིས་ཐོག་བཟོད་ཐབས་མེད་པའི་སྡུག་བསྔལ་མྱོང་བའི་གུན་གསབ་དུས་ནམ་ཡང་མཇལ་ཐུབ་ཐབས་མེད་པའི་རྨ་ཁ་ཆེན་པོ་བཟོས་པ་དང༌། དུས་ཡུན་རིང་པོའི་ནང་ད་བར་ང་ཚོ་བོད་མིར་ཆབ་སྲིད་དང༌། དཔལ་འབྱོར། འགྲོ་བ་མི་ཡི་ཁེ་ཕན་གྱི་ཐོག་ནས་ཕམ་ཁ་ཆེན་པོ་ཤོར་ཡོད་ནའང་མི་རབས་རྗེས་མ་ཚོས་བོད་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་རང་དབང་རང་བཙན་ལེན་རྒྱུ་ནི་མི་རབས་ནས་མི་རབས་བསྟུད་དེ་འཐབ་རྩོད་ཇི་ལྟར་བྱ་དགོས་ཐུག་ཀྱང་བསྐོར་ཐག་མ་གློད་པ་རྒྱུན་འཁྱོང་བྱ་དགོས་པ་དང༌། ནམ་ཞིག་ང་ཚོའི་རྒྱལ་ཁབ་རང་ལག་ཏུ་སོན་རྒྱུ་ནི་རེ་བ་ཆེན་པོ་བྱེད་དགོས་པ་སྟེ་བདེན་པའི་འབྲས་བུ་བདེན་པ་དངོས་སྨིན་དགོས་པ་རྒྱུ་དང་འབྲས་བུའི་འགྲོ་ལུགས་ཡིན་པའི་ཕྱིར། བསྐྱར་ནན་ཞུ་རྒྱུར། ༢༠༠༨ ལོར་ལི་ཐང་ཕྱོགས་ནས་དཔའ་བོ་རོང་རྒྱས་ཨ་གྲགས་ཀྱིས་དབུ་བཙུགས་ཏེ་བོད་མིའི་རང་དབང་འཐབ་རྩོད་ཀྱི་ཆེད་བོད་ས་སྟོད་སྨད་བར་གསུམ་ནས་རྒྱ་ནག་གཞུང་ལ་ཞི་རྒོལ་རྒྱ་ཆེ་གནང་བའི་ཉེར་ལེན་ལ་བརྟེན་ད་བར་མུ་མཐུད་དེ་རྒྱ་གཞུང་གིས་བོད་ནང་དྲག་གནོན་དང༌། བོད་མི་མང་པོ་སྲོག་ཐོག་དང་བཙོན་འཇུག་གི་ལམ་ནས་གཞིས་ལུས་རྒྱ་ཆེའི་མི་མང་རྣམས་ཛ་དྲག་ཅི་ཆེའི་ངང་གནས་བཟོད་མི་བདེ་བའི་སྡུག་བསྔལ་བསམ་ཡུལ་ལས་འདས་པ་མྱོང་བཞིན་པར་ང་ཚོ་མདོ་ཁམས་བྱེས་སུ་འཁོད་པ་ཚོས་གདུང་སེམས་མཉམ་བསྐྱེད་དང༌། རང་ནུས་གང་ཐེག་གིས་ལས་འགུལ་རིགས་ས་གནས་གང་ན་བཞུགས་པའི་ཁམས་རིགས་མི་མང་གིས་ཕྱི་རྒྱལ་གཞུང་ཚབ་ཁག་དང༌། འཛམ་གླིང་གནད་ཡོད་དཔོན་རིགས། དེ་བཞིན་རྒྱལ་སྤྱིའི་སྡེ་ཚན་ཁག་ཏུ་བོད་སྐྱོབས་ཀྱི་རེ་འབོད་དང་རྒྱབ་སྐྱོར་གང་ཆེ་འཚོལ་ཐབས་བྱེད་རྒྱུ་དུས་ཀྱི་དགོས་མཁོ་ཡིན།
དེ་བཞིན་བྱེས་འཁོད་མདོ་ཁམས་མི་མང་ཚོས་ཀྱང་ཐོག་མའི་དམིགས་ཡུལ་མི་བརླག་པའི་ཐོག་ནས་ད་བར་ས་གནས་སོ་སོར་ལས་འགུལ་རིགས་སྤེལ་གནང་བ་དང༌། སླད་ཕྱིན་ཆད་ཀྱང་བོད་བསྟན་པ་ཆབ་སྲིད་སྤྱི་དང༌། བྱེ་བྲག་ཏུ་བོད་ནང་གི་ཛ་དྲག་གི་གནས་བབས་མུ་མཐུད་ཇེ་སྡུག་ཏུ་འགྲོ་བཞིན་པ་བཅས་ལ་བརྟེན་དེ་དག་སྐྱོབས་ཐབས་ཀྱི་ལས་འགུལ་གསར་སྤེལ་དང་མཉམ་ཞུགས་སོགས་འཐུར་ཤོར་མེད་པ་གནང་དགོས་པའི་འབོད་བསྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང༌། བོད་གཞིས་བྱེས་མཉམ་འཛོམས་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༦ ཚེས་ ༡༦ ལ་གུས་བཏུད་དང་བཅས་ཏེ་ཕུལ།
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༩ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་བཤད།
དེ་རིང་བོད་རྒྱལ་ལོ་ ༢༡༣༤ སྤྱི་ལོ་ ༢༠༠༧ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་འདི་མདོ་ཁམས་ཆུ་བཞི་སྒང་དྲུག་བརྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་གསར་དུ་ཚུགས་ནས་མི་ལོ་ཧྲིལ་པོ་ ༤༩ འཁོར་བའི་དུས་དྲན་ཁྱད་པར་ཅན་འདིའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་མཆོག་དང༌། ལྷན་རྒྱས། འབྲེལ་ཡོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ་ཞུས་ཏེ་གུས་ཤིང་བརྩེ་བའི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་ས་ཁྱི་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་ཚུགས་པ་ནས་བཟུང་བོད་བསྟན་སྲིད་ཀྱི་དོན་དུ་རྒྱ་དམར་ལ་དགྲ་འཐབ་བྱས་ཏེ་དཔའ་བོ་སྟོང་ཕྲག་མང་པོའི་རྣམ་ཤེས་མཁའ་ལ་ཡལ། ཟུངས་ཁྲག་ས་ལ་ཐིམ། ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་བོད་བསྟན་སྲིད་ཀྱི་དོན་དུ་ཕུལ་ཏེ་ཁྲག་གི་རྦ་རླབས་འཕྱུར་བའི་འོག་ནས་ལྷོ་ལམ་གཙང་བཟོ་སོགས་ཀྱི་ལོ་རྒྱུས་ནམ་ཡང་བསུབ་ཐབས་མེད་པའི་དཔའ་བོའི་མཚན་སྙན་མི་ཡུལ་འཇིག་རྟེན་འདིར་བཞག་ནས་གཤེགས་ཤིང༌། ལྷག་པར་དུ་ ༡༩༥༩ ལོར་ས་ཕག་དུས་འགྱུར་འཁྲུག་ཟིང་སྐབས་རྒྱ་དམར་གྱིས་གནམ་ས་གཉིས་ནས་དྲག་མཚོན་གྱི་ཐོག་སེར་འབེབ་པའི་གསེབ་ནས་རི་རླུང་ཤ་ཁྲག་གི་ཟམ་པས་སྲུང་བྱའི་འགན་འཁུར་བླངས་ཏེ་བོད་ཁ་བ་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གཙོས། ཆོས་རྒྱུད་ཆེན་པོ་ལྔ་ཡི་བླ་ཆེན་རྣམས་པ་དང༌། རིས་མེད་དགེ་འདུན་གྱི་སྡེ་ཚོགས། རང་གཞུང་མཛད་གཙོ་རྣམ་པ། ཡབ་གཞིས་སྐུ་འཁོར་རྣམ་པ་བཅས་ཀྱི་དབུས་བོད་ཀྱི་མངའ་འབངས་སེར་སྐྱ་མང་ཚོགས་འབུམ་ཕྲག་ལ་ཉེ་བ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་བཞུགས་ཐུབ་པའི་བཀྲིན་ལ་བརྟེན་ནས་རིས་མེད་སྐྱེས་ཆེན་དམ་པ་རྣམས་ནས་རང་རང་གི་གྲུབ་མཐའི་ཁྱད་ཆོས་གཞིར་བཟུང་གིས་འཛམ་གླིང་ཤར་ནུབ་ཡུལ་གྲུ་གང་སར་ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་དོན་རྒྱ་ཆེན་པོ་བསྐྱངས་དང་སྐྱོང་བཞིན་པ་འདི་དག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བྱས་རྗེས་བསུབ་ཏུ་མེད་པ་ནི་སྐྱེ་བོ་མཆོག་དམན་ཀུན་གྱིས་དུས་དང་རྣམ་པ་ཀུན་ཏུ་ཐུགས་ལ་ཝ་ལེར་འཆར་དགོས་པ་དང༌། འཆར་འོས་པ་ཞིག་ཀྱང་ཡིན། བཙན་བྱོལ་དུ་སླེབས་པའི་རྗེས་སུའང་ལུས་སྲོག་ལ་ཕངས་མེད་ཀྱིས་བོད་བསྟན་སྲིད་ལ་ཕན་རེའི་ལས་ཐབས་སྣ་ཚོགས་སུ་ཞུགས་པ་དང༌། མུ་མཐུད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་རང་གཞུང་གི་བཀོད་སྒྲིག་ལམ་སྟོན་གང་གནང་བ་དག་ལ་ཞབས་ཞུ་གུས་བཀུར་དྭང་ལེན་ཤར་བསྐྱོད་བྱས་དང་བྱེད་བཞིན་པ་མཁྱེན་གསལ་ལྟར་དང༌། ད་དུང་བོད་བསྟན་སྲིད་ཀྱི་དོན་དུ་གཏམ་འགོ་ལས་མཇུག་རྩ་འཛིན་གྱིས་སྒྲིག་འཛུགས་འདིའི་ལས་འགན་དང༌། དམིགས་ཡུལ་བཅས་སྙིང་དུ་བཅང་ནས་ལུས་སྲོག་ལོངས་སྤྱོད་དང་བཅས་སྔ་ཕྱིར་བློས་བཏང་བའི་བྱས་རྗེས་གྲུབ་འབྲས་དང་ལྡན་པ་ནི་རང་གིས་རང་ལ་བསྟོད་མ་དགོས་པར། ཨ་རིའི་གསང་ལས་ནས་བཏོན་པའི་མེ་ཏོག་པདྨའི་མིག་ཆུ་ཞེས་པ་དང༌། གསང་བའི་འཇབ་དམག་གི་སྒྲིག་འཛུགས། དེ་བཞིན་རྒྱ་ནག་ནས་བཏོན་པའི་ངོ་ལོག་ཇག་པ་ཞོད་འཇགས་བཏང་བའི་དངོས་བྱུང་གི་ལོ་རྒྱུས་ཞེས་པའི་དེབ་དེ་དག་གིས་དཔང་པོ་འཕེར་ངེས་ཡོད་སྟབས། ང་ཚོ་རྗེས་འཇུག་ཚོས་མེས་པོ་གོང་མ་རྣམས་ཀྱི་མཛད་རྗེས་ལ་སྙིང་ནས་གུས་བཏུད་ཞུ་རྒྱུ་ཡིན། རྒྱ་གར་དུ་འབྱོར་ནས་བཟུང་མི་ལོ་ཧྲིལ་པོ་ ༤༩ སོང་ཟིན་པའི་རིང༌། བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་ལན་དགུ་འཐུད་ཀྱིས་འགན་འཁུར་བྱས་དང་བྱེད་བཞིན་པར། ད་དུང་ཡང་མི་རབས་གོང་མ་རྣམས་ཀྱི་དམིགས་ཡུལ་དང་མཛད་རྗེས་ལ་གུས་བཀུར་རྩ་འཛིན་མཇུག་སྐྱོང་ཞུ་རྒྱུའི་ལངས་ཕྱོགས་ལ་འགྱུར་བ་མེད་པའི་དམ་འཛིན་བྱེད་རྒྱུ་དེ་རང་ཡིན།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༨ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
དེ་རིང་བོད་རྒྱལ་ལོ་ ༢༡༣༣ ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་འདི་བཞིན་གསར་འཛུགས་གནང་ནས་མི་ལོ་ཧྲིལ་པོ་ ༤༨ འཁོར་བའི་དུས་དྲན་ཁྱད་པར་ཅན་འདིའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་ལྷན་རྒྱས་དང༌། དུས་དྲན་འདིའི་ཐོག་ཕེབས་པའི་འབྲེལ་ཡོད་རྒྱ་ཆེའི་སེར་སྐྱ་མི་མང་ཡོངས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚབ་བྱས་ཏེ་གུས་བརྩེའི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
བོད་ས་ཁྱི་ ༡༩༥༨ ལོའི་ཟླ་ ༦ ཚེས་ ༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་གསར་དུ་ཚུགས་པ་ནས་བཟུང་རྒྱ་དམར་དང་བོད་བསྟན་སྲིད་ཀྱི་དོན་དུ་དགྲ་འཐབ་བྱས་ཏེ་ཁམས་རིགས་དཔའ་བོ་སྟོང་ཕྲག་མང་པོའི་རྣམ་ཤེས་མཁའ་ལ་ཡལ། ཟུངས་ཁྲག་ས་ལ་ཐིམ། ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་བོད་བསྟན་སྲིད་ཀྱི་དོན་དུ་ཕུལ་བའི་ཁྲག་གི་རྦ་རླབས་འཕྱུར་བའི་ལོ་རྒྱུས་ནམ་ཡང་བསུབ་ཐུབ་མེད་པའི་དཔའ་བོའི་མཚན་སྙན་མི་ཡུལ་གྱི་འཇིག་རྟེན་འདིར་བཞག་ནས་གཤེགས་ཤིང༌། ལྷག་དོན་ ༡༩༥༩ ལོའི་ས་ཕག་དུས་འགྱུར་རི་བོ་རིལ་བ་དང༌། རྒྱ་མཚོ་འཁྲུགས་པ་ལྟ་བུའི་དུས་ཟིང་སྐབས་རྒྱ་དམར་གྱིས་གནམ་ས་གཉིས་ནས་མཚོན་ཆའི་ཐོག་སེར་བོད་ཡུལ་དུ་དུས་གཅིག་ཏུ་འཁྲུགས་པའི་གསེབ་ནས་ཤ་ཁྲག་གིས་ཟམ་པ་བྱས་ཏེ་རི་ཁྲི་ཆུ་སྟོང་བརྒལ་ནས་བོད་ཁ་བ་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གི་གཙོས་གང་གི་སྐྱབས་འོག་ཏུ་ཡོད་པའི་བོད་ཀྱི་བླ་ཆེན་རྣམ་པ་དང༌། ཆོས་ལུགས་ཆོས་བརྒྱུད་ཁག་ལྔའི་བསྟན་འཛིན་གྱི་སྐྱེས་བུ་དགེ་འདུན་འདུས་སྡེ་དང༌། རང་གཞུང་གི་མཛད་གཙོ་རྣམ་པ། ཡབ་གཞིས་སྐུ་འཁོར་བཅས་ཀྱི་དབུས་བོད་ཀྱི་མངའ་འབངས་སེར་སྐྱ་མང་ཚོགས་བཅས་འབུམ་ཕྲག་ལ་ཉེ་བ་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུ་ཐུབ་པའི་བྱས་རྗེས་དང༌། བཙན་བྱོལ་དུ་སླེབས་པའི་རྗེས་སུའང་༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་པའི་རང་གཞུང་གི་དབུ་ཁྲིད་བཀོད་སྒྲིག་གང་གནང་བ་དག་ལ་ཞབས་ཞུ་གུས་བཀུར་དང་ལེན་ཤར་བསྐྱོད་བྱས་དང་བྱེད་བཞིན་པ་མཁྱེན་གསལ་ལྟར་དང༌། ད་དུང་བོད་བསྟན་སྲིད་ཀྱི་དོན་དུ་གཏམ་འགོ་ལས་མཇུག་རྩ་འཛིན་གྱིས་སྒྲིག་འཛུགས་འདིའི་ལས་འགན་དང་དམིགས་ཡུལ་བཅས་སྙིང་དུ་བཅངས་ནས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་སྔ་ཕྱིར་བློས་བཏང་བའི་བྱས་རྗེས་དང་གྲུབ་འབྲས་མི་དམན་པ་ཡོད་པ་ནི་རང་གིས་རང་ལ་བསྟོད་མ་དགོས་པར། ཨ་རིའི་གསང་ལས་ནས་བཏོན་པའི་ངོ་ལོག་ཇག་པ་ཞོད་འཇགས་བཏང་བའི་དངོས་བྱུང་གི་ལོ་རྒྱུས། ཞེས་པའི་དེབ་དེ་དག་གི་ནང་དུ་ཁམས་པའི་དཔའ་བོ་ཚོའི་བོད་བསྟན་སྲིད་ཀྱྀ་དོན་དུ་དྲག་པོའི་ལས་འགུལ་ཇི་ཙམ་སྤེལ་ཚུལ་གསལ་པོ་འཁོད་འདུག་པ་དེ་དག འཇིག་རྟེན་གྱི་གཏམ་དཔེ་ལ། བུ་ཕ་ཡིས་མི་བསྟོད་དགྲ་བོས་བསྟོད། དགྲ་ནག་པོས་བསྟོད་ན་བསྟོད་དངོས་ཡིན། ཞེས་པ་ལྟར་ལགས་པས་ང་ཚོ་རྗེས་འཇུག་ཚོས་མེས་པོ་གོང་མ་རྣམས་ཀྱི་མཛད་རྗེས་ལ་སྙིང་ནས་གུས་བཏུད་ཞུ་རྒྱུ་ཡིན། དེ་འདྲའི་མཛད་རྗེས་ཅན་གྱི་སྐུ་གཤེགས་དཔའ་བོ་དག་དང༌། ད་ལྟ་འཚོ་བཞིན་པའི་རྗེས་འཇུག་ཁམས་རིགས་དཔའ་བོ་རྣམས་ཀྱིས་རེ་བ་དང་དམིགས་ཡུལ་གང་ཞིག་ཡིན་པ་དེ་དག་རྩ་འཛིན་གྱིས་རྒྱ་གར་འཕགས་པའི་ཡུལ་དུའང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་བཞིན་ད་བར་མི་ལོ་ཧྲིལ་པོ་ ༤༨ སོང་ཟིན་པའི་རིང་མཚོ་རླབས་ཀྱིས་གཡོ་བའི་གྲུ་གཟིངས་དང༌། རླུང་རླབས་ཀྱིས་བསྐྱོད་པའི་དར་ཆེན་བཞིན་ཀྱག་ཀྱོག་གཉེན་འཕྲང་གི་འགྱུར་འགྲོས་མང་པོའི་འཕྲང་ལམ་ནས་བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་ལན་དགུ་ཆད་མཐུད་ཀྱིས་བོད་བསྟན་སྲིད་རྩ་དོན་ཆེད་མུ་མཐུད་ཤར་སྐྱོད་ཐུབ་ཐབས་བྱས་དང་བྱེད་བཞིན་པ་དང༌། ད་དུང་ཡང་མི་རབས་གོང་མ་རྣམས་ཀྱི་དམིགས་ཡུལ་དང་མཛད་རྗེས་ལ་གུས་བཀུར་དང་རྩ་འཛིན་མཇུག་སྐྱོང་ཞུ་རྒྱུའི་ལངས་ཕྱོགས་འགྱུར་བ་མེད་པའི་དམ་འཛིན་བྱེད་རྒྱུ་དེ་རང་ཡིན།
དེ་དང་ཆབས་ཅིག་སྔ་ལོར་སུམ་ཅུའི་དུས་དྲན་སྐབས་བཀའ་ཤག་གི་གསུང་འཕྲིན་ནང༌། ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཁྲིམས་ཐོག་ནས་མི་རིགས་ས་ཁུལ་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་པ་དེ་བོད་མིའི་ཁྲིམས་མཐུན་གྱི་དགོས་མཁོ་ཡིན་སྟབས། བོད་མི་ཚང་མར་གཅིག་གྱུར་ཡོངས་ཁྱབ་ཅིག་དགོས་པ་ནི་ལན་གཅིག་མ་ཡིན་པ་གསལ་བརྗོད་ཟིན་པ་མ་ཟད། གཞི་རྩའི་ལྟ་གྲུབ་འདི་ལ་འགྱུར་བ་གཏོང་ཐབས་མེད་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན་སྐོར་འཁོད་འདུག་པ་དེར། སྤྱང་ཚང་ནང་དུ་ལུག་གུ་ལ་ཞི་བདེ་ཡོང་རྒྱུའི་རེ་བ་དེ་ཉིད་ཉལ་ས་གྲུ་བཞིའི་ནང་གི་རྨི་ལམ་ལྟ་བུ་མི་ཆགས་པའི་ངེས་པ་མེད་པས་ང་ཚོས་ཡ་མཚན་པའི་རྨི་ལམ་དེ་ག་དུས་ཡིན་ནའང་གཏོང་ཐུབ་མི་འདུག་པས་བཀའ་ཤག་གི་གསུང་འཕྲིན་དེར་བློ་ཚབ་མི་བྱེད་ཀ་མེད་ཅིག་རེད།
འདི་ལོར་ཕྱི་ཟླ་ ༢ ཚེས་ ༦ ཉིན་བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་མིང་ཚིག་བེད་སྤྱོད་བྱ་དགོས་ཀྱི་རྩ་འཛིན་རྒྱ་ཁྱབ་ཏུ་ཞེས་པར། བོད་ཆེན་པོ་ཟེར་མི་ཆོག་པ་དང༌། བོད་ཆེ་ཆུང་གི་སྐད་མེད་ཟེར་བ། བོད་ཆོལ་ཁ་གསུམ་དང༌། ཚད་མཐོའི་རང་སྐྱོང་ཟེར་མི་དགོས་པ། རྒྱ་དམར་དང༌། རྒྱ་ནག་དམར་ཤོག་ཚོགས་པ་ཟེར་མི་དགོས་པ། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བླ་མ་རྒྱ་མཚན་ནོར་བུ་ཞེས་འབོད་དགོས་ཟེར་བ་སོགས་ཀྱི་ཚིག་གནད་འགའ་ཞིག་ཁྱབ་བསྒྲགས་གནང་འདུག་པ་འདིའི་ཐད། ཉ་བསད་ནས་ཁྱི་ལ་དགེ་བ་བྱས་ཟེར་བའི་དཔེ་དོན་དང་མཚུངས་པ་ཞིག་གསལ་པོ་རེད། དེར་བརྟེན་ཆོ་མེད་དགོས་མེད་ཀྱི་བྱ་བར་གྲོ་ལྡོག་མ་ལོན་པར། འཇོར་ཡུ་སྐེ་ནས་བུད་ཟེར་བ་ལྟར་མ་གནང་ན་ཡག་པོ་རེད། དེ་འདྲ་མི་གནང་བ་ནི་ང་ཚོས་ལྷག་བསམ་རྣམ་དག་གིས་རེ་འདུན་ཞིག་ཞུ་གི་ཡོད། བར་ལམ་ནས་བོད་རྒྱ་ཞི་མོལ་གྱི་འབྲེལ་འཐུད་རྒྱ་ནག་ཏུ་ད་བར་ཐེངས་ ༥ ཕེབས་པའི་མཛད་དོན་ཡོངས་ཁྱབ་ཏུ་ཤེས་པ་ནི་ཐེངས་རེར་ཕེབས་དུས་ཡག་ཏུ་ཐེངས་རེར་ཕྱིན་ཏེ་ད་བར་ཡག་ཏུ་ཐེངས་ལྔ་ཕྱིན་ཡོད་ཟེར་བ་ཤེས་རྟོགས་ཡོད་པ་རེད། དོན་དངོས་ཀྱི་ཆ་ནས་བྱས་ན། ལག་ཏུ་འཇུ་འཐམ་བྱ་རྒྱུ་མེད་པའི་འཇའ་ཚོན་གྱི་གུར་ཁང་ཕུབ་པའི་མཛེས་པའི་རང་བཞིན་དུ་གྱུར་བ་ཞིག་རེད། ད་དུང་ཡང་ཡག་པའི་རང་བཞིན་ཁོ་ན་ལ་འབད་དེ་ཕྱིན་ན། སངས་རྒྱས་བྱོན་དུས་བྲམ་ཟེ་རྒས་ཟེར་བའི་དཔེ་ལྟར་ལས་གཞན་དུ་མེད་པ་ནི་ཤིན་ཏུ་གསལ་པོར་བརྟེན་ཚང་མའི་དགོངས་བཞེད་གནང་རྒྱུར་གལ་ཆེ།
གནད་དོན་གཞན་ཞིག་ཞུ་རྒྱུ་ནི། ཉེ་སྔོན་ ༢༠༠༦ ཟླ་ ༣ ཚེས་ ༣༡ ནས་ཉིན་གསུམ་རིང་ཕུ་པ་སྟོབས་རྒྱལ་དང་ར་སྟོད་བསོད་ནམས། ཐུབ་བསྟན་ལེགས་བཤད་ཟེར་བ་ཚོས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་འགན་འཛིན་ལྷན་ཚོགས་ཐེངས་ ༣༦ པ་གངས་སྐྱིད་བོད་གཞུང་གསོལ་ཐབ་ཁང་གི་ཚོགས་ཁང་དུ་འཚོགས་པའི་སྐུ་མགྲོན་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ཆེད་ཕེབས་ཀྱིས་ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་གསུང་བཤད་གནང་དོན། ཁྱེད་ཚོའི་ལྟ་བ་དང་ལངས་ཕྱོགས་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། ཅེས་མདོ་སྟོད་དུམ་བུར་གཏོང་བའི་ཁྲིམས་འགལ་གྱི་ཚོགས་འདུ་ལ་བློ་སྟོབས་རྒྱས་ཐབས་ཀྱི་གཏམ་བཤད་དང༌། ཡང་མུ་མཐུད། མདོ་སྟོད་ཆུ་བཞི་སྒང་དྲུག་ཁག་གཉིས་ཡོད་པ་རེད། གང་ཡིན་ཟེར་ན་གྲོས་ཚོགས་ཀྱི་ཡིག་ཆ་ཨང་དགུ་པའི་འབྲུ་དོན་ལ་ཆུ་བཞི་སྒང་དྲུག་འདི་ཡིན་ཟེར་བ་ཞིག་མ་བྱུང་བར་ཞེས་འཁོད་ཡོད་པ་དེ་ལྟར་ད་བར་བྱུང་མེད་པ་རེད། ཅེས་བཤད་སོང༌། དེའི་ཐད་ཡིག་ཆ་ཨང་དགུ་པའི་འབྲུ་དོན་ཆུ་བཞི་སྒང་དྲུག་འདི་ཡིན་ཟེར་བ་ཞིག་བྱུང་མེད་ན་རྒྱ་རི་སྒྲོལ་མས་ཆུ་བཞི་སྒང་དྲུག་གཉིས་ཡོད་པ་ཡིན་ཟེར་བ་དེ་ཁྲིམས་འགལ་ལོག་སྤྱོད་ཀྱི་བསམ་བློ་ཞིག་རེད། གང་ཡིན་ཟེར་ན་ཡིག་ཆ་ཨང་དགུ་པའི་ནང་འོས་བསྡུའི་ལམ་ནས་ཆུ་སྒང་འདི་ཡིན་ཟཻར་བ་ཞིག་མ་བྱུང་བར་ལྡི་ལི་དང་རྡ་སར་ཡོད་པའི་ཆུ་བཞི་སྒང་དྲུག་གཉིས་ཀ་ངོས་འཛིན་མེད་པ་ཡིན་ཞེས་འཁོད་ཡོད་སྟབས་རྒྱ་རི་སྒྲོལ་མའི་གཏམ་བཤད་དེ་ཁྲིམས་འགལ་ལོག་སྤྱོད་ཀྱི་བསམ་བློ་རྒྱུན་དུ་ཡོད་པ་དེ་སྤེལ་བ་ཞིག་རེད།
ཡིག་ཆ་ཨང་ ༩ པའི་འབྲུ་དོན་ལྟར་བཙན་བྱོལ་བོད་གཞུང་གི་མཐུན་འགྱུར་བཀོད་ཁྱབ་འོག་ས་གནས་ཡོངས་རྫོགས་ཀྱི་འགོ་ལས་རྣམས་ནས་འོས་བསྡུའི་འགན་ཁུར་བྱས་ཏེ་མདོ་སྟོད་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་མཇུག་སྐྱོང་བོད་གཞུང་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་དུ་གཞུང་འབྲེལ་གྱི་ཚོགས་འདུ་འདིའི་ཐོག་མདོ་སྟོད་སྤྱི་འཐུས་བཅུ་ནས་ཚོགས་ཆེན་གྱི་འགན་ཁུར་ཏེ་འོས་ཤོག་གྲངས་བཤེར་དང་འབྲེལ་འོས་ཐོན་མི་གྲངས་ ༡༡ མཚན་ཐོ་དང་ཚོགས་ཆེན་གྱི་ཚོགས་གཙོ་རྣམས་གཉིས་ཀྱིས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་གསར་པ་འདི་ཡིན་ཞེས་པའི་ཡིག་ཆ་གྲོས་ཚོགས་དང༌། བཀའ་ཤག་གཙོས་འབྲེལ་ཡོད་ཁག་ལ་འབུལ་ལམ་ཞུས་ནས་ད་བར་གཞུང་དམངས་ཡོངས་ཀྱིས་ཆུ་བཞི་སྒང་དྲུག་འདི་ཡིན་ཟེར་བ་ངོས་འཛིན་གནང་མུས་སུ་ཡོད་པ་འདི་རྒྱ་རི་སྒྲོལ་མས་རྩ་མེད་གཏོང་ཐབས་ཡེ་ནས་མེད་པ་ཞིག་ཡིན་པར་བརྟེན་མདོ་སྟོད་སེར་སྐྱ་མང་ཚོགས་ཡོངས་ནས་འགན་ཁུར་ཆེ་བཞེས་ཡོང་བ་ཞུ་རྒྱུ་ནི་བོད་སྤྱིའི་རྩ་དོན་དང་འབྲེལ་བ་ཐད་ཀར་ཡོད་པ་ཞིག་ཞུ་ཡི་ཡོད། ད་དུང་རྒྱ་རི་སྒྲོལ་མས་བརྗོད་གསལ་ལ། སྐབས་བཅུ་བཞི་པའི་གྲོས་ཚོགས་ནས་འགན་བཞེས་ཏེ་འབད་བརྩོན་གནང་དགོས་པ་ཞིག་དང༌། གནང་རིན་ཡོད་པ་ཞིག་ཡིན་ཞེས་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ནང་དོན་མེད་དཀྲུགས་ཤིང་བྱེད་འདོད་ཡོད་པ་འདི་ཁྲིམས་དོན་གཉིས་དང་ཡོངས་སུ་འགལ་བའི་དམིགས་ཡུལ་ངན་པ་ཞིག་བཟུང་གི་འདུག ད་དུང་མུ་མཐུད་བཤད་དོན་ལ་ཕུ་པ་སྟོབས་རྒྱལ་ཅན་ཚོས་རང་གཞུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་ཐག་གཅོད་ལ་བརྩི་བཀུར་མ་ཞུས་ཏེ། རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁྲིམས་ཁང་གོང་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་རྣམ་པ་དང་མདོ་སྟོད་སྤྱི་འཐུས་རྣམ་པ་ཁྲིམས་ལ་སྦྱར་ཡོད་སྟབས། བཀའ་ཤག་གིས་འཆར་ཕུལ་ལྟར་སྒོར་འབུམ་ཕྲག་མང་པོ་གྲོས་ཚོགས་ནས་བཀའ་ཁྲོལ་གནང་ཡོད་པ་མཛད་དཀའ་དབུ་རྙོག་གི་རང་བཞིན་དུ་ཆགས་ཡོད་པ་དེ་ལྟར་ནའང༌། ད་དུང་ཚོགས་གཞོན་རྒྱ་རི་སྒྲོལ་མས་ཕུ་པ་སྟོབས་རྒྱལ་ཅན་གྱི་ཕྱོགས་བཟུང་སྟེ་གཞུང་ནས་འབངས་ལ་གཟིགས་རྟོགས་དགོས་པའི་རྒྱུ་མཚན་ལོག་བཤད་བྱས་འདུག དོན་དངོས་ཀྱི་ཆ་ནས་གྲོས་ཚོགས་ཀྱི་བཀའ་དགོངས་ཡིག་ཆ་ཨང་ ༩ པའི་འབྲུ་དོན་ལྟར་ ༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་གནང་བའི་བོད་མང་གཙོ་ཡང་དག་གི་ལམ་ཕྱོགས་སུ་བསྐྱོད་དང་བསྐྱོད་བཞིན་པར། དཔེར་ན༌། བཙན་བྱོལ་བོད་གཞུང་གི་བཀའ་ཤག་རྒྱལ་ཡོངས་མང་ཚོགས་ཀྱིས་ཐད་ཀར་འདེམས་ཐོན་གནང་བཞིན་པར་ཤེས་གསལ་ལྟར། མགོ་འོག་ལུས་ཚུད་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་ཡང་རྒྱལ་ཡོངས་འོས་བསྡུའི་ལམ་ནས་རྒྱུན་ལས་མང་མོས་བསྐོ་བཞག་གནང་བའི་ལམ་ཕྱོགས་འདིའི་ནང་ཤར་བསྐྱོད་བྱས་ན་ཆུ་སྒང་གཉིས་ཡོད་མེད་ཀྱི་ངན་བྱུས་ཁོག་བཅངས་ཀྱི་ལས་དོན་བྱེད་མི་དགོས་པར་བཀའ་དགོངས་དང་ཡོངས་སུ་མཐུན་པ་ཞིག་རེད། གལ་སྲིད་ཁྲིམས་དོན་གཉིས་ཀ་དང་མཐུན་པའི་མང་གཙོའི་ལམ་ཕྱོགས་སུ་མ་བསྐྱོད་པར་ཕུག་དམིགས་ངན་བཟུང་དང་མི་ངན་ཁ་སྒྲིག་གིས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ན་མཐའ་འབྲས་ཇི་ཡོང་སུ་ཞིག་གིས་བརྗོད་དཀའ་བ་ཞིག་མིན་ནམ་སྙམ།
ཡང་ཚང་མའི་ཐུགས་སྣང་བྱེད་དགོས་པ་ཞིག་ལ། ཚང་མའི་མཁྱེན་གསལ་ལྟར་དེང་སྐབས་སུ་ཨ་རི་སྲིད་གཞུང་ལ་ཆུ་སྒང་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་འབྲེལ་བ་ཐད་ཀར་རྒྱུན་རིང་དུ་ལས་འགུལ་ཁག་མང་བྱས་ཟིན་པའི་མཐའ་མར་བསྟན་སྲུང་དྭང་བླངས་དམག་གི་མི་ངོ་དང་རྗེས་འཇུག་ཤུལ་ལུས་ཀྱི་བོད་མི་གང་འཚམས་ཤིག་ཨ་རིར་གནས་སྤོ་བྱེས་འཁོད་ཐུབ་རེའི་ཞུ་བསྐུལ་ ༡༩༩༨ ལོ་ནས་བཟུང་མུ་མཐུད་དོན་སོན་ཡོང་བའི་འབད་བརྩོན་བྱེད་མུས་ཀྱི་སྐབས་འདིར་ཕུ་པ་སྟོབས་རྒྱལ་ཅན་མི་ཁག་གཅིག་གིས་ལོ་ངོ་ ༡༢ ཙམ་གྱི་ཚུན་ནང་རྙོག་མཐའ་འདུམ་ཟིན་པར་བསྐྱར་སློང་གིས་ཁམས་རིགས་མི་མང་བརྒྱ་ཆ་ ༩༩ རྒྱབ་སྐྱོར་དང༌། བཙན་བྱོལ་བོད་གཞུང་གི་ངོ་བཞེས་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་ངོས་འཛིན་བྱེད་ཡུལ་ཁོ་ཚོ་ཡིན་པའི་རྫུན་གཏམ་གྱིས་སྙན་ཞུ་ཨ་རིའི་སྲིད་འཛིན་བྷུ་ཤུ་ལ་ཕུལ་བའི་ནང་ད་ཕན་གྱི་ལས་དོན་བྱས་རིགས་ཚང་མ་ཁོ་ཚོར་རྩིས་སྤྲོད་དགོས་པའི་ཞུ་ཡིག་དང༌། ཁོ་བོའི་ཚ་བོ་ཨ་རིར་འགན་ཁུར་བྱེད་པོ་ཆེད་འཛུགས་བྱས་ལུགས་མ་ཟད། དམིགས་བསལ་སྐུ་ཚབ་དང་འབྲེལ་མོལ་ཡོད་ལུགས་ཀྱི་ལས་འགུལ་སྤེལ་བཞིན་དུ་ཡོད་པ་འདི་འདྲའི་དབང་གིས་སླད་ཕྱིན་མི་མེད་རང་མེད་ཀྱི་བྱས་འབྲས་ཐོག་ཏུ་བབས་པ་མི་བཟོ་བའི་ངེས་པ་མི་འདུག་སྟབས། རང་རེའི་སེར་སྐྱ་མི་མང་ཚང་མ་དོན་དངོས་ཐོག་ཏུ་ཁེལ་བའི་ཐབས་ཤེས་མི་འཆུགས་པ་གནང་གལ་ཤིན་ཏུ་ཆེ་བའི་གནས་ཚུལ་ཞིག་འདུག་པར་ཚང་མའི་ཐུགས་གཟབ་ཡོང་བ་ཞུ་གི་ཡོད།
དགོངས་མངའ་ལྟར་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༩ པའི་འབྲུ་དོན་འོས་བསྡུའི་ལམ་ནས་ཆུུ་སྒང་དབུས་རྒྱུན་ལས་འདི་ཡིན་ཟེར་བའི་ཐེངས་དང་པོའི་དབུས་རྒྱུན་ལས་ཀྱི་ལོ་དུས་ཚང་སྟེ་ཐེངས་གཉིས་པའི་དབུས་རྒྱུན་ལས་འོས་བསྡུའི་ལམ་ནས་གཏན་འཁེལ་བྱུང་བའི་དབུས་རྒྱུན་གསར་རྙིང་ ༢༠༠༥ ཟླ་ ༨ ཚེས་ ༡ ནས་རྩིས་ལེན་ཟིན་ཏེ་ད་ལྟ་འགན་ཁུར་ཞུ་མུས་སུ་ཡོད་པ་དང༌། ཉེ་ཆར་འགན་འཛིན་ལྷན་ཚོགས་ཐེངས་ ༣༦ པ་འཚོགས་ཏེ་སྔ་ཕྱིའི་སྒྲིག་ཁྲིམས་དང་གྲོས་ཆོད་ལ་བསྐྱར་ཞིབ་དང་འབྲེལ་གཏན་འཁེལ་ཇི་མཛད་ལྟར་ལག་ལེན་བསྟར་མུས་སུ་ཡོད་པ་དེ་དོན་ཐུགས་ལ་ངེས་གནང་ཡོད་པ་ཞུ་རྒྱུ་དང་ཕྱོགས་མཚུངས་རང་རེའི་གནས་ཡུལ་གཉིས་པ་རྒྱ་གར་གཞུང་མང་ཡོངས་ཀྱི་བརྗེད་ཐབས་མེད་པའི་བཀའ་དྲིན་སྙིང་བཅང་ཞུ་རྒྱུ་དང༌། མཐའ་དོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཟག་མེད་ཐུགས་ཀྱི་དགོངས་དོན་ཇི་བཞིན་འགྲུབ་སྟེ་ཆོས་སྲིད་རང་དབང་གཙང་མའི་བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་གྱི་ཉི་མ་མྱུར་དུ་འཆར་བའི་སྨོན་འདུན་ཞུ་རྒྱུ་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༠༦ ཟླ་ ༦ ཚེས་ ༡༦ ལ། །།
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༧ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
དེ་རིང་བོད་རྒྱལ་ལོ་ ༢༡༣༢ ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་འདི་བཞིན་གསར་འཛུགས་གནང་ནས་མི་ལོ་ཧྲིལ་པོ་ ༤༧ འཁོར་བའི་དུས་དྲན་ཁྱད་པར་ཅན་འདིའི་ཐོག་ཆེད་ཕེབས་གནང་བའི་སྐུ་མགྲོན་གྱི་གཙོ་བོ་མཆོག་གཙོས་སྐུ་མགྲོན་ལྷན་རྒྱས་དང༌། དུས་དྲན་འདིའི་ཐོག་ཕེབས་པའི་འབྲེལ་ཡོད་རྒྱ་ཆེ་སེར་སྐྱ་མི་དམངས་ཡོངས་རྫོགས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་མི་ཚབ་བྱས་ཏེ་གུས་ཤིང་བརྩེ་བའི་སྒོ་ནས་མཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན།
རང་རེ་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད་ཤར་ཕྱོགས་ཙི་ནའི་ཡུལ་ནས་གུང་ཁྲན་དམར་པོའི་སྲིད་གཞུང་གིས་བོད་ཤར་རྒྱུད་མདོ་ཁམས་གཉིས་ནས་རིམ་པ་བཞིན་དྲག་པོས་བཙན་འཛུལ་བྱས་ནས་མདོ་དབུས་སྐོར་གསུམ་གྱི་ས་ཕྱོགས་ཡོངས་རྫོགས་བཙན་བཟུང་གིས་བོད་ཀྱི་བསྟན་པ་ཆབ་སྲིད་གཉིས་ཀ་རླུང་ཁྲོད་ཀྱི་མར་མེ་ལྟར་ཆགས་འཇིག་གི་འགག་འཕྲང་ལ་སླེབས་ཤིང༌།
༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུ་ཕྱྭ་དང་སྐུ་དབང་ཡང༌། རླུང་འཚུབ་དྲག་པོས་གཡོ་བའི་མཚོ་གྲུ་བཞིན་གྱུར་པ་སོགས། མདོར་ན་ལོ་རྒྱུས་ཐོག་དེ་སྔོན་བྱུང་མ་མྱོང་བའི་ཛ་དྲག་གི་གནས་སྟངས། ས་གས་རི་ཉིལ་པ་ལྟ་བུའི་འོག ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་ཁམས་རིགས་དཔའ་བོ་ཚོ་གཅིག་གིས་གནའ་རྒན་མཐུ་བོ་ཆེ་བཞག་ནས་མ་སྐུལ་དྭང་བླངས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས། ས་ཁྱི་སྤྱི་ལོ་ ༡༩༥༨ ལོ་ཟླ་ ༦ ཚེས་ ༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་རྒྱལ་སྲུང་དགྲ་འཐབ་ཀྱི་དྲག་པོའི་དམག་གི་སྒྲིག་འཛུག་གསར་དུ་ཚུགས་པ་ནས། སྙེ་མོ་མདོ་དཀར་སུམ་མདོ་ནས་བཟུང་ཀོང་པོ་རྒྱ་ཞིང་བར་བྱང་བསྐྱོད་དམག་གིས་སྔ་ཕྱིར་དགྲ་འཐབ་བཅོ་བརྒྱད་དང༌། རྩེད་ཐང་ཁུལ་སྔོད་དྭང་བླངས་དམག་མི་ཚོས་སྔ་ཕྱི་དགྲ་ཐེངས་སོ་བཞི་བརྒྱབ་པ་དང༌། དེ་བཞིན་ཨ་རི་གསང་བའི་ལས་ཁུངས་དང་འབྲེལ་པ་བྱས་ཏེ་ཏར་འཕྲིན་ཚོགས་ཆུང་སྔ་ཕྱི་དུ་མ་རྩ་འཛུགས་བྱས་པ་བཅས་ཀྱི་ནང་ནས། ཁམས་རིགས་དཔའ་བོ་སྟོང་ཕྲག་མང་པོའི་རྣམ་ཤེས་མཁའ་ལ་ཡལ། ཟུངས་ཁྲག་ས་ལ་ཐིམ། ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་བོད་བསྟན་སྲིད་ཀྱི་དོན་དུ་ཕུལ་བའི་ཁྲག་རླབས་ཕྱུར་པའི་ལོ་རྒྱུས་དང༌། ནམ་ཡང་བསུབ་ཐབས་མེད་པའི་དཔའ་བོའི་མཚན་སྙན་མི་ཡུལ་གྱི་འཇིག་རྟེན་འདིར་བཞག་ནས་གཤེགས་ཤིང༌། ལྷག་དོན་ ༡༩༥༩ ལོའི་ས་ཕག་དུས་འགྱུར་ནི་རི་བོ་རལ་བ་དང་རྒྱ་མཚོ་འཁྲུག་པ་ལྟ་བུའི་དུས་ཟིངས་སྐབས་གུང་ཁྲན་གྱིས་གནམ་ས་གཉིས་ནས་མཚོན་ཆའི་ཐོག་སེར་དུས་གཅིག་ཏུ་འཁྲུག་པའི་གསེབ་ནས་ཤ་ཁྲག་གཉིས་ཀྱིས་ཟམ་པ་བྱས་ཏེ་རི་ཁྲི་ཆུ་སྟོང་བརྒལ་ནས་ཁ་བ་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་ཐམས་ཅད་མཁྱེན་པའི་སྐུའི་བ་སྤུ་ཙམ་ལའང་ཉེས་པའི་སྐྱོན་གྱིས་ཆ་ཙམ་མ་གོས་པར་རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུས་པ་ནས། བཙན་བྱོལ་དུ་སླེབས་པའི་རྗེས་སུའང་ཨ་རི་གསང་བའི་ལས་ཁུང་དང་མུ་མཐུད་འབྲེལ་བ་བྱས་ཏེ་གློ་སྒྲིག་འཛུགས་དང༌། རྒྱལ་གར་གཞུང་གི་ཁོངས་གཏོགས་ ༢༢ དམག་སྒར་སོགས་ཀྱིས་དྲག་པོའི་ལས་འགུལ་ཅི་རིགས་སྣ་ཚོགས་སྤེལ་ཏེ། བོད་བསྟན་སྲིད་ཀྱི་བདེན་མཐའ་སེལ་ཆེད་ཁམས་རིགས་དཔའ་བོ་བརྒྱ་ཕྲག་མང་པོས་ཚེ་སྲོག་གི་འགྲོ་གྲོན་བཏང་པའི་ལོ་རྒྱུས་རྣམས། ཨ་རིའི་གསང་བའི་ལས་ཁུངས་ནས་བཏོན་པའི་མེ་ཏོག་པདྨའི་མིག་ཆུ་དང༌། གསང་བའི་འཇབ་དམག་གི་སྒྲིག་འཛུགས། དེ་བཞིན་རྒྱ་ནག་ནས་བཏོན་པའི་ངོ་ལོག་ཇག་པ་ཞོད་འཇགས་བཏང་བའི་དངོས་བྱུང་གི་ལོ་རྒྱུས་ཞེས་པའི་དེབ་དེ་དག་གི་ནང་དུ། ཁམས་པའི་དཔའ་བོ་ཚོས་བོད་བསྟན་སྲིད་ཀྱི་དོན་དུ་དྲག་པོའི་ལས་འགུལ་ཇི་ཙམ་སྤེལ་ཡོད་ཚུལ་གསལ་པོ་འཁོད་འདུག་པ་དེ་དག འཇིག་རྟེན་གྱི་གཏམ་དཔེ་ལ། བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། །དགྲ་ནག་པོས་བསྟོད་ན་བསྟོད་དངོས་ཡིན། །ཞེས་པ་ལྟར་ལགས་པས་ང་ཚོས་སྔོན་གཤེགས་ཁམས་པའི་དཔའ་བོ་ཚོའི་མཛད་རྗེས་བསྐྱར་བཤད་མ་བྱས་ནའང་མཁྱེན་གསལ་རེད།
གསོན་ན་རླབས་ཆེ་ཞིང་ཤི་ན་གཟི་བརྗིད་ཆེ་བའི་ཞིང་གཤེགས་ཁམས་པའི་དཔའ་བོ་དེ་དག་དང༌། ད་དུང་འཚོ་བཞུགས་ཡོད་པའི་ཁམས་རིགས་དཔའ་བོ་རྒན་གྲས་ཚོའི་ཟབ་བརླིང་ཐུགས་ཀྱི་དགོངས་པའི་ཀློང་ན་རེ་བ་དང་དམིགས་ཡུལ་གང་ཞིག་ཡོད་པ་དེ་ཉིད་གཞིར་བཟུང་གིས་རྒྱ་གར་འཕགས་པའི་ཡུལ་དུའང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་བཞིན། ད་བར་མི་ལོ་ཧྲིལ་པོ་ ༤༧ རིང་མཚོ་རླབས་ཀྱིས་གཡོ་བའི་གྲུ་རྫིངས་དང༌། རླུང་རླབས་ཀྱིས་བསྐྱོད་པའི་དར་ཆེན་བཞིན་ཀྱག་ཀྱོག་གཉན་འཕྲང་གི་འགྱུར་འགྲོས་མང་པོའི་འཕྲང་སྣེ་ནས་བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ་ཕྱི་ནང་གི་དགྲ་བོ་སུ་ཞིག་ལའང་ལངས་ཕྱོགས་བརྟན་པོའི་སྒོ་ནས་གདོང་ལེན་བྱེད་རྒྱུའི་རྩ་དོན་ཐོག་ད་ལྟ་དང་ད་དུང་ཡང་མུ་མཐུད་ནས་ཤར་བསྐྱོད་བྱས་དང་བྱེད་བཞིན་པ་རེད། ད་རེས་ཀྱི་དུས་དྲན་འདི་དང་སྟབས་བསྟུན་ནས། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་བོད་བསྟན་སྲིད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་སྐུ་གཤེགས་ཁམས་རིགས་དཔའ་བོ་ཚོ་དང༌། ད་དུང་འཚོ་བཞུགས་ཡོད་པའི་ཁམས་རིགས་དཔའ་བོ་རྒན་གྲས་ཚོའི་མཛད་རྗེས་ལ་ཡིད་རངས་ཐོག་བཀའ་དྲིན་རྗེས་དྲན་དང༌། རྗེས་དྲན་དེ་དང་འབྲེལ་ནས་དཔའ་བོ་དེ་དག་གིས་ཆུ་སྒང་སྒྲིག་འཛུགས་འདི་བཞིན་གསར་འཛུགས་གནང་བའི་དགོས་པ་དང་རྒྱུ་མཚན། དམིགས་ཡུལ་དང་ཕུག་བསམ་གང་ཞིག་བཅངས་ཡོད་པ་དེ་ང་ཚོས་ངེས་པར་དུ་མཁྱེན་གནང་ནས། དཔའ་བོ་དེ་དག་གི་དགོངས་པའི་རེ་བ་དང་མཐུན་པར་བོད་ཀྱི་རྩ་དོན་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་དེ་སྔོན་འཛིན་པའི་རྩ་དོན་གྱི་ལངས་ཕྱོགས་དེར་འགྱུར་བ་སྤུ་རྩེ་ཙམ་ཡང་མེད་པར་མི་རབས་དང་མི་རབས་བར། མདོར་ན་ཇི་སྲིད་༧གོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་བོད་ཀྱི་རང་དབང་གཙང་མའི་བདེན་མཐའ་མ་སོན་བར་དེ་སྲིད་དུ་ལངས་ཕྱོགས་དེ་ཉིད་དམ་འཛིན་བྱེད་རྒྱུ་དེ་ཡིན།
ཉེ་སྔོན་གསུམ་བཅུའི་དུས་དྲན་སྐབས་བཀའ་ཤག་གི་གསུང་འཕྲིན་ནང༌། ཀྲུང་ཧྭ་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་ནང་ཁྲིམས་ཐོག་ནས་མི་རིགས་ས་ཁུལ་རང་སྐྱོང་གི་གནས་བབ་ཚད་ལྡན་མིང་དོན་མཚུངས་པ་ཞིག་དགོས་པ་དེ་བོད་མིའི་ཁྲིམས་མཐུན་གྱི་དགོས་མཁོ་ཡིན་སྟབས། བོད་མི་ཚང་མར་གཅིག་གྱུར་ཡོངས་ཁྱབ་ཅིག་དགོས་པ་ནི་ལན་གཅིག་མ་ཡིན་པར་གསལ་བརྗོད་ཟིན་པར་མ་ཟད། གཞི་རྩའི་ལྟ་གྲུབ་འདི་ལ་འགྱུར་བ་གཏོང་ཐབས་མེད་པ་བསྐྱར་བརྗོད་བྱེད་རྒྱུ་ཡིན་སྐོར་འཁོད་འདུག་པ་དེར། སྤྱང་ཚང་ནང་དུ་ལུ་གུ་ལ་ཞི་བདེ་ཡོང་རྒྱུའི་རེ་བ་དེ་ཉིད་ཉལ་ས་གྲུ་བཞིའི་ནང་གི་རྨི་ལམ་ལྟ་བུ་མི་ཆགས་པའི་ངེས་པ་མེད་པས། ང་ཚོས་ཡ་མཚན་པའི་རྨི་ལམ་དེ་ག་དུས་ཡིན་ནའང་གཏོང་ཐབས་མི་འདུག་པས་གསུང་འཕྲིན་དེར་བློ་འཚབ་མི་བྱེད་ཀ་མེད་རེད།
བར་ལམ་བོད་རྒྱ་ཞི་མོལ་གྱི་འབྲེལ་མཐུད་པ་རྒྱ་ནག་ཏུ་སྔ་ཕྱི་ཐེངས་འགར་སོང་བ་དེ་དག་མི་ལས་བསྡོམས་དང་གྲུབ་འབྲས་གང་ཞིག་ཡོད་མེད་རྒྱ་ཆེ་མང་ཚོགས་ཀྱིས་ད་བར་ཤེས་གསལ་བྱུང་མེད་པས། རྒྱལ་གཅེས་བོད་རིགས་མང་པོས་ཐུགས་ལ་ལྟ་སྐོར་སྔ་ཕྱིར་ཕེབས་པའི་ལས་འགུལ་དེས་བོད་དོན་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་གནོད་གང་ཞིག་ཆགས་ཡོད་མེད་ཐོག་ཡིད་གཉིས་ཐེ་ཚོམ་གྱི་དྲ་བ་ནང་ཚུད་བསྡད་ཡོད་པ་ལྟར། ང་ཚོ་ཆུ་བཞི་སྒང་དྲུག་གི་ངོས་ནས་ཀྱང་དྭོགས་པ་དེ་བཞིན་མི་བྱེད་ཀ་མེད་རེད།
ད་དུང་ང་ཚོས་གལ་པོ་ཆེ་ལ་ནན་ཏན་བྱེད་དགོས་པ་ཞིག་ནི། བོད་མི་རིགས་འདི་བཞིན་ཆགས་འཇིག་གི་འགག་འཕྲང་ལ་ལྷུང་བའི་གཉན་ཚབས་ཅན་གྱི་དུས་འགྱུར་ཡ་ང་བའི་སྐབས། མུ་གེའི་ནང་དུ་གསོ་བ་དང་ལྷགས་པའི་ནང་དུ་རུམ་པའི་བཀའ་དྲིན་སྐྱོང་མཁན་འཛམ་གླིང་ཧྲིལ་པོ་འདིའི་ཐོག་རྒྱ་གར་སྲིད་གཞུང་ཉག་གཅིག་ཡིན་པས། ང་ཚོས་བཀའ་དྲིན་ཞུ་འདི་ཉིད་ནམ་ཡང་བརྗེད་ཐབས་མེད་པའི་དམ་བཅའ་བརྟན་པོའི་ཐོག་ནས་མི་རབས་ནས་མི་རབས་བར་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དེ་ཡིན།
འཛམ་གླིང་ཤར་ནུབ་དང་གཞིས་བྱེས་གང་སར་ཡོད་པའི་ཁམས་རིགས་སེར་སྐྱ་མི་དམངས་ཡོངས་ནས་༧གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་ལམ་སྟོན་འོག་རང་འཁྲིས་ཆོས་དང་རིག་གཞུང༌། ཆབ་སྲིད་དང་དཔལ་འབྱོར། ལྷག་དོན་གཞོན་སྐྱེས་ཚོས་འཛམ་གླིང་ཤར་ནུབ་གྱི་སྐད་ཡིག་སོགས་ཤེས་ཡོན་གནས་ཚད་ཀྱི་ཐོག་ནས་རྒྱལ་ཁབ་དང་མི་རིགས་གཞན་དང་དཔུང་བསྡོང་མཉམ་སྦྲེལ་ཐུབ་པའི་གདེང་ཚོད་ལེན་རྒྱུའི་ཐོག་ངེས་པར་དུ་དོ་སྣང་གནང་དགོས། ཕྱོགས་མཐའི་ས་གནས་གང་སར་ཡོད་པའི་ཁམས་རིགས་མི་དམངས་ཚོས་མི་རིགས་ལ་དམ་འཛིན་གྱིས་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་ཐོག་ནས་ཆོལ་གསུམ་དམ་ཚིག་རྡོག་རྩ་ཆིག་སྒྲིལ་གནང་ནས་བོད་ཀྱི་བསྟན་སྲིད་དང༌། ཁམས་པའི་ལ་རྒྱ་སྲོག་ལས་གཅེས་པར་འཛིན་རྒྱུའི་དམ་བཅའ་ནམ་ཡང་མི་གློད་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
མཐའ་དོན། ༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བ་ཕྲག་བརྒྱར་བརྟན་ཅིང་ཟག་མེད་ཐུགས་ཀྱི་དགོངས་དོན་ཇི་བཞིན་འགྲུབ་སྟེ་ཆོས་སྲིད་རང་དབང་གཙང་མའི་བདེ་སྐྱིད་རྫོགས་ལྡན་གསར་བའི་དགའ་སྟོན་གྱི་ཉི་མ་མྱུར་བ་ཉིད་དུ་འཆར་བའི་སྨོན་འདུན་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སྤྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༡༦ ཉིན་ལྡི་ལི་ནས།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༥ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋ སྤྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༤ འཁོར་བའི་རྗེས་དྲན་མཛད་སྒོའི་ཡོངས་ཁྱབ་གསུང་ཕྲིན།
དེ་རིང་བོད་རྒྱལ་ལོ་ ༢༡༣༠ སྤྱི་ལོ་ ༢༠༠༣ སྤྱི་ཟླ་ ༦ ཚེས་ ༡༦ གི་ཉིན་མོ་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་རླབས་ཆེན་གྱི་བྱས་རྗེས་ལྡན་པའི་མདོ་སྟོད་ཆོལ་ཁའི་རྒྱལ་གཅེས་པ་རྣམས་ནས་མ་བསྐུལ་དང་བླངས་དམག་སྒར་སྒྲིག་འཛུགས་ཞེས་པ་གསར་དུ་དབུ་བརྙེས་ཏེ་མི་ལོ་ ༤༥ འཁོར་བའི་དུས་དྲན་ཁྱད་པར་ཅན་གྱི་ཉིན་མོ་ཞིག་རེད། དེ་རིང་གི་མཛད་སྒོ་འདིར་ཕེབས་པའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གཙོས་སྐུ་མགྲོན་རྣམ་པ་ལྷན་རྒྱས་དང་སེར་སྐྱ་མི་མང་ཚང་མར་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཚབ་ཞུས་ཏེ་མཛའ་ཞིང་བརྩེ་བ་ཆེན་པོའི་གུས་བཏུད་འཚམས་འདྲི་དང་འབྲེལ་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
ད་ལན་སྐབས་སུ་བབས་པའི་དངོས་བྱུང་གི་ལོ་རྒྱུས་མདོར་བསྡུས་ཞིག་ངོ་སྤྲོད་ཞུ་རྒྱུར། མདོ་ཁམས་ཆུ་བཞི་སྒང་དྲུག་དམག་གི་སྒྲིག་འཛུགས་འདི་བཞིན་བོད་ཀྱི་བསྟན་སྲིད་མི་རིགས་རང་དབང་དང་བཅས་པར་རྒྱ་དམར་གུང་ཁྲན་གྱི་སྲིད་ལུགས་ཤིན་ཏུ་ཛ་དྲག་ཅན་གྱི་གནས་སྐབས་སུ་ཨ་འབྲུག་མགོན་པོ་བཀྲིས་ཀྱིས་གཙོར་བྱས་མདོ་ཁམས་འགོ་དམངས་ཡོངས་ནས་ལུས་སྲོག་ལོངས་སྤྱོད་གང་ལའང་མ་ལྟོས་པར་བསྟན་སྲིད་སྲུང་སྐྱོབ་ཀྱི་ཆེད་དུ་རྩ་ཆེའི་སྒྲིག་འཛུགས་འདི་བཙུགས་པ་ཞིག་རེད།
དེ་འདྲའི་བསྟན་སྲིད་རང་དབང་གི་དོན་དུ་ཁྲག་རྗེས་བཞག་པའི་སྒྲིག་འཛུགས་དེས་སྤྱི་ལོ་ ༡༩༥༩ ལོར་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་པའི་རེས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཕེབས་ལམ་གཙང་སེལ་གྱིས་འགལ་རྐྱེན་ཕྲ་མོ་ཙམ་མ་གོས་པར་བོད་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རྒྱ་གར་འཕགས་པའི་ཡུལ་དུ་གདན་ཞུས་ཞབས་སོར་མངོན་པར་འཁོད་ཐུབ་པའི་བྱས་རྗེས་ཟུབ་མེད་ཡོངས་སུ་གྲགས་པ་དེ་ལྟར་བྱུང་ཡོད་པར་བརྟེན་ནས་དེང་གི་ཆར་འཛམ་གླིང་ཤར་ནུབ་ཡུལ་གྲུ་མང་པོར་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་དང་འཕེལ་བཞིན་པ་འདྀཡིན་ཞིང༌། སྐབས་དང་དུས་ཚོད་དེའི་ཐོག་ཏུ་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་ཚུགས་ཐུབ་མེད་ན་ ༡༩༥༩ ལོར་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་རིས་མེད་ཀྱི་བླ་ཆེན་རྣམས་རྒྱ་གར་འཕགས་ཡུལ་དུ་ཞབས་སོར་འཁོད་མི་ཐུབ་པ་ཐག་ཆོད་པ་ཞིག་ཡིན། དེ་ཡང་སྒྲིག་འཛུགས་འདི་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་བཟུང་ཞི་དྲག་གི་ལས་འགུལ་རབ་དང་རིམ་པར་མུ་མཐུད་བྱས་ཡོད་ཅིང༌། གནས་སྐབས་དེའི་རིང་དུ་ལས་དོན་ལམ་ལྷོངས་བྱུང་མིན་སོགས་འཕར་འབོར་ཡོ་འཇོམས་སྣ་ཚོགས་པ་ཞིག་བྱུང་ཡོད་ནའང༌། གཞི་རྩའི་ལས་འགན་དང་མིང་གནས་རང་འཇགས་སུ་གནས་ཐུབ་པ་བྱུང་ཡོད། ད་དུང་བོད་བསྟན་སྲིད་མི་རིགས་རང་དབང་དང་བཅས་པའི་དོན་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་པའི་ཤི་གསོན་གཉིས་ཀྱི་ཁྲག་རྗེས་བཞག་པའི་སྔར་གྱི་དམིགས་ཡུལ་དང་དམ་བཅས་ལ་འགྱུར་བ་སྤུ་ཙམ་མེད་པར་གནས་ཡོད་ཅིང༌། འོན་ཀྱང་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་བར་དཀའ་ངལ་སེལ་སླད་འཚེ་མེད་ཞི་བའི་ལྟ་བར་གཞི་བཅོལ་ཏེ་ཕན་ཚུན་གཉིས་ཕན་གྱི་དབུ་མའི་ལམ་ནས་ཞི་མོལ་གནང་རྒྱུའི་ལམ་སྟོན་གནང་བཞིན་པར་ཉེ་ལམ་ནས་སྐུ་འཚབ་མི་གཉིས་རྒྱ་ནག་ཏུ་བཏང་གནང་བ་དང༌། རྒྱ་མི་གུང་ཁྲན་སྔར་དང་མི་འདྲ་བར་ཡག་ཏུ་ཕྱིན་ཡོད་ཚུལ་དང་བཤད་ཚད་ཉན་འཇོག་བྱེད་མཁན་ཆགས་ཡོད་ཚུལ་དེ་དང་ཕྱོགས་མཚུངས་བོད་ལ་ཡར་རྒྱས་ཕྱིན་ཡོད་ཚུལ། བརྙོག་ཕྲ་དང་དཀའ་ངལ་མེད་པ་ཆགས་ཡོད་ལུགས་ལ་ྋགོང་ས་མཆོག་བརྙེས་པོ་བྱུང་ཡོད་ཚུལ། བོད་རྒྱའི་དབར་འབྲེལ་ལམ་འགོ་ཚུགས་ཡོད་པ་དང༌། དེ་ཡང་འགྱུར་མེད་བརྟན་པོར་ཆགས་ཡོད་ལུགས་གསུངས་ཏེ། ད་དུང་རང་མགོ་རང་བསྐོར་གྱིས་སྐུ་འཚབ་མིང་ཁུར་ཐོག་སླར་ཡང་རྒྱ་ནག་ཏུ་དོན་མེད་སྟོང་འགྲོ་ཐུབ་རེ་བྱེད་བཞིན་ཡོད་པ་དང༌། དེ་མཚུངས་རང་གཞུང་བཀའ་ཤག་ནས་ཀྱང་རང་གི་ཨམ་ཕྲག་ནང་རང་གི་ལག་མགོ་འཇུག་ཏུ་ཡོད་ནའང་ཕར་ལྟ་ཚུར་ལྟའི་འོག་ནས་ཐུགས་མཉེས་ཐག་ཆོད་དེ། རྒྱ་མའི་གཙོ་འཛིན་ཅང་ཙེ་མིན་ཨ་རིར་བསྐྱོད་སྐབས་ནས་བོད་མི་མང་དང་བོད་རྒྱབ་སྐྱོར་ཚོགས་པ་ཁག་བཅས་པར་སྡིག་མོ་དང་སྦྲག་རྒྱ་མི་ལ་བོད་མིའི་འདོད་དོན་བསྒྲག་མི་ཆོག་པའི་བཀོད་ཁྱབ་ཚ་ནན་སྔར་མ་གྲགས་པ་གནང་བ་དང༌། སུམ་ཅུའི་དུས་དྲན་ཚུལ་ལྡན་བྱས་ན་མི་འགྲིག་པ་སོགས་ཀྱི་བཀའ་ཕབས་ཏེ་བོད་དོན་ནི་བོད་མི་རེ་གཉིས་ཀྱི་གདོང་རིས་ལ་དགའ་འཛུམ་གྱི་ངོ་བོར་མཚོན་པའི་མཛད་ཕྱོགས་ལ་བོད་མི་ཚང་མས་བསམ་གཞིགས་ལེགས་པོ་བྱ་དགོས་པའི་དུས་ལ་བབས་ཡོད། ཡང་གནས་ཚུལ་གཞན་ཞིག་ནི་ཉེ་ཆར་ ༢༠༠༣ སྤྱི་ཟླ་ ༡ ཚེས་ ༢༠ ཉིན་ཐེ་ཝེན་བོད་ཀྱི་ཐེབས་རྩ་ཚོགས་པ་གསར་བཙུགས་ཀྱི་མཛད་སྒོའི་ཐོག་ྋགོང་ས་མཆོག་གི་གསང་འཕྲིན་བསྩལ་བ་དང་བོད་གཞུང་གི་སྐུ་འཚབ་ལྡི་ལིའི་དོན་གཅོད་སྐུ་འཚབ་བཀྲིས་དབང་འདུས་ཆེད་ཕེབས་ཐོག་ཐེ་ཝེན་དུ་ཡོད་པའི་དོན་གཅོད་གསར་རྙིང་གཉིས་ཡོད་སར། ཐེ་ཝེན་སྲིད་འཛིན་ཁྲེན་ཧྲི་ཕིན་ནས་གསུང་བཤད་གནང་བའི་ནང༌། ད་ནས་བཟུང་བོད་མི་རྣམས་སྐམ་ས་ཆེན་པོའི་ཁོངས་སུ་རྩི་ཡི་མིན་ཞེས་བརྗོད་ཡོད་པའི་སྲིད་དོན་གྱི་གདེང་ཆ་གསར་བཟོ་བྱེད་ཀྱི་ཡོད་པ་འདིར་བལྟས་ན་མདའ་གཅིག་གིས་བྱིའུ་གཉིས་བསད་ཟེར་བ་ཇི་ཡོང་ལའང་བསམ་གཞིགས་བྱ་དགོས་པ་ཡིན།
ཁྲིམས་མཐུན་གྱི་སྒྲིག་འཛུགས་གཅིག་ཏུ་གྱུར་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་འདིས་ལས་ཁུར་ཞུས་ཏེ་ལོ་གཅིག་དང་ཟླ་བ་དྲུག་སོང་བའི་རིང་ལ། ༡༩༥༧ ལོ་ནས་བཟུང་ད་བར་གྱི་ཁག་ཕྱོགས་བསྒྲིག་དང་ཡིག་རིགས་ཁག་འཛིན་ཆས་རྣམས་དང༌། ཁང་ཁུང་ཕྱི་ནང་ཡོངས་རྫོགས་རེ་རེ་བཞིན་འཐུས་ཤོར་མེད་པ་བདག་སྤྲོད།
ལོ་གསུམ་རིང་ཚོགས་པ་དེབ་བསྐྱེལ་དང་རྩིས་ཕྲ་བཅས་ཁྲིམས་མཐུན་བཟོ་འགོད་ཞུས་ཤིང༌། ཆུ་སྒང་ཚོགས་མིའི་ལག་དེབ་ཡང་སྤུས་ལྡན་གསར་བསྐྲུན་བྱས་པར་བྱུང་འཛིན་ཀྲི་སི་སྦྱར་རྒྱུ་སྣེ་གྲངས་ལྔ་ཅན་ཞིག་གསར་བསྐྲུན་གྱིས་ཕྱི་རྒྱལ་ཚུན་ས་གནས་ཁག་ལ་འགྲེམ་སྤེལ་ཞུས་མུས་ཀྱིས་ས་གནས་ཁག་ནས་ཀྱང་རང་ཁོངས་མིས་མི་མང་རྣམས་ལ་འགྲེམས་སྤྲོད་བྱ་བཞིན་ཡོད།
མདོ་ཁམས་དབུས་ཆུ་སྒང་གི་ཁྱབ་ཁོངས་སུ་ཕྱི་རྒྱལ་ཚུན་ས་གནས་ཁག ༣༧ ཡོད་པའི་ནང་ནས་ས་གནས་ཁག་ ༢༠ ལ་འཚམས་འདྲི་བསྐོར་བསྐྱོད་བྱས་ཏེ་ས་གནས་ཀྱི་རྒྱུན་ལས་རྣམས་ཀྱང་ཁྲིམས་མཐུན་འོས་འདེམས་བྱས་པ་དང༌། ད་དུང་ཡང་སྔ་ལོར་བཞིན་འཚམས་འདྲི་བསྐོར་བསྐྱོད་འགྲོ་རྒྱུའི་འཆར་གཞི་ཡོད།
ྋགོང་ས་མཆོག་གི་བཀའ་དང་བཙན་བྱོལ་བོད་གཞུང་གི་ཁྲིམས་དང་སྒྲིགས་གཞི་བཅས་ལ་སྙིང་ནས་བརྩི་བཀུར་ཞུ་མཁན་ཞིག་ཡིན་ན་སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཀྱི་ཚོགས་དུས་གཉིས་པར་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་ཀྱིས་གཏན་ལ་ཕབས་པའི་ཡིག་ཆ་ཨང་ ༩ པ་ལ་ྋགོང་ས་ཆེན་པོས་མཚན་རྟགས་གནང་སྟེ་ཁྲིམས་སུ་བཅས་པའི་ཁྲིམས་ཡིག་གཞིར་བཟུང་ཐོག་ཤར་བསྐྱོད་ཐུབ་པའི་བསམ་ཤེས་ཡོད་པ་གནང་དགོས་ཤིང༌། རང་རེའི་དབུས་ཆུ་སྒང་ཚོགས་པ་འདི་བཞིན་ཚོགས་པ་རང་ཉིད་ཀྱི་གཞུང་དང༌། ས་གནས་མི་མང་བཅས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཡོད་པ་ཞིག་དགོས་གལ་ཆེ་བར་བརྟེན་ཕྱི་རྒྱལ་རོགས་ཚོགས་ཁག་ལ་འབྲེལ་བ་བྱེད་སྐབས་ད་དུང་ཚོགས་པ་འདིར་ཆ་རྐྱེན་གསུམ་འཛོམས་དགོས་འདུག་པ་ནི། དང་པོ། འཛམ་གླིང་རྒྱལ་ཡོངས་དང་དེབ་བསྐྱེལ་བྱ་དགོས་པ་དང༌། གཉིས་པ། ཁེ་བཟང་མེད་པའི་ཁྲལ་ཆགས་ཡངས་ཡོད་པའི་ཚོགས་པ་དེབ་བསྐྱེལ་བྱ་དགོས་པ། གསུམ་པ། ཕྱི་རྒྱལ་རོགས་ཚོགས་ཁག་ནས་རོགས་དངུལ་འབྱོར་བྱུང་བ་རྣམས་ཚོགས་པ་རང་གིས་ཐད་ཀར་ལེན་ཆོག་པའི་ཁྲིམས་མཐུན་ཡིག་ཆ་བཟོ་དགོས་པ་བཅས་ཀྱི་ལས་དོན་ཁག་འགོ་འཛུག་ཞུ་བཞིན་ཡོད། རང་རེའི་ན་གཞོན་བར་ལྡེང་རྣམས་ཀྱི་ཆེད་དུ་བཞུགས་སྒར་དུ་མདོ་སྟོད་ཆུ་སྒང་རིག་གནས་སློབ་གཉེར་ཁང་ཞེས་པའི་ཉིན་མོའི་སློབ་གྲྭ་ཞིག་བཙུགས་ཡོད་པར་སློབ་ཕྲུག་གྲངས་ ༢༠ ནས་བདུན་བཅུའི་སྐོར་གྱིས་སློབ་སྦྱོང་བྱ་མུས་ཡིན་པར་རང་རིགས་ལ་ཤ་ཚ་ཡོད་མཁན་དང་ལྷག་བསམ་ཅན་གྱི་ཕྱི་རྒྱལ་དབྱིན་ཇི་དགེ་རྒན་རྣམས་པ་དང་བོད་ཡིག་དགེ་རྒན་བོད་མི་རྣམ་པ་བཅས་ནས་མ་བསྐུལ་དང་བླངས་སྐུ་ངལ་འཛེམས་མེད་གནང་བ་འདིར་ང་ཚོས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཌེ་ར་ཌུན་དུ་རྒས་གསོ་ཁང་ཞིག་ཡོད་པ་འདིར་ད་དུང་ཉམས་ཐག་རྒས་གཅོང་ཁ་ཤས་ཀྱི་ས་མིག་ཡོད་པས་དངོས་ཡོད་ཀྱི་ཉམས་ཐག་དང་དཀའ་ངལ་རོད་རིགས་མདོ་སྟོད་ས་གནས་རྒྱུན་ལས་ཁག་གིས་རྒྱབ་བསྐྱོར་དངོས་སྦྱོར་དང་སྦྲག་འབྱོར་རིགས་བྱུང་ན་གསར་འཛུག་བྱ་རྒྱུ་ཡིན། བོད་ཀྱི་རིགས་གཞུང་སྤྱི་དང་བྱེ་བྲག་མདོ་ཁམས་ཁུལ་གྱི་ཐུན་མོངས་མ་ཡིན་པའི་རིག་གཞུང་ཉམས་གསོའི་སླད་ཆུ་སྒང་ཟློས་གར་ཚོགས་པ་ཞིག་ཡོད་པ་འདི་བཞིན་མཐུན་རྐྱེན་ཇི་བཞིན་འཛོམས་མིན་གྱིས་ཡར་རྒྱས་སླར་གསོ་གཏོང་མ་ཐུབ་པར་འདི་མུར་ལུས་ཡོད་པ་སོགས་ལས་དོན་ཚང་མ་དབུས་དང་ས་གནས་རྒྱུན་ལས་ཁག་བཅས་ནས་མཉམ་རུབ་ཀྱིས་འགན་ཁུར་གནང་རྒྱུར་གལ་གནད་ཆེ་བ་མ་ཚད། ཁྲིམས་སུ་བཅས་པའི་མདོ་སྟོད་ཆུ་སྒང་དབུས་རྒྱུན་ལས་དང་ས་གནས་རྒྱུན་ལས་ཁག་ཚང་མས་བཙན་བྱོལ་བོད་དམངས་གཙོའི་གཞུང་གི་ཁྲིམས་ལུགས་དང་ཡོངས་སུ་མཐུན་པའི་སྒོ་ནས་ལས་དོན་འགན་ཁུར་གྱིས་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཐུབ་ཐབས་བྱ་གལ་བ་བཅས།
མཐའ་དོན་སྨོན་ཚིག་ཞུ་རྒྱུར། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་འཛམ་གླིང་ཞི་བདེའི་དད་དཔོན་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐུ་ཚེ་ཞབས་པད་ཚེ་ལྷའི་ངོ་བོར་བརྟན་པའི་གསོལ་འདེབས་དང་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྨོན་འདུན་ཀྱང་ཞུ་རྒྱུ་ཡིན།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྤྱི་ལོ་ ༢༠༠༣ ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༣ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋ དེ་རིང་བོད་རྒྱལ་ལོ་ ༢༡༢༨ཕྱི་ལོ་ ༢༠༠༡ ཟླ་ ༦ ཚེས་༡༦ གི་ཉིན་མོ་འདི་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ཞེས་དེང་དུས་འཛམ་གླིང་ནང་ཆེས་གཟི་བརྗིད་དང་ཆེས་སྙན་གྲགས་ལྡན་པའི་ཚོགས་པ་དེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༣ འཁོར་བའི་དུས་དྲན་ཁྱད་པར་ཅན་ཞིག་རེད།
༡༽ དེ་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་གཙོ་བོར་གྱུར་པའི་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གདུང་ཤུགས་གཅིག་སྒྲིལ་གྱིས་བོད་ལྷོ་བྱང་གཉིས་སུ་རང་སྲོག་བློས་གཏོང་གིས་དགྲ་བོར་འཐབ་རྒོལ་རིམ་པར་བྱས་འབྲས་སུ། རྒྱ་མིས་བོད་དེ་ནམ་ཡང་ཧམ་ཟོས་བྱ་ཐབས་མེད་པའི་ཁྲག་གི་ལོ་རྒྱུས་བསུབ་ཏུ་མེད་པ་ཞིག་ཆགས་ཡོད།
༢༽ བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་བར་བསྟན་སྲུང་དང་བླངས་དཔའ་བོའི་ཁྲག་གིས་ས་གཞིར་གཡོག རུས་པའི་ཟམ་ཆེན་བཙུགས་ཏེྋགོང་ས་མཆོག་སྟོན་འཁོར་དང་རིས་མེད་སྐྱེས་ཆེན་ཁག་རྣམ་པའི་གཙོས་སེར་སྐྱ་ཁྲི་ཕྲག་མང་པོ་ལྷོ་ལམ་ནས་འགན་སྲུང་ཕེབས་ལམ་གཙང་སེལ་ཐུབ་པར་བརྟེན། དེང་སང་འཛམ་གླིང་ཡུལ་གྲུ་གང་སར་རིས་མེད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་སྤེལ་ཆེས་ཆེར་འགྲོ་བཞིན་པ་ཀུན་གྱིས་མཁྱེན་གསལ་རེད།
༣༽ རྒྱ་གར་དུ་སླེབས་མ་ཉིད་ནས་བོད་ཀྱི་ས་ཁུལ་སྟོད་སྨད་མང་པོར་གནམ་ས་གཉིས་ཐོག་ནས་ངལ་བ་དང་ལེན་གྱིས་བསྟན་དོན་མང་པོ་འབད་སྒྲུབ་བྱས་ཡོད།
༤༽ གློ་ཁུལ་དྲག་པོའི་དམག་དཔུང་བཙུགས་པ་དང༌། ཕྱོགས་མཚུངས་ཌེ་ར་ཌུན་དམག་སྒར་གསར་འཛུགས་ཀྱིས་འཇབ་དམག་སྦྱོང་བརྡར་བྱས་ཏེ་དཔའ་བོ་བརྒྱ་ཕྲག་མང་པོས་གནམ་ས་གཉིས་ནས་རང་སར་འཛུལ་ཞུགས་ཀྱིས་ཧི་མ་ལའི་རི་རྒྱུད་རྣམས་སུ་དུས་ནམ་ཡང་བསུབ་ཐབས་མེད་པའི་ཁྲག་གི་རྐང་རྗེས་བཞག་ཡོད།
༥༽ ྋགོང་ས་མཆོག་གིས་གསོལ་རས་བསྩལ་གནང་བའི་ཆོས་ལུགས་ཆོལ་གསུམ་ཐོན་ཐང་གཅིག་པའི་དམངས་གཙོའི་སྲིད་གཞུང་འདི་ལ། མི་དགའ་ཕྲག་དོག་བྱེད་པོར་དུས་དང་རྣམ་པ་ཀུན་ཏུ་ཁ་གཏད་བཅལ་ནས་ྋགོང་ས་མཆོག་གི་དགོངས་གཞི་དང་མཐུན་པའི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚོན་ཀ་བ་གསུམ་ལྡན་གྱི་དམངས་གཙོའི་བོད་གཞིས་བྱེས་གཉིས་ཀའི་གཞུང་ཞིག་ཡིན་ཐུབ་ཐབས་དང༌། འཐོར་ཞིག་ཏུ་མི་འགྲོ་བའི་འགན་ཁུར་ལྷོད་མེད་ཞུས་དང་ཞུ་བཞིན་ཡོད།
༦༽ བོད་འདི་བཞིན་སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཀྱི་སྐབས་ནས་རྒྱལ་རབས་ལོ་རྒྱུས་དང་ལྡན་པའི་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་གཅིག་ཡིན་པ་དང༌། ང་ཚོ་ཆུ་བཞི་སྒང་དྲུག་གཙོས་བོད་མི་རིགས་ཀྱི་ཐོག་མའི་དམིགས་ཡུལ་གཞིར་བཟུང༌། ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་དགོས་པར་ངོས་འཛིན་བྱས་ཏེ། བར་སྐབས་ནས་ཆོས་ལུགས་དུག་ལྟར་འཛིན་པའི་ལྟ་ལོག་པ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་དང་སྦྱང་བཤད་བྱས་པའི་འབྲས་བུར་ད་ཆར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྩ་གཏོར་མ་ཤོར་ཙམ་དུ་གནས་ཐུབ་ཡོད།
དངོས་ཡོད་ལོ་རྒྱུས་ཀྱི་ཆ་ནས་བྱས་ན་དམ་པའི་ཆོས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཆོས་ལྡན་བོད་རྒྱལ་ཁབ་ཆེན་པོའི་གནས་སྟངས་འཛམ་གླིང་ནང་སྟོན་རྒྱུ་དང༌། ངོམས་རྒྱུ་ཡོད་ཞིག་བྱུང་ཡོད་པ་དང༌། ད་ལྟའི་དུས་སྐབས་སུ་ྋགོང་ས་མཆོག་གིས་གཙོས་པའི་རིས་མེད་ཆོས་ལུགས་ཁག་གི་དབུ་ཁྲིད་རྣམ་པའི་བཀྲིན་ལ་བརྟེན་ནས་བོད་དོན་བདེན་མཐའ་གསལ་ཐབས་སོགས་ལ་ཆོས་ཀྱི་ཐོག་ནས་བྱས་རྗེས་ཐོན་བཞིན་པ་ཚང་མས་མཐོང་གསལ་ཡང༌། ད་དུང་ཆོས་སྲིད་གཉིས་ལྡན་གྱི་འདི་ཆོས་མེ་ཀླ་ཀློའི་གཞུང་ཞིག་བསྒྱུར་རྒྱུའི་དམིགས་ཡུལ་རྒྱུན་འཆང་བྱེད་བཞིན་ཡོད་པ་འདི་དག་ཚང་མས་མཁྱེན་དགོས། ང་ཚོ་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་བོད་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོལ་གསུམ་བོད་རིགས་གཅིག་ཏུ་བསྒྲིལ་བའི་དམངས་གཙོ་ཡང་དག་པའི་སྲིད་གཞུང་ཞིག་ཏུ་བསྒྱུར་རྒྱུའི་ལམ་སྟོན་གནང་བར་ཡིད་ཆེས་དང་རྒྱབ་སྐྱོར་ཞུས་དང་ཞུ་བཞིན་པ་ནི་རང་འགན་གཙོ་བོ་ཡིན། དེང་ཕན་ལོ་ངོ་སྟོང་ཕྲག་སྔོན་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཡོད་པའི་བཀྲིན་ཅན་གྱི་རྒྱལ་ཁབ་ཕ་ཡུལ་གཉིས་པ་རྒྱ་གར་གཞུང་ལ་སྔོན་ཆད་ཀྱང་དཔུང་པ་མཉམ་རུབ་ཀྱིས་སྐབས་བསྟུན་ཞབས་འདེགས་ཞུས་ཡོད་ལ་མ་འོངས་པར་ཡང་བཀྲིན་རྗེས་དྲན་གྱི་རང་ནུས་ཇི་ཡོད་ཞབས་འདེགས་ཞུ་རྒྱུར་དམ་བཅའ་གཙང་མ་ཡོད།
མཐའ་དོན་རྒྱ་གར་རྒྱལ་ཁབ་འདི་ཉིད་ཞི་བདེ་ཡར་རྒྱས་གོང་འཕེལ་དང༌། རང་རིགས་ཀྱི་ཡིད་ལ་བརྣགས་པའི་འདོན་དོན་འགྲུབ་སྟེ་གཞིས་བྱེས་མཉམ་འཛོམ་ཡོང་བ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་ལྟར་འཛམ་གླིང་ཞི་བདེ་བརྟན་ལྷིངས་ཡོང་བའི་སྨོན་ཚིག་ཤུགས་དྲག་ཞུ་རྒྱུ་བཅས་ལགས།
ལྡི་ལི་དབུས་ཆུ་སྒང་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ ༢༠༠༡ ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༢ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋདེ་རིང་བོད་རྒྱལ་ལོ་ ༢༡༢༧ སྤྱི་ལོ་ ༢༠༠༠ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་འདི་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་ཞེས་དེངས་དུས་འཛམ་གླིང་ནང་ཆེས་གཟི་བརྗིད་ཆེ་བ་ཆེས་སྙན་གྲགས་ལྡན་པའི་ཚོགས་པ་དེ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༢ འཁོར་བའི་དུས་དྲན་ཁྱད་པར་ཅན་ཞིག་ཡིན།
༡༽ དེ་ཡང་སྤྱི་ ༡༩༥༨ མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་བཙུགས་ནས་བོད་ལྷོ་བྱང་གཉིས་སུ་དགྲ་བོ་ལ་རང་སྲོག་བློས་གཏོང་གིས་འཐབ་འཛིང་རིམ་པ་ཞིག་བྱས་ནས་རྒྱ་མིས་བོད་དེ་ཧམ་ཟོས་བྱ་ཐབས་མེད་པའི་ཁྲག་གི་ལོ་རྒྱུས་རིང་མོ་ཞིག་བྲིས་ཡོད།
༢༽ བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་གར་བར་ཁྲག་གིས་ས་གཞི་གཡོག་ཅིང་རུས་པའི་ཟམ་ཆེན་བཙུགས་ཏེ་ྋགོང་ས་མཆོག་སྟོན་འཁོར་དང༌། རིས་མེ་དཀྱི་བླ་ཆེན་རྣམ་པ་གཙོས་སྐྱ་སེར་མི་དམངས་ཁྲི་ཕྲག་མང་པོའི་ཕེབས་ལམ་འགན་སྲུང་ཐོབ་པ་བྱུང་ཡོད། དེར་བརྟེན་དེང་སོང་འཛམས་གླིང་ཡུལ་གྲུ་ཀུན་ལ་ནང་པ་སངས་རྒྱས་པའི་བསྟན་པ་ཁྱབ་སྤེལ་ཤུགས་ཆེར་སོང་སྟེ་བསྟན་པ་གསར་དར་གྱི་སྐབས་ལྟ་བུར་ཆགས་ཡོད།
༣༽ རྒྱ་གར་སླེབས་ནས་ཀྱང་གློ་ཁུལ་དྲག་པོའི་དམག་དཔུང་བཙུགས་པ་དང་ཌེ་ར་ཌུན་དམག་སྒར་གསར་འཛུགས་ཐོག་ཨ་རིར་འཇབ་དམག་སྦྱོང་བརྡར་བྱས་ཏེ་དཔའ་བོ་བརྒྱ་ཚོ་མང་པོ་གནམ་ས་གཉིས་ནས་བོད་ནང་འཛུལ་ཞུགས་ཀྱི་ཧི་མ་ལའི་རི་རྒྱུད་རྣམས་སུ་ནམ་ཡང་བསུབ་ཐབས་མེད་པའི་ཁྲག་གི་རྐང་རྗེས་བཞག་ཡོད།
༤༽ ྋགོང་ས་མཆོག་གི་གསོལ་བསྩལ་གནང་བའི་ཆོས་ལུགས་ཆོལ་གསུམ་ཐོབ་ཐང་གཅིག་པ་ཅན་གྱི་དམངས་གཙོའི་སྲིད་གཞུང་འདི་ལ་མི་དགའ་ཕྲག་དོགས་བྱེད་མཁན་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་ཁ་གཏད་བཅར་ནས་ྋགོང་ས་མཆོག་གི་དགོངས་བཞེད་དང་མཐུན་པའི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མཚོན་ཀ་བ་གསུམ་ལྡན་གྱི་དམངས་གཙོའི་གཞུང་འདི་བོད་གཞིས་བྱེས་གཉིས་ཀའི་གཞུང་ཞིག་ཡིན་པ་མཚོན་ཐབས་དང༌། འཐོར་ཞིག་ཏུ་མི་འགྲོ་བའི་འགན་ཁུར་ལྷོད་མེད་ཞུ་བཞིན་ཡོད།
༥༽ བོད་འདི་བཞིན་སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཀྱི་སྐབས་ནས་རྒྱལ་རབས་ལོ་རྒྱུས་དང་ལྡན་པའི་ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་གཅིག་ཡིན་པ་དང༌། ང་ཚོ་ཆུ་བཞི་སྒང་དྲུག་གཙོས་བོད་མི་རིགས་ཀྱི་ཐོག་མའི་དམིགས་ཡུལ་གཞི་བཟུང༌། ཆོས་སྲིད་གཉིས་ལྡན་གྱི་གཞུང་ཞིག་དགོས་པར་ངོས་འཛིན་བྱས་ཏེ། བར་སྐབས་ནས་ཆོས་ལུགས་དུག་ལྟར་འཛིན་པའི་ལྟ་ལོག་པ་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངོ་རྒོལ་དང་སྦྱང་བཤད་བྱས་པའི་འབྲས་བུར་ད་ཆར་ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྩ་གཏོར་མ་ཤོར་ཙམ་དུ་གནས་ཐུབ་ཡོད།
འོན་ཀྱང་ད་རེས་ཀྱི་སྐབས་ ༡༣ པའི་བོད་མི་མང་སྤྱི་འཐུས་དེ་ང་ཚོས་འོས་འདེམས་ཡག་པོ་ཞིག་མ་གནང་ཚེ་མ་འོངས་པར་བོད་ཆོས་སྲིད་གཉིས་ལྡན་གྱི་སྲིད་གཞུང་འདི་ཆོས་མེད་ཀླ་ཀློའི་སྲིད་གཞུང་ཞིག་ཏུ་འགྱུར་རྒྱུ་ངེས་པར་མི་འདུག་པས། དེས་ན་ད་ལན་བོད་མི་ཚང་མས་གཟབ་གཟབ་བྱ་ནས་བོད་ཀྱི་ཐུན་མོངས་མ་ཡིན་པའི་ཆོས་དང་རིག་གཞུང་རྩ་ཆེར་རྩི་མཁན་ཚང་མའི་སྤྱི་འཐུས་ཚུལ་ལྡན་ཞིག་འདེམ་རྒྱུར་གལ་ཆེ།
༦༽ དེང་ཕན་ལོ་ངོ་སྟོང་ཕྲག་སྔོན་ནས་ཆོས་དང་རིག་གཞུང་གི་འབྲེལ་བ་གཏིང་ཟབ་ཡོད་པའི་བཀྲིན་ཅན་གྱི་རྒྱལ་ཁབ་ཕ་ཡུལ་གཉིས་པ་རྒྱ་གར་གཞུང་ལ་སྔོན་ཆད་ཀྱང་དཔུང་པ་མཉམ་རུབ་ཀྱིས་སྐབས་བསྟུན་ཞབས་འདེགས་ཞུས་དང་ཡོད་ལ་མ་འོངས་པར་ཡང་བཀྲིན་རྗེས་དྲན་གྱི་རང་ནུས་ཇི་ཡོད་ཞབས་འདེགས་ཞུ་རྒྱུར་དམ་བཅའ་གཙང་མ་ཡོད།
རྒྱ་གར་རྒྱལ་ཁབ་འདི་ཉིད་འཛམ་གླིང་ནང་ཡོངས་རྩེར་ཐོན་ཏེ་ཞི་བདེ་ཡར་རྒྱས་གོང་འཕེལ་བའི་རེ་བ་ཞུ་རྒྱུ་དང་རང་རེ་བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་རེ་དོན་འགྲུབ་ནས་ཕུན་སུམ་ཚོགས་པའི་སྨོན་ལམ་དང་མཐའ་བསྡོམ་ཞུ་རྒྱུར་འཛམ་གླིང་ཞི་བདེའི་དད་དཔོན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཁྲི་ཕྲག་བརྟན་ཞིང་མཛད་འཕྲིན་ཐ་དག་ལྷུན་གྱིས་གྲུབ་པའི་སྨོན་འདུན་ཞུ་རྒྱུ་བཅས།
ལྡི་ལི་དབུས་ཆུ་སྒང་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༠༠ ཕྱི་ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༡ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋ དེ་རིང་བོད་རྒྱལ་ལོ་ ༢༡༢༦ ཕྱི་ལོ་ ༡༩༩༩ ཟླ་ ༦ ཚེས་ ༡༦ ཉིན་མོ་འདི་ནི། འཛམ་གླིང་ན་ཆེས་གཟི་བརྗིད་ཆེ་ལ་སྙན་གྲགས་ཀྱང་ཆེ་བའི་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དམག་སྒར་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༡ འཁོར་བའི་ཉིན་མོ་ཁྱད་པར་ཅན་ཞིག་རེད།
དེ་ཡང་ ༡༩༤༩ ནས་བཟུང་རྒྱ་ནག་དམར་པོའི་གཞུང་གིས་བོད་ལ་བཙན་འཛུལ་བྱས་ནས་མི་ལོ་སྟོང་ཕྲག་མང་པོར་ཞི་བདེར་གནས་པའི་གངས་ཅན་བོད་མི་རིགས་ཆབ་སྲིད་རིག་གཞུང་དང་བཅས་པ་མིང་གི་ལྷག་མ་ཙམ་དུ་བཏོར་བའི་དུས་སྐབས་དེར། བོད་ཀྱི་ལོ་རྒྱུས་ཐོག་བྱུང་མྱངས་དཀོན་བའི་དཔའ་བོ་ཕུལ་བྱུང་ཨ་འབྲུག་མགོན་པོ་བཀྲིས་ཀྱིས་དབུ་འཁྲིད་པའི་མདོ་ཁམས་སེར་སྐྱ་གཉིས་ཀྱིས་དྲག་པོའི་སྒྲིག་འཛུགས་བཙུགས་ཏེ་མང་ཉུང་ལ་མ་ལྟོས་པར་ཆོལ་གསུམ་དཔའ་བོའི་དཔུང་གིས་དགྲ་བོར་རྒོལ་འཛིང་རིམ་པར་བྱས་ཤིང༌། བོད་གཞུང་ལྷ་དམག་དང་བཅས་པ་བྲོས་སའི་ལམ་ཡང་ཐོབ་པར་དཀའ་བའི་གནས་སྐབས་ཅི་བྱ་བསྟོར་བྲལ་དུ་གྱུར་པ་ན། མདོ་ཁམས་ཆུ་བཞི་སྒང་དྲུག་གིས་དཔའ་ངར་ཆེན་པོས་ལྷོ་ཁུལ་གྱི་དགྲ་བོའི་དྲག་པོའི་གནས་གཞི་ཁག་འབུར་འཇོམས་བཏང་ནས་ལྷོ་ལམ་གཙང་སེལ་གྱི་བྱས་རྗེས་གཟིངས་སུ་མཐོ་བ་བཞག་ཡོད།
༡༽ དེ་འདྲའི་ཉེར་ལེན་ལ་རྟེན་ནས་ྋགོང་ས་སྐྱབས་མགོན་སྐུ་འཁོར་དང་བཅས་པ་གདན་ཞུས་ཐུབ་བྱུང་ནས་རྒྱ་གར་ལ་མ་སླེབས་གོང་ནས་བར་སྐབས་ཀྱི་གཞུང་ཞིག་ཀྱང་བཙུགས་པ་སོགས་ྋགོང་ས་མཆོག་གང་དུ་ཕེབས་པ་དེར་བོད་གཞུང་དགའ་ལྡན་ཕོ་བྲང་ཡོད་པའི་རྣམ་པ་གསལ་སྟོན་ཐུབ་པ་བྱུང་ཡོད།
༢༽ ད་དུང་ཆོས་ལུགས་རིས་མེད་ཀྱི་བླ་སྤྲུལ་དགེ་འདུན་ཇི་སྙེད་ཅིག་གདན་འདྲེན་ཐུབ་པ་བྱུང་སྟེ། ད་ཆ་འཛམ་གླིང་ས་ཕྱོགས་གང་སར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་གསར་བར་གྱུར་ཡོད།
༣༽ དེ་མིན་གྱི་སྐྱ་སེར་རྒན་གཞོན་ཕ་མ་བུ་ཕྲུག་དང་བཅས་པའང་གང་མང་ཞིག་སླེབས་ཐུབ་པ་བྱུང་ནས། ད་ཆ་རང་དབང་གི་ལུང་པར་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་ནས་བཙན་བྱོལ་བོད་མིའི་བདག་པོར་གྱུར་ཡོད།
༤༽ མདོ་ཁམས་ཆུ་བཞི་སྒང་དྲུག་གིས་རྒྱ་གར་དུ་སླེབས་ནས་ཀྱང་རང་འགོ་ཐོན་ཙམ་གྱིས་འགྲིག་ཐབས་མེད་པར་བསམ་ནས་སླར་ཡང་གློ་ཁུལ་དྲག་པོའི་དམག་སྒར་བརྒྱབ་སྟེ་དགྲ་བོ་ལ་ཕར་རྒོལ་ལན་མང་བྱས་པར་མ་ཟད། མི་གྲངས་ ༢༠༠ བརྒལ་བར་ཨ་རིར་དྲག་པོའི་སྦྱོང་བརྡར་བྱས་ཏེ་གནམ་ཐོག་ནས་བོད་སར་འཛུལ་ཞུགས་ཐོག་བོད་ཕྱི་ནང་གཉིས་ཟུང་འབྲེལ་གྱིས་དགྲ་བོ་ལ་རྒོལ་རྡུང་ཚ་ནན་བཏང་ཡོད།
༥༽ དེ་རྗེས་ཌེ་ར་ཌུན་དྭང་བླངས་དམག་སྒར་བཙུགས་པ་དང༌། གནས་ཡུལ་རྒྱ་གར་ལ་པ་ཁི་སི་ཐན་ཤར་ནུབ་གཉིས་ནས་སྡོད་བཟོད་མི་བདེ་བ་བཟོས་པའི་སྐབས། རྒྱ་གར་གཞུང་གི་བཀའ་དྲིན་གསབ་ཆེད་བྷང་ལཱ་དྷེཤ་དམག་འཁྲུག་ནང་ཞུགས་ཏེ་རྒྱལ་ཁ་བསྟུན་མར་བླངས་ནས་བཙན་བྱོལ་བོད་མི་རྣམས་ལ་རྒྱ་གར་བས་མཐོག་དང་ཆ་འཇོག་ཐུབ་པ་བྱུང་ཡོད།
༦༽ རྒྱ་ནག་གོ་མིན་ཏང་སྲིད་གཞུང་དང་མཉམ་དུ་གྲོས་གཞི་དོན་ཚན་གསུམ་བཞག་སྟེ། ྋགོང་ས་མཆོག་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་ཁས་བླངས་བཅུག་ཡོད། འོན་ཀྱང་དེ་བྱས་ངོ་སོ་ཐོན་རྒྱུའི་འཚབ་ཏུ་ཕྱི་ནང་གཉིས་ནས་ངན་སྨྲས་ངོ་རྒོལ་ཇི་སྙེད་ཅིག་བྱས་བྱུང་ཡང་ཉི་ཤར་སྦར་མོས་འགེབ་ཐུབ་ཐབས་མེད་པ་ཞིག་རེད།
ྋའདིའི་སྐོར། བོད་མི་སེར་སྐྱ་ཡོངས་དང་ལྷག་པར་མདོ་སྟོད་སེར་སྐྱ་མི་མང་ལྷན་རྒྱས་ལ།
ཐེ་ཝེན་སྲིད་གཞུང་དང་གྲོས་གཞི་གྲོས་མཐུན་དོན་ཚན་གསུམ་གྱི་དོན་གནད་སྐོར་བསྐྱར་དུ་ཟུར་འདོན་གྱིས་གོ་དོན་འགྲེལ་བཤད་བྱེད་ཀྱི་ཡོད།
དོན་ཚན་དང་པོ། རང་དབང་དམངས་གཙོའི་རིང་ལུགས་འོག་ལ་རྒྱ་ནག་གཅིག་སྒྲིལ་སྐབས་བོད་ཀྱི་རང་ལུགས་རང་སྐྱོང་ལ་སྲུང་སྐྱོབ་བྱ་རྒྱུ་ཞེས་གསལ་ཡོད་པ་དེ་རེད། རྒྱ་ནག་གཅིག་ཟེར་བ་དེ་རྒྱ་དམར་ནག་གཉིས་ཆིག་སྒྲིལ་ཟེར་བ་ལས་བོད་ལ་གོ་དགོས་དོན་གང་ཡང་མེད། བོད་ཀྱི་རང་ལུགས་རང་སྐྱོང་ལ་སྲུང་སྐྱོབ་བྱ་རྒྱུ་ཞེས་བོད་རྒྱ་གཉིས་ཐ་དད་ཡིན་པ་གསལ་པོར་འཁོད་ཡོད། དེ་ལ་གོ་དོན་ལོག་བཤད་བྱ་མི་ཉན། བོད་རང་བཙན་དེ་བོད་ཀྱི་རང་ལུགས་རེད། དེ་ལྟར་ཡིན་དུས་རང་བཙན་ལ་ངོས་ལེན་བྱ་རྒྱུ་གསལ་པོ་གོ་ཐུབ། རྒྱ་དམར་གྱིས་ལག་བསྟར་བྱེད་བཞིན་པ་དེ་བོད་ཀྱི་རང་ལུགས་མ་རེད། ཚིག་ཙམ་ལས་དོན་གྱི་ཆ་ནས་རང་ལུགས་དེ་རང་བཙན་དུ་འཇུ་ས་ཡོད་པ་ཞིག་རེད་ཡོད་རེད།
དོན་ཚན་གཉིས་པར། ྋགོང་ས་སྐྱབས་མགོན་ཆེན་པོ་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ལ་ངོས་འཛིན་དང་རྒྱབ་བསྐྱོར་ཞུ་རྒྱུ་ཞེས་གསལ་ཡོད་པ་དེ་རེད། དེ་ལ་སྐྱོན་ཞིག་ཡོད་སྲིད་ཀྱི་མ་རེད། གང་ཡིན་ཞེ་ན། ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ནི་བོད་གཅིག་པུ་རེད། བོད་མི་ཡོངས་ཀྱིས་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ངོས་འཛིན་ཞུས་དང་ཞུ་བཞིན་དུ་རྒྱ་དམར་བོད་དུ་བཙན་འཛུལ་བྱས། ཕྱི་ལོ་ ༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་དེ་བཞག དེ་ནས་བཟུང་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་གནང་བའི་སྐུ་དབང་ལ་རྒྱ་མིས་ངོས་ལེན་མ་ཞུས་པར་ཇེ་སྡུག་ཏུ་སོང། ཕྱི་ལོ་ ༡༩༥༩ ལོ་ནས་སྐུ་དབང་ཆ་ཚང་རྒྱ་མིས་བཙན་འཕྲོག་བྱས་ཤོར་ནས་བཟུང་བོད་ཀྱི་དགོན་སྡེ་སྟོང་ཕྲག་བདུན་ལྷག་ཙམ་ཡོད་པ་རྩ་གཏོར་བཏང༌། བོད་མི་འབུམ་ཕྲག་ ༡༢ ལྷག་ཙམ་ཤི་རྐྱེན་ངན་པའི་འོག་དམྱལ་བ་མི་ཡུལ་དུ་མྱོང་དགོས་པ་བྱུང་བ་དེ་དག་ཚང་མ་ྋགོང་ས་མཆོག་ལ་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་གནང་བའི་སྐུ་དབང་ལ་རྒྱ་མིས་ངོས་ལེན་མ་བྱས་ཏེ་བཙན་འཕྲོག་བྱས་པ་ལས་བྱུང་བ་ཡིན་པ་མིག་ལོང་བས་བལྟས་ཀྱང་རྒྱལ་ཁམས་མཐོང་ཟེར་བ་དེ་ལྟ་བུ་རེད། དེ་ལྟའི་གནས་སྟངས་སུ་བསྡད་ཡོད་པའང་མཐོང་གསལ་ཡིན། དེ་ལ་བརྟེན་ནས་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་དུ་རྒྱ་མི་དམར་ནག་གིས་ངོས་ལེན་དང་རྒྱབ་བསྐྱོར་ཞུས་ན་གནད་དོན་དེར་བོད་རང་བཙན་མ་རེད་སུ་ཞིག་གིས་བརྗོད་ཐབས་མེད། དེ་དུས་བོད་མིའི་སྡུག་བསྔལ་ཐ་དག་སེལ་ནས་བདེ་སྐྱིད་ཀྱི་ཉི་མ་འཆར་བ་ཡིན། ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་དུ་ངོས་རྒྱ་མིས་ངོས་ལེན་བྱས་ན་དེ་བོད་མིས་ངོས་ལེན་མེད་པའི་ངོ་རྒོལ་རྩ་བ་ནས་བྱ་མི་རུང་བ་རེད། རྒྱ་མིས་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་དུ་ངོས་ལེན་བྱས་པ་དང༌། བོད་རང་བཙན་ངོས་ལེན་བྱས་པ་གཉིས་ལ་ཁྱད་པར་སྤུ་ཙམ་མེད་པ་རེད། དེང་སོང་མི་ཆེན་ལ་ལས་ཙི་ཙི་ལ་ངན་བྱས་ཏེ་སྡོད་ཁང་མེར་བསྲེག་བཏང་ཟེར་བ་ལྟར་བོད་མི་རྣམས་བླུན་པོ་ཁྱུ་སྣ་གར་ཁྲིད་བྱེད་ཀྱི་ཡོད་པ་དེ་རིགས་སྐྱབས་འགྲོའི་བསླབ་བྱ་དུ་ཡང་འགལ་བ་རེད།
བོད་གཞུང་གི་སྐུ་འཚབ་རྣམས་པ་པེ་ཅིང་དང་ཐེ་ཝེན་ལ་ཡང་ཡང་ཕེབས་སྐབས་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་ངོས་ལེན་དང་རྒྱབ་བསྐྱོར་བྱས་ན་མི་འགྲིགས་ཞེས་རྒྱ་མིར་གསུང་གི་ཡོད་པ་མིན་ནམ། དེ་འདྲ་ཡིན་ན་ནི་བོད་མི་ཤི་གསོན་ཡོངས་ཀྱི་འདི་ཕྱི་འཕྲལ་ཕུགས་རེ་དོན་དང་རྩ་འགལ་རེད། དེ་འདྲའི་ལས་དོན་རྩ་བ་ནས་བྱ་མི་རུང་ཞུ་རྒྱུ་ཡིན།
དོན་ཚན་གསུམ་པ་ནི། ཆོས་དང་རིག་གཞུང༌། ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་འབྱུང་ཐབས་བྱ་རྒྱུ་ཟེར་བ་དེ་རེད། གནད་དོན་དེ་ནི་རང་གཞུང་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་ཕྱི་ལོ་༡༩༨༧ ལོར་ཆེད་དུ་གསལ་བསྒྲགས་གནང་བའི་དོན་གནས་དེ་རང་རེད། དེ་ལ་གོ་དོན་མི་འདྲ་བ་མེད་སྟབས་འགྲེལ་བཤད་ཞུ་དགོས་དོན་མེད་པ་བཅས། ཞུ་དོན་རྣམས་མཁྱེན་རྟོགས་ཆེད་ཙམ་དུ་ཡིན་པ་ལས་གོང་དོན་རྣམས་བོད་མིས་ངོས་ལེན་བྱ་དགོས་ཟེར་བ་དང༌། དོན་གཉེར་བྱེད་པ། མ་འགྲིགས་པར་འགྲིགས་ཐབས་བྱེད་པ་སོགས་གང་ཡང་མིན་པ་བཅས་དེ་དོན་དགོངས་འཇགས་ཞུ།
ཉེ་རབས་ཀྱི་བོད་ཀྱི་རྩོམ་པ་པོ་མང་པོ་ཞིག་ནས་བརྩམས་པའི་དེབ་ཐེར་ཁག་ལ་གཟིགས་ན་བོད་བསྟན་སྲིད་ཀྱི་དོན་དུ་དཀའ་ལས་སུས་བརྒྱབ་ཡོད་མེད་གསལ་པོར་མཐོང་ཐུབ་ཀྱི་རེད།
མཐའ་དོན་དུ་གཞིས་བྱེས་བོད་མི་རྣམས་ནང་ཁུལ་དཀྲུག་ཤིང་དང་འཐེན་ཁྱེར་ཀྱི་ངན་བྱུས་བཀྲམ་མཁན་ཚོའི་གཡོ་འོག་ཏུ་མ་ཚུད་པར་གཞིས་བྱེས་ཆོལ་གསུམ་ཡོངས་རྫོགས་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོངས་བའི་རེ་ལྟོས་སྙིང་ཐག་པ་ནས་ཞུུ་རྒྱུ་ཡིན༌།
ལྡི་ལི་ཆུ་སྒང་དབུས་རྒྱུན་ལས་ཁང་ ༩༩ ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༤༠ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
དེ་རིང་བོད་རྒྱལ་ལོ་ ༢༡༢༥ ཕྱི་ལོ་ ༡༩༩༨ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱངས་བའི་བོད་ཁམས་གཅིག་འགྱུར་གྱི་རླབས་ཆེན་གཟི་བརྗིད་ཅན་གྱི་མཛད་རྗེས་ཕུལ་དུ་བྱུང་བ་རྣམས་པས། བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་ལྕགས་ཚ་གྲུ་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་གསར་དུ་དབུ་བརྙེས་པའི་དུས་དྲན་ཐེངས་བཞི་བཅུ་པ་འཁོར་བའི་ཉིན་མོ་འདིར། དེ་རིང་གི་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་ལྷན་རྒྱས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྐུ་ཚབ་ཞུས་ཏེ་མཛའ་བརྩེ་ཆེན་པོས་གུས་བཏུད་འཚམས་འདྲི་དང་ཆབས་ཅིག་བཀྲིས་བདེ་ལེགས་ཞུ་ཡི་ཡོད།
ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་དཔའ་བོ་ཕུལ་བྱུང་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་དབུ་ཁྲིད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོ་རྣམས་རྡོག་རྩ་གཅིག་ཏུ་བསྒྲིལ་ཐོག་གཅེས་པའི་རང་གྲོགས་དང༌། གཟའ་ཟླ་བུ་ཕྲུག་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས། རྒྱལ་བསྟན་ཆབ་སྲིད་དང་བོད་ཀྱི་སྣོད་བཅུད་མི་རིགས་དང་བཅས་པར་ཆགས་འཇིག་ཛ་དྲག་གི་གནས་བབས་ཅི་བྱ་གཏོལ་བྲལ་གྱི་ཉེན་འགལ་ལས་སྐྱོབས་ཆེད་བསྟན་སྲུང་དང་བླངས་དམག་གི་དཔུང་སྡེ་ཆེན་པོའི་སྒྲིག་འཛུགས་དངོས་སུ་བཙུགས་ཏེ་དགྲ་འཐབ་ཀྱི་ལས་འགུལ་རིམ་པར་བྱུང་བ་རེད།
གནས་ལུགས་མདོར་བསྡུས་ཞིག་སྐུ་མགྲོན་རྣམ་པར་ཞུ་རྒྱུར། རྒྱ་ནག་སྲིད་དབང་རྒྱ་མར་གུང་ཁྲན་ལ་བྱུང་མ་ཐག་ཏུ་ལོ་སྟོང་ཕྲག་རྒལ་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཆོས་དང་རིག་གཞུང༌། མི་རིགས་གོམ་གཤིས་དང་བཅས་པ་རྒྱལ་ཁབ་གཞན་ལས་ཐ་དད་རང་བཙན་གཙང་མར་གནས་པའི་བོད་རྒྱལ་ཁབ་སྙོན་མེད་ཅིག་ཡིན་བཞིན་དུ། ༡༩༤༩ ལོ་ནས་འགོ་འཛུགས་ཀྱི་བོད་ས་རིམ་ཟས་ཀྱི་ཆབ་མདོ་དྲག་པོའི་དམག་གིས་བཅོམ་པ་དང༌། དེ་ནས་མི་རིང་བར་རྒྱལ་ས་ལྷ་སར་འབྱོར་ཏེ་བོད་ཀྱི་ཆབ་སྲིད་ལའང་རིམ་གྱིས་དབང་བསྒྱུར་བྱས་ཏེ་གཞུང་ཞབས་སེར་སྐྱ་རྣམས་ཀྱང་དབང་མེད་དགྲ་བོའི་བྲན་གཡོག་ཏུ་ཚུད་དེ། དགྱེ་དགྱེ་དང་སྒུར་སྒུར་བྱ་དཀའ་བའི་གནས་གྱར་སྐབས་དེར་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་སྐྱོབ་ཆེད་དུ་བསྟན་སྲུང་དང་བླངས་དམག་གིས་བོད་ཀྱི་ས་ཕྱོགས་གང་ས་ནས་རྒྱ་དམར་ལ་རྒོལ་འཛིན་བྱས་དང་བྱེད་བཞིན་པའི་སྐབས་དེར།
ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ནས་ྋགོང་ས་ཆེན་པོ་མཆོག་རྒྱ་ནག་ཏུ་ངན་བྱུས་སྣ་ཚོགས་ཐོག་བཙན་ཁྲིད་བྱེད་རྒྱུའི་ལག་ལེན་དངོས་སུ་བསྟར་སྐབས་བོད་བསྟན་སྲིད་ཀྱི་སྲོག་རྩ་དང༌། རྒྱལ་བསྟན་ཆབ་སྲིད་ཀྱི་མངའ་བདག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ཉིད་ཡིན་པར་བརྟེན་ྋརྒྱལ་བའི་སྐུ་སྲུང་ཞུས་སྟངས་སྐོར་གསལ་པོ་ཞིག་ཞུས་ན། ནོར་གླིང་ཕོ་བྲང་གི་ཤར་སྒོར་སྲུང་རྒྱུར་ཏྲེ་ཧོར་དཀར་མཛེས་ཤོག་ཁག་གིས་ཁས་ལན་ཞུས་པ་དང༌། ལྷོ་སྒོར་སྲུང་རྒྱུ་ཏྲེ་ཧོར་དར་དགོན་ཤོག་ཁག་ནས་སྲུང་བ་དང༌། ནུབ་སྒོ་སྲུང་རྒྱུ་མདོ་སྨད་པའི་ཤོག་ཁག་ནས་སྲུང་བ་དང༌། བྱང་སྒོ་སྲུང་མཁན་ནི་ལི་ཐང་དང་བྲག་གཡབ་ཤོག་ཁག་དང༌། ག་དང་དམག་མི་རྣམས་ཉིན་གཉིས་རིང་སྲུང་སྐྱོབ་ཞུ་མཁན་མཉམ་དུ་ཡོད་པ་བཅས་དངོས་ཡོད་གནས་ཚུལ་རང་གཞུང་ནས་བཀའ་བཀོད་ཁང་གསར་འཛུགས་གནང་བའི་དབུ་འཛིན་གྲས་མཁན་ཆུང་རྟ་ར་བ་ཞལ་བཞུགས་ཡོད་པར་བརྟེན་ཁོང་ལ་བཀའ་འདྲི་ཞུས་ན་གསལ་པོར་མཁྱེན་རྟོགས་ཐུབ་ངེས། འོན་ཀྱང་དེང་སྐབས་མགྲོན་གཉེར་ཆེན་མོ་ཕ་ལྷ་ཐུབ་བསྟན་འོད་ལྡན་གྱི་སྐུ་ཚེའི་ལོ་རྒྱུས་ཞེས་པའི་དེབ་གཅིག་བཅོས་བྲིས་གནང་འདུག་པ་དེའི་ནང་ནོར་གླིང་ཕོ་བྲང་གི་སྲུང་སྐྱོབ་ག་འདྲ་གནང་ཡོད་དམ། ལན། མདའ་དཔོན་སྟག་ལྷས་གསུངས་པ། ནོར་གླིང་ཕོ་བྲང་གི་ལྕགས་རིའི་ནང་ལ་གཞུང་ཞབས་སེར་སྐྱ་ཁག་དང༌། ཀ་དང་སྐུ་སྲུང་དམག་མི། ལྕགས་རིའི་ཕྱི་འགྲམ་དུ་ཁ་དང་གྲ་བཞི་དམག་མི། ག་དང་རྒྱལ་རྩེ་དམག་མི། ཆ་དང་དམག་མི་བཅས་ཀྱི་ཐོག་མི་མང་སེར་སྐྱ་ཤོག་ཁག་མང་པོ་ཡོད་པ་དང༌། དེའི་ཁོངས་ནས་ཁས་ལེན་པ་ཕ་བོང་ཁའི་ཕྱག་མཛོད་འཕྲིན་ལས་དར་རྒྱས་ལགས་སོགས་མང་པོ་ཡོད་པ་རེད་བཅས་བཤད་པར་བརྟེན་དངོས་ཡོད་ཀྱི་གནས་ཚུལ་གསལ་བཤད་མ་ཞུས་ཐུ་མེད་ཆགས་སོང༌།
དེ་ནས་ནོར་གླིང་ཕོ་བྲང་དུའང་མེ་སྒྱོགས་ཀྱི་ཚོད་ལྟ་ཐེངས་གཉིས་བྱས་བྱུང་བའི་སྐབས་དེར་བློ་འགན་མ་བཟོད་པར་ྋགོང་ས་མཆོག་གི་སྐུ་འཁོར་དང༌། ཡོངས་འཛིན་རྣམ་གཉིས་བཅས་ལྷ་སའི་སྐྱིད་ཆུའི་ཁ་བར་གསང་བར་ཕེབས་བསྐྱེལ་ཞུས། དེ་ནས་ར་རྨད་སྒང་གྲུ་ཁར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དངས་བླངས་དམག་གི་འགོ་འཛིན་བསྟན་པ་དར་རྒྱས་དང༌། དབང་ཕྱུག་ཚེ་རིང་དམག་བཅས་ཕེབས་བསུ་ཞུས་པ་མཛད་རྣམ་ནང་གསལ་བ་ལྟར་ལགས་པ་དང༌། དེ་ནས་བོད་ཀྱི་རྒྱལ་སའི་ལྷོ་ཕྱོགས་གཉན་ལྷུན་རྩེ་རྫོང་དུ་བོད་ཀྱི་སྲིད་གཞུང་གསར་འཛུགས་ཀྱི་མཛད་སྒོ་གནང་ནས་མོན་རྟ་དབང་བར་ལྷ་ལམ་དར་དཀར་ཐོག་བདེ་ཕེབས་ཐུབ་ཐབས་སུ་ཤ་ཁྲག་གི་འགྲོ་གྲོན་བཏང་སྟེ་རྒྱ་གར་འཕགས་པའི་ཡུལ་དུ་གདན་ཞུ་ཐུབ་པ་མ་ཟད། བོད་གཞུང་བཀའ་ཤག་དང་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ། མཁན་བླ་དགེ་བའི་བཤེས་གཉེན་ནས་མཚོན་སེར་སྐྱ་མང་པོ་གེགས་མེད་ཕེབས་རྗེས་སུ་རིམ་གྱིས་བཅར་ཐུབ་པ་བྱུང་བ་དང༌།
༡༽ དེས་གྲུབ་འབྲས་ནི་དེང་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ནི་མཁའ་ཁྱབ་ཡོངས་ལ་རླུང་ལྟར་གྲགས་པས། འཛམ་གླིང་ནང་ཞི་བདེ་དད་དཔོན་ཆེན་པོའི་གཟེངས་བསྟོད་འབུལ་བཞེས་ཀྱིས་གཟི་བརྗིད་འཛམ་གླིང་ནང་ངོམ་ཆོག་པའི་གྲུབ་འབྲས་བསྲུབ་ཏུ་མེད་པ་མཁྱེན་གསལ་ལྟར་ལགས་པ་དང༌།
༢༽ ལྷག་པར་དུའང་རྒྱ་གར་དུ་སྐྱབས་བཅོལ་འབྱོར་ནས་ཀྱང་བསྟན་པ་དང་སྲིད་ཀྱི་དོན་དུ་སླར་ཡང་ལུས་སྲོག་ལས་མེད་པ་དེའང་བློས་བཏང་གི་སྟོད་གློའི་ཁུལ་དུ་འཇབ་དམག་གིས་སྒྲིག་འཛུགས་བཙུགས་ཏེ་རྒྱ་དམར་དང་དགྲ་འཐབ་ལན་མང་བྱས་དང༌།
༣༽ དེ་ནས་ཨ་རིར་མི་གྲངས་ ༢༠༠ ལྷག་སྐོར་སློབ་སྦྱོང་བྱས་ཏེ་རང་ཡུལ་བོད་ཀྱི་ས་ཐོག་གནམ་ཐོག་ནས་ཉམས་ཞིབ་དང༌། བོད་མི་ནང་ཁུལ་ལྕགས་ཐག་ལག་སྦྲེལ་གྱིས་དགྲ་བརྒོལ་གཉེན་སྐྱོང་ཆེད་དུ་བཏང་བ་རྣམས་མང་ཆེ་བ་བསྟན་དོན་དུ་རང་སྲོག་ཤོར།
༤༽ རྒྱལ་ཁབ་དབར་གྲོས་ཆོད་བཞག་སྟེ་ཕྱི་ལོ་ ༡༩༦༢ ལོར་ཌེ་ར་ཌུན་དུ་དངས་བླང་དམག་སྒར་བཙུགས་པ་དེར་ཞུགས་ཏེ་དུས་དང་དུས་སྐབས་ཀྱི་ཞབས་འདེགས་ཞུས་དང་ཞུ་བཞིན་ལགས།
༥༽ མདོ་སྟོད་ཀྱི་མི་ཁོངས་དྲག་ཞན་སུ་ལའང་བོད་གཞུང་གིས་ལས་འགན་བཀོད་སྒྲིག་གནང་བའི་རིགས་མཐོ་བཀའ་བློན་ཁྲི་པ་མན་དང༌། དམའ་ཡིག་བསྐྱེལ་གྱིས་མཚོན་པའི་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བྱས་རྗེས་མིག་སྔར་མཐོང་རྒྱུ་ཡོད་པ་དེ་དག་ནི་སུས་ཀྱང་བསུབ་ཐབས་མེད་པ་མཁྱེན་ཆུབ་ཡོད་པ་ཞིག་རེད། རྩ་བའི་རང་དོན་རྒྱལ་གཅེས་ཀྱི་ལས་འགན་བསྒྲུབ་པར་བྱས་ཡུད་དང་ངོ་སོ་སུ་ལ་ཞུ་སྟེ། དེ་དག་ནི་མང་ཚོགས་ཀྱིས་མཁྱེན་རྟོགས་ཀྱི་ཆེད་དུ་མདོ་བསྡུས་ཙམ་ཞུས་པ་མཁྱེན་དགོས་ལགས།
ད་ནི་སྤྱི་སྨོན་རེ་འདུན་ལྟ་བུ་ཞིག་ཞུ་གལ་སྙམ། དེང་སྐབས་མཐོ་དམན་ཚང་མས་ྋགོང་ས་མཆོག་ཞལ་གྱི་རྩེར་བསྣམ་སྟེ་བོད་མི་མང་ནང་ཁུལ་མཐུན་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་དགོས་ལུགས་ཡང་ནས་ཡང་དུ་གསུངས་པ་དེ་དོན་བྱས་རྗེས་ཅན་གྱི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མཛད་གཙོ་རྣམ་པ་མ་ཉེས་ཁ་གཡོག་གི་གཏམ་འཆལ་ྋགོང་ས་མཆོག་ལ་བརྩི་བཀུར་མ་ཞུས་པར་གྲྭ་པ་དང༌། ཆོས་ལུགས་ཆེན་པོ་ལྔའི་གྲྭ་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཇལ་བཅར་སྐབས་གཞན་དང་མ་འདྲ་བར་ྋརྒྱལ་བའི་སྐུ་ཕྱྭར་དོགས་པ་གནང་སྟེ་ལུས་བཤེར་ཡང་ནས་ཡང་དུ་གཏོང་བ་འདི་རིགས་ནི་ྋགོང་ས་མཆོག་ལ་དགེ་འདུན་པས་སྐུ་ཕྱྭར་འཚེ་བ་བྱེད་རྒྱུ་ཡོད་པའི་རྣམ་པ་བསྟན་པ་དེ་ནི་ལྟས་ངན་ཤར་བ་ཞིག་རེད། གནས་ཚུལ་འདི་ནི་ྋགོང་ས་མཆོག་ལ་ཚབ་ཆེས་མཚན་སྨད་དངོན་སུམ་དུ་ཞུས་པ་ཞིག་རེད་ན་དེའི་སྐོར་གཞུང་འཛིན་པ་བཀའ་ཤག་གཙོས་གཤམ་འོག་ལས་བྱེད་རྣམ་པས་ཐུགས་སྣང་ངེས་པར་དུ་གནང་དགོས་གལ་ཆེ་བ་ཞིག་རེད། ལྷག་པར་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དགེ་འདུན་པ་དང༌། བོད་མི་སྐུ་ཕྱྭར་འཚེ་བ་བྱེད་རྒྱུ་ཡིན་ཚུལ། གཡས་གཡོན་དང་རྒྱབ་མདུན་གང་ས་ནས་གཡོ་བསྐོར་བསླུ་བྲིད་སྣ་ཚོགས་ཀྱིས་སྤྱི་ཚོགས་ནང་དཀྲོག་གཏམ་ཅི་རིགས་སྤེལ་ནས་དུས་བདེ་བག་ཕེབས་མེད་པ་ཞིག་གནང་གི་འདུག་ན་དེ་དག་མཚམས་འཇོག་ཞུ་དགོས་སྙམ།
སྤྱིར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་བསྟན་སྲིད་ཆགས་འཇིག་ཇི་ལྟར་ཁོང་ལ་ཐུག་པར་བརྟེན་མདོ་སྟོད་ཤི་གསོན་གཉིས་ཀྱི་དམིགས་ཡུལ་གཙོ་བོར་ྋགོང་ས་ཆེན་པོའི་སྐུ་ཕྱྭ་འགན་སྲུང་ཞུ་རྒྱུ་ཡིན་པར་བརྟེན་དེ་སྔོན་ཡང་ཤ་ཁྲག་གི་ཟམ་པ་བཙུགས་ཏེ་གདན་ཞུ་ཞུས་པ་རེད། ད་དུང་ཡིནའང་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུར་དུས་ནམ་ཡང་འགྱུར་བ་མེད་པ་མ་ཟད། བོད་མི་རིགས་ནས་ྋགོང་ས་ཆེན་པོར་དད་གུས་མ་ཞུས་པར་ཁ་གཏད་བཅག་གི་འདུག་ཟེར་བ་དེ་རིགས་བློ་བཟུ་བོར་དུ་གནས་པ་རྣམས་ཀྱིས་ཐུགས་ཞིབ་གནང་དང༌། དེ་ནི་གདོན་གྱིས་རློམ་པའི་འཆལ་གཏམ་ངོ་མ་ཞིག་རེད། ཇི་ལྟར་ྋགོང་ས་མཆོག་གི་ཕྱོགས་དང་ལི་ཐང་ཨ་ཐར་གྱི་ཕྱོགས་ཞེས་གཏམ་སྔོ་ལོ་ལང་ནས་འཕྱར་མཁན་དེ་ལྟ་བུ་ཐ་ཞན་གྱི་གཏམ་དེ་རྣམས་མཚམས་འཇོག་གནང་རོགས་ཞུ་རྒྱུ་ཡིན།
ཞར་བྱུང་དུ་མི་ངན་ཇག་ཁྲམ་བློ་བཟང་ཚུལ་ཁྲིམས་དང༌། སྤོམ་ར་དབང་རྒྱལ་ཅན་གྱིས་ཆུ་སྒང་གི་རྒྱུ་དངོས་ཧམ་ཟས་བྱས་པ་དེ་དག་མདོ་སྟོད་མི་མང་སྤྱི་ཐོག་ཏུ་མིག་སྨན་མིག་ཐོག་ཏུ་སྨིན་ཞུ་དགོས་པ་སྒེར་གྱི་ཧམ་ཟས་བྱ་བདེ་མེད་པར་བརྟེན་སྤྱི་ཐོག་ཏུ་མ་བཞག་པར་འགྲིག་ཐབས་ནམ་ཡང་མེད་ངེས་ཡིན།
གང་ལྟར་གཞན་གྱིས་སྟོད་སྨད་ཇི་ལྟར་མ་ངེས་ཀྱང་ང་ཚོ་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདིས་སྤྱི་ནོར་ྋགོང་ས་ཆེན་པོ་མཆོག་ནི་འདས་མ་འོངས་ད་ལྟ་དུས་གསུམ་དུ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེ་ས་ཁོང་ལས་གཞན་མེད་ངེས་ཡིན་པ་མ་ཟད། དེར་འགྱུར་བ་ཡང་མེད་ཐག་ཆོད་ཡིན་པ་དང༌། མཇུག་ཏུ་རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཞབས་པད་བརྟན་པ་ཤོག་ཅེས་སྙིང་ཐག་པ་ནས་ཞུ་རྒྱུ་བཅས།
ལྡི་ལི་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༩༨ ཟླ་ ༦ ཚེས་ ༡༦ ལ། །
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༩ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
དེ་རིང་བོད་རྒྱལ་ལོ་ ༢༡༢༣ ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱངས་བའི་བོད་ཁམས་གཅིག་འགྱུར་གྱི་རླབས་ཆེན་གཟི་བརྗིད་ཅན་གྱི་མཛད་རྗེས་ཕུལ་དུ་བྱུང་བ་རྣམ་པས། བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་ལྕགས་ཚ་གྲུ་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་གསར་དུ་དབུ་བརྙེས་པའི་དུས་དྲན་ཐེངས་སུམ་བཅུ་སོ་དགུ་འཁོར་བའི་ཉིན་མོ་འདིར། དེ་རིང་གི་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་ལྷན་རྒྱས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྐུ་ཚབ་ཞུས་ཏེ་མཛའ་བརྩེ་ཆེན་པོས་གུས་བཏུད་འཚམས་འདྲི་དང་ཆབས་ཅིག་བཀྲིས་བདེ་ལེགས་ཞུ་ཡི་ཡོད།
ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་དཔའ་བོ་ཕུལ་བྱུང་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་དབུ་ཁྲིད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོ་རྣམས་རྡོག་རྩ་གཅིག་ཏུ་བསྒྲིལ་ཐོག་གཅེས་པའི་རང་གྲོགས་དང༌། གཟའ་ཟླ་བུ་ཕྲུག་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས། རྒྱལ་བསྟན་ཆབ་སྲིད་དང་བོད་ཀྱི་སྣོད་བཅུད་མི་རིགས་དང་བཅས་པར་ཆགས་འཇིག་ཛ་དྲག་གི་གནས་བབས་ཅི་བྱ་གཏོལ་བྲལ་གྱི་ཉེན་འགལ་ལས་སྐྱོབས་ཆེད་བསྟན་སྲུང་དང་བླངས་དམག་གི་དཔུང་སྡེ་ཆེན་པོའི་སྒྲིག་འཛུགས་དངོས་སུ་བཙུགས་ཏེ་དགྲ་འཐབ་ཀྱི་ལས་འགུལ་རིམ་པར་བྱུང་བ་རེད།
གནས་ལུགས་མདོར་བསྡུས་ཞིག་སྐུ་མགྲོན་རྣམ་པར་ཞུ་རྒྱུར། རྒྱ་ནག་སྲིད་དབང་རྒྱ་མར་གུང་ཁྲན་ལ་བྱུང་མ་ཐག་ཏུ་ལོ་སྟོང་ཕྲག་རྒལ་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཆོས་དང་རིག་གཞུང༌། མི་རིགས་གོམ་གཤིས་དང་བཅས་པ་རྒྱལ་ཁབ་གཞན་ལས་ཐ་དད་རང་བཙན་གཙང་མར་གནས་པའི་བོད་རྒྱལ་ཁབ་སྙོན་མེད་ཅིག་ཡིན་བཞིན་དུ། ༡༩༤༩ ལོ་ནས་འགོ་འཛུགས་ཀྱི་བོད་ས་རིམ་ཟས་ཀྱི་ཆབ་མདོ་དྲག་པོའི་དམག་གིས་བཅོམ་པ་དང༌། དེ་ནས་མི་རིང་བར་རྒྱལ་ས་ལྷ་སར་འབྱོར་ཏེ་བོད་ཀྱི་ཆབ་སྲིད་ལའང་རིམ་གྱིས་དབང་བསྒྱུར་བྱས་ཏེ་གཞུང་ཞབས་སེར་སྐྱ་རྣམས་ཀྱང་དབང་མེད་དགྲ་བོའི་བྲན་གཡོག་ཏུ་ཚུད་དེ། དགྱེ་དགྱེ་དང་སྒུར་སྒུར་བྱ་དཀའ་བའི་གནས་གྱར་སྐབས་དེར་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་སྐྱོབ་ཆེད་དུ་བསྟན་སྲུང་དང་བླངས་དམག་གིས་བོད་ཀྱི་ས་ཕྱོགས་གང་ས་ནས་རྒྱ་དམར་ལ་རྒོལ་འཛིན་བྱས་དང་བྱེད་བཞིན་པའི་སྐབས་དེར།
ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ནས་ྋགོང་ས་ཆེན་པོ་མཆོག་རྒྱ་ནག་ཏུ་ངན་བྱུས་སྣ་ཚོགས་ཐོགས་བཙན་ཁྲིད་བྱེད་རྒྱུའི་ལག་ལེན་དངོས་སུ་བསྟར་སྐབས་བོད་བསྟན་སྲིད་ཀྱི་སྲོག་རྩ་དང༌། རྒྱལ་བསྟན་ཆབ་སྲིད་ཀྱི་མངའ་བདག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ཉིད་ཡིན་པར་བརྟེན་ྋརྒྱལ་བའི་སྐུ་སྲུང་ཞུས། ནོར་གླིང་ཕོ་བྲང་དུའང་མེ་སྒྱོགས་ཀྱི་ཚོད་བལྟ་ཐེངས་གཉིས་བྱས་བྱུང་བའི་སྐབས་དེར་བློས་འགན་མ་བཟོད་པར་ྋགོང་ས་མཆོག་གི་སྐུ་འཁོར་དང༌། ཡོངས་འཛིན་རྣམ་གཉིས་བཅས་ལྷ་སའི་སྐྱིད་ཆུའི་ཁ་བར་གསང་བར་ཕེབས་བསྐྱེལ་ཞུས། དེ་ནས་ར་རྨད་སྒང་གྲུ་ཁར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དངས་དམག་གིས་ཕེབས་བསུ་ཞུས་པ་མཛད་རྣམ་ནང་གསལ་བ་ལྟར་ལགས་པ་དང༌། དེ་ནས་བོད་ཀྱི་རྒྱལ་སའི་ལྷོ་ཕྱོགས་གཉན་ལྷུན་རྩེ་རྫོང་དུ་བོད་སྲིད་གསར་འཛུགས་ཀྱི་མཛད་སྒོར་གནང་ནས་མོན་རྟ་དབང་བར་ལྷ་ལམ་དར་དཀར་ཐོག་བདེ་བར་ཕེབས་ཐུབ་ཐབས་སུ་ཤ་ཁྲག་གིས་འགྲོ་གྲོན་བཏང་སྟེ་རྒྱ་གར་འཕགས་པའི་ཡུལ་དུ་གདན་ཞུ་ཐུབ་པ་མ་ཟད་བོད་གཞུང་བཀའ་ཤག་དང་བསྟན་འཛིན་ཀྱི་སྐྱེས་ཆེན་དམ་པ། མཁན་བླ་དགེ་བའི་བཤེས་གཉེན་ནས་མཚོན་སེར་སྐྱ་མང་པོ་གེགས་མེད་ཕེབས་རྗེས་སུ་རིམ་གྱིས་བཅར་ཐུབ་པ་བྱུང་བ་དང༌།
༡༽ དེས་གྲུབ་འབྲས་ནི་དེང་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ནི་མཁའ་ཁྱབ་ཡོངས་ལ་རླུང་ལྟར་གྲགས་པས། འཛམ་གླིང་ནང་ཞི་བདེ་དད་དཔོན་ཆེན་པོའི་གཟེངས་བསྟོད་འབུལ་བཞེས་ཀྱིས་གཟི་བརྗིད་འཛམ་གླིང་ནང་ངོམ་ཆོག་པའི་གྲུབ་འབྲས་བསྲུབ་ཏུ་མེད་པ་མཁྱེན་གསལ་ལྟར་ལགས་པ་དང༌།
༢༽ ལྷག་པར་དུའང་རྒྱ་གར་དུ་སྐྱབས་བཅོལ་འབྱོར་ནས་ཀྱང་བསྟན་པ་དང་སྲིད་ཀྱི་དོན་དུ་སླར་ཡང་ལུས་སྲོག་ལས་མེད་པ་དེའང་བློས་བཏང་གི་སྟོད་གློའི་ཁུལ་དུ་འཇབ་དམག་གིས་སྒྲིག་འཛུགས་བཙུགས་ཏེ་རྒྱ་དམར་དང་དགྲ་འཐབ་ལན་མང་བྱས་དང༌།
༣༽ དེ་ནས་ཨ་རིར་མི་གྲངས་ ༢༠༠ ལྷག་སྐོར་སློབ་སྦྱོང་བྱས་ཏེ་རང་ཡུལ་བོད་ཀྱི་ས་ཐོག་གནམ་ཐོག་ནས་ཉམས་ཞིབ་དང༌། བོད་མི་ནང་ཁུལ་ལྕགས་ཐག་ལག་སྦྲེལ་གྱིས་དགྲ་བརྒོལ་གཉེན་སྐྱོང་ཆེད་དུ་བཏང་བ་རྣམས་མང་ཆེ་བ་བསྟན་དོན་དུ་རང་སྲོག་ཤོར།
༤༽ རྒྱལ་ཁབ་དབར་གྲོས་ཆོད་བཞག་སྟེ་ཕྱི་ལོ་ ༡༩༦༢ ལོར་ཌེ་ར་ཌུན་དུ་དངས་བླང་དམག་སྒར་བཙུགས་པ་དེར་ཞུགས་ཏེ་དུས་དང་དུས་སྐབས་ཀྱི་ཞབས་འདེགས་ཞུས་དང་ཞུ་བཞིན་ལགས།
༥༽ མདོ་སྟོད་ཀྱི་མི་ཁོངས་དྲག་ཞན་སུ་ལའང་བོད་གཞུང་གིས་ལས་འགན་བཀོད་སྒྲིག་གནང་བའི་རིགས་མདོ་བཀའ་བློན་ཁྲི་པ་མན་དང༌། དམའ་ཡིག་བསྐྱེལ་གྱིས་མཚོན་པའི་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བྱས་རྗེས་མིག་སྔར་མཐོང་རྒྱུ་ཡོད་པ་དེ་དག་ནི་སུས་ཀྱང་བསུས་ཐབས་མེད་པ་མཁྱེན་ཆུབ་ཡོད་པ་ཞིག་རེད། རྩ་བའི་རང་དོན་གཅེས་ཀྱི་ལས་འགན་བསྒྲུབ་པར་བྱ་ཡུས་དང་ངོ་སོ་སུ་ལ་ཞུས་ཏེ་དེ་དག་ནི་མང་ཚོགས་ཀྱིས་མཁྱེན་རྟོགས་ཀྱི་ཆེད་དུ་མདོ་བསྡུས་ཙམ་ཞུས་པ་མཁྱེན་དགོས་ལགས།
ད་ནི་སྤྱི་སྨོན་རེ་འདུན་ལྟ་བུ་ཞིག་ཞུ་གལ་སྙམ། དེང་སྐབས་མཐོ་དམན་ཚང་མས་ྋགོང་ས་མཆོག་ཞལ་གྱི་རྩེར་བསྣམ་སྟེ་བོད་མི་མང་ནང་ཁུལ་མཐུན་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་དགོས་ལུགས་ཡང་ནས་ཡང་དུ་གསུང་པ་དེ་ལྟར་ནའང་དོན་དུ་གཡས་གཡོན་དང་རྒྱབ་མདུན་གང་ས་ནས་གཡོ་བསྐོར་བསླུ་བྲིད་སྣ་ཚོགས་ཀྱིས་སྤྱི་ཚོགས་ནང་དཀྲོག་གཏམ་ཅི་རིགས་སྤེལ་ནས་དུས་བདེ་བག་ཕེབས་མེད་པ་ཞིག་གནང་གི་འདུག དམའ་ས་ནས་བྲན་གཡོག་དག་གིས་ཀྱང་ང་ཚོ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་གཞུང་གིས་ངོས་ལེན་གཙང་མར་གནང་སྟེ་རྒྱབ་སྐྱོར་གནང་གི་ཡོད། ཆུ་བཞི་སྒང་དྲུག་ལ་ྋགོང་ས་མཆོག་དང༌། བོད་གཞུང་གིས་ཁོ་ཚོར་ངོས་ལེན་གནང་གི་མེད་ཚུལ་རྒྱུན་དུ་བློ་བཟང་སེང་གེ་དང་རྒྱ་རི་ཕུགས་དཀྲུགས་ཅན་ནས་གསལ་བསྒྲགས་ཀྱི་སྙིང་དོན་དུ། ང་ཚོའི་ཕྱོགས་སུ་མ་ཡོང་ན་ཁྱེད་ཚོས་དེ་སྔོན་སློབ་གྲྭར་བཅུག་པའི་ཕྲུ་གུ་རྣམས་ཕྱིར་འབུད་བྱ་རྒྱུ་དང༌། སླད་ཕྲུ་གུ་སློབ་གྲྭར་འཇུག་གི་མིན་པར་མ་ཟད། བོད་མི་སྤྱི་མཚུངས་ཀྱི་ཐོབ་ཐང་ཡང་རྩ་བ་ནས་ཡོང་གི་མ་རེད། སོགས་བརྗོད་འདུག་པ་འདི་དག་ཕྱི་ནང་གང་སར་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་པ་འདི་མཚམས་འཇོག་མ་བྱས་པར་ད་དུང་མུ་མཐུད་བྱ་སྤྱོད་འདི་དག་སྤེལ་ན་སྤྱིར་ྋགོང་ས་དང༌། བོད་གཞུང་ལ་བསྟོད་པ་མ་ཡིན་སྨད་པར་འགྲོ་ཉེན་འདུག་པས་མཚམས་འཇོག་བྱ་གལ་ཆེ་སྙམ།
སྤྱིར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་དད་འདུན་ཞུ་མཁན་བོད་མི་ཕར་ཞོགས་ཕྱི་རྒྱལ་མི་རིགས་ནས་ཀྱང་དད་གུས་རྩེ་གཅིག་ཏུ་ཞུ་བཞིན་ཡོད་པ་ཤེས་གསལ་ལ། བོད་མི་རིགས་ཀྱིས་ྋགོང་ས་མཆོག་ལ་དད་གུས་མ་ཞུས་པར་ཁ་གཏད་བཅག་གི་འདུག་ཟེར་བ་དེ་རིགས་བློ་གཟུ་བོར་གནས་པ་རྣམས་ཀྱིས་ཐུགས་ཞིབ་གནང་དང༌། དེ་ནི་གདོན་གྱིས་བརློམས་པའི་འཆལ་གཏམ་ངོ་མ་ཞིག་རེད། ཇི་ལྟར་ྋགོང་ས་མཆོག་གི་ཕྱོགས་དང༌། ལི་ཐང་ཨ་ཐར་གྱི་ཕྱོགས་ཞེས་གཏམ་སྔོ་ལོ་ལོང་ནས་འཕྱར་མཁན་དེ་ལྟ་བུ་ཐ་ཞན་གྱི་གཏམ་དེ་རྣམས་མཚམས་འཇོག་གནང་རོགས་ཞུ་རྒྱུ་ཡིན།
ལྷག་པར་དུའང་ ༩༥ ཟླ་ ༥ ཚེས་ ༢ འཁོད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་ཡང་དག་པ་ཞིག་ཡོང་བའི་ལམ་སྟོན་གནང་དོན་དང་ཕྱོགས་ཙམ་མི་མཐུན་པ། བཅའ་ཁྲིམས་དང་སྒྲིག་གཞིའི་དགོངས་དོན་ཁག་གོ་ལོག་ལག་བསྟར་གྱིས་འོས་བསྡུ་སྤྱི་ཁྱབ་རྡོ་རྗེ་དགྲ་འདུལ་ནས་མདོ་སྟོད་མང་ཚོགས་ཀྱིས་འོས་འཕེན་ཞུས་པའི་འོས་གྲངས་ ༢༠༠༠ ནས་ ༣༠༠༠ སྐོར་ཐོབ་པ་རྣམས་རྩིས་མེད་རྡོག་རོལ་བཏང་བ་འདི་ཐད། ང་ཚོ་མདོ་སྟོད་མི་མང་གི་གདམ་བྱ་འདེམ་བྱེད་དང༌། འགྲོ་བ་མིའི་ཐོབ་ཐང་བཅས་པ་བཙན་འཕྲོག་བྱས་པ། ལྷག་པར་དུའང་ད་ལམ་སྐབས་ ༡༢ པའི་སྤྱི་འཐུས་དངོས་གཞི་འོས་བསྡུ་གྲངས་བཤེར་སྐབས་ཉ་ཉུང་ཚབ་ཆེ་བྱས་ཡོད་པ་རེད། དེ་ནི་སྔ་ལོ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བས་རང་ཉེས་གཞན་འགལ་སྐྱོན་ངན་སོ་སོར་ཁྱེར་བའི་བརྒྱ་ཆ་ ༩༩་༠༦ ཐོབ་ཡོད་ཅེས་སྟོང་སྒྲ་སྒྲོགས་པ་དེ་བཞིན་བོང་གུ་འདོད་པས་དེད་པའི་རྐྱེན་གྱིས་གནང་བ་རེད། དེས་ན་ཉི་ཤར་སྦར་མོས་བཀབ་མ་ཐུབ་སྟབས་ད་ཆ་སླར་ཡང་རྫུན་རྐུབ་དོར་བ་རེད།
གང་ལྟར་གཞན་གྱིས་སྟོད་སྨད་ཇི་ལྟར་མ་ངེས་ཀྱང་ང་ཚོ་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདིས་སྤྱི་ནོར་ྋགོང་ས་ཆེན་པོ་མཆོག་ནི་འདས་མ་འོངས་ད་ལྟ་དུས་གསུམ་དུ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེ་ས་ཁོང་ལས་གཞན་མེད་ངེས་ཡིན་པ་མ་ཟད། དེར་འགྱུར་བ་ཡང་མེད་ཐག་ཆོད་ཡིན་པ་དང༌། མཇུག་ཏུ་རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཞབས་པད་བརྟན་པ་ཤོག་ཅེས་སྙིང་ཐག་པ་ནས་ཞུ་རྒྱུ་བཅས།
ལྡི་ལི་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༩༧ ཟླ་ ༦ ཚེས་ ༡༦ ལ། །
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༨ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
དེ་རིང་བོད་རྒྱལ་ལོ་ ༢༡༢༣ ཕྱི་ལོ་ ༡༩༩༦ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་སྔར་བྱུང་མ་མྱངས་བའི་བོད་ཁམས་གཅིག་འགྱུར་གྱི་རླབས་ཆེན་གཟི་བརྗིད་ཅན་གྱི་མཛད་རྗེས་ཕུལ་དུ་བྱུང་བ་རྣམ་པས། བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་ལྕགས་ཚ་གྲུ་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་གསར་དུ་དབུ་བརྙེས་པའི་དུས་དྲན་ཐེངས་སུམ་བཅུ་སོ་བརྒྱད་འཁོར་བའི་ཉིན་མོ་འདིར། དེ་རིང་གི་མཛད་སྒོར་ཕེབས་པའི་སྐུ་མགྲོན་རྣམ་པ་ལྷན་རྒྱས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྐུ་ཚབ་ཞུས་ཏེ་མཛའ་བརྩེ་ཆེན་པོས་གུས་བཏུད་འཚམས་འདྲི་དང་ཆབས་ཅིག་བཀྲིས་བདེ་ལེགས་ཞུ་ཡི་ཡོད།
ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་དཔའ་བོ་ཕུལ་བྱུང་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་དབུ་ཁྲིད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོ་རྣམས་རྡོགས་རྩ་གཅིག་ཏུ་བསྒྲིལ་ཐོག་གཅེས་པའི་རང་གྲོགས་དང༌། གཟའ་ཟླ་བུ་ཕྲུག་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས། རྒྱལ་བསྟན་ཆབ་སྲིད་དང་བོད་ཀྱི་སྣོད་བཅུད་མི་རིགས་དང་བཅས་པར་ཆགས་འཇིག་ཛ་དྲག་གི་གནས་བབས་ཅི་བྱ་གཏོལ་བྲལ་གྱི་ཉེན་འགལ་ལས་སྐྱོབས་ཆེད་བསྟན་སྲུང་དང་བླངས་དམག་གི་དཔུང་སྡེ་ཆེན་པོའི་སྒྲིག་འཛུགས་དངོས་སུ་བཙུགས་ཏེ་དགྲ་འཐབ་ཀྱི་ལས་འགུལ་རིམ་པར་བྱུང་བ་རེད།
གནས་ལུགས་མདོར་བསྡུས་ཞིག་སྐུ་མགྲོན་རྣམ་པར་ཞུ་རྒྱུར། རྒྱ་ནག་སྲིད་དབང་རྒྱ་དམར་གུང་ཁྲན་ལ་བྱུང་མ་ཐག་ཏུ་ལོ་སྟོང་ཕྲག་བརྒལ་བའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཆོས་དང་རིག་གཞུང༌། མི་རིགས་གོམ་གཤིས་དང་བཅས་པ་རྒྱལ་ཁབ་གཞན་ལས་ཐ་དད་རང་བཙན་གཙང་མར་གནས་པའི་བོད་རྒྱལ་ཁབ་སྙོན་མེད་ཅིག་ཡིན་བཞིན་དུ། ༡༩༤༩ ལོ་ནས་འགོ་འཛུགས་ཀྱི་བོད་ས་རིམ་ཟས་ཀྱི་ཆབ་མདོ་དྲག་པོའི་དམག་གིས་བཅོམ་པ་དང༌། དེ་ནས་མི་རིང་བར་རྒྱལ་ས་ལྷ་སར་འབྱོར་ཏེ་བོད་ཀྱི་ཆབ་སྲིད་ལའང་རིམ་གྱིས་དབང་བསྒྱུར་བྱས་ཏེ་གཞུང་ཞབས་སེར་སྐྱ་རྣམས་ཀྱང་དབང་མེད་དགྲ་བོའི་བྲན་གཡོག་ཏུ་ཚུད་དེ། དགྱེ་དགྱེ་དང་སྒུར་སྒུར་བྱ་དཀའ་བའི་གནས་གྱར་སྐབས་དེར་བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་སྐྱོབ་ཆེད་དུ་བསྟན་སྲུང་དང་བླངས་དམག་གིས་བོད་ཀྱི་ས་ཕྱོགས་གང་ས་ནས་རྒྱ་དམར་ལ་རྒོལ་འཛིན་བྱས་དང་བྱེད་བཞིན་པའི་སྐབས་དེར།
ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ནས་ྋགོང་ས་ཆེན་པོ་མཆོག་རྒྱ་ནག་ཏུ་ངན་བྱུས་སྣ་ཚོགས་ཐོགས་བཙན་ཁྲིད་བྱེད་རྒྱུའི་ལག་ལེན་དངོས་སུ་བསྟར་སྐབས་བོད་བསྟན་སྲིད་ཀྱི་སྲོག་རྩ་དང༌། རྒྱལ་བསྟན་ཆབ་སྲིད་ཀྱི་མངའ་བདག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཁོ་ན་ཉིད་ཡིན་པར་བརྟེན་ྋརྒྱལ་བའི་སྐུ་སྲུང་ཞུས། ནོར་གླིང་ཕོ་བྲང་དུའང་མེ་སྒྱོགས་ཀྱི་ཚོད་བལྟ་ཐེངས་གཉིས་བྱས་བྱུང་བའི་སྐབས་དེར་བློས་འགན་མ་བཟོད་པར་ྋགོང་ས་མཆོག་གི་སྐུ་འཁོར་དང༌། ཡོངས་འཛིན་རྣམ་གཉིས་བཅས་ལྷ་སའི་སྐྱིད་ཆུའི་ཁ་བར་གསང་བར་ཕེབས་བསྐྱེལ་ཞུས། དེ་ནས་ར་རྨད་སྒང་གྲུ་ཁར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དངས་དམག་གིས་ཕེབས་བསུ་ཞུས་པ་མཛད་རྣམ་ནང་གསལ་བ་ལྟར་ལགས་པ་དང༌། དེ་ནས་བོད་ཀྱི་རྒྱལ་སའི་ལྷོ་ཕྱོགས་གཉན་ལྷུན་རྩེ་རྫོང་དུ་བོད་སྲིད་གསར་འཛུགས་ཀྱི་མཛད་སྒོར་གནང་ནས་མོན་རྟ་དབང་བར་ལྷ་ལམ་དར་དཀར་ཐོག་བདེ་བར་ཕེབས་ཐུབ་ཐབས་སུ་ཤ་ཁྲག་གིས་འགྲོ་གྲོན་བཏང་སྟེ་རྒྱ་གར་འཕགས་པའི་ཡུལ་དུ་གདན་ཞུ་ཐུབ་པ་མ་ཟད་བོད་གཞུང་བཀའ་ཤག་དང་བསྟན་འཛིན་ཀྱི་སྐྱེས་ཆེན་དམ་པ། མཁན་བླ་དགེ་བའི་བཤེས་གཉེན་ནས་མཚོན་སེར་སྐྱ་མང་པོ་གེགས་མེད་ཕེབས་རྗེས་སུ་རིམ་གྱིས་བཅར་ཐུབ་པ་བྱུང་བ་དང༌།
༡༽ དེས་གྲུབ་འབྲས་ནི་དེང་སྐབས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་ནི་མཁའ་ཁྱབ་ཡོངས་ལ་རླུང་ལྟར་གྲགས་པས། འཛམ་གླིང་ནང་ཞི་བདེ་དད་དཔོན་ཆེན་པོའི་གཟེངས་བསྟོད་འབུལ་བཞེས་ཀྱིས་གཟི་བརྗིད་འཛམ་གླིང་ནང་ངོམ་ཆོག་པའི་གྲུབ་འབྲས་བསྲུབ་ཏུ་མེད་པ་མཁྱེན་གསལ་ལྟར་ལགས་པ་དང༌།
༢༽ ལྷག་པར་དུའང་རྒྱ་གར་དུ་སྐྱབས་བཅོལ་འབྱོར་ནས་ཀྱང་བསྟན་པ་དང་སྲིད་ཀྱི་དོན་དུ་སླར་ཡང་ལུས་སྲོག་ལས་མེད་པ་དེའང་བློས་བཏང་གི་སྟོད་གློའི་ཁུལ་དུ་འཇབ་དམག་གིས་སྒྲིག་འཛུགས་བཙུགས་ཏེ་རྒྱ་དམར་དང་དགྲ་འཐབ་ལན་མང་བྱས་དང༌།
༣༽ དེ་ནས་ཨ་རིར་མི་གྲངས་ ༢༠༠ ལྷག་སྐོར་སློབ་སྦྱོང་བྱས་ཏེ་རང་ཡུལ་བོད་ཀྱི་ས་ཐོག་གནམ་ཐོག་ནས་ཉམས་ཞིབ་དང༌། བོད་མི་ནང་ཁུལ་ལྕགས་ཐག་ལག་སྦྲེལ་གྱིས་དགྲ་བརྒོལ་གཉེན་སྐྱོང་ཆེད་དུ་བཏང་བ་རྣམས་མང་ཆེ་བ་བསྟན་དོན་དུ་རང་སྲོག་ཤོར།
༤༽ རྒྱལ་ཁབ་དབར་གྲོས་ཆོད་བཞག་སྟེ་ཕྱི་ལོ་ ༡༩༦༢ ལོར་ཌེ་ར་ཌུན་དུ་དངས་བླང་དམག་སྒར་བཙུགས་པ་དེར་ཞུགས་ཏེ་དུས་དང་དུས་སྐབས་ཀྱི་ཞབས་འདེགས་ཞུས་དང་ཞུ་བཞིན་ལགས།
༥༽ མདོ་སྟོད་ཀྱི་མི་ཁོངས་དྲག་ཞན་སུ་ལའང་བོད་གཞུང་གིས་ལས་འགན་བཀོད་སྒྲིག་གནང་བའི་རིགས་མགོ་བཀའ་བློན་ཁྲི་པ་མན་དང༌། དམའ་ཡིག་བསྐྱེལ་གྱིས་མཚོན་པའི་ལྷག་བསམ་རྣམ་དག་གིས་ཞབས་འདེགས་བྱས་རྗེས་མིག་སྔར་མཐོང་རྒྱུ་ཡོད་པ་དེ་དག་ནི་སུས་ཀྱང་བསུས་ཐབས་མེད་པ་མཁྱེན་ཆུབ་ཡོད་པ་ཞིག་རེད། རྩ་བའི་རང་དོན་གཅེས་ཀྱི་ལས་འགན་བསྒྲུབ་པར་བྱ་ཡུས་དང་ངོ་སོ་སུ་ལ་ཞུས་ཏེ་དེ་དག་ནི་མང་ཚོགས་ཀྱིས་མཁྱེན་རྟོགས་ཀྱི་ཆེད་དུ་མདོ་བསྡུས་ཙམ་ཞུས་པ་མཁྱེན་དགོས་ལགས།
ད་ནི་སྤྱི་སྨོན་རེ་འདུན་ལྟ་བུ་ཞིག་ཞུ་གལ་སྙམ། དེང་སྐབས་མཐོ་དམན་ཚང་མས་ྋགོང་ས་མཆོག་ཞལ་གྱི་རྩེར་བསྣམ་སྟེ་བོད་མི་མང་ནང་ཁུལ་མཐུན་སྒྲིལ་ལྕགས་ཀྱི་གོང་བུ་ལྟར་དགོས་ལུགས་ཡང་ནས་ཡང་དུ་གསུང་པ་དེ་ལྟར་ནའང་དོན་དུ་གཡས་གཡོན་དང་རྒྱབ་མདུན་གང་ས་ནས་གཡོ་བསྐོར་བསླུ་བྲིད་སྣ་ཚོགས་ཀྱིས་སྤྱི་ཚོགས་ནང་དཀྲོག་གཏམ་ཅི་རིགས་སྤེལ་ནས་དུས་བདེ་བག་ཕེབས་མེད་པ་ཞིག་གནང་གི་འདུག དམའ་ས་ནས་བྲན་གཡོག་དག་གིས་ཀྱང་ང་ཚོ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་དང༌། བོད་གཞུང་གིས་ངོས་ལེན་གཙང་མར་གནང་སྟེ་རྒྱབ་སྐྱོར་གནང་གི་ཡོད། ཆུ་བཞི་སྒང་དྲུག་ལ་ྋགོང་ས་མཆོག་དང༌། བོད་གཞུང་གིས་ཁོ་ཚོར་ངོས་ལེན་གནང་གི་མེད་ཚུལ་རྒྱུན་དུ་བློ་བཟང་སེང་གེ་དང་རྒྱ་རི་ཕུགས་དཀྲུགས་ཅན་ནས་གསལ་བསྒྲགས་ཀྱི་སྙིང་དོན་དུ། ང་ཚོའི་ཕྱོགས་སུ་མ་ཡོང་ན་ཁྱེད་ཚོས་དེ་སྔོན་སློབ་གྲྭར་བཅུག་པའི་ཕྲུ་གུ་རྣམས་ཕྱིར་འབུད་བྱ་རྒྱུ་དང༌། སླད་ཕྲུ་གུ་སློབ་གྲྭར་འཇུག་གི་མིན་པར་མ་ཟད། བོད་མི་སྤྱི་མཚུངས་ཀྱི་ཐོབ་ཐང་ཡང་རྩ་བ་ནས་ཡོང་གི་མ་རེད། སོགས་བརྗོད་འདུག་པ་འདི་དག་ཕྱི་ནང་གང་སར་ཁྱབ་བསྒྲགས་བྱས་དང་བྱེད་བཞིན་པ་འདི་མཚམས་འཇོག་མ་བྱས་པར་ད་དུང་མུ་མཐུད་བྱ་སྤྱོད་འདི་དག་སྤེལ་ན་སྤྱིར་ྋགོང་ས་དང༌། བོད་གཞུང་ལ་བསྟོད་པ་མ་ཡིན་སྨད་པར་འགྲོ་ཉེན་འདུག་པས་མཚམས་འཇོག་བྱ་གལ་ཆེ་སྙམ།
སྤྱིར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་གུས་བཀུར་དད་འདུན་ཞུ་མཁན་བོད་མི་ཕར་ཞོགས་ཕྱི་རྒྱལ་མི་རིགས་ནས་ཀྱང་དད་གུས་རྩེ་གཅིག་ཏུ་ཞུ་བཞིན་ཡོད་པ་ཤེས་གསལ་ལ། བོད་མི་རིགས་ཀྱིས་ྋགོང་ས་མཆོག་ལ་དད་གུས་མ་ཞུས་པར་ཁ་གཏད་བཅག་གི་འདུག་ཟེར་བ་དེ་རིགས་བློ་གཟུ་བོར་གནས་པ་རྣམས་ཀྱིས་ཐུགས་ཞིབ་གནང་དང༌། དེ་ནི་གདོན་གྱིས་བརློམས་པའི་འཆལ་གཏམ་ངོ་མ་ཞིག་རེད། ཇི་ལྟར་ྋགོང་ས་མཆོག་གི་ཕྱོགས་དང༌། ལི་ཐང་ཨ་ཐར་གྱི་ཕྱོགས་ཞེས་གཏམ་སྔོ་ལོ་ལོང་ནས་འཕྱར་མཁན་དེ་ལྟ་བུ་ཐ་ཞན་གྱི་གཏམ་དེ་རྣམས་མཚམས་འཇོག་གནང་རོགས་ཞུ་རྒྱུ་ཡིན།
ལྷག་པར་དུའང་ ༩༥ ཟླ་ ༥ ཚེས་ ༢ འཁོད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་ཡང་དག་པ་ཞིག་ཡོང་བའི་ལམ་སྟོན་གནང་དོན་དང་ཕྱོགས་ཙམ་མི་མཐུན་པ། བཅའ་ཁྲིམས་དང་སྒྲིག་གཞིའི་དགོངས་དོན་ཁག་གོ་ལོག་ལག་བསྟར་གྱིས་འོས་བསྡུ་སྤྱི་ཁྱབ་རྡོ་རྗེ་དགྲ་འདུལ་ནས་མདོ་སྟོད་མང་ཚོགས་ཀྱིས་འོས་འཕེན་ཞུས་པའི་འོས་གྲངས་ ༢༠༠༠ ནས་ ༣༠༠༠ སྐོར་ཐོབ་པ་རྣམས་རྩིས་མེད་རྡོག་རོལ་བཏང་བ་འདི་ཐད། ང་ཚོ་མདོ་སྟོད་མི་མང་གི་གདེམ་བྱ་འདེམ་བྱེད་དང༌། འགྲོ་བ་མིའི་ཐོབ་ཐང་བཅས་པ་བཙན་འཕྲོག་བྱས་པ། ལྷག་པར་དུའང་ད་ལམ་སྐབས་ ༡༢ པའི་སྤྱི་འཐུས་དངོས་གཞི་འོས་བསྡུ་གྲངས་བཤེར་སྐབས་ཉ་ཉུང་ཚབ་ཆེ་བྱས་ཡོད་པ་རེད། དེ་ནི་སྔ་ལོ་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བས་རང་ཉེས་གཞན་འགལ་སྐྱོན་ངན་སོ་སོར་ཁྱེར་བའི་བརྒྱ་ཆ་ ༩༩་༠༦ ཐོབ་ཡོད་ཅེས་སྟོང་སྒྲ་སྒྲོགས་པ་དེ་བཞིན་བོང་གུ་འདོད་པས་དེད་པའིཧརྐྱེན་གྱིས་གནང་བ་རེད། དེས་ན་ཉི་ཤར་སྦར་མོས་བཀབ་མ་ཐུབ་སྟབས་ད་ཆ་སླར་ཡང་རྫུན་རྐུབ་དོར་བ་རེད།
གང་ལྟར་གཞན་གྱིས་སྟོད་སྨད་ཇི་ལྟར་མ་ངེས་ཀྱང་ང་ཚོ་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདིས་སྤྱི་ནོར་ྋགོང་ས་ཆེན་པོ་མཆོག་ནི་འདས་མ་འོངས་ད་ལྟ་དུས་གསུམ་དུ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་རེ་ས་ཁོང་ལས་གཞན་མེད་ངེས་ཡིན་པ་མ་ཟད། དེར་འགྱུར་བ་ཡང་མེད་ཐག་ཆོད་ཡིན་པ་དང༌། མཇུག་ཏུ་རང་ཅག་རྣམས་ལ་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཞབས་པད་བརྟན་པ་ཤོག་ཅེས་སྙིང་ཐག་པ་ནས་ཞུ་རྒྱུ་བཅས།
ལྡི་ལི་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༩༦ ཟླ་ ༦ ཚེས་ ༡༦ ལ། །
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༧ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋབོད་རྒྱལ་ལོ་ ༢༡༢༢ ཕྱི་ལོ་ ༡༩༩༥ ཟླ་ ༦ ཚེས་ ༡༦ གི་ཉི་མོ་འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་རླབས་ཆེན་གྱི་དོན་སྙིང་ལྡན་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ལྕགས་ཚ་གྲི་གུ་ཐང་དུ་བོད་ཀྱི་བསྟན་སྲུང་དང་བླང་དམག་སྒར་གསར་དུ་དབུ་བརྙེས་ཏེ་ལོ་ངོ་ ༣༧ འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་རེད། དེརིང་གི་མཛད་སྒོར་ཕེབས་པའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
གཙོས་སྐུ་མགྲོན་རྣམ་ལྷན་རྒྱས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་འཚབ་ཞུས་ཏེ་མཛའ་འབྲེལ་ཆེན་པོའི་གུས་བཏུད་འཚམས་འདྲི་ཞུ་བ་དང་ཆབས་ཅིག་བཀྲིས་བདེ་ལེགས་ཞུ་ཡི་ཡོད།
འདས་ཟིན་པའི་ཕྱི་ལོ་ ༡༩༥༨ ལོའི་ཟླ་བ་ ༦ ཚེས་ ༡༦ ཉིན་བོད་ལྷོ་ཕྱོགས་ལྕགས་ཚ་གྲི་གུ་བཀྲིས་མཐོང་སྨོན་ཡངས་ཞིང་རྒྱ་ཆེ་བའི་སྤང་གཤོང་སྟེང་དུ་འཇིག་རྟེན་མིའི་ཆགས་ཞེན་ཆེ་བའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ་རྒྱལ་བསྟན་ཆབ་སྲིད་དང་བོད་ཀྱི་སྣོད་བཅུད་མི་རིགས་དང་བཅས་པ་ཆགས་འཇིག་བྱ་དྲག་གི་གནས་བབས་ལས་སྐྱོབ་ཆེད་དུ་རྒྱལ་གཅེས་དཔའ་བོ་ཛ་སག་ལི་ཐང་ཨ་འབྲུག་མགོན་པོ་བཀྲིས་དབུས་མདོ་ཁམས་ཆུ་སྒང་ཨ་མདོ་དང་བཅས་པའི་ཤོག་ཁག་ཉི་ཤུ་རྩ་གསུམ་གྱི་འགོ་དམག་རྣམས་ཕྱོགས་མཚམས་ཀུན་ནས་ཐུན་མོངས་ཀྱི་དམིགས་ཡུལ་གཅིག་དང༌། བསྒྲུབ་བྱའི་རྩ་དོན་གཅིག་གི་ཆེད་དུ་ལྷན་འཛོམས་བྱུང་བའི་ཐོག་མར་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་བསང་གསོལ་ཟབ་རྒྱས་དང་འབྲེལ་མཛད་སྒོའི་སྐབས་རྒྱལ་གཅེས་འགོ་དམག་རྣམས་དཔའ་ཉམས་རྟུལ་ཕོད་ཀྱི་སྙིང་སྟོབས་གོང་དུ་འཕྱུར་བའི་ལྗིད་ཉམས་ལྡན་པའི་སྒོ་ནས་གྲུ་རྩི་སེར་པོའི་ངོས་སུ་ྋརྒྱལ་བ་རིགས་གསུམ་མགོན་པོའི་ཕྱག་མཚན་རལ་གྲི་རྡོ་རྗེའི་པདྨ་ཡུ་བ་ཅན་དང༌། བོད་མིའི་ཐུན་མོངས་མ་ཡིན་པའི་ལག་རྩལ་བཟོ་རིགས་ཀྱི་ཁྱད་ཆོས་ལྡན་པའི་དཔའ་དམ་གཉིས་ཟུང་དུ་སྦྲེལ་བའི་དམག་དར་དགུང་སྔོན་དབྱིངས་སུ་བསྒྲེངས་ཏེ་རྟ་དམག་བཞི་བསྒྲིགས་ཀྱིས་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དབུ་གུར་དབུས་ཀྱི་བཞུགས་ཁྲིར་གདན་ཞུས་གྲུབ་ཉིན། མདོ་ཁམས་ཆུ་བཞི་སྒང་དྲུག་ནས་བོད་ཀྱི་བསྟན་སྲུང་དང་བླང་དདམག་སྒར་གསར་དུ་དབུ་བརྙེས་པའི་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག་རྒྱ་དམར་བཙན་འཛུལ་པར་ངོ་རྒོལ་བྱ་རྒྱུའི་འགོ་དམག་ཡོངས་ནས་དམ་བཅའ་ཕུལ་ཏེ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་རླབས་ཆེན་གྱི་ལོ་རྒྱུས་གསར་པ་ཞིག་འགོ་ཚུགས་ཡོད་པ་རེད།
དེ་ནས་བཟུང་སྟེ་རྒྱལ་གཅེས་འགོ་དམག་ཚོས་དཀའ་སྡུག་གང་ལའང་འཛེམས་མེད་པར་རྒྱ་དམར་གྱི་དྲག་དཔུང་ལ་གནམ་ལྕགས་ཐོག་འབེབ་ལྟ་བུར་བོད་ལྷོ་བྱང་ཤར་གསུམ་གྱི་ས་ཁུལ་དུ་མར་ངོ་རྒལ་གྱི་འཐབ་འཁྲུག་ལན་མང་བྱས་ཏེ་རྒྱ་དམར་བཙན་འཛུལ་བའི་མི་ཤུགས་དང༌། དངོས་ཤུགས་གང་ལ་ཕམ་ཉེས་གནོད་སྐྱོན་ཚབ་ཆེན་བཏང་ཡོད་ཀྱང་མཐར་གོ་ལག་དང་དཔུང་དམག་འཕྲུལ་འཁོར་སོགས་གང་ཐད་ནས་སྟོབས་ཤུགས་ཆེ་ཆུང་གིས་ཁ་གཏད་གཅོག་ཐབས་མ་གྱུར་ཡང༌། ༡༩༥༩ ལོར་གཙོ་ཆེར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བཽད་གཞུང་མི་མང་སེར་དང་བཅས་པ་ཁྲི་ཕྲག་མང་པོ་ལྷོ་ལམ་རྒྱུད་རྒྱ་གར་དུ་ཞབས་སོར་བདེ་འཁོད་ཐུབ་པའི་ལམ་ཆེན་གཏོང་ཐུབ་པ་བྱུང་ཡོད། དེ་རིང་གིཧདུས་ཚིགས་འདི་དང་བསྟུན་ནས་སྐབས་དེའི་བསྟན་སྲུང་དང་བླངས་འགོ་དམག་རྒན་རབས་རྣམས་ལ་དུས་དྲན་འདིར་དམིགས་བསལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན།
དུས་སྐབས་དེ་ནས་བཟུང་བོད་ཀྱི་བསྟན་སྲུང་དང་བླངས་ཀྱིས་བཙུགས་པའི་ཆུ་སྒང་སྒྲིག་འཛུགས་འདིས་བཙན་བྱོལ་བའི་སྤྱི་ཚོགས་ཀྱི་བརྒྱུད་རིང་འདིའི་ནང་ཞི་དྲག་གང་ཐད་ནས་ྋགོང་ས་མཆོག་གིས་དབུས་པའི་བོད་གཞུང་གི་ལམ་སྟོན་ལ་གུས་རྩི་ཞུས་པ་དང༌། ཆབས་ཅིག་བོད་སྤྱིའི་རྩ་དོན་ཐད་གཞིས་བྱེས་གང་ནས་ཕྱར་གྲུ་མཉམས་འདེགས་ཀྱི་ཞབས་ཞུ་ཆིག་བསྒྲིལ་ཆེན་པོས་ཞུས་དང་ཞུུ་བཞིན་པ་དེ་ལྟར་ནའང༌། བར་ལམ་རང་རེའི་རྩ་དོན་ལ་སྨིན་པའི་ཕྱི་ནང་ག་ས་ནས་བཟང་ཕྱོགས་ཀྱིས་གནས་ཚུལ་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་དགྲ་ཕྱོགས་ནས་དེར་མི་བཟོད་པའི་རྐྱེན་གྱིས་རང་རེའི་ནང་ཁུལ་དུ་ཁ་བྲལ་དཀྲུག་ཤིང་གི་བྱ་སྤྱོད་སྣེ་མང་སྤེལ་དང་སྤེལ་བཞིན་པར་བརྟེན། རང་རེའི་ཆུ་སྒང་གི་སྒྲིག་འཛུགས་འདི་ཡང་མང་ཚོགས་ཀྱིས་མཐོང་དང༌། ཆ་འཇོག་མེད་པ་ལྟ་བུ་ཞིག་ཏུ་གྱུར།
འོན་ཀྱང་སྔ་ལོ་བལ་ཡུལ་ཁུལ་གནས་སྡོད་མདོ་སྟོད་ཆུ་སྒང་མི་མང་ནས་ཆུ་སྒང་གི་སྒྲིག་འཛུགས་འདི་བཞིན་གལ་ཆེན་ཞིག་ཏུ་བརྩིས་ཏེ་མདོ་སྟོད་ཆུ་སྒང་མི་མང་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་ཞུས་པ་ ༩༤ ཟླ་ ༡༠ ཚེས་ ༡༡ ཉིན་བོད་མིའི་གནས་ཡུལ་ས་གནས་ཁག ༣༥ ལུང་ཚན་གྲངས་ ༣༧ གྱི་མི་འཐུས་ ༣༢༥ ཙམ་ལྷན་འཛོམས་ཐོག་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོག་དབུས་སུ་ཞབས་སོར་བཀྲིན་བསྐྱངས་ཏེ་བླང་དོར་གྱིས་བཀའ་སློབ་བསྩལ་ཐོབ་བྱུང་བ་དང༌། ཚོགས་ཆེན་ཐོག་ནས་མང་གཙོའི་ལམ་སྲོལ་དང་མཐུན་པའི་འོས་བསྡུའི་ལམ་ནས་མདོ་སྟོད་ཆུ་སྒང་དབུས་རྒྱུན་ལས་མི་གྲངས་ ༡༥ བསྐོ་བཞག་བྱུང་བ་བཞིན་ཆུ་སྒང་དབུས་རྒྱུན་ལས་རྣམས་ནས་ྋགོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དང༌། བོད་གཞུང་གི་སྲིད་བྱུས་ལམ་ཕྱོགས་སྲུང་བརྩི་ཞུ་རྒྱུ་དང་ཆོལ་གསུམ་བོད་རིགས་ཚང་མར་ཆིལ་སྒྲིལ་ཡོང་ཐབས་ལ་འབད་བརྩོན་ཞུ་བཞིན་པ་མ་ཟད། ྋགོང་ས་མཆོག་གི་ཐུགས་རྗེས་རང་རེའི་སྒྲིག་འཛུགས་འདི་ཡང་གཞིས་བྱེས་མི་མང་ལྷན་དུ་ཤར་བསྐྱོད་ཐུབ་པ་ཞིག་བྱུང་ཡོད།
འོན་ཀྱང་ཁོ་པ་ཚོས་ད་ལྟའི་ཆ་ཡང་མདོ་སྟོད་ཆུ་སྒང་མི་མང་དང༌། སྒྲིག་འཛུགས་འདིའི་དར་རྟགས་འཁྱཻར་ཏེ་བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ནང་དབྱེན་སྦྱོར་དཀྲུག་ཤིང་གི་ནུས་པ་འདོན་ཐབས། ལྷག་པར་རང་རེའི་ནང་ཁུལ་གྱི་ཆིག་སྒྲིལ་གཏོར་བཤིག་གཏོང་ཐབས་བཅས་ལ་གཟུགས་མེད་གྲིབ་སོ། དཀར་ནག་གབ་ཕྱི་ལོག་པའི་གཏམ་འཆལ་འབྲེལ་བརྗོད་ཇི་སྙེད་ཅིག་སྤེལ་དང་སྤེལ་བཞིན་པ་དེ་དག་ཚང་མས་རིག་པ་དངས་གསལ་གྱི་སྒོ་ནས་དྲི་ཞིམ་མེ་ཏོག་དང་དུག་རྩ་གང་ཡིན་དབྱེ་ཞིབ་ནན་མོ་གནང་སྟེ་ྋགོང་ས་མཆོག་གི་དབུས་བཙན་བྱོལ་བོད་གཞུང་གི་དབུ་ཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱེད་དགོས། དེ་ནི་བོད་མི་ས་ཡ་དྲུག་གི་ཐུན་མོང་གི་དམིགས་ཡུལ་འབའ་ཞིག་ཡིན་ལ། ཆུ་སྒང་དཔའ་བོ་འདས་གསོན་ཚང་མས་ཕུགས་རེ་དང༌། མ་འོངས་པའི་འོད་སྟོང་ལྡན་པའི་མདུན་ལམ་ཉག་གཅིག་ཡིན་པར་མཁྱེན་དགོས།
དེ་བཞིན་སྐབས་ ༡༢ པའི་བོད་མི་མང་སྤྱི་འཐུས་འོས་བསྡུ་ཞུ་རྒྱུའི་དུས་མཚམས་ཀྱང་མི་རིང་བར་སླེབས་ལ་ཉེ་བར་བརྟེན་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་བེད་སྤྱོད་གཏོང་སྟངས་མ་ནོར་བའི་ྋགོང་ས་མཆོག་དང༌། གཞིས་བྱེས་མི་མང་གི་ཁེ་ཕན་བསྒྲུབ་ཐུབ་པ་དང་བཙན་བོད་གཞུང་གི་སྒྲིག་འཛུགས་འདིའི་འཛིན་སྐྱོང་ཐད་བསྐུལ་འདོད་ཀྱི་ནུས་པ་ཁ་བཤད་ལག་འདོན་ཐུབ་པའི་སེར་སྐྱ་མི་སྣ་རྒྱལ་ཞེན་ཅན་འདེམས་ཐུབ་ཚེ་ཚང་མས་སྔོན་ཚུད་ནས་ཐུགས་སྣང་འགན་འཁུར་ཟབ་བཞེས་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་དང་འབྲེལ་མཇུག་ཏུ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང༌། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་ནས་གཞིས་བྱེས་མཉམ་འཛོམས་ཀྱིས་བཀྲིས་ཉི་མ་ཤར་བའི་སྨོན་འདུན་སྙིང་ཐག་པ་ནས་ཞུ་རྒྱུ་བཅས། རྡ་ས་བཞུགས་སྒར་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༩༥ ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༦ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋ རང་གཞུང་ཆེ་མཐོའི་སྐུ་འཚབ་དབུས་བོད་མི་མང་སྤྱི་འཐུས་ལྷན་རྒྱས་དང༌། གནད་ཡོད་ལས་བྱེད་ཆེ་ཕྲ་གཙོ་བོར་གྱུར་པའི་དེ་རིང་དུས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་གནང་བའི་སྐུ་མགྲོན་རྣམ་པ་དང༌། སྤུན་ཟླ་སེར་སྐྱ་མི་མང་རྣམས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཚབ་ཞུས་ཏེ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་འབྲེལ་དུས་དྲན་ངོ་སྤྲོད་མདོར་བསྡུས་ཞིག་ཞུ་རྒྱུར།
བོད་རྒྱལ་ལོ་ ༡༠༨༤ ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་མོ་དེ་ནི་དབུས་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་ལྕགས་ཚ་གྲི་གུ་ཐང་དུ་ཕུལ་བྱུང་གི་དཔའ་བོ་ལི་ཐང་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་གང་སར་བྱ་ཐབས་དང་འབྲེལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་གཅེས་དཔའ་བོ་རྣམས་ནས་བློ་རྩེ་གཅིག་ཏུ་བསྒྲིལ་ཏེ་བསྟན་སྲུང་དང་བླངས་ཀྱི་དཔུང་སྡེ་ཆེན་པོའི་སྒྲིག་འཛུགས་དངོས་སུ་བཙུགས་པ་ནས་བཟུང་བོད་རྒྱལ་ལོ་ ༢༡༣༠ ཕྱི་ལོ་ ༡༩༩༤ ཟླ་ ༦ ཚེས་༡༦ བར་དུས་དྲན་ཐེངས་སུམ་ཅུ་སོ་དྲུག་པ་སྲུང་བརྩི་ཞུ་བའི་ཉིན་མོ་དེ་ཡིན། སྐུ་མགྲོན་རྣམ་པ། རྒྱ་ནག་གི་སྲིད་དབང་རྒྱ་དམར་གུང་ཁྲན་ལ་བྱུང་མ་ཐག་ཏུ་མི་ལོ་སྟོང་ཕྲག་བརྒལ་བའི་རྒྱལ་རབས་ལོ་རྒྱུས་དང༌། ཆོས་དང་རིག་གཞུང༌། མི་རིགས་གོམས་གཤིས་དང་བཅས་པ་རྒྱལ་ཁབ་གཞན་ལས་ཐ་དད་རང་བཙན་གཙང་མར་གནས་པའི་བོད་རྒྱལ་ཁབ་ཆེན་པོའི་ཁོངས་སུ་གཏོགས་པའི་མདོ་ཁམས་ཀྱི་ས་མཚམས་ཁག་ནས་བཅིང་དཀྲོལ་དུ་འབོད་པ་གོ་མཚོན་དང་ལྡན་པའི་རྒྱ་དམར་གུང་ཁྲན་གྱི་དཔུང་སྡེ་ཁྲི་ཕྲག་མང་པོས་དུས་གཅིག་ཏུ་བཙན་འཛུལ་དང་འབྲེལ། ས་གནས་ཁག་གི་བླ་དཔོན་མི་དཔོན་གཙོས་དབུལ་ཕོངས་བཅས་ལ་ཐོག་མར་འཇམ་མཁས་སླུ་བྲིད་དང༌། བར་དུ་སློབ་གསོ་ཞེས་གཡོ་རྒྱུ་སྣ་ཚོགས་ཀྱི་བྱ་བ་སྤེལ་བ། མཐར་དམར་པོའི་ངོ་གདོང་དངོས་སུ་ཐོན་ཏེ་བཙན་ཤེད་ཀྱི་འཐབ་འཛིང་དང༌། རྐྱེན་ལམ་དུ་བཏང་བའི་མ་ཚད་བོད་རྒྱལ་ཁབ་ཆེན་པོའི་ཆབ་སྲིད་ཀྱི་མི་རིགས་དང་བཅས་པ་ཉམས་དམས་སུ་གཏང་རྒྱུའི་བོད་རིགས་སྨྲོས་ཅི་འཛམ་གླིང་མི་མང་གི་བློ་དང་མི་འཚམས་པའི་བཅོས་བསྒྱུར་ཆེན་པོ་ཞེས་ལག་བརྡར་གྱིས་ས་གནས་སྡེ་དགོན་མང་ཚོགས་དང་བཅས་པའི་རང་རྒྱུ་རང་ལག་ཏུ་བདག་དབང་མཻད་པར་སྤྲང་པོ་ཁྱུ་གཅིག་བཟོ་སེམས་སྙིང་ལ་བཅངས་ཏེ་ཉིན་རེ་ཟླ་རེར་གདུག་རྩུབ་ཇེ་ཞན་ཇེ་སྡུག་གི་གནས་ཚུལ་རིམ་པར་ཐོན་བཞིན་པར་བརྟེན་དེ་དབང་སྡོད་ཐབས་བྲལ་ཏེ། མདོ་ཁམས་ས་གནས་མང་ཚོགས་རྒྱལ་གཅེས་རྣམས་བློ་རྩེ་གཅིག་མཐུན་གྱིས་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས་དགྲ་བརྒོལ་ལན་གཅིག་ལན་གཉིས་མ་ཡིན་པར་ལོ་བསྟུད་རིམ་པ་ཞུས་པ་དང༌། དབུས་ཕྱོགས་ནས་ཀྱང་དཔའ་བོ་ལི་ཐང་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་དབུ་ཁྲིད་པའི་བསྟན་སྲུང་དང་བླངས་དཔའ་བོ་རྣམས་ནས་བྱང་ལམ་ས་ཕྱོགས་གང་སར་དགྲ་འཐབ་ཤུགས་ཆེ་གནང་བ་དང༌། དེ་བཞིན་ལྷོ་ཕྱོགས་དམག་སྒར་དབུ་མ་ནས་ལྷོ་ཁུལ་ས་གནས་གནད་ཆེ་ཁག་ཏུ་འཐབ་འཛིང་ནུས་ཐོན་ཞུས་ཏེ། ལྷོ་ལམ་གཙང་བཟོ་ཞུས་ཐུབ་པ་བྱུང་ནའང་དབུས་ཀྱི་རྒྱལ་ས་ལྷ་སར་གློ་བུར་དུ་རྐྱེན་ངན་ཛ་དྲག་བྱུང་སྐབས་རང་ཅག་བོད་རིགས་སེར་སྐྱ་ཡོངས་ཀྱི་འདི་ཕྱིའི་གཏན་གྱི་སྐྱབས་གནས་དམ་པ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་གསུམ་གསལ་གཟིགས་ཀྱིས་བོད་ཀྱི་རྒྱལ་བསྟན་ཆབ་སྲིད་དང་བཅས་པར་འགྲོ་དོན་རླབས་ཆེའི་དགོངས་བཞེས་ཀྱི་རེ་ཞིག་ཁྱིམ་མཚེས་རྒྱལ་ཁབ་ནང་ཕེབས་གཏན་ཁེལ་བ་ལྟར་གནད་ཡོད་གཞུང་ཞབས་ནང་མ་དང༌། སྐུ་སྲུང་ཧྲག་བསྡུས་ཐོག་མདོ་ཁམས་ཆུ་སྒང་དང་བླངས་དམག་གི་དཔུང་སྡེ་དང༌། ས་ཁུལ་ཡུལ་དམག་གོ་ཧྲག་དང་བཅས་པས་ཕེབས་ལམ་ཁག་སྲུང་བྱ་ཞུས་ཏེ་རྒྱ་གར་འཕགས་པའི་ཡུལ་གྲུ་ཆེན་པོར་ཞབས་སོར་བདེ་འཁོད་ཐུབ་པ་དང་འབྲེལ་བོད་ལྗོངས་རང་དབང་གཙང་མའི་རྒྱལ་ཁབ་ནང་གོ་མཚོན་ལྡན་པའི་རྒྱ་དམག་གུང་ཁྲན་གྱིས་རྒྱལ་སྤྱིའི་རྩ་ཁྲིམས་དང་ཡོངས་སུ་བརྒལ་བའི་བཙན་འཛུལ་མི་གསོད་ཁྲག་སྦྱོར་ལག་བསྟར་བྱེད་བཞིན་ཡོད་སྐོར་གསལ་བསྒྲགས་ཀྱང༌། སྐབས་དེར་བླ་སྤྲུལ་དགེ་འདུན་སེར་སྐྱ་ཁྲི་ཕྲག་འགའ་ཤས་ྋགོང་ས་སྐྱབས་མགོན་ཆེན་པོའི་ཕེབས་རྗེས་སུ་བསྙེགས་ཐུབ་པ་བྱུང་ཡོད།
མཚམས་འདིར། ང་ཚོའི་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་རྩོད་ནང་འདས་གྲོངས་སུསོང་བའི་བོད་མི་དཔའ་བོ་རྣམས་དང༌། རྒྱ་མིའི་བཙོན་ཁང་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་དེ་རིང་རྗེས་དྲན་ཞུ་རྒྱུ་དང༌། གཞིས་བཞུགས་སྤུན་ཟླ་རྣམས་ནས་ཀྱང་དཀའ་ངལ་ཅན་འདིའི་འོག་ནས་དཔའ་མཛངས་ལྡན་པའི་འཐབ་འཛིང་མུ་མཐུད་བྱེད་བཞིན་པ་དེ་དག་ལའང་གུས་འདུད་ཞུ་ཡི་ཡོད། ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་མཛད་འཕྲིན་འོག་བོད་གཞུང་མ་ལག་དང་བཅས་པ་དངོས་སུ་ཚུགས་ཏེ། ཆོལ་གསུམ་བོད་རིགས་ཡོངས་ཀྱི་ཡིད་ལ་བརྣག་པའི་ཆབ་སྲིད་ཀྱི་གཙོས་ཆོས་དང་རིག་གཞུང་གི་རྣམས་གྲངས་གང་ན་ཅི་ཡོད་ཉམས་པ་སོར་ཆུད་དང་མི་ཉམས་གོང་དུ་སྤེལ་བའི་གྲུབ་འབྲས་གཟི་བརྗིད་ལྡན་པ་ཐོག་དང་ཐོག་བཞིན་པ་དེ་དག་གཙོ་བོ་ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་མཛད་འཕྲིན་འོག་ལས་ཀྱི་སྣེར་འཁོད་པ་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མ་ཟད་བོད་ལྗོངས་ཆབ་སྲིད་མི་རིགས་དང་བཅས་པའི་བསྒྲུབ་བྱའི་སྐོར་འདི་ལོ་སུམ་ཅུའི་དུས་དྲན་གྱི་མཛད་སྒོའི་ཐོག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཙན་འོག་ཏུ་ཚུད་པའི་ང་ཚོའི་ཕ་ཡུལ་དེ་རང་དབང་དང་ཞི་བདེ། གཟི་བརྗིད་ལྡན་པའི་རྒྱལ་ཁབ་གཅིག་ཏུ་འགྱུར་ངེས་ཡིན། འོན་ཀྱང་འཚེ་མེད་ཞི་བའི་ལམ་ཕྱོགས་བརྟན་བཟུང་བྱ་རྒྱུ་གལ་ཆེན་པོ་ཡིན། ཞེས་གསུངས་པའི་དགོངས་དོན་ལ་འགན་འཁྲི་ཅན་གྱི་གཞུང་ཞབས་ལ་སྨོས་ཅི་མང་ཚོགས་དང་བཅས་པའི་རང་འགན་ཞུ་བྱ་ཅི་མཆིས་ངོ་ལྐོག་སྦས་སྲུང་མེད་པར་ཕྱར་གྲུ་མཉམས་འདེགས་ཕྱག་བཞེད་ཡོང་བའི་རེ་འབོད་ཞུ་ཡི་ཡོད།
གུས་ཚོ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་གི་སྒྲིག་འཛུགས་འདིའི་ཐོག་ནས་རྒྱལ་བསྟན་ཆབ་སྲིད་དང༌། མི་རིགས་ཀྱི་དོན་དུ་ཕན་བདེའི་བསྒྲུབ་བྱའི་སྐོར་ལ་དམ་བཅའ་སྔོན་བཞག་ལ་འགྱུར་བ་གང་ཡང་མེད། མཐའ་དོན་སྨོན་ཚིག་ཞུ་རྒྱུར། གཞིས་བྱེས་བོད་མི་ཡོངས་ཀྱི་འདི་ཕྱིའི་མགོན་སྐྱབས་དམ་པ། འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ་ྋགོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
བཀྲིས་བདེ་ལེགས་ཞུ། །།
ྋ བོད་མི་སེར་སྐྱ་དང་ལྷག་པར་མདོ་སྟོད་སེར་སྐྱ་མི་མང་ལྷན་རྒྱས་ལ་ཞུ་རྒྱུར།
ཐེ་ཝེན་སྲིད་གཞུང་དང་གྲོས་གཞི་གྲོས་མཐུན་དོན་ཚན་གསུམ་གྱི་དོན་གནད་སྐོར་སྐྱར་དུ་ཟུར་འདོན་གྱིས་གོ་དོན་འགྲེལ་བཤད་བྱེད་ཀྱི་ཡོད།
དོན་ཚན་དང་པོ། རང་དབང་དམངས་གཙོའི་རིང་ལུགས་འོག་ལ་རྒྱ་ནག་གཅིག་སྒྲིལ་སྐབས་བོད་ཀྱི་རང་ལུགས་རང་སྐྱོང་ལ་སྲུང་སྐྱོབས་བྱ་རྒྱུ་ཞེས་གསལ་ཡོད་པ་དེ་རེད། རྒྱ་ནག་གཅིག་ཟེར་བ་དེ་རྒྱ་དམར་ནག་གཉིས་ཆིག་སྒྲིལ་ཟེར་བ་ལས་བོད་ལ་གོ་དགོས་དོན་གང་ཡང་མེད། བོད་ཀྱི་རང་ལུགས་རང་སྐྱོང་ལ་སྲུང་སྐྱོབས་བྱ་རྒྱུ་ཞེས་བོད་རྒྱ་གཉིས་ཐ་དད་ཡིན་པ་གསལ་པོར་འཁོད་ཡོད། དེ་ལ་གོ་དོན་ལོག་བཤད་བྱ་མི་ཉན། བོད་རང་བཙན་དེ་བོད་ཀྱི་རང་ལུགས་རེད། དེ་ལྟར་ཡིན་དུས་རང་བཙན་ལ་ངོས་ལེན་བྱ་རྒྱུ་གསལ་པོ་གོ་ཐུབ། རྒྱ་དམར་གྱིས་ལག་བསྟར་བྱེད་བཞིན་པ་དེ་བོད་ཀྱི་རང་ལུགས་མ་རེད། ཚིག་ཙམ་ལས་དོན་གྱི་ཆ་ནས་རང་ལུགས་དེ་རང་བཙན་དུ་འཇུ་ས་ཡོད་པ་ཞིག་རེད་ཡོད་རེད།
དོན་ཚན་གཉིས་པར། ྋགོང་ས་སྐྱབས་མགོན་ཆེན་པོ་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ལ་ངོས་འཛིན་དང་རྒྱབ་བསྐྱོར་ཞུ་རྒྱུ་ཞེས་གསལ་ཡོད་པ་དེ་རེད། དེ་ལ་སྐྱོན་ཞིག་ཡོད་སྲིད་ཀྱི་མ་རེད། གང་ཡིན་ཞེ་ན། ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ནི་བོད་གཅིག་པུ་རེད། བོད་མི་ཡོངས་ཀྱིས་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ངོས་འཛིན་ཞུས་དང་ཞུ་བཞིན་དུ་རྒྱ་དམར་བོད་དུ་བཙན་འཛུལ་བྱས། ཕྱི་ལོ་༡༩༥༡ ལོར་གྲོས་མཐུན་དོན་ཚན་ ༡༧ ཟེར་བ་དེ་བཞག དེ་ནས་བཟུང་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་གནང་བའི་སྐུ་དབང་ལ་རྒྱ་མིས་ངོས་ལེན་མ་ཞུས་པར་ཇེ་སྡུག་ཏུ་སོང། ཕྱི་ལོ་ ༡༩༥༩ ལོ་ནས་སྐུ་དབང་ཆ་ཚང་རྒྱ་མིས་བཙན་འཕྲོག་བྱས་ཤོར་ནས་བཟུང་བོད་ཀྱི་དགོན་སྡེ་སྟོང་ཕྲག་བདུན་ལྷག་ཙམ་ཡོད་པ་རྩ་གཏོར་བཏང༌། བོད་མི་འབུམ་ཕྲག་ ༡༢ ལྷག་ཙམ་ཤི་རྐྱེན་ངན་པའི་འོག་དམྱལ་བ་མི་ཡུལ་དུ་མྱོང་དགོས་པ་བྱུང་བ་དེ་དག་ཚང་མ་ྋགོང་ས་མཆོག་ལ་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་གནང་བའི་སྐུ་དབང་ལ་རྒྱ་མིས་ངོས་ལེན་མ་བྱས་ཏེ་བཙན་འཕྲོག་བྱས་པ་ལས་བྱུང་བ་ཡིན་པ་མིག་ལོང་བས་བལྟས་ཀྱང་རྒྱལ་ཁམས་མཐོང་ཟེར་བ་དེ་ལྟ་བུ་རེད། དེ་ལྟའི་གནས་སྟངས་སུ་བསྡད་ཡོད་པའང་མཐོང་གསལ་ཡིན། དེ་ལ་བརྟེན་ནས་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་དུ་རྒྱ་མི་དམར་ནག་གིས་ངོས་ལེན་དང་རྒྱབ་བསྐྱོར་ཞུས་ན་གནད་དོན་དེར་བོད་རང་བཙན་མ་རེད་སུ་ཞིག་གིས་བརྗོད་ཐབས་མེད། དེ་དུས་བོད་མིའི་སྡུག་བསྔལ་ཐ་དག་སེལ་ནས་བདེ་སྐྱིད་ཀྱི་ཉི་མ་འཆར་བ་ཡིན། ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་དུ་ངོས་རྒྱ་མིས་ངོས་ལེན་བྱས་ན་དེ་བོད་མིས་ངོས་ལེན་མེད་པའི་ངོ་རྒོལ་རྩ་བ་ནས་བྱ་མི་རུང་བ་རེད། རྒྱ་མིས་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་དུ་ངོས་ལེན་བྱས་པ་དང༌། བོད་རང་བཙན་ངོས་ལེན་བྱས་པ་གཉིས་ལ་ཁྱད་པར་སྤུ་ཙམ་མེད་པ་རེད། དེང་སོང་མི་ཆེན་ལ་ལས་ཙི་ཙི་ལ་ངན་བྱས་ཏེ་སྡོད་ཁང་མེར་བསྲེག་བཏང་ཟེར་བ་ལྟར་བོད་མི་རྣམས་བླུན་པོ་ཁྱུ་སྣ་གར་ཁྲིད་བྱེད་ཀྱི་ཡོད་པ་དེ་རིགས་སྐྱབས་འགྲོའི་བསླབ་བྱ་དུ་ཡང་འགལ་བ་རེད།
བོང་གཞུང་གི་སྐུ་འཚབ་རྣམས་པ་པེ་ཅིང་དང་ཐེ་ཝེན་ལ་ཡང་ཡང་ཕེབས་སྐབས་ྋགོང་ས་མཆོག་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་ངོས་ལེན་དང་རྒྱབ་བསྐྱོར་བྱས་ན་མི་འགྲིགས་ཞེས་རྒྱ་མིར་གསུང་གི་ཡོད་པ་མིན་ནམ། དེ་འདྲ་ཡིན་ན་ནི་བོད་མི་ཤི་གསོན་ཡོངས་ཀྱི་འདི་ཕྱི་འཕྲལ་ཕུགས་རེ་དོན་དང་རྩ་འགལ་རེད། དེ་འདྲའི་ལས་དོན་རྩ་བ་ནས་བྱ་མི་རུང་ཞུ་རྒྱུ་ཡིན།
དོན་ཚན་གསུམ་པར་ནི། ཆོས་དང་རིག་གཞུང༌། ཤེས་ཡོན་དང་དཔལ་འབྱོར་ཡར་རྒྱས་འབྱུང་ཐབས་བྱ་རྒྱུ་ཟེར་བ་དེ་རེད། གནད་དོན་དེ་ནི་རང་གཞུང་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་ཕྱི་ལོ་ ༡༩༨༧ ལོར་ཆེད་དུ་གསལ་བསྒྲགས་གནང་བའི་དོན་གནས་དེ་རང་རེད། དེ་ལ་གོ་དོན་མི་འདྲ་བ་མེད་སྟབས་འགྲེལ་བཤད་ཞུ་དགོས་དོན་མེད་པ་བཅས། ཞུ་དོན་རྣམས་མཁྱེན་རྟོགས་ཆེད་ཙམ་དུ་ཡིན་པ་ལས་གོང་དོན་རྣམས་བོད་མིས་ངོས་ལེན་བྱ་དགོས་ཟེར་བ་དང༌། དོན་གཉེར་བྱེད་པ། མ་འགྲིག་པར་འགྲིག་ཐབས་བྱེད་པ་སོགས་གང་ཡང་མིན་པ་བཅས་དེ་དོན་དགོངས་འཇགས་ཞུ།
ལྡི་ལི་ཆུ་སྒང་དབུས་རྒྱུན་ལས་ཁང་ནས་ ༩༤ ཟླ་ ༡༢ ཚེས་ ༣༡ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༥ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋ རང་གཞུང་ཆེས་མཐོའི་སྐུ་ཚབ་དབུས་བོད་མི་མང་སྤྱི་འཐུས་ལྷན་གནད་ཡོད་ལས་བྱེད་ཆེ་ཕྲ་གཙོ་བོར་གྱུར་པའི་དུས་དྲན་གྱི་མཛད་སྒོར་ཆིབས་བསྒྱུར་གནང་བའི་སྐུ་མགྲོན་རྣམ་པ་དང༌། སྤུན་ཟླ་སེར་སྐྱ་མི་མང་བཅས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚབ་ཞུས་ཏེ་བཀྲིས་བདེ་ལེགས་ཞུ་རྒྱུ་དང་དུས་དྲན་ངོ་སྤྲོད་མདོ་བསྡུས་ཞིག་ཞུ་རྒྱུ།
བོད་རྒྱལ་ལོ་ ༡༠༨༤ ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་མོ་དེ་ནི་བོད་དབུས་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་ལྕགས་ཚ་གྲི་གུ་ཐང་དུ་ཕུལ་བྱུང་གི་དཔའ་བོ་ལི་ཐང་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་གང་བྱ་བའི་ཐབས་སུ་དཔྱད་དེ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་གཅེས་དཔའ་བོ་རྣམས་ཀྱིས་བསྟན་སྲུང་དང་དམག་གི་དཔུང་སྡེ་ཆེན་པོ་སྒྲིག་འཛུགས་དངོས་སུ་བཙུགས་པ་ནས་བཟུང་ད་ལྟ་བོད་རྒྱལ་ལོ་ ༢༡༢༠ ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༦ བར་དུས་དྲན་ཐེངས་སུམ་ཅུ་སོ་ལྔ་པ་སྲུང་བརྩི་ཞུ་བའི་ཉིན་མོ་དེ་ཡིན།
སྐུ་མགྲོན་རྣམ་པ། ང་ཚོས་སྒྲིག་འཛུགས་འདི་བཙུགས་དགོས་པའི་དམིགས་ཡུལ་ངོས་བཟུང་ཐོག་དགོས་པ་གལ་ཆེའི་སླད་དུ་ཕྱི་ལོ་ ༡༩༤༩ ལོར་རྒྱ་མི་རིགས་ཀྱིས་མི་ལོ་བརྒྱ་ཕྲག་མང་པོའི་རིང་རྒྱ་བསྐྱེད་ཀྱི་ཀུན་སློང་འགོག་མེད་དུ་ཁྱེར་ནས་ཞི་བདེ་རང་བཙན་བསྙོན་མེད་དུ་མི་ལོ་སྟོང་ཕྲག་རྒལ་རྩོད་མེད་རང་བདག་རང་བཟུང་གི་ཁེ་དབང་ཡོངས་སུ་རྫོགས་པ་ལོངས་སུ་སྤྱོད་བཞིན་པ་མཐོ་གངས་རིས་བཅད་པའི་བོད་དང་བོད་ཆེན་པོའི་རྒྱལ་ཁབ་དེ་དག་ཟ་སེམས་སྙིང་ལ་བརྣག་པ་བཞིན་རྒྱ་ནག་དམར་པོའི་ཤོག་ཁག་ལ་རྒྱ་ནག་གི་སྲིད་དབང་བྱུང་མ་ཐག་བོད་རྒྱའི་ས་མཚམས་ཁག་ནས་གོ་མཚོན་ལྡན་པའི་གདུག་ལག་ཁྲག་གི་སྦག་པ་བོད་ནང་དངོས་སུ་བརྐྱངས་སྐབས་བོད་གཞུང་ལྷ་དམག་དང༌། ས་ཕག་ཡུལ་དམག་ལྷན་སྡེབ་ཀྱིས་གདོང་བཀག་དགྲ་འཐབ་རིམ་པ་བྱས་ཏེ་དགྲ་ཕྱོགས་མི་རྒྱུ་གང་སར་ཕམ་ཉེས་ཚད་ལས་བརྒལ་བ་བཏང་ཡོད། འོན་ཀྱང་དགྲ་ཕྱོགས་དཔུང་དང་གོ་ཚོན་གཡོ་བྱུས་ཐབས་ཤེས་བཟུང་སྦྲེལ་གྱི་སྤང་ལ་མེ་མཆེད་ལྟ་བུའི་བོད་ས་རིམ་ཟས་བྱས་མཐར། བོད་རྒྱའི་དབར་རྩ་འཛིན་མེད་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་ཞེས་པ་བཙན་བྲིས་བྱས་པས་མ་ཚད་བོད་གཞུང་གི་ཐམ་ཀ་བརྫུན་མ་བཟོས་ཏེ་གོ་མཚམས་གྱི་སྡིགས་རའི་འོག་ཏུ་དབང་མེད་ཀྱིས་ཕབ་བརྒྱབ་བྱེད་དུ་བཅུག་པ་འདི་ཐད་དེང་དུས་འཛམ་གླིང་སྤྱི་ཁྲིམས་དང་བསྟུན་ན་ཁྲིམས་འགལ་ནག་ཆེན་གྱི་བྱ་སྤྱོད་ཅིག་ཡིན།
༡༩༥༡ ལོར་བོད་དབུས་ཀྱི་རྒྱལ་ས་ལྷ་ས་བར་མདའ་སྐད་གླིང་འགྱུར་ཐོག་དཔུང་བཅུགས་རིམ་དང་འབྲེལ་ཤར་ཕྱོགས་བོད་སྡེ་སྟོད་སྨད་གཉིས་ནང་གཡོ་རྒྱུའི་བསླུ་བྲིད་དང༌། བཙན་པོའི་ཤུགས་ཀྱི་སྒོ་ནས་ཐབས་ཤེས་སྣ་ཚོགས་ཐོག་མང་ཚོགས་ཀྱི་བློ་དང་མི་འཚམས་པའི་བཅོས་བསྒྱུར་ཞེས་པ་མི་བསད་བཙོན་བཅུག་དང༌། རྒྱུ་འཕྲོག་གཏོར་བཤིག་གི་ལྟས་ངན་དངོས་སུ་འགོ་ཚུགས་པ་དང༌། དབུས་ཕྱོགས་སུ་བོད་གཞུང་གི་མཛད་བྱུས་ལམ་སྟོན་གང་སར་མངོན་སུམ་འཛེམས་མེད་ཀྱི་ཐེ་བྱུས་འོག་འགལ་རྐྱེན་རིམ་པ་བྱུང་བ་མ་ཟད། དྲག་སྤྱོད་ཀྱི་གདུག་རྩུབ་ཉིན་རེ་ནས་ཉིན་རེར་ཇེ་སྡུག་དང་ཇེ་ཞན་ཁོ་ནའི་གནས་ཚུལ་ཡོང་བཞིན་པར་སོང༌། དེའི་དབང་བཟོད་སྒོམ་བྱ་ཐབས་སྦད་བྲལ་གྱི་མདོ་སྟོད་སྨད་གཉིས་ཀྱི་ས་གནས་གང་ས་ནས་རྒྱལ་གཅེས་ཀྱི་དཔའ་བོ་མང་པོ་བསམ་གྲོས་གཅིག་མཐུན་གྱིས་ལུས་སྲོག་ལོངས་སྤྱོད་ཡོངས་རྫོགས་བསྟན་སྲིད་མི་རིགས་ཀྱི་དོན་དུ་བློས་བཏང་གིས་རྒྱ་དམར་གྱི་ངན་རྒུ་ཚང་བའི་བྱ་སྤྱོད་ཐེར་འདོན་ཆེད་བློ་སྤོབས་འཇིགས་ཞུམ་མེད་པར་ལོ་ནས་ལོར་བསྟུད་དྲག་རྒོལ་རབ་དང་རིམ་པ་བྱས་ཏེ་ཕན་ཚུན་གཉིས་ཀར་མི་རྒྱུ་གང་གི་ཆ་ནས་ཕམ་ཉེས་ཚད་མེད་བྱུང་ཡོད།
དེ་བཞིན་དབུས་ཕྱོགས་ནས་ཀྱང་བསྟན་སྲུང་དང་བླངས་དམག་གི་དཔུང་སྡེ་རྣམས་ནས་དགྲ་ཕྱོགས་ཀྱི་དམག་དོན་སློབ་སྦྱོང་དང༌། གོ་མཚོན་གྱི་སྤུས་ཀ་རྣམ་གྲངས་མང་ཉུང་གནས་སའི་བར་ཁྱད་པར་མ་ལྟོས་པར་བོད་དབུས་ཀྱི་རྒྱལ་སའི་ལྷོ་བྱང་ས་གནས་ཁག་ནས་དྲག་འཐབ་ཤུགས་བསྐྱེད་རིམ་པ་བྱས་ཏེ་རྒྱལ་ཕམ་སྣ་ཚོགས་བྱུང་ཡང༌། རྩ་འགངས་ཆེ་བའི་ལྷོ་ཕྱོགས་ཕལ་ཆེར་ས་གཙང་མི་གཙང་ལྟ་བུ་བྱུང་ཡོད།
དུས་མཚུངས་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་གསུམ་གསལ་གཟིགས་ཀྱི་རྒྱལ་བསྟན་ཆབ་སྲིད་དང༌། བོད་མི་རིགས་ཀྱི་ཐོབ་དབང་ཆ་ཚང་བསྐྱར་གསོའི་ཆེད་དུ་རེ་ཞིག་བརྒྱུད་ཁྱིམ་མཚེས་རྒྱལ་ཁབ་ནང་ཕེབས་གཏན་ཁེལ་བ་དང་སྟབས་མཚུངས་མ་འགྲིགས་ལྷུན་གྲུབ་ལྟ་བུ་ཆོལ་གསུམ་དང་བླངས་དམག་སྡེ་གོ་ཧྲག་རྣམས་ནས་ཉིན་མཚན་ལྷོད་མེད་ཀྱིས་སྐུ་བཅར་སྲུང་བྱ་ཞུས་མཐར་རང་དབང་ཅན་གྱི་རྒྱལ་གར་འཕགས་པའི་རྒྱལ་ཁབ་ཆེན་པོས་སྣེ་ལེན་དང་བཅས་འགེགས་མེད་ཞབས་སོར་བདེ་འཁོད་བྱུང་བ་དང༌། ཕེབས་རྗེས་སུ་བསྙེགས་པའི་བསྟན་འཛིན་གྱི་བླ་དགེ་རྣམས་ཀྱི་གཙོས་བོད་མི་ཁྲི་ཚོ་མང་པོ་ཉེ་ཞོ་མེད་པར་བདེ་ཕེབས་ཐུབ་པ་འདི་ནི་བོད་ལྗོངས་ཆོལ་གསུམ་ཆོས་ལུགས་གཙོས་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་མཐུ་ལས་བསྐྲུན་པའི་རླབས་ཆེན་གྱི་གྲུབ་འབྲས་ངོ་མཚན་ཁྱད་འཕགས་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད།
སྐུ་མགྲོན་རྣམ་པས་མཁྱེན་གསལ་ལྟར། འཛམ་གླིང་འདིའི་སྟེང་ང་རྒྱལ་གཞན་ཕམ་ཁོ་ནའི་ཁྲག་སྦྱོར་གྱི་ལམ་ངན་ཚབ་ཆེ་བྱུང་བའི་ཉེར་ལས་སྒྲུབ་པའི་སྐྱབས་བཅོལ་གྱི་རྣམ་གྲངས་མ་ཉུང་བ་ཞིག་ཡོད་པའི་ཆ་ནས་རང་ཅག་བོད་མི་ཡོངས་ཀྱི་འདི་ཕྱིའི་དབུ་ཁྲིད་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་བརྒྱ་ཕྲག་དུ་མ་ལྷུར་བཞེད་ཀྱིས་སྐྱབས་བཅོལ་བོད་གཞུང་ཞེས་པ་ཡན་ལག་དང་བཅས་པ་དངོས་སུ་དབུ་འཚུགས་ཡར་རྒྱས་དང་འབྲེལ་འཛམ་གླིང་ཐོག་བོད་དོན་བདེན་མཐའ་གསལ་བའི་དག་སྐྱེལ་གསལ་བསྒྲགས་གནང་བ་དང་ཆབས་ཅིག་ཏུ་བོད་ལྗོངས་འདི་དག་ཁ་ཡོད་ལག་ཡོད་ཀྱི་མང་གཙོ་ཡང་དག་པ་ཞིག་ཏུ་ཁ་བསྒྱུར་གནང་བ་བཅས་མདོ་དོན་ྋགོང་ས་སྐྱབས་མགོན་ཆེན་པོའི་མཛད་པའི་འཕྲིན་ལས་ནི་བདག་ཅག་གི་སྟོན་པ་ཆེན་པོས་ཞབས་མ་བཅག གསུང་གིས་མ་ཁྱབ་པའི་གནམ་འོག་གི་རྒྱ་མཚོ་ཆེན་པོའི་ཕ་རོལ་གྱི་ས་སྟེང་དང་བཅས་པར་ཐུགས་ཀྱི་བརྩེ་བ་ཆེན་པོས་མ་དུལ་སེམས་ཀྱི་གླང་པོ་ཉུལ་བའི་ཕྱིར་དུ་འཚེ་མེད་ཞི་བའི་ཐབས་ལམ་གསར་བཏོད་མཛད་པར་འཛམ་གླིང་ཡར་རབས་སྤྱོད་བཟང་གི་དབུ་ཁྲིད་རྣམས་ནས་བསྔགས་བརྗོད་ཀྱི་མེ་ཏོག་བཏོར་བ་དང་འབྲེལ། འཛམ་གླིང་གི་ཏོག་ལྟ་བུའི་ཞི་བདེའི་དད་དཔོན་ཆེན་པོའི་མཚན་གསོལ་གཟེངས་རྟགས་འབུལ་བཞེས་ཞུས་པ་དང་ཆབས་ཅིག་ཏུ་བོད་དོན་ཞེས་པ་འདི་དག་བོད་མི་སྤྱིར་བཏང་གི་གནས་སྟངས་ཙམ་མ་ཡིན་པར། འཛམས་གླིང་སྤྱིའི་གནས་ཚུལ་ཞིག་ཏུ་ངོས་འཛིན་ཐོག་ཛ་དྲག་གི་རྒྱབ་བསྐྱོར་ཞུ་མཁན་སྟོབས་ཆེན་རྒྱལ་ཁབ་མང་པོ་གཅིག་འཇུག་གཉིས་མཐུད་ཀྱིས་ཉིན་རེ་ཟླ་རེ་རྒྱལ་ཁའི་ལམ་ཆེན་དུ་ཕེབས་བཞིན་པ་དེ་དག་དགྲ་གཉེན་ཚང་མས་མཁྱེན་རྟོགས་ཐུབ་ངེས་ཀྱི་གནས་སུ་གྱུར།
རྩ་བའི་འགྲོ་བ་མི་ཡིན་ཕྱིན་ཆད་ལ་ཐོབ་ཐང་དང་བསམ་ཚུལ། མཐོང་ཐོས་སྣ་ཚོགས་ཀྱི་བག་ཆགས་འགོག་མེད་ལྷན་སྐྱེས་སུ་ཡོད་པ་ལྟར་ད་ལྟའི་རྒྱ་ནག་གཞུང་གི་མཁྲེགས་བཟུང་བྱེད་བཞིན་པའི་ཆབ་སྲིད་ཐོག་གོམས་འདྲིས་ཆེ་ཆུང་དང༌། མིག་རྒྱང་རིང་ཐུང༌། ལྟ་བ་མཐོ་དམན། ཀུན་སྤྱོད་བཟང་ཞན། མཐུན་རྐྱེན་འཛོམས་མིན་སོགས་ཀྱི་བར་ཁྱད་ཡོང་བཟོ་དོད་ན་དེ་དག་ནམ་ཞིག་མཐུན་པའི་ཆ་རྐྱེན་ཞིག་ཏུ་འགྱུར་སྲིད། ཤེལ་ལ་ནོར་བུའི་ཁ་བསྒྱུར་ཡང༌། ཆུ་དང་འཕྲད་ན་རང་མདོག་ཐོན། ཞེས་པ་ལྟར། དེ་སྔོན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ལོ་ལྔའམ་བཅུ་ཞེས་བཀའ་བཟང་སྤྱི་བོར་སྨིན་པ་ལྟར་རིམ་པས་རང་མདོག་གསལ་བརྗེན་དུ་མི་ཐོན་པ་མི་སྲིད་ན། དེ་ལུགས་རང་རེའི་རྩ་དོན་ཐོག་བོད་མི་ཡིན་ཕྱིན་ཆོས་སྲིད་ཀྱི་འགག་རྩ་གང་སར་ཕྱི་ལྷོད་ནང་དམ་རང་བཅུན་ལ་མ་འཕྱུག་པ་གནང་གལ་ཆེ་བའི་གསོལ་འདེབས་ཞུ་རྒྱུ་ཡིན།
འདས་པའི་དུས་དེར་ཆོལ་གསུམ་དཔའ་བོ་དང་དཔའ་མོ་འབུམ་ཕྲག་མང་པོས་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་སྐུ་སྲོག་བློས་བཏང་ཟིན་པ་དང༌། དུས་ད་ལྟའང་བོད་ས་སྟོད་སྨད་བར་གསུམ་གྱི་ནང་དཔའ་བོ་དང༌། དཔའ་མོ་ཁྲི་ཚོ་མང་པོས་ཞུམ་པ་མེད་པར་གཅིག་འཇུག་གཉིས་མཐུད་ཀྱིས་སྐུ་སྲོག་བློས་གཏོང་བཞིན་པའི་གཟི་བརྗིད་ཅན་གྱི་དུས་སྐབས་དེ་དག་ཆ་ཅན་ཡིན་དབང་དུ་མ་སོང་བར་རང་ཅག་བོད་མི་ཡོངས་ཀྱི་རྩ་འགངས་ཆེ་བའི་བསྒྲུབ་བྱ་འདིའི་ཐོག་དབུ་འབངས་ཚང་མས་མ་ལན་མ་འགྱོད་པ་ཕྱག་བཞེད་གནང་རོགས་ཞུ་རྒྱུ་ཡིན།
བོད་གཞུང་ཆབ་སྲིད་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཐོག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་འགང་ཆེའི་དོན་ཚན་གསུམ་གསུང་འཕྲིན་བསྩལ་བའི་སྙིང་དོན།
དོན་ཚན་དང་པོ། བོད་རྒྱའི་རྩོད་རྙོག་ཞི་མོལ་གྱི་ལམ་ནས་སེལ་ཐབས་ཡོང་དང་མི་ཡོང་རྒྱ་ནག་གི་གཞུང་གི་དངོས་དོན་བསམ་ཚུལ་བྱེད་བབ་རགས་ལས་ཡོད་སྟབས་སྐབས་འབྲེལ་འོས་འཚམས་ཆེ་བའི་གནད་དོན་ཇི་འགྱུར་དང་བསྟུན་པའི་འབྲེལ་བསྡུར་བྱ་རྩིས་ཞེས་ཕེབས་ཐད། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱ་ཕན་ཚུན་གཉིས་ཕན་ཁོངས་ཡངས་དཀྱེལ་ཆེའི་དགོངས་བཞེད་བླ་མེད་ད་བར་ཇི་ལྟར་གནང་བ་བོད་མི་མང་སེམས་ནད་ཅན་ཙམ་མ་ཟད་འཛམ་གླིང་ཞི་བདེར་དགའ་བའི་རྒྱལ་ཁབ་ཁག་དང༌། སྤྱི་ཚོགས་དང་བཅས་པ་ཚང་མས་མཁྱེན་རྟོགས་ཆུབ་ཡོད་པ་ལྟར། རྒྱ་ནག་གཞུང་ནས་གོ་དོན་གསལ་རྟོགས་ཐུབ་ངེས་ཤིག་བྱུང་ཡོད་ཀྱང༌། དེ་ལས་ལྡོག་སྟེ་ད་དུང་རྒྱ་ནག་གཞུང་ནས་ཧམ་པ་དཔའ་ཐལ་གྱི་ཐོག་དྲག་པོའི་དཔུང་དང༌། བཙན་པོའི་ཤུགས་ཀྱི་བོད་ནང་མི་སེར་སྤེལ་ཡུལ་གྱི་སྲིད་བྱུས་རྒྱ་བསྐྱེད་ཇེ་ཆེར་བཏང་དང་གཏོང་བཞིན་པ་འདི་ཐད་རྒྱལ་སྤྱིའི་རྩ་ཁྲིམས་དང་ཡོངས་སུ་འགལ་བའི་བྱ་སྤྱོད་ཅིག་ཡིན། མ་འོངས་པ་ཡང་དྲང་བདེན་གཏན་ནས་མེད་པའི་རྒྱ་ནག་གཞུང་གིས་གཉིས་ཕན་གྱི་བསམ་ཚུལ་འཛིན་རྒྱུའི་རེ་བ་དང༌། ཡིད་ཆེས་གནང་ཕེར་མེད་ངེས་ཀྱི་གནས་ཚུལ་ཞིག་ཡིན་སྟབས་དེ་རྩིས་དགོངས་བཞེད་གནང་འོས་ཞིག་མཐོང་གི་འདུག
དོན་ཚན་གཉིས་པ། ཉེ་དུས་ཐེ་ཝེན་གཞུང་གི་མི་སྣ་ཆེད་འབྱོར་བྱུང་དོན་ཕན་ཚུན་གྲོས་མོལ་རིང་ནས་སྐུ་འཚབ་མི་གསུམ་ཐེ་ཝེན་དུ་གཏོང་རྩིས་སྐོར་བཅས་པའི་གནས་ཚུལ་བཀའ་ཤག་ནས་གྲོས་ཚོགས་སུ་གསལ་བཤད་བྱ་རྒྱུ་ཡིན་ཞེས་ཕེབས་སྐོར།
ཐེ་ཝེན་དུ་ཕན་ཚུན་གྲོས་མོལ་ཆེད་སྐུ་འཚབ་ཆེ་གཉེར་གྱི་ལམ་ནས་རྩ་དོན་རིམ་པས་སེལ་ཐབས་དུ་མ་ཞིག་གནང་ཡོད་ཀྱང་དངོས་དོན་ཐོག་ཏུ་གྲུབ་འབྲས་ཐོན་པ་གང་ཡང་བྱུང་མེད། འོན་ཀྱང་ད་ཆ་ཐེ་ཝེན་གཞུང་གི་ཆབ་སྲིད་ཀྱི་གནས་སྟངས་ལ་འགྱུར་བ་ཞིག་བྱུང་སྟེ་སྔར་དང་མི་འདྲ་བའི་བོད་དོན་ཐོག་འཛིན་པའི་ད་ལྟའི་སྲིད་ཇུས་འདི་ལ་བདེན་པའི་ལམ་ནས་འོས་ཤིང་འཚམས་པའི་འགྱུར་བ་ཞིག་ཡོང་གི་ཡོད་ན་ལས། གལ་སྲིད་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་བརྫུན་འཁྲིད་ཀྱི་དབང་དུ་སོང་ན་རྩ་བ་ནས་མ་འགྲིག་པར་སོང་དེ་ཅི་ཞིག་བརྗོད།
ཡང་བཀའ་ཤག་གིས་འདི་ལོའི་སུམ་ཅུའི་དུས་དྲན་ཐོག་གསུང་བཤད་གནང་བའི་ནང༌། འདས་པའི་སུམ་ཅུ་སོ་གྲངས་ནང་བོད་དང་ཐེ་ཝེན་དབར་དགོས་མེད་ཀྱི་རྙོག་གླེང་ཇི་ལྟར་བྱུང་ཡང༌། ཉེ་ཆར་ཐེ་ཝེན་ཕྱོགས་ནས་ཕན་ཚུན་འབྲེལ་བ་བྱེད་འདུན་ཞིག་བསྟན་པར་ང་ཚོས་དང་ལེན་གྱིས་འབྲེལ་ལམ་བཟང་པོ་ཞིག་ཡོང་ཐབས་ལ་འབད་བརྩོན་བྱེད་མུས་སུ་ཡོད་ཅེས་གསུངས་འདུག
འདས་པའི་ལོ་ངོ་དེ་དག་གི་རིང་དུ་བོད་དང་ཐེ་ཝེན་དབར་གླེང་རྙོག་ཙམ་མ་ཟད་བོད་མིའི་ནང་ཁུལ་ལའང་ཕན་ཚུན་དོགས་གནས་ཀྱི་སྐྱོན་བརྗོད་བྱ་རེས་སོགས་སྤྱི་ཚོགས་ནང་འགལ་ཟླ་འགྲོ་གཞི་དང༌། མི་བསད་ཁྲག་སྦྱོར་ཡན་བྱུང་ཡོད་པ་དེ་རིགས་གོང་མིན་ཏང་གཞུང་གིས་རང་བཙན་ཅན་གྱི་བོད་ལྗོངས་རྒྱལ་ཁབ་དེ་དག་རྒྱ་ནག་གི་ཆ་ཤས་སུ་འཛིན་པའི་སྲིད་ཇུས་དེ་ལ་ངོ་རྒོལ་གདོང་ལན་བྱས་པ་ཞིག་ཡིན་པ་ལས་དགོས་མེད་ཀྱི་རྙོག་གླེང་ཞིག་ཡིན་བསམ་པ་གཏན་ནས་མེད་པ་རེད། དེའང་རང་གཞུང་གི་དབུ་ཁྲིད་ལམ་སྟོན་ཁོ་ནའི་འོག་རྩ་དོན་ཞིག་ལ་ཐུག་ཡོད་པར་ངོས་འཛིན་མ་འཕྱུག་པ་བྱས་ཡོད་ན། ད་ཆ་དགོས་མེད་ཀྱི་གླེང་རྙོག་གསུངས་པས་གནད་དོན་དེ་ལ་རྒྱུ་མཚན་ཡང་དག་གི་འགྲེལ་བརྗོད་ཅིག་མ་གནང་ཚེ་ད་བར་རྩ་དོན་གྱི་ལྟ་བ་འདིན་པའི་བོད་མི་རྒྱལ་གཅེས་པ་དེ་དག་བློ་ཕམ་གྱི་རང་བཞིན་དུ་འགྱུར་རྒྱུ་ལས་འོས་མེད།
དོན་ཚན་གསུམ་པ། བོད་མི་སྤྱི་སྒེར་སོ་སོས་བོད་ནང་བོད་ཀྱི་ཤེས་ཡོན་རིག་གཞུང༌། དཔལ་འབྱོར་དང་འཕྲོད་བསྟེན་སོགས་ལ་སྨན་པའི་རང་རང་འཁོས་དཔག་གི་ཞབས་འདེགས་སུ་འགྱུར་ངེས་ཀྱི་འཛུག་བསྐྲུན་ཐུབ་ཐབས་དོ་ཁུར་འབད་སྩོལ་ལྷུར་ལེན་བགྱིད་འཐུས་ཞེས་གསུང་ཐད། འདིའི་ཧོབ་སྟེ་བསམ་ན་བློ་ཡུལ་ལས་འདས་པ་ཞིག་ཡོང་གི་འདུག འོན་ཀྱང་ྋགོང་སྐྱབས་མགོན་ཆེན་པོས་མ་འོངས་ཕུགས་རྒྱ་རིང་པོའི་དགོངས་བཞེད་ལ་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་ཡིན་སྟབས་འདི་དག་ལག་ལེན་འཁེལ་ཐབས་སུ་བསམ་གཞིགས་ནན་གཏན་ཞིག་དགོས་གལ་མཐོང་གི་འདུག
ལྷག་པར་དུ་བོད་ཀྱི་སྣོད་བཅུད་སྤྱི་དང༌། རང་བྱུང་གི་བཀོད་པ། འཕྲལ་ཡུན་གནོད་གཞི་མི་འགྲོ་བའི་ཐབས་ཚུལ་གཙོ་གྱུར་ཐོག་ཅེས་གསུངས་པས་དོན་གྱི་ཆ་ནས་བྱས་ན། བོད་མི་ཁེར་གཙང་གི་བྱེད་སྒོ་ཞིག་མི་འགྱུར་བའི་དོན་ཞིག་གསལ་པོ་རེད། དེས་ན་དོན་དེ་ལྟར་སྒྲུབ་པའི་ཆ་རྐྱེན་དེས་བོད་མིར་ཕན་ཐོག་ཇི་ཡོང་བསམ་གཞིགས་དགོས་གལ་ཞིག་རེད། ཕན་ཐོག་ཡོད་པའི་ཆ་རྐྱེན་ཞིག་མཐོང་ན། དེང་རྒྱལ་སྤྱིའི་གནས་སྟངས་ཀྱི་ཆ་ནས་བོད་མི་སྤྱི་སྒེར་སུ་ཐད་ནས་དེ་ལྟར་ལག་ལེན་བསྟར་མཁན་མང་དག་ཅིག་ཡོང་སྲིད་པ་ཞིག་རེད།
ཡང༌། རང་རང་འཁོས་དཔག་གི་ཞབས་འདེགས་སུ་འགྱུར་ངེས་ཀྱིས་འཛུགས་བསྐྲུན་ཐུབ་ཐབས་ཞེས་གསུངས་པ་འདིའི་སྐོར། བྱེད་དགོས་པའི་ཆ་ནས་ཆ་རྐྱེན་འཛོམས་བདེ་ཞིག་མིན་ཡང་གནད་དོན་དངོས་ཀྱི་ཐོག་ཏུ་བསམ་གཞིགས་ནན་གཏན་དགོས་རྒྱུ་གཅིག་གྱུར་རེད།
འདིའི་སྐོར་བཀའ་ཤག་གིས་གྲོས་ཚོགས་ཐོག་གསུངས་དོན་ལ། རྒྱལ་སྤྱིའི་ཁྲིམས་ལུགས་འགྲོ་སྟངས་ཀྱི་ཐོག་ནས་རང་རེའི་རྩ་དོན་དང་འབྲེལ་ཆབ་སྲིད་ཐོག་ཕུགས་སྐྱོན་ཐལ་ཆ་འགྱུར་གཞི་རིགས་མེད་ཚེ། བོད་ནང་ཆོས་རིག དཔའ་འབྱོར། འཕྲོད་བསྟེན་སོགས་ཀྱི་འཛུགས་བསྐྲུན་ལ་རྒྱ་ཕྱོགས་ནས་ཁ་ཞེ་གཉིས་མེད་ཀྱི་མོས་མཐུན་བསམ་གཞིགས་བྱུང་ཚེ་འགོ་འཛུགས་ལག་ལེན་རིམ་བསྟར་ཐོག་རིམ་བཞིན་ཕན་ཚུན་འབྲེལ་བབ་ཡིད་ཆེས་འཕེར་ངེས་སུ་གྱུར་མཚམས། རྩ་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཐབས་སུ་འགྲིགས་གཙོའི་གུ་ཡངས་ཀྱི་ལམ་ཕྱོགས་ཞིག་བརྙེད་ཐབས་འབད་བརྩོན་གནང་ན་སྙམ་ཞེས་གསུངས་འདུག་པའི་ནང༌། རྒྱལ་སྤྱིའི་ཁྲིམས་ལུགས་འགྲོ་སྟངས་ཀྱི་ཐོག་ནས་རང་རེའི་རྩ་དོན་དང་འབྲེལ་བའི་ཕུགས་སྐྱོན་ཐལ་ཆ་འགྱུར་གཞི་མེད་ཚེ་ཞེས་དང༌། རྒྱ་ཕྱོགས་ནས་ཁ་ཞེ་གཉིས་མེད་མོས་མཐུན་བསམ་གཞིགས་བྱུང་ཚེ་ཞེས་གསལ་ཐད། ྋགོང་ས་སྐྱབས་མགོན་ཆེན་པོས་བཀའ་བསྩལ་བའི་དོན་གནད་ལ་བཀའ་ཤག་ནས་དོགས་འདྲོག་འགན་འཁྲི་ཞུ་སྟངས་ལ་བལྟས་ན་ང་ཚོ་བསམ་ཡུལ་ལས་འདས་ཚུལ་ཞིག་རེད། དངོས་འབྲེལ་བྱས་ན་ྋགོང་ས་སྐྱབས་མགོན་ཆེན་པོས་བཀའ་ཇི་བསྩལ་ལ་བཀའ་ཤག་ནས་རང་འགན་ཐེགས་པ་ཁུར་ལེན་གནང་དགོས་པ་ནི་རང་གི་ལས་འགན་གཙོ་བོ་དེ་རེད། འདིའི་སྐོར་ང་ཚོ་མང་ཚོགས་བློ་དོགས་སེལ་བའི་རྒྱུ་མཚན་འགྲེལ་བཤད་གནང་རོགས་མི་ཞུ་ཐུ་མེད་བྱུང༌།
སྤྱི་འཐུས་ལྷན་ཚོགས་ནས་ཀྱང་ྋགོང་ས་སྐྱབས་མགོན་ཆེན་པོའི་གསུངས་བཤད་ལ་ཐུགས་རྗེ་ཆེ་ཞུའི་གྲོས་ཆོད་དང༌། ཡང་ན་རྒྱུ་མཚན་དགེ་སྐྱོན་གསལ་ཞུ་དང༌། མང་ཚོགས་ལ་ངོ་སྤྲོད་རིགས་གང་ཡང་མེད་པ་གསུང་འཕྲིན་ཆུ་ནང་རྡོ་གཡུག་ལྟ་བུ་གྱུར་པ་འདི་ལ་ཧ་ཅང་གི་བློ་ཕམ་བྱུང༌། གང་ལགས་ཤེ་ན། བཀའ་ཤག་ནི་ྋགོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ཆབ་སྲིད་ཀྱི་འགན་ཁུར་གཙོ་བོ་དེ་རེད། དེས་ན་དགེ་སྐྱོན་དོགས་གནད་ཡོད་རིགས་རྒྱལ་བློན་ལྷན་ཚོགས་ལྟ་བུ་མ་བྱུང་བ་དང༌། དབུ་འོག་དཔུང་འདེགས་སུ་མི་འགྱུར་བའི་རྣམ་པ་གསལ་པོ་བསྟན་པ་འདི་རེད།
བཅའ་ཁྲིམས་ཀྱི་དགོངས་དོན། བཀའ་ཤག་འོས་འདེམས་མཛད་ཕྱོགས་ལ་ ༩༠ ཟླ་ ༥ ཚེས་ ༡༡ ཉིན་དམིགས་བསལ་ཚོགས་ཆེན་ཐོག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་གསལ་རྗེན་ཕེབས་གསལ་དུ། བཀའ་བློན་མི་གྲངས་བདུན་དགོས་པ་དང༌། དེ་དག་ལ་འོས་གཞི་གྲངས་ཉེར་གཅིག་དགོས་པའི་འོས་མིག་སྤྱི་འཐུས་ལྷན་ཚོགས་ནས་འདེམས་དགོས་པ། འོས་དམིགས་སོ་སོའི་འོས་གཞིར་འདུག་དང་མི་འདུག་རང་དབང་ཡོད་པ། འོས་གཞིར་འོས་གྲངས་བརྒྱ་ཆ་བརྒྱ་ཐམས་པ་ལེན་དགོས་པ་བཅས་ཐུགས་ཐག་གཙང་བཅད་ཟློག་མེད་ཀྱི་བཀའ་བསྩལ་གནང་བ་ལྟར་བཅའ་ཁྲིམས་ཀྱི་ནང་དུའང་གསལ་འཁོད་བྱུང་ཡོད། དེ་ལྟར་ཡང༌། དུས་ཐུང་ནང་ལས་སླ་པོའི་ཐོག་ནས་འགྱུར་བ་སྟབས་བདེ་པོ་དང༌། དགོས་དོན་འདི་ཡིན་གསལ་རྟོགས་མེད་པ་འདི་ལྟར་ལ་བརྟེན་ད་ལྟ་བཅའ་ཁྲིམས་སུ་གཏན་འཕེར་བའི་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྤྱི་འཐུས་ཀྱི་གྲངས་ཚད་ཡོད་པ་བཞིན་འདི་རིགས་ལ་དེ་ལྟའི་རང་བཞིན་དུ་མི་འགྱུར་བའི་ངེས་པ་མེད་པའི་དོགས་གནད་ཆེན་པོ་ཡོང་རྒྱུར་བརྟེན། འདི་རིགས་ལ་མང་མོས་ཤུགས་ཁྱེར་གྱི་འགྱུར་བ་སྤུ་ཙམ་གཏང་བ་མིན་ན་ང་ཚོས་དུས་ནམ་ཡང་ཁས་ལན་མི་ཞུ་ཐག་གཅོད་ཡིན། ད་ལྟའི་སྤྱི་འཐུས་རྣམས་དམ་བཅའ་འབུལ་སྐབས་སུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དུས་ད་ལྟ་ངའི་མདུན་ལྕོག་འདི་སྟོང་པར་བཞག་ཡོད། ད་ཆ་འདིའི་སྟེང་དུ་སྒྲིགས་བཤོམས་ཞིག་ངེས་པར་དུ་བྱེད་དགོས་ཀྱི་འདུག ཅེས་གསུངས་ཡོད་ན་དོན་གྱི་ཆ་ནས་ཤུགས་ཀྱིས་བེད་སྤྱོད་བྱ་དགོས་པའི་ལམ་སྟོན་གསལ་པོ་མཛད་པ་ལྟར་རང་འགན་མ་འཕྱུག་པར་ཕྱག་ལེན་བསྟར་དགོས་ངེས་ཞིག་མཐོང་གི་འདུག་ཀྱང༌། ད་བར་མང་ཚོགས་ནས་ཅབ་སྲིད་ཀྱི་ལང་ཕྱོགས་མ་རྟོགས་པ་འདི་ཐད་སྤྱི་ལྷན་ནས་བསྒྲུབ་བྱའི་རྩ་དོན་ཚག་ཚུད་འདི་མིན་མེད་པ་ལྟ་བ་ཕྱོགས་རིས་སམ་ངོ་ཟུང་དང་ཐེ་ཚོམ་བཟོད་ཡངས་ཀྱི་དུས་ཡུན་ཐུང་ཐུང་ནང་བཅའ་ཁྲིམས་ལའང་ལས་སླ་སྟབས་བདེའི་འགྱུར་བ་སྔ་རྗེས་བྱུང་བ་དེ་དག་ལ་བློ་ཕམ་ཆེན་པོ་ཡོད།
ཆུ་སྒང་གི་དུས་དྲན་དེ་དག་གཞུང་འབྲེལ་དུས་ཆེན་མཛད་རིམ་དུ་འཇུག་གནང་ཡོད་པ་ཞེས་སྔ་ཕྱི་རིམ་པ་ཞུས་དོན་ལྟར་དོན་འབྲས་མ་སོང་བར་མུ་མཐུད་དེ་རེ་འདུན་ཞུ་རྒྱུ་ཡིན། ཇི་ལྟར་ྋགོང་ཞུས་ལྟར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་སྲིད་གཉིས་ཀྱི་མཛད་འཕྲིན་དང༌། གཞིས་བྱེས་བོད་མི་ས་ཡ་དྲུག་གི་སྙིང་སྟོབས་ལ་འགྱུར་བ་མེད་པའི་ཐོག་རྒྱལ་སྤྱིའི་ལམ་ཕྱོགས་དང་བཅས་རང་ཅག་རྣམས་ཀྱི་མ་འོངས་བསྒྲུབ་བྱའི་མཐུན་སྐྱེན་ཕུན་སུམ་ཚོགས་པ་འདི་ལྟ་བུ་ཡོད་པ་ལ་བརྟེན་ནས་དགེ་འདུན་སྙིང་པོ་བོད་ལྗོངས་ཡོངས་རྫོགས་ཞི་བདེ་རང་དབང་རང་བཙན་གཙང་མ་བླང་སྟེ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལུང་གི་ཟིན་པའི་གངས་ཅན་ལྗོངས་ཀྱི་གྲུ་འཛིན་གཉིས་པརི་བོ་ཏཱ་ལའི་ཕོ་བྲང་གི་མི་འཇིགས་གདོང་ལྔས་འདེག་པའི་གསེར་ཁྲི་ཁམས་གསུམ་ཟིལ་གནོན་གྱི་སྟེང་དུ་རིང་པོར་མ་ཐོག་པར་གཟི་བརྗིད་ཕུན་སུམ་ཚོགས་པའི་ཐོག་ཞབས་སོར་འཁོད་རྒྱུར་ང་ཚོ་གཞིས་བྱེས་གཉིས་ཀར་ཡིད་ཆེས་བརྟན་པོ་ཡོད།
མཐའ་དོན་སྨོན་ཚིག་ཞུ་རྒྱུར། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དད་དཔོན་ཆེན་པོ། ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རང་ཅག་གཞིས་བྱེས་བོད་མི་རིགས་རྣམས་ཀྱི་གཙོས་འཛམ་གླིང་འདིའི་སྟེང་གི་མི་རིགས་མཐུན་བསྒྲིལ་གྱི་སྟོབས་ཤུགས་རྒྱས་ཏེ་ཞི་བདེ་ཁྲི་ལོར་བརྟན་པར་ཤོག
ལྡི་ལི་དབུས་ཆ་སྒང་སྤྱི་ཁྱབ་ལས་ཁུངས་ནས་ ༡༩༩༣ ཟླ་ ༥ ཚེས་ ༢༣ ལ།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༤ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋ གངསཅན་བོད་ཀྱི་རྒྱལ་བསྟན་སྲུང་བའི་མདོ་སྟོད་ཆུ་སྒང་དང་བླང་དམག་སྡེ་ཆེན་པོ་དབུ་ཚུགས་ནས་ལོ་སུམ་ཅུ་སོ་ལྔ་སོང་བའི་དུས་དྲན་སྙན་བརྡ་གསུང་བཤད་མདོར་བསྡུས།།
ྋབོད་རྒྱལ་ལོ་ ༢༡༡༨ སྤྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ གི་ཉིན་མོ་འདི་ནི། བོད་དབུས་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཕྱོགས་ལྕགས་ཚ་གྲི་གུ་ཐང་དུ་ལི་ཐང་ཨ་འབྲུག་མགོན་པོ་བཀྲིས་ཅེས་པ་བཙས་མ་ཐག་ནས་དཔའ་ཞིང་བརྟུལ་ཕོད་པའི་དྲན་པ་བརྙེས་པ་ཕུལ་བྱུང་གི་དཔའ་བོ་དེས། བསྒྲུབ་ལ་དཀའ་བར་མི་འཛེམ་པར་དྲག་པོའི་དཔུང་གི་སྦྱོར་བའི་འགོ་འཁྲིད་དེ། མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཙོས་བོད་མི་དཔའ་བོ་རྣམས་ནས་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ། བཙན་འཛུལ་གཉའ་བ་ནོན་པའི་བསྟན་སྲུང་དང་བླངས་དམག་གི་ལས་འགུལ་སྔར་ན་མ་གྲགས་པ་གཟི་བརྗིད་དང་ལྡན་པ་དངོས་སུ་བཙུགས་ཏེ་བྱས་རྗེས་ཆེན་པོ་བཞག་པའི་དུས་དྲན་ཐེངས་ ༣༤ པར་སྲུང་བརྩི་དང་གུས་བཏུད་ཞུ་བའི་དུས་ཚེས་དེ་ཡིན།
དེ་རིང་འདིར་ཕེབས་པའི་སྐུ་མགྲོན་གཙོ་བོར་རང་གཞུང་བཀའ་བློན་རྣམས་པ་དང༌། ཚོགས་གཙོ་གཙོས་བོད་མི་མང་སྤྱི་འཐུན་ལྷན་རྒྱས། དྲུང་ཆེ་ཆུང༌། འགན་འཛིན་ཁག མཁན་བླ་རྣམ་པ། ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་འཐུས། རྒྱལ་གཅེས་སེར་སྐྱ་མང་ཚོགས་རྣམས་ལ་དེ་རིང་ཕྲན་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགྲིན་ཚབ་ཞུས་ཏེ་གུས་བཏུད་དང་འབྲེལ་དུས་ཆེན་ངོ་སྤྲོད་མདོར་བསྡུས་ཞུ་རྒྱུ་ཡིན།
སྐུ་མགྲོན་རྣམ་པ་འདས་པའི་དུས་ཚེས་དེའི་ནང་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་བྱ་བའི་ཐབས་སུ་བཞོར་ནས། བོད་ཀྱི་བསྟི་གནས་གནད་ཡོད་ཁག་གཙོས་གང་སར་འབད་བརྩོན་གྱིས་སྐབས་བབས་མཁོ་བའི་སློབ་སྟོན་ཅི་མཆིས་གསང་འབྲེལ་མུ་མཐུད་ཀྱིས་སྙིང་དོན། བོད་རྒྱལ་བསྟན་ཆབ་སྲིད་དང་མི་རིགས་ཀྱི་དོན་དུ་བསྟན་སྲུང་དང་བླངས་འགོ་མང་རྣམས་རླུང་གི་ཤུགས་དྲག་དེ་ཉིད་དུ་བདས་པ་ལྟར། ལུས་སྲོག་ལོངས་སྤྱོད་གང་ལའང་ཅི་མི་རུང་བའི་བློ་ཡི་དྲྭ་བ་ཡོངས་སུ་བཅད་དེ་དགོས་པའི་ཆེད་དུ་དཔའ་མང་པོས་བསྟན་སྲུང་དང་དམག་གི་སྒྲིག་འཛུགས་དངོས་སུ་བཙུགས་པ་ནས། བཙན་པོས་བསྐུལ་འདེད་དང་བསླུ་བྲིད་ཀྱིས་མགོ་བོ་རྨོང་པ་གང་ཡང་མིན་ལགས། དཻ་བཞིན་ལས་རྟགས་ལྟ་བུ་དར་གྱི་ཕྱི་ལོགས་སུ་བོད་ཀྱི་བསྟན་སྲུང་དང་བླངས་དམག་ཅེས་བཀོད་དགོས་པའི་རྒྱུ་མཚན་ཡང་དེ་ཡིན།
གོང་ཞུས་བསམ་བྱ་དེ་དག་གཞི་ལ་བཞག་སྟེ་བོད་དབུས་ཀྱི་ཤར་དང༌། ལྷོ་བྱང་ས་ཁུལ་གང་སར་རྒྱ་དམར་གུང་ཁྲན་གྱི་གནས་གཞི་ཁག་གཙོས། འགྲུལ་བཞུད་འཁོར་ལམ་སོགས་ལ་བསྟན་སྲུང་དང་བླངས་དམག་གི་དཔུང་སྟོབས་སྟོང་ཕྲག་མང་པོ་རྔམ་ཟིལ་མངོན་པར་མཐོ་བའི་མདུན་བདར་ཏེ། དྲག་པོའི་གཡུལ་ངོར་དངོས་སུ་ཞུགས་ནས་རྒྱ་དམར་གུང་ཁྲན་གྱི་མི་རྒྱུ་གང་སར་ཕམས་ཉེས་ཚད་ལས་འགལ་བ་བཏང་ཡོད་པ་མ་ཟད་དུས་དེ་འཚམས་ནས་ལྷོ་ཕྱོགས་ས་གནས་དེ་དག་ས་གཙང་མི་གཙང་ལྟ་བུ་གནས་སུ་འཕོས་ཐུབ་པ་བྱུང་ཡོད།
འོན་ཀྱང་རྒྱ་དམར་གུང་ཁྲན་གྱི་ཕྱོགས་ནས་མི་ལོ་སྟོང་ཕྲག་སྔོན་ནས་རང་བཙན་གཙང་མར་གནས་པའི་བོད་དང༌། བོད་ཆེན་པོའི་རྒྱལ་ཁབ་དེ་དག་གི་ས་བབ་དང༌། གཏེར་ཁ་སོགས་ལ་འདོད་རྔམ་གྱིས་ཤུགས་སྐྱེས་ཏེ་མངོན་སུམ་འཛེམ་མེད་ཀྱིས་རྐང་ལག་བརྐྱངས་པ་ཙམ་མ་ཟད། དྲས་བཏུབ་དུམ་བུར་གཏོང་བའི་ཇུས་ངན་ཁོག་བཅུགས་ཀྱིས་བོད་མི་ནང་ཁུལ་ལ་མི་བདེན་རྫུན་གཏམ་མང་དག་ཞིག་ཡིག་ངག་གཉིས་ཐོག་ནས་བཙན་དབང་ཁྱབ་སྤེལ་གྱིས་རྐྱེན་པས་བསམ་མེད་བློ་ཆུང་མང་པོ་མགོ་བོ་རྨོངས་སུ་བཅུགས་ཐབས་བྱེད་པ་དང༌། ལྷག་པར་ ༡༩༥༩ ཟླ་ཚེས་ཉིན་རང་ཅག་བོད་གངས་ཅན་པ་རྣམས་ཀྱི་ཚེ་འདིའི་མགོན་སྐྱབས་དང་ཕྱི་མའི་ྋསྐྱབས་གནས་དམ་པ་ྋགོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྱྭ་ལ་བདོ་བའི་ཞི་བའི་ཐབས་དང༌། དྲག་པོའི་དཔུང་གིས་རྒྱ་ནག་ཏུ་བཙན་གཤེད་ཀྱིས་གདན་ཞུ་བྱ་རྒྱུའི་བྱ་སྤྱོད་ཀྱི་རྫུན་རྐུབ་རང་ཤུགས་ཀྱིས་བརྡོལ་ཏེ། རྒྱལ་ས་ལྷ་སར་གཙོས་ཉེ་འདབ་གང་སར་གནས་ཚུལ་དེ་དག་ཁྱབ་སྤེལ་བྱུང་མ་ཐག བོད་མི་རིགས་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སེར་སྐྱ་ཡོངས་ལ་སྙིང་ལ་དུག་མདའ་ཕོག་ལ་ལྟ་བུ་བྱུང་ནའང༌། ཞུམ་པ་མེད་པའི་རྒྱལ་གཅེས་ཀྱི་དཔའ་བོ་དང༌། དཔའ་མོ་ཁྲི་ཚོ་མང་པོས་སྙིང་སྟོབས་ཀྱི་མགོ་བོ་བཏེགས་ནས་འཛམ་གླིང་སྤྱི་ཁྲིམས་དང་མཐུན་པའི་རྒྱ་དམར་གུང་ཁྲན་ལ་ཛ་དྲག་གིས་ཞི་བའི་རང་དབང་སྒེར་ལང་གི་ངོ་རྒོལ་གཟི་བརྗིད་ཆེ་ལ་རྔམ་མཐོ་བ་གཅིག་མཇུག་གཉིས་མཐུད་ཀྱིས་རྦ་རླབས་ཁ་ལ་འཕྱོ་བཞིན་པར་འཛམ་གླིང་གི་ཕྱོགས་གང་ས་ནས་རྒྱ་དམར་གུང་ཁྲན་གྱིས་འཛིན་པའི་སྲིད་བྱུས་དེ་དག་ཨ་རུ་ཐེར་བཏོན་གྱིས་རྡུང་རྡེག་ཚ་ནན་གཅིག་མཇུག་གཉིས་མཐུད་དུས་ད་ལྟའང་ཕོག་གི་ཡོད་དང༌། དེ་བཞིན་རྒྱལ་སྤྱིའི་ཁྱོན་ནས་བོད་ཀྱི་རྩ་དོན་གླེང་གཞིར་འགྱུར་བ་ཆེན་པོ་ཐེབས་ཡོད།
རྒྱ་དམར་གྱི་འགོག་ཏུ་མེད་པའི་སྤྱོད་ངན་གྱི་བསམ་ཚུལ་དེ་ལ་རྒྱུན་ནས་ྋགོང་ས་སྐྱབས་མགོན་ཆེན་པོ་དབུས་གཞུང་ཞབས་ནང་མ་ཧྲག་བསྡུས་བཅས་མཛེས་ཤིང་ཡིད་འོངས་དང་བ་འདྲེན་པའི་ནོར་གླིང་ཕོ་བྲང་ནས་བསྟན་སྲིད་ཀྱི་དོན་དུ་རེ་ཞིག་ཕྱིར་ཕེབས་མཛད་འཆར་ཐུགས་གཏན་ཁེལ་བ་དང༌། སྐུ་སྲུང་བཅས་ནས་ཉིན་མཚན་ལྷོད་མེད་ཀྱི་སྲུང་བྱ་ཞུས་ཏེ་ལྷོ་ཕྱོགས་ས་རིམ་རྒྱུད་རྒྱ་གར་དུ་ཕེབས་ཐུབ་པ་དང༌། ཕེབས་རྗེས་སུ་བསྙེགས་པའི་མི་གྲངས་ཁྲི་ཚོ་བསྟན་སྲུང་དང་བླངས་ཀྱི་སྒྲིག་འཛུགས་དེའི་ཐོག་ནས་རྒྱ་གར་ས་ཐོག་ཏུ་ཕེབས་ཐུབ་པ་བྱུང་ཡོད།
སྐུ་མགྲོན་རྣམས་ནས་མཁྱེན་གསལ་ལྟར། ཕུལ་བྱུང་གི་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་དབུ་ཁྲིད་པའི་བསྟན་སྲུང་དང་བླངས་དམག་གི་དཔུང་སྡེ་ཆེན་པོ་དེ་བཞིན། སྤྱི་མཐུན་ལས་ཀྱི་ཞི་དྲག་གཅིག་འདུས་ཀྱི་གཟི་བརྗིད་དང་ལྡན་པའི་ཚོགས་པ་ཞིག་ཡིན་པ་ལས། ཆོལ་ཁ་དང་ཆོས་ལུགས་ཀྱི་སྡེ་ཚན་ལྟ་བུ་མ་ཡིན།
སྐུ་མགྲོན་རྣམ་པ། འདས་པའི་དུས་དེར་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་ཁྲི་ཚོ་མང་པོས་བོད་རྒྱལ་བསྟན་ཆབ་སྲིད་ཀྱི་དོན་དུ་དཀའ་དུབ་དྲག་པོས་སྙིང་སྟོབས་ཀྱི་སྤོབས་པ་གཟི་བརྗིད་དང་ལྡན་པ་དངོས་སུ་ཐོན་ནས་ཤ་རུས་ཀྱི་རི་དང༌། ཁྲག་གི་རྒྱ་མཚོ་ལྟ་བུ་འགྲོ་གྲོན་འཕངས་མེད་དུ་བཏང་བའི་དགོས་དོན། བོད་རང་བཙན་སླར་གསོའི་བསྒྲུབ་བྱ་འཇུག་སྐྱོང་ཞུ་བྱ་དེ་དག་ད་ཆ་གཞི་བྱེས་བོད་མི་སེར་སྐྱ་རྣམས་ཀྱི་མདུན་དུ་ལྷག་ཡོད་པ་དེ་རེད། གནས་ཚུལ་དེ་ལ་བརྟེན་ནས་གཙོ་བོ་ྋགོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་བསྟན་སྲུང་དང་བླངས་འགོ་དམངས་ཡོངས་ནས་བོད་རང་དབང་གི་བདེན་མཐའ་མ་གསལ་བར་དཔུང་སྟོབས་ཞུམ་པ་མེད་པར་དེ་སྲིད་བསྟན་དགྲ་རྒྱ་དམར་གུང་ཁྲན་ལ་སྐབས་བབ་ཞི་དྲག་གི་ལམ་ཕྱོགས་དང་བསྟུན་པས་འཐབ་རྩོད་མུ་མཐུད་ཞུ་རྒྱུའི་དམ་བཅའ་ལྕགས་ལས་མཁྲེགས་པ་སྙིང་དབུས་སུ་བཀོད་ཟིན་པ་དེ་ལ་འགྱུར་བ་གང་ཡང་མེད། དེ་བཞིན་ཆོལ་གསུམ་ཆོས་ལུགས་དང་བཅས་པ་བསྒྲུབ་བྱ་གཅིག་གྱུར་གྱི་གནས་ལ་སོང༌། ཚ་བས་གདུང་སྟེ་ལུས་ཉོབ་པ་དང༌། གྲང་བས་མནར་ཏེ་ལུས་འདར་བའི་དཔེ་ལྟར་མ་སོང་སྐབས་བབ་ཀྱི་ཞུ་བྱ་གང་སར་གཡས་གཞོགས་གཡོན་འདེགས་ཞུ་དགོས་པ་ནི་གལ་ཆེན་པོ་ཡིན།
རྩ་བའི་ང་ཚོའི་རྩོད་གཞི་འདི་ནི་གཞི་རྒྱ་ཆེ་ལ་གཏིང་ཟབ་པ་རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་རྩ་དོན་གལ་ཆེ་ཞིག་ཏུ་ཐུག་ཡོད། ཡིན་ནའང་འཇིག་རྟེན་འདིར་དུས་ཀྱི་འགྱུར་བ་སྐད་ཅིག་རླུང་གི་ཤུགས་ཕྱོགས་ལྟ་བུ་ཡིན། དཔེར་ན། ྋགོང་ས་སྐྱབས་མགོན་ཆེན་པོའི་ཐུགས་ཀྱི་དགོངས་གཞི་ནི་རི་རབས་ལས་དཔང་མཐོ་བ། རྒྱ་མཚོ་ལས་གཏིང་ཟབ་པ་འཚེ་མེད་ཞི་བའི་བདག་ཅག་གི་སྟོན་པ་ཆེན་པོ་འཇིག་རྟེན་གདུལ་བྱའི་དོན་ལ་བྱོན་པ་དང་གཉིས་སུ་མེད་པའི་མཚན་སྙན་གྱི་བ་དན་སྲིད་གསུམ་ན་བསྒྲེང་པ་ལ་བརྟེན་ནས་འཛམ་གླིང་འདིར་མང་པོས་བཀུར་བའི་རྒྱལ་པོའམ། ཞི་བདེའི་དད་དཔོན་ཆེན་པོའི་མཚན་གནས་རང་ཤུགས་ཀྱི་མངའ་གསོལ་བ་དང་འབྲེལ་མཐའ་བཞིའི་རྒྱལ་པོ་རྒྱལ་ཕྲན་མང་པོས་སྙན་པར་གྲགས་པའི་བ་དན་དཀར་པོ་སྲིད་རྩེར་གཡོ་བཞིན་ཡོད་པ་ནི་བོད་འབངས་ཡོངས་ཀྱི་གཞི་རྩའི་སྔོན་འགྲོའང་ཡིན་ལ། གཟི་བརྗིད་ཕུན་སུམ་ཚོགས་པའི་རླབས་ཆེན་གྱི་རྒྱལ་ཁ་ཞིག་ཀྱང་ཡིན། མཛད་འཕྲིན་གྱི་མཚན་སྙན་དེ་ལ་བརྟེན་ནས་རང་ཅག་བོད་མི་རྣམས་འཛམ་གླིང་འདིའི་སྟེང་འདྲ་མཉམ་གྱི་སྤོབས་པ་ཆེན་པོའི་མགོ་བོ་སྟེགས་པའི་དུས་སྐབས་ཤིག་ཏུ་སླེབས་ཡོད་པ་ལས་བློ་ཆུང་འདར་སྐད་ཀྱི་དྲིལ་བུ་དཀྲོལ་དགོས་པའི་རྒྱུ་རྐྱེན་གང་ཡང་མ་མཐོང༌།
དེང་དུས་འཛམ་གླིང་འདིར་ཧ་ཅང་གི་འཁྲུག་ཆ་ཆེ་ཞིང་བཀག་ཐབས་བྲལ་བའི་བརྡུལ་མཚོན་ལ་སྔོན་འགོག་བྱེད་པ་དང༌། མཁྲེགས་བཟུང་ཅན་གྱི་ལྟ་བ་རྣམས་དམངས་གཙོའི་ལམ་དུ་ཁ་ཕྱོགས་པ། བཙན་གནོན་ཅན་ལ་ཚ་ནན་བརྡུང་བརྡེགས་ཕོག་པ་བཅས་འཕོ་འགྱུར་ཆེ་བའི་གནས་ཚུལ་དེ་ཐོག་ནས་དམར་པོའི་ལྟ་བ་འཛིན་པའི་རྒྱ་དམར་གུང་ཁྲན་གྱི་སྲིད་བྱུས་དེ་དག་རྩ་བ་རུལ་བའི་ཤིང་སྡོང་རིང་པོར་མ་སོང་བར་གུམ་ལ་ཉེ་བའི་དུས་སུ་སླེབས་ཡོད་པ་དང༌། རྒྱ་ནག་མི་མང་གི་བདེན་པའི་འབོད་སྒྲའང་ཉི་ཤར་སྦར་མོས་འགེབ་ཐབས་བྲལ་བ་བཅས་ཕྱོགས་གང་ས་ནས་གཡང་གཟར་ཆེ་བའི་གནས་སུ་གྱར་ཡོད།
གོང་གསལ་གནས་སྟངས་ཀྱི་འགྱུར་བ་རིམ་བགྲོད་བྱེད་བཞིན་པ་དེ་ཐོག་ནས་བོད་དོན་བདེན་མཐའི་འཐབ་བརྩོད་སྐོར་ལ་རྒྱལ་སྤྱིའི་ཁྱོན་ནས་དངོས་སུ་དོ་སྣང་ཆེན་པོ་བྱེད་བཞིན་པ་དང༌། ཤུགས་ཀྱིས་ནུས་པ་བཏོན་པའི་དུས་ཚེས་བཟང་པོ་ཞིག་ཏུ་སླེབས་ཡོད་ན། རང་ཅག་འགོ་མང་རྣམས་ནས་ཕྱི་ནང་གང་སར་རི་བོང་ཅལ་འདྲོག་གི་དབང་དུ་མ་སོང་བར་དོན་གཅིག་ནད་གཞི་ལྟ་བུའི་ངོས་འཛིན་ཐོག་ཆིག་བསྒྲིལ་གྱི་ནུས་རྩལ་སྟོན་དགོས་པ་གལ་ཆེན་པོ་རེད།
དཔེར་ན། ཞི་བདེའི་དད་དཔོན་ཆེན་པོ་མཆོག་ནས་བོད་མི་རེ་རེའི་ངོས་ནས་རྒྱུ་འབྲས་ཆུ་ཟོས་སུ་མ་སོང་བར་མཁས་གཉེན་སྤང་བླངས་ཚུལ་མཐུན་དགོས་པའི་བཀའ་སློབ་སྔ་བར་ཕྱི་གསུམ་ཐུགས་རྗེ་དེ་ལྷག་ཆེ་ཐབས་མེད་ཀྱང༌། བོད་རྒྱ་ཆེ་མང་ཚོགས་ཀྱི་རྩ་དོན་ལས་ལྷག་པ་རྣ་བའི་བུ་གར་པི་ཝང་གི་ཡིད་འཕྲོག་སྟེ་བྱ་གཅིག་འུར་གྱིས་འཕུར་ཀྱང་བྱ་བརྒྱ་སོམ་ཉིའི་དྲྭ་བར་བཙུད་པ་རྒྱུ་འབྲས་ཆུ་སྐྱུར་དང༌། སྤང་བླང་ས་སྦས་བྱས་པ་དང་ཁྱད་པར་གང་ཡང་མེད།
མཐའ་དོན་རེ་བསྐུལ་ཞུ་རྒྱུར། རང་ཅག་འགོ་མང་ཡོངས་ནས་ཞི་བདེའི་དད་དཔོན་ཆེན་པོའི་རླབས་ཆེན་གྱི་དགོངས་གཞིར་སྐུ་ངལ་ཆེ་བ་དང་ཞུ་ཧམ་ཡང་ཆེ་བར་མངོན། ཡིན་ནའང་བདེན་པ་རང་ལག་ན་བདར་ཏེ་རྔོ་ཐོག་པ་གང་འགྲུབ་ཞུ་དགོས་པ་སྐབས་སུ་བབ་པའི་མཚན་དོན་གཉིས་མཚུངས་ཀྱི་རེ་བསྐུལ་ཞུ་རྒྱུ་དང༌། ལྷག་པར་བོད་མི་དཔའ་བོ་དང་དཔའ་མོ་ཁྲི་ཚོ་མང་པོ་ཤ་ཁྲག་གཉིས་ཀྱི་འགྲོ་གྲོན་འཕང་མེད་དུ་བཏང་དང་གཏོང་བཞིན་པ་དེ་དག་བོད་མི་རིགས་ཀྱི་ཁྱད་ཆོས་བཟང་པོ་སྤྱན་དཀྱུས་ནས་མ་པང་བུ་དོན་མ་སོང་བའི་ཐུགས་སྨོན་དང༌། ཐུགས་དབྱིངས་མ་འཕྱུག་པ་གནང་རོགས་ཞེས་ནན་པོ་ཞུ་རྒྱུ་ཡིན།
གནམ་གྱི་འོག་ས་ཡི་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་འཛམ་གླིང་བདེ་ལ་འཁོད་པའི་ཞི་བདེའི་དད་དཔོན་ཆེན་པོ་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་བརྟན་ཅིང༌། ཐུགས་ཀྱི་བཞེད་དགོངས་གང་ན་ཅི་མཆིས་པ་དེ་དེ་བཞིན་དུ་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་ཡིན། བཀྲིས་བདེ་ལེགས་ཞུ།
ལྡི་ལི་དབུས་ཆུ་སྒང་སྤྱི་ཁྱབ་ལས་ཁང་ནས་ ༩༢ ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༣ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋབོད་རྒྱལ་ལོ་ ༢༡༡༨ ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་འདི་ནི་ཕྱི་ལོ་ ༡༩༥༨ ལོའི་ཟླ་ ༦ ཚེས་ ༡༦ ཉིན་བོད་ཀྱི་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་ཕུལ་བྱུང་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་མཆོག་གཙོས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་གཅེས་དཔའ་བོ་རྣམས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཐོག་ཏུ་སྔར་ན་མ་གྲགས་པའི་བསྟན་སྲུང་དང་བླངས་དམག་སྒར་ཞེས་པ་གསར་དུ་དབུ་བརྙེས་ཏེ་དུས་རབས་འདིའི་ནང་གི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་ནང་དུ་རླབས་ཆེན་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་མཛད་རྗེས་འཇོག་པའི་དུས་དྲན་ ༣༣ པར་སྲུང་བརྩི་ཞུ་བའི་ཉིན་མཽ་ཞིག་རེད།
དེ་རེང་འདིར་ཕེབས་པའི་སྐུ་མགྲོན་གཙོ་བོ་རང་གཞུང་གི་བཀའ་བློན་རྣམ་པ་དང་ལྷན་ཁང་ཁག་གི་མཛད་གཙོ་རྣམ་པ། བོད་མི་མང་སྤྱི་འཐུན་རྣམ་པ། བླ་སྤྲུལ་རྣམ་པ། ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་འཐུས་རྣམ་པ། གཞན་ཡང་སེར་སྐྱ་མང་ཚོགས་བཅས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་གུས་བཏུད་དང་བཅས་བཀྲིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།
འདས་པའི་ཕྱི་ལོ་ ༡༩༥༨ ལོའི་ཟླ་ ༦ ཚེས་ ༡༦ ཉིན་ནས་བཟུང་བསྟན་སྲུང་དང་བླངས་དམག་གི་འགོ་དམག་ཡོངས་རྫོགས་ནས་གཅེས་པའི་ལུས་ནོར་ལོངས་སྤྱོད་དང་བཅས་པ་ཡོངས་སུ་བློས་བཏང་སྟེ་བོད་རྒྱལ་ཁབ་དང༌། མི་རིགས་ཀྱི་ཆེད་དུ་དཀའ་ཉེན་གང་ལ་མ་འཛེམས་པར་བོད་དབུས་ཕྱོགས་ཀྱི་ཤར་དང༌། ལྷོ་བྱང་ས་ཁུལ་ཁག་ལ་ཡོད་པའི་རྒྱ་དམར་གྱི་དྲག་པོའི་རྟེན་གཞི་དང༌། འགྲིམ་གྲུལ་འབབ་ཚུགས་ལྟེ་གནས་སོགས་ལ་གཞི་རྒྱ་ཆེ་བའི་དྲག་པོས་ཕར་རྒོལ་དང་གཏོར་བཅོམ། འཇབ་རྒོལ་སོགས་ཤུགས་ཆེན་བྱས་པ་དང༌། ས་ཁུལ་སོསོའི་མི་མང་ལའང་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་རྒྱ་བསྐྱེད་དགོས་པའི་འབོད་བསྐུལ་དྲིལ་བསྒྲགས། རྒྱལ་ས་ལྷ་ས་ལྟེ་གནས་བྱས་པའི་བོད་ཀྱི་མི་སྣ་མཐོ་འབྲིང་རྣམས་དང་ཕན་ཚུན་གསང་འབྲེལ་རྒྱུད་བསྐུལ་ཞུས་ཏེ་གཞི་རྒྱ་ཆེ་བའི་ཞི་དྲག་གསང་གསུམ་གྱི་བཙན་རྒོལ་ལས་འགུལ་སྤེལ་ཐབས་སུ་ནུས་ཤུགས་ཕན་རླབས་ཆེ་བ་འདོན་སྤེལ་བྱས་པར་བརྟེན་རྒྱ་དམར་བཙན་འཛུལ་བས་བོད་དང་བོད་མི་མུན་བཟོས་ནག་འཇམ་གཏོང་རྒྱུའི་གཡོ་ཧམ་ཐལ་རྡུལ་དུ་སློག་པ་དང༌། རྒྱ་དམར་གྱི་བཙན་འཛུལ་རྒྱ་བསྐྱེད་ཀྱི་ཞི་དྲག་སྲིད་བྱུས་ལ་རྡུང་རྡེག་གནོད་སྐྱོན་ཚབས་ཆེན་ཕོག་ཡོད་པ་རེད་ལ། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་གླེང་ཕྱོགས་ཐད་ལའང་སྙན་ཞུ་དང་དྲིལ་བསྒྲགས་ཀྱི་ནུས་པའང་གང་ལ་ཅི་ནུས་ཐོན་ཐབས་ཀྱི་འབད་བརྩོན་ཞུས་ཡོད་པ་རེད།
ཕྱི་ལོ་ ༡༩༥༩ ལོར་རྒྱ་མི་བཙན་འཛུལ་པས་ངན་གཡོ་སྲིས་བྱུས་ཀྱི་གདུག་རྩུབ་ཇེ་ཆེར་བཏང་སྟེ་བོད་གཞུང་འབངས་གཉིས་དང༌། བླ་མ་དགོན་སྡེ་ཁག་ནང་མི་ཆོས་ལས་འདས་པའི་ཁ་དགྱེས་དཀྲུག་ཤིང་གི་ལྐོག་གཡོ་སྲིད་བྱུས་སྣ་ཚོགས་ཤིག་སྤེལ་བ་མ་ཟད། རང་ཅག་བོད་གངས་ཅན་ལྗོངས་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་བཙན་གཤེད་ཀྱི་གདན་ཞུ་བྱ་རྒྱུའི་ངན་འཆར་མངོན་སུམ་འཛེམས་མེད་ཀྱི་ལག་བསྟར་བྱས་སྟབས་སྐུ་ཕྱྭའི་འགན་བློས་བཟོད་ཐབས་གཏན་བྲལ་གྱི་འགག་རྩའི་སྐབས་དེར་བོད་ཀྱི་རྒྱལ་ས་ལྷ་སར་གནས་འཁོད་བོད་མི་སེར་སྐྱ་ཁྱོ་དམན་ཁྲི་སྟོང་མང་པོས་ཛ་དྲག་ཆེ་བའི་རྒྱ་མི་བཙན་འཛུལ་པར་ངོ་རྒོལ་གྱི་རང་དབང་སྒེར་ལང་གཅིག་རྗེས་གཉིས་སྣོན་གྱི་བོད་རྒྱལ་ཡོངས་སུ་རྦ་རླབས་ཕྱུར་བཞིན་པའི་སྐབས་དེར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་གཞུང་བཀའ་ཤག་དང༌། གཞུང་ཞབས་ཆེ་འབྲིང་ཁག་དང༌། རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་དང༌། མཁས་གྲུབ་འདུས་སྡེ། སྡེ་དཔོན་མི་དྲག གཞན་ཡང་རང་རིགས་རྒྱ་ཆེའི་མི་མང་རྒན་བྱེས་མང་པོ་བཅས་ཆུ་སྒང་སྒྲིག་འཛུགས་ཀྱིས་ལྷོ་ལམ་གཙང་སེལ་གྱི་ཉེར་འཚེ་མེད་པར་རྒྱ་གར་འཕགས་ཡུལ་དུ་གདན་ཞུ་ཞབས་སོར་འཁོད་ཐུབ་པའི་འབད་བརྩོན་ཞུས་པའི་ལོ་རྒྱུས་ཡོངས་གྲགས་སུ་གྱུར་ཡོད།
དེ་ནས་བཟུང་སྟེ་མི་ལོ་ ༣༢ རིང་ལ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོའི་དབུ་ཁྲིད་ལམ་སྟོན་འོག་བོད་བདེན་མཐའ་གསལ་བའི་འཐབ་རྩོད་ནང་མུ་མཐུད་ལྷག་བློ་ཆེན་པོའི་སྒོ་ནས་འབད་བརྩོན་ཞུས་པ་མ་ཟད། ཆུ་སྒང་སྒྲིག་འཛུགས་ནས་བོད་རང་བཙན་སླར་གསོ་སླད་ཞི་དྲག་གསང་གསུམ་གྱི་ལས་འགུལ་དུ་མ་ནང་སྔོན་ཐོན་གྱི་ནུས་པ་འདོན་པ་དང༌། ལྷག་དོན་དུ་རྒྱལ་གཅེས་དཔའ་བོ་འདས་གསོན་མང་པོའི་དཀའ་སྡུག་དང་ཉེན་ཁ་གང་ལའང་མ་འཛེམ་པར་རང་སྲོག་ཚུན་ཡང་བློས་ཡོངས་སུ་བཏང་བའི་ལོ་རྒྱུས་མང་དག་ཡོད་པར་ཚང་མས་ཐུགས་མངའ་སེམས་གསལ་ལྟར་ལགས་ཤིང༌། ད་ལྟ་ང་ཚོས་འདས་པའི་དཔའ་བོ་རྣམས་ཀྱིས་རྒྱལ་གཅེས་རིང་ལུགས་པའི་སྙིང་སྟོབས་ཤུལ་འཛིན་རྒྱུན་འཁྱོངས་ཀྱི་བསྟན་དགྲ་རྒྱ་མི་དམར་ནག་གཉིས་ལ་གདོང་ལན་འཐབ་རྩོད་མུ་མཐུད་བྱ་རྒྱུ་དེ་ནི་ང་ཚོའི་བླ་ན་མེད་པའི་ལོ་རྒྱུས་ཀྱི་འོས་འགན་འབའ་ཞིག་ཏུ་རྩི་བཞིན་ཡོད།
དེང་སྐབས་འཛམ་གླིང་གི་འཕེལ་ཚུལ་ཧ་ཅང་བཟང་པོ་ཡོད་པ་དེ་ནི་ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འཛམ་གླིང་ཐོག་ཆེས་སྙན་གྲགས་ཅན་གྱི་ནོར་ཝེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་ཞི་བདེའི་དེད་དཔོན་ཆེན་པོའི་སྲིད་ཁྲིར་མངའ་གསོལ་ཞུས་པ་དང་དུས་མཚུངས་འཛམ་གླིང་ཐོག་གི་དམར་པོའི་རིང་ལུགས་འཛིན་པའི་རྒྱལ་ཁབ་མང་པོ་ཞིག་མི་མང་དམངས་གཙོའི་རྒྱལ་ཁབ་ཏུ་འཕོ་འགྱུར་བྱུང་བ། ཨ་སུའུ་སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་དབར་སྔར་དང་མི་འདྲ་བའི་མཛའ་མཐུན་ལེགས་བཅོས་བྱུང་བར་བརྟེན། རྒྱ་དམར་དབང་བསྒྱུར་རུ་ཚོགས་པས་གདུག་རྩུབ་ཆེ་བའི་དམར་པོའི་སྲིད་དབང་མཁྲེགས་བཟུང་བྱས་པར་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་རྡུང་རྡེག་ཚ་ནན་ཕོག་པ་དང༌། ཁོ་པ་ཚོར་ཕྱི་ནང་གཉིས་ཀར་གྲོགས་མེད་ཁེར་རྐྱང་གི་གནས་སུ་གྱར་ཡོད་པ་རེད། ཕྱི་ལོ་ ༡༩༥༧ ལོའི་ཟླ་ ༩ ཚེས་ ༢༧ ནས་བཟུང་ད་བར་བོད་ཀྱི་རྒྱལ་ས་ལྷ་ས་ལྟེ་གནས་བྱེད་པའི་བོད་རྒྱལ་ཡོངས་སུ་སླར་ཡང་རྒྱ་དམར་བཙན་འཛུལ་པར་ངོ་རྒོལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་མཚོན་པའི་རྣམ་པ་འདྲ་མིན་གྱི་བོད་རང་བཙན་ཡིན་པའི་ལས་འགུལ་གཅིག་རྗེས་གཉིས་མཐུད་ཀྱི་སྤེལ་བཞིན་པའི་དུས་སྐབས་ཧ་ཅང་བཟང་པོའི་བསྐུལ་འདེད་འོག ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སླར་ཡང་ཨ་རིའི་ནང་ནས་སྙན་གྲགས་ཆེ་ཤོས་ཡིན་པའི་གཟེངས་རྟགས་ཁག་འབུལ་བཞེས་དང་འབྲེལ་ཨ་རིའི་སྲིད་འཛིན་སྦུ་ཤུ་མཆོག་དང་མཇལ་འཛོམས་གནང་བ་བཅས་ནི་བོད་དོན་བདེན་མཐའ་མྱུར་དུ་གསལ་བའི་སྔོན་འགྲོའི་ཆ་རྐྱེན་དང་མཚོན་རྟགས་ཞིག་ཀྱང་རེད། དེ་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་ཐུགས་བསྐྱེད་བཀྲིན་ཁོ་ན་ལས་བྱུང་བའི་རླབས་ཆེན་གྱི་རྒྱལ་ཁ་དང༌། བོད་མི་ས་ཡ་དྲུག་གི་འདས་པའི་མི་ལོ་བཞི་བཅུ་ལྷག་གི་རིང་རྒྱ་མི་བཙན་འཛུལ་པར་དྲང་བདེན་ལམ་ནས་ངོ་རྒོལ་མུ་མཐུད་རྒྱུན་འཁྱོངས་བྱས་པའི་རྒྱལ་ཁ་ཞིག་ཀྱང་རེད།
དེ་རིང་གི་དུས་སྐབས་འདི་བཟུང་སྟེ་ཞུ་རྒྱུར། ད་ཆ་ང་ཚོའི་མདུན་དུ་ལྷག་ཡོད་པའི་གནད་དོན་གལ་འགང་ཆེ་བ་གསུམ་ཡོད་ཅིང༌།
༡༽ བོད་རང་བསྒྲུབ་བྱའི་སྙིང་པོ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭ་ལ་རག་ལས་ཡོད་སྟབས། ཕྱིའི་སྐུ་ཕྱྭའི་ཉེན་སྲུང་ཞུ་ཕྱོགས་ཐད་རྒྱ་གར་གཞུང་དང༌། རང་གཞུང་བདེ་སྲུང་ལྷན་ཁང་བཅས་ནས་ཐུགས་སྣང་བཞེས་མུས་ཐོག་སེར་སྐྱ་མི་མང་ཚང་མས་ཀྱང་ཐུགས་ཁུར་སྔར་ལྷག་བཞེས་ཏེ་གཟབ་གྲུང་གསང་གསུམ་དགོས་གལ་ཆེ་བ་དང༌། ནང་གི་སྐུ་ཕྱྭའི་ཞབས་རིམ་བསྒྲུབས་པ་དང་བསྒྲུབ་དགོས་པ་སྨོས་ཅི། གཙོ་གལ་ཆེ་ཆོལ་གསུམ་བོད་མི་དམ་ཚིག་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་ྋགོང་ས་མཆོག་གི་བླང་དོར་བཀའ་སློབ་ཇི་ཕེབས་ལག་བསྟར་སྲུང་རྩི་དགོས་པ་དེ་ནི་གཞུང་བརྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་ཆེན་པོས་ཉེ་ཆར་གནང་བའི་བཀའ་ལུང་ནང་གསལ་ལྟར་ལགས་ན་ཚང་མས་དཀའ་དགོངས་མ་འགལ་བ་ཞུ་གལ་ཆེ་བ།
༢༽ ཛ་དྲག་ཆེ་བའི་འགག་རྩའི་དུས་སྐབས་འདིར་ཆོལ་གསུམ་མི་མང་གཅིག་བསྒྲིལ་ཐོག་ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་རྒྱ་དམར་བཙན་འཛུལ་པ་དང༌། རྒྱ་ནག་གོ་མིན་ཏང་གཉིས་ཀྱི་བོད་དང་བོད་མི་རྣམས་མི་སེར་སྤེལ་ཡུལ་ཐ་ཤལ་ཞིག་ཏུ་བསྒྱུར་རྒྱུའི་ཞི་དྲག་གསུམ་གྱི་ལྐོག་གཡོ་སྲིད་བྱུས་ལ་གདུང་ཤུགས་ཆིག་སྒྲིལ་དང༌། ངོས་འཛིན་གཅིག་གྱུར་གྱི་ངོ་རྒོལ་འཐབ་རྩོད་མུ་མཐུད་དགོས་གལ་ཆེ་བ།
༣༽ སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོས་ལམ་སྟོན་གནང་བའི་དམངས་གཙོའི་གཞུང་འདི་ཉིད་ཡང་དག་འཐུས་ཚང་ཞིག་ཏུ་འཛུགས་བསྐྲུན་བྱ་རྒྱུར་བོད་མི་མང་སྤྱི་འཐུས་རྣམས་པས་དབུས་བོད་མི་ཡོད་དོ་ཅོག་ལ་འཁྲིས་པའི་འོས་འགན་འབའ་ཞིག་ཏུ་སོང་བར་བརྟེན། མི་མང་གི་བསམ་བློའི་ཆུ་ཚད་དང་ཆབ་སྲིད་གོ་རྟོགས་གོང་མཐོར་གཏོང་ཐབས་སུ་འབད་བརྩོན་ལྷོད་མེད་ཞུ་དགོས། དེ་ནི་མི་མང་མང་ཚོགས་ཀྱི་དམངས་གཙོའི་ཁེ་དབང་འདི་བཞིན་བོད་སྤྱིའི་རྩ་དོན་རྨང་གཞིའི་ཐོག་བེད་སྤྱོད་ཡང་དག་པ་ཞིག་གཏང་ཐུབ་མིན་དེ་དག་བོད་གཞུང་མང་གཉིས་ཀྱི་མདུན་ལམ་ལ་ཐད་ཀར་འབྲེལ་བ་ཡོད་སྟབས་ང་ཚོས་ཀྱང་འབད་བརྩོན་རྒྱབ་བསྐྱོར་ཞུ་རྒྱུ་ཡིན།
ད་ཕན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཐོག་མཐའ་བར་གསུམ་གྱི་ལང་ཕྱོགས་དང་དགོས་འདུན་གཙོ་བོ་བོད་རང་བཙན་གཙང་མའི་རྒྱལ་ཁབ་སླར་གསོ་བྱ་རྒྱུ་ཁོ་ན་ཡིན་ཞིང༌། ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེ་སྔོན་ཡོ་རུབ་གྲོས་ཚོགས་ཐོག་རྒྱ་བོད་དབར་གྲོས་གཞི་དགོངས་འཆར་དོན་ཚན་ལྔ་གནང་བར་ཕྱིར་འཐེན་ཡོང་བའི་གསོལ་འདེབས་ཡང་ཡང་ཞུས་ཤིང༌། ད་ལམ་ྋགོང་ས་མཆོག་གིས་ཕྱིར་འཐེན་གནང་རྒྱུའི་དགོངས་བཞེས་བཀའ་སློབ་བཀྲིན་ཆེ་བར་གུས་འབངས་ཆུ་སྒང་འགོ་དམངས་ཡོངས་ཀྱིས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ་ང་ཚོས་སླར་ཡང་དམ་བཅའ་གཙང་མར་འབུལ་རྒྱུར་ཇི་སྲིད་བོད་རང་བཙན་གཙང་མ་མ་ཐོབ་ཀྱི་བར་དུ། དེ་སྲིད་མི་མཐུད་འཐབ་རྩོད་རྒྱུན་འཁྱོང་བྱ་རྒྱུ་ཡིན།
མཐའ་དོན་ཞུ་རྒྱུར་ཆོལ་གསུམ་བོད་མི་དམ་ཚིག་རྡོག་ཕྱོགས་གཅིག་ཐོག་ྋགོང་ས་སྐྱབས་མགོན་ཆེན་པོའི་སྤྱི་བྱེའི་ཟབ་གསལ་བཀའ་སློབ་ཁག་ལ་སློབ་སྦྱོང་སྲུང་བརྩི་མཐར་ཕྱིན་ཞུ་སྟེ་ང་ཚོའི་ཐུན་མོངས་ཀྱི་དམིགས་ཡུལ་མངོན་དུ་གྱུར་ཆེད་འབད་བརྩོན་ཆེ་བསྐྱེད་དགོས་གལ་ཆེ་བའི་རེ་འདུན་ཞུ་རྒྱུ་དང༌། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་བཅས།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྤྱི་ལོ་ ༡༩༩༡ ལོའི་ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༢ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
བོད་རྒྱལ་ལོ་ ༢༠༡༧ ཕྱི་ལོ་ ༡༩༩༠ ཟླ་ ༦ ཚེས་ ༡༦ ། དེ་རིང་འདིར་ཕེབས་པའི་སྐུ་མགྲོན་གཙོ་བོ་རང་གཞུང་མཛད་གཙོ་རྣམ་པས་དབུས་བླ་སྤྲུལ་རྣམ་པ། ཚོགས་པ་ཁག་གི་ཚོགས་གཙོ་དང་ཚོགས་འཐུས་རྣམ་པ། གཞན་ཡང་སེར་སྐྱང་མང་ཚོགས་བཅས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚབ་ཞུས་ཏེ། མཛའ་བརྩེ་ལྡན་པའིཧགུས་བཏུད་དང་བཅས་ཏེ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་བཞུ་རྒྱུ་ཡིན། དེ་རིང་གི་ཉིན་མོ་འདི་ནི། ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་བོད་ཀྱི་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་དཔའ་བོ་ཕུལ་བྱུང་ཨ་འབྲུག་མགོན་པོ་བཀྲིས་ཀྱི་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་གཅེས་དཔའ་བོ་རྣམས་ཇི་ལྟར་རྒྱ་མཚོར་ཆུ་ཕྲན་འདུས་པ་བཞིན་དུས་གཅིག་ཅར་དུ་འཛམས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་སྒར་གསར་དུ་དབུ་བརྙེས་ནས་ཆོས་སྲིད་ཀྱི་མཚོན་རྟགས་དམག་དར་དགུང་སྔོན་དབྱིངས་སུ་བསྒྲེངས་འཛུགས་ཀྱི་ལྟ་ལོག་རྒྱ་དམར་གུང་ཕྲན་ལ་དྲག་པོའི་ངོ་རྒོལ་གདོང་ལེན་མཐའ་གཅིག་ཏུ་བྱ་རྒྱུའི་ཐོག་མའི་མཛད་སྒོ་གནང་བའི་དུས་དྲན་ཐེངས་ ༣༢ པར་སྲུང་བརྩིས་ཞུ་བའི་ཉིན་མོ་ཞིག་རེད། དུས་སྐབས་དེ་ནས་གཟུང་དྭང་དམག་དབུ་དམངས་ཡོངས་ཀྱི་ལུས་སྲོག་དང་དཀའ་སྡུག་གང་ལའང་མ་འཛེམས་པར་རྒྱ་དམར་གྱི་དྲག་དཔུང་ལ། བོད་ལྷོ་བྱང་ས་ཁུལ་དུ་མར་ངོ་རྒོལ་འཐབ་འཛིངས་ལན་ཡང་བྱས་པས་རྒྱ་དམར་ལ་མི་རྒྱུ་ཆབ་སྲིད་དང་བཅས་པར་གང་ཐད་ལ་གནོད་སྐྱོན་ཕམ་ཉེས་ཅི་ཆེ་བཏང་ཡོད་ཀྱང༌། རྒྱ་དམར་གྱི་དམག་དཔུང་གྲངས་འབོར་མང་བ་དང༌། གནམ་ས་གཉིས་ནས་དྲག་མཚོན་གྱི་དམག་འཐབ་སྡུག་རྩུབ་བྱ་སྤྱོད་ཚད་ལས་བརྒལ་བ་སོགས་ལ་གདོང་ལེན་གྱི། བོད་ནས་རྒྱ་དམར་ཕྱིར་འབུད་ཐུབ་པ་བྱུང་མེད། འོན་ཀྱང་བོད་ཀྱི་རྒྱས་ས་ལྷ་སར་རྒྱ་དམར་གྱི་སྲིད་བྱུས་ངན་པས། བོད་ལྗོངས་ཡོངས་རྫོགས་ཀྱི་མངའ་བདག་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་ནག་ཏུ་གདན་ཞུའི་ངན་འཆར་གྱིས་སྐུ་ཕྱྭར་འགན་བློས་མི་བསྐྱོད་པའི་བྱ་བ་དངོས་སུ་བརྩམས་པར་བརྟེན༌། བོད་རྒྱལ་ཡོངས་གཅིག་གྱུར་གྱི་ངོ་རྒོལ་སྒེར་ལང་བྱུང་སྐབས། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་བོད་གཞུང་བཀའ་ཤག་དང༌། གཞུང་ཞབས་ཁག་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་དང༌། མཁས་གྲུབ་འདུས་སྡེ། སྡེ་དཔོན་མི་དྲག གཞན་ཡང་རང་རིགས་མི་མང་ཆེ་ཕྲ་མང་པོ་ཆུ་སྒང་སྒྲིག་འཛུགས་ཀྱིས་ལྷོ་ལམ་གཙང་སེལ་གྱི་ཐོག་ནས་ཉེར་འཚེ་མེད་པར་རྒྱ་གར་འཕགས་ཡུལ་དུ་གདན་ཞུ་ཞབས་སོར་འཁོད་ཐུབ་པའི་བྱས་རྗེས་ནི། ཡོངས་གྲགས་སུ་གྱུར་ཡོད་པ་དང༌། དུས་དེ་ནས་བཟུང་མི་ལོ་ ༣༡ གྱི་རིང་དུ། སྤྱི་ནོར་ྋགོང་ས་ཆེན་པོའི་དབུ་འཁྲིད་འོག་བོད་དོན་གྱི་འཐབ་རྩོད་མུ་འཐུད་བྱས་པའི་རླབས་ཆེན་གྱི་གྲུབ་འབྲས་བཟང་པོ་ཐོན་དང་འདོན་བཞིན་ཡོད་པ་དེ་ལྟར་དང༌། ལྷག་པར་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་བོད་རང་དབང་རང་བཙན་གྱི་ཆེད་དུ། མུ་མཐུད་དམིགས་གསལ་གྱི་ལས་འགུལ་སྣ་ཚོགས་བྱས་ཡོད་པ་དང༌། སྟོད་གློ་ཡུལ་དུ་འཇབ་དམག་གི་ལས་འགུལ་བྱས་པས༌། གཞན་ཡང་ས་མཚམས་གང་ས་ནས་ཞི་དྲག་གི་ལས་ཐབས་དུ་མར་འབད་མུས་སོགས་ཡོངས་གྲགས་ཡོད་པ་དེ་དག་གི་སྐབས་སུ་རྒྱལ་གཅེས་ཀྱི་དཔའ་བོ་དུ་མར་སྲོག་སྐྱོན་ཤོར་བ་སོགས་དཀའ་ངལ་བརྒྱ་ཁྲག་མང་པོ་བྱུང་ཡོད་པ་བཅས་ནི་རང་རེ་ཚང་མས་མཁྱེན་གསལ་ལྟར། རང་དོན་རང་གཅེས་ཀྱི་བྱ་བར་བློ་འགྱོད་གང་ཡང་མེད་པའི་ཁར་འདས་པའི་རྒྱལ་གཅེས་དཔའ་བོ་དེ་དག་གི་རྗེས་སུ་འཇུག་ཏེ། ཁཽང་རྣམ་པའི་ཐུགས་དགོངས་རྫོགས་ཕྱིར་ང་ཚོས་ཕྱིར་འཐེན་ནམ་ཡང་མེད་པར་ད་དུང་མདུན་མཆོང་ངེས་པར་དུ་བྱ་རྒྱུ་དེ་རང་ཡིན། ད་ཆ་ལྷག་པར་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མཆོན་ཆེན་པོ་མཆོག་འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་མངོན་པར་བསྟོད་མུས་སུ་ཡོད་པ་དང༌། འཛམ་གླིང་གི་འཕོ་འགྱུར་སྣ་ཚོགས་པས་རྒྱ་དམར་ལ་ཕམ་ཉེས་ཇེ་ཆེར་འགྲོ་བ་དང༌། བོད་དོན་བདེན་པའི་རྒྱལ་ཁ་ཉིན་རེ་བཞིན་ཇེ་གསལ་དུ་བསྐྱོད་པ་འདི་ལྟར་ལ་རྟེན། ང་ཚོ་སེམས་ཤུགས་ཆེན་པོ་དང་ལྷག་བསམ་ཆེན་པོས་སྔ་བཞིན་བོད་རང་བཙན་གྱི་ཆེད་དུ་མཐུན་སྒྲིལ་དང་གདུང་སེམས་མཉམ་བསྐྱེད་མདུན་ལམ་བཟང་པོས་རང་སྲོག་བློས་གཏོང་ཐུབ་པའི་འབད་བརྩོན་བྱེད་དགོས་པ་ནི་རང་རེར་འཁྲི་བའི་ལས་འགན་ངོ་མ་དེ་ཡིན། གཞིས་ལུས་བོད་མི་མང་ནས་རང་སྲོག་ལོངས་སྤྱོད་དང་བཅས་བློས་བཏང་གིས་རྒྱ་དམར་ལ་ཞི་བའི་འཐབ་རྩོད་བྱས་དང་བྱེད་མུས་སུ་ཡོད་པ་ནི་དཔེར་ན། དེའི་གོང་གི་གནས་ཚུལ་རྣམ་ཞུ་མ་དགོས་པ་མཁྱེན་གསལ་དང༌། ཕྱི་ལོ་ ༡༩༨༧ ལོའི་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཨ་རིའི་གྲོས་ཚོགས་ཐོག ཐོད་རྒྱ་དཀའ་རྙོགས་སེལ་སླད་ཞི་བའི་གྲོས་འཆར་དོན་ཚན་ལྔ་འདོན་གནང་མཛད་པ་དེ་འཇུག་རྒྱ་དམར་གྱི་རླུང་འཕྲིན་ཐོག་མཚན་སྨད་ཞུས་རྐྱེན། ཕྱི་ཟླ་ ༩ ཚེས་ ༢༧ ཉིན་གདན་ས་འབྲས་སྤུངས་དགོན་གྱི་དགེ་འདུན་པ་གྲངས་ ༢༡ གྱི་གཙོ་གྱུར་བོད་མི་སེར་སྐྱ་མང་ཚོགས་ནས་བོད་ཀྱི་རྒྱལ་དར་བསྒྲེངས་ཏེ། བོད་རང་བཙན་ཡིན། རྒྱ་མི་བོད་ནས་ཕྱིར་ཐོན་བྱེད་དགོས་ྋགོང་ས་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ལྷ་སར་སྐད་འབོད་རྔམ་སྟོན་བྱས་པར། རྒྱ་མིས་དགེ་འདུན་པ་དང་མི་མང་ཁག་གཅིག་འཛིན་བཟུང་བྱས་པ་དང༌། ཡང་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་སེར་སྐྱ་མི་མང་ཁྲི་ཕྲག་གི་རྒྱལ་ས་ལྷ་སར་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང་ཆབས་གཅིག་དྲག་ཆས་ཉེས་རྟོག་དམག་མིའི་མོ་ཌ་དང་སྦག་སྦག དེ་བཞིན་བར་སྐོར་མངག་གཏོང་ཁང་སོགས་མེར་སྲེག་བཏང་བ་རེད། རྒྱ་དམར་གྱི་དྲག་ཆས་ཉེན་རྟོགས་དམག་མིས་མེ་མདའ་བརྒྱབ་ནས་དེ་ཉིན་བོད་མི་གྲངས་ ༣༢ ཤི་སྐྱོན་བྱུང་ཡོད༌། ཡང་ཕྱི་ཟླ་ ༡༠ ཚེས་ ༥ ཉྀན་གནས་ཆུང་ནང་ཆོས་སློབ་གྲྭའི་གྲྭ་པ་དང༌། འབྲས་སྤུངས་དགེ་འདུན་ཞལ་གྲངས་ ༩༠ ཙམ་ནས་དེ་སྔོན་བཙོན་འཇུག་བྱས་པའི་དགེ་འདུན་པ་རྣམས་ཀློད་བཀྲོལ་དགོས་པའི་སྐད་འབོད་བྱས་པར། རྒྱ་མིའི་དྲག་དམག་གི་ལྷག་པར་དྲག་གནོན་བྱས་ཏེ་དགེ་འདུན་ ༧༠ བརྒལ་བ་འཛིན་བཟུང་གིས་ཉེས་བརྡུང་བཏང་སྟེ་སྨས་སྐྱོན་ཚབ་ཆེན་བཏང་བ་རེད། ཡང་ ༡༩༨༨ ཕྱི་ཟླ་ ༣ ཚེས་ ༣ ཉིན་བོད་ཀྱི་རྒྱས་ས་ལྷ་སར་སྨོན་ལམ་སྐབས་བྱམས་པ་གདན་འདྲེན་གྱི་གསུང་ཆོས་ར་བར་དགེ་འདུན་ཚོགས་སར་དགའ་ལྡན་དགེ་འདུན་རྒན་གྲས་ཞིག་གིས་དགའ་ལྡན་སྤྲུལ་སྐུ་གཡུང་ལོ་ཟླ་བ་ཚེ་རིང་འཕྲལ་དུ་ཀློད་བཀྲོལ་དགོས་པའི་སྐད་འབོད་བྱས་པར་རྒྱ་དམར་གྱི་ལས་བྱེད་པས་ཚོགས་རར་རྡོ་ཞུས་ནས་གོ་འཇོ་བ་མི་གཅིག་བསད་རྐྱེན་དེར་ཡོད་བོད་མི་སེར་སྐྱ་མང་ཚོགས་ཁོངས་ཁྲོའི་མེ་ལྕེ་རབ་ཏུ་གཡོ་ཞིང༌། ལྕགས་ལྟར་མཁྲེགས་པའི་ཁུ་ཚུར་ནམ་མཁར་བསྒྲེངས་ཏེ་དྲག་ཆས་སྤྲད་པའི་རྒྱ་མིའི་ཉེན་རྟོག་དམག་གི་སྐོར་བྱ་བ་དང་རྒོལ་འཛིན་བྱས་མཐར། དེ་ཉིན་རྒྱ་དམག་གཉིས་དང་བོད་མི་གྲངས་ ༥༠ ལྷག་ཤི་སྐྱོན་བྱུང་བ་མ་ཟད། བོད་མི་བརྒྱ་སྐོར་ཉེས་རྡུང་དང་འཛིན་བཟུང་བྱས་པ་དང༌། ཡང་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་མདོ་སྨད་ཨ་མདོ་ཟི་ལིང་ནང་བོད་ཕྲུག་མཐོ་སློབ་ཁག་གཅིག་གིས་བོད་ནང་སྐྱེ་སྒོ་འགོག་པའི་བྱ་ངན་མཚམ་འཇོག་དང་བོད་མིར་བོད་ཡིག་འབྲི་ཀློག་སྦྱོང་དགོས་པའི་སྐད་འབོད་ཁྲོམ་སྐོར་བྱས་པར་རྒྱ་མིས་དྲག་གནོན་བྱས་ཏེ། དེ་ཉིན་སློབ་ཕྲུག་མི་གྲངས་ ༡༨ ཟླ་ ༡༢ ཚེས་ ༡༠ ཉིན་འཛམ་གླིང་འགྲོ་བ་མིའི་ཐོབ་ཐང་སྲུང་བརྩི་དུས་དྲན་ཞུ་བའི་ཉིན་མོར་བོད་ཀྱི་རྒྱལ་ས་ལྷ་སར་སེར་སྐྱ་མང་ཚོགས་དང༌། བཙུན་མ་ཁག་གཅིག་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་རྔམ་སྟོན་སྐད་འབོད་བྱས་པར། རྒྱ་མིའི་ཉེས་རྟོག་དམག་གིས་དྲག་གནོན་བྱས་ཏེ་བོད་མི་ ༡༨ སྲོག་སྐྱོན་བཏང་སྟེ། རྒྱ་མིས་བོད་ཐོག་ནག་ཉེས་བསགས་པའི་སྲོག་སྐྱོན་བཏང་སྟེ། རྒྱ་མིས་བོད་མིའི་ཐོག་ནག་ཉེས་བསགས་པའི་ཁྲག་གི་བརྗེད་ཐོ་གསར་པ་ཞིག་བཀོད་པ་རེད། ཡང་ ༨༩ ཟླ་ ༣ ཚེས་ ༥།༦།༧ ཉིན་གསུམ་བསྟུད་མར་གཞིས་ལུས་རྒྱལ་གཅེས་བོད་མི་རྣམས་ཀྱིས་དཔའ་ངར་ཞུམ་པ་མེད་པའི་ངང་རྒྱ་དམར་ལ་ངོ་རྒོལ་རྔམ་སྟོན་ཁྲོམས་སྐོར་བྱས་པར་རྒྱ་མིའི་དཔུང་དམག་གི་དྲག་གནོན་ཇི་ཙམ་བྱས་ཀྱང་བོད་མིས་ངོ་རྒོལ་མུ་མཐུད་བྱས་ཏེ་ཉིན་གསུམ་རིང་གཅུག་ལག་ཁང་དང་བར་སྐོར་གཡས་གཡོན་དེ་བཞིན་བོད་མིའི་ཁང་ཐོག་གང་སར་བོད་ཀྱི་རྒྱལ་དར་བསྒྲེངས་བཙུགས་ཀྱི་ཡུད་ཙམ་རང་དབང་རང་བཙན་གྱི་རྒྱལ་ཁའི་ངོ་བོར་མཚོན་ཐུབ་པ་བྱུང་ཡོད། འོན་ཏེ་ཕྱི་ཟླ་ ༣ ཚེས་ ༨ ཀྱི་ཐོ་རེངས་ནས་བཟུང་རྒྱ་དམར་དབང་འཛིན་པས་བཽད་ནང་དྲག་པོའི་ཁྲིམས་གཞི་བསྡམས་ཏེ་སླར་ཡང་བོད་མི་དམངས་ཀྱི་འགྲོ་སྡོད་རང་དབང་ཡོངས་རྫོགས་འཕྲོག་པ་དང༌། བཙོན་འཇུག མནར་གཅོད་ཀྱི་བོད་མི་གྲངས་ལས་འདས་པ་སྲོག་སྐྱོན་བཏང་ཡོད་པ་རེད། དྲག་པོའི་ཁྲིམ་གཞི་བསྡམས་པའི་ཉིན་གྲངས་ ༤༠༠ ཙམ་གྱི་དུས་ཡུན་རིང་བོད་ཡོངས་རྫོགས་དམྱལ་བའི་ཡུལ་ལྟ་བུར་གྱུར་བ་དང༌། ཡིན་ན་ཡང་གཞིས་ལུས་རྒྱལ་གཅེས་སྤུན་ཟླ་བོད་མི་མངས་རྣམས་ཀྱི་འཇིགས་ཞུམ་སྤུ་ཙམ་མེད་པར་ལས་འགུལ་སྔ་རྗེས་སྤེལ་ཏེ། ད་བར་གསར་ཤོག་ནང་གསལ་བསྒྲགས་ཐོན་པ་དང་མ་ཐོན་པ་སྣ་ཚོགས་དང༌། སྐད་འབོད་རྔམ་སྟོན་ཁྲོམ་སྐོར་གྱི་མཚོན་བོད་མིས་རང་བཙན་ལས་འགུལ་མུ་མཐུད་སྤེལ་བ་དང༌། དེ་དག་གི་སྐབས་སུ་བོད་མི་སྲོག་སྐྱོན་བྱུང་བ་ ༨༠༠ ལྷག་ཙམ་དང༌། བཙོན་འཇུག་བྱས་པ་ཉུང་མཐར་མི་གྲངས་ ༥༠༠༠ ལྷག་ཙམ་བྱུང་ཡོད། ཉེ་ལམ་ ༡༩༩༠ ཟླ་ ༥ ཚེས་ཉིན་དགྲ་བོ་རྒྱ་དམར་གྱིས་ཕྱི་ཚུལ་ཐོག་བོད་ནང་དམག་ཁྲིམས་བསྡམས་པ་ཕྱིར་འཐེན་བྱས་ཡོད་ཚུལ་ཁྱབ་བསྒྲགས་བྱས་ཡོད་ཀྱང༌། དོན་དུ་ད་དུང་ཡང་གཞིས་ལུས་བོད་མི་མང་རྒྱ་མིའི་དྲག་པོའི་བཙན་འོག་ཏུ་ཉིན་འཁྱོལ་ཡང་མཚན་མི་འཁྱོལ་བའི་དཀའ་སྡུག་མྱོང་བཞིན་ཡོད་སྟབས། གཞིས་ལུས་མི་མང་གི་བདེ་སྡུག་ནི་ང་ཚོའི་བདེ་སྡུག་ཡིན་པ་དང༌། ཁོང་ཚོའི་དྲང་བདེན་འཐབ་རྩོད་ཀྱི་རྒྱབ་རྩ་ནི་ང་ཚོ་བཙན་བྱོལ་གཞུང་མང་གཉིས་དང༌། འཛམ་གླིང་ནང་དྲང་བདེན་ལ་དགའ་བའི་རྒྱལ་ཁབ་དང་མི་མང་རྣམས་ཡིན། གཞིས་ལུས་རྒྱལ་གཅེས་བོད་མི་མང་གི་སྙིང་སྟོབས་ལ་ང་ཚོ་ཆུ་བཞི་སྒང་དྲུག་འགོ་མང་ཡོངས་ཀྱི་མཚོན་བྱེས་འབྱོར་བོད་མི་ཡོངས་ཀྱི་དུས་རྟག་ཏུ་རྗེས་སུ་ཡིད་རངས་ཀྱིས་བསྔགས་བརྗོད་དང་འབྲེལ་དགའ་སྐྱོ་ཟུང་འབྲེལ་གྱི་རྣམ་པ་ཀུན་ཏུ་མི་འགྱུར་བ་བོད་རང་དབང་རང་བཙན་གྱི་བདེན་མཐའ་གསལ་བའི་ཉི་མ་མྱུར་དུ་འཆར་ཆེད་སྔར་ལྷག་འབད་བཙོན་བྱ་རྒྱུའི་དམ་བཅའ་འགྱུར་མེད་འབུལ་རྒྱུ་དང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཁྱབ་ལམ་སྟོན་གནང་བ་ལྟར་འདི་ལོ་དམིགས་བསལ་ཚོགས་ཆེན་འཚོགས་ཏེ་བོད་ཀྱི་ལམ་ལུགས་ཆེས་དམངས་གཙོ་ཅན་དུ་འགྱུར་ཐབས་དང༌། རྒྱ་ཆེའི་མང་ཚོགས་ཀྱི་སྤྱིའི་འགན་འཁུར་ཆེ་ཐབས་སུ་བོད་ཀྱི་བཀའ་བློན་རྣམས་འོས་བསྡུའི་ཐོག་ནས་བསྐོ་རྒྱུ་དང༌། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་ཐོབ་ཐང་འདྲ་མཉམ་སྲ་བརྟན་དུ་གནས་ཐབས་ཀྱི་གྲོས་ཆོད་བཞག་ཡོད་པ་བཅས་ནི་ཧ་ཅང་གལ་གནད་ཆེ་བ་ཞིག་ཡིན་སྟབས་ལམ་སྟོན་དོན་ཐོག་ཏུ་འཁྱོལ་ཐབས་སུ་མུ་འཐུད་ཚང་མས་དམ་ཚིག་གཅིག་གྱུར་གྱི་འགན་འཁུར་ཆེ་བསྐྱེད་དགོས་གལ་ཞུ་རྒྱུ་དང༌། བཀྲིས་བདེ་ལེགས་བཅས་ཕྱི་ལོ་ ༡༩༩༠ ཟླ་ ༦ ཚེས་ ༡༦ ལ།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༡ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋ བོད་རྒྱལ་ལོ་ ༢༡༡༦ ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༦ དར་རིང་འདིར་ཕེབས་པའི་སྐུ་མགྲོན་གཙོ་བོ་མཆོག་དང་བོད་མི་མང་སྤྱི་འཐུས་དྲུང་ཆེ་ཆུང་དབུས་ལས་བྱེད་རྣམ་པ་བླ་སྤྲུལ་དགེ་འདུན་རྣམ་པ། ཚོགས་སྤྱི་ཁག་གི་སྐུ་འཚབ་རྣམ་པ། གཞན་ཡང་མང་ཚོགས་བཅས་པར་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཚབ་ཞུས་ཏེ་མཛའ་བརྩེ་དང་ལྡན་པའི་གུས་བཏུད་ཀྱི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་ཡི་ཡོད།
བོད་རྒྱལ་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༦ ཉི་འདི་ནི་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགོ་མང་རྣམས་བོད་ལྷོ་ཁུལ་ལྕགས་ཚ་གྲུ་གུ་བཀྲིས་སྨོན་ཐང་དུ་རྒྱ་མཚོར་ཆུ་ཕྲན་འདུས་པ་ལྟ་བུའི་རྒྱལ་གཅེས་དཔའ་བོ་ཡོངས་རྫོགས་དུས་གཅིག་ཏུ་འཛོམས་ནས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་གསར་དུ་དབུ་འཛུགས་པའི་རྟེན་འབྲེལ་མཛད་སྒོ་དང་འབྲེལ་ཆོས་སྲིད་ཀྱི་མཚན་རྟགས་དམག་དར་དགུང་སྔོན་དབྱིངས་སུ་ཐོག་མར་བསྒྲེངས་འཛུགས་གནང་སྟེ་ལྟ་ལོག་རྒྱ་དམར་གུང་ཁྲན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་དུས་དྲན་ཐེངས་ ༣༡ པར་སྲུང་བརྩི་ཞུ་རྒྱུ་འདི་རེད།
ཕྱི་ནང་ཚང་མས་མཁྱེན་གསལ་ལྟར་ང་ཚོའི་དུས་དྲན་བསྲུང་བརྩི་ཞུ་དགོས་དོན་ནི་སྤྱི་ན་འཛམ་གླིང་ཡ་རབ་ལུགས་བཟང་གི་སྤྱོད་པ་དང༌། གཉིས་སུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཆ་ནས་རྒྱུ་འབྲས་ལ་བརྩི་བསྲུང་ཞུ་བ་ལས། ཕྲག་དོག་འགྲན་སེམས་དང༌། འདྲ་ཆགས་ཀྱི་ཆེད་དུ་བྱེད་པ་རྩ་བ་ནས་མིན།
རྩ་བའི་ ༡༩༣༤ ལོ་ནས་རྒྱ་མི་དམར་པོས་རྒྱ་བསྐྱེད་རིམ་ལུགས་ཀྱི་དམིགས་ཡུལ་བོད་ཤར་ཕྱོགས་མདོ་སྟོད་སྨད་ས་ཁུལ་གང་སར་བཙན་འཛུལ་བྱས་པ་ནས་བཟུང་ངོ་རྒོལ་གྱི་དྲག་འཐབ་རྣམ་མང་བྱས་ཡོད་པ་དང༌།
༡༩༤༩ ལོར་བོད་ས་ཡོངས་རྫོགས་སུ་བཙན་འཛུལ་བྱེད་སྐབས། སྨད་ཕྱོགས་ནས་ང་ཚོ་ཆུ་བཞི་སྒང་དྲུག་གི་མ་གྲོས་བསམ་པ་གཅིག་མཐུན་སྒོ་ནས་བོད་ཆོལ་ཁ་གསུམ་གྱི་ཁྱོན་རང་བཙན་གཙང་མ་གནས་ཐབས་སུ་རང་སྲོག་བཟའ་ཟླ་བུ་ཕྲུག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་ལོ་ཟླ་རིང་ཐུང་གི་ངོ་རྒོལ་གདོང་ལན་སྤྲད་དེ་དགྲ་བོ་སྡོད་བཟོད་མི་བདེ་བའི་དགྲ་འཐབ་མུ་མཐུད་བྱས་པ་རེད།
དེ་རྗེས་ ༡༩༥༣ ལོར་རྒྱལ་ས་ལྷ་སར་ཆོལ་གསུམ་མི་དམངས་མགྲིན་གཅིག་གིས་རང་གཞུང་ལ་ཆབ་སྲིད་གནས་སྟངས་དང་བསྟུན་སྙན་འབུལ་ཞུ་བ་དང་དགྲ་བོ་རྒྱ་དམར་བོད་ནས་ཕྱིར་ལོག་དགོས་པའི་རྒོལ་གཏམ་ཡིག་ཆ་སྤྲད་པ་སོགས་གཟི་བརྗིད་ལྡན་པའི་ལས་འགུལ་བྱས་ཡོད། ད་དུང་རྒྱལ་བསྟན་ཆབ་སྲིད་ལ་ཉིན་རེ་ནས་ཇེ་སྡུག་ཇེ་ཞན་གྱི་ཛ་དྲག་གི་ཉེན་ཁ་ལོ་རྒྱུས་ཧྲིལ་པོའི་ནང་བྱུང་མ་མྱོང་བའི་སངས་རྒྱས་ཀྱི་བསྟན་པར་དུག་ལྟར་འཛིན་པ་དང༌། བོད་གཞུང་ལ་མཐོང་ཆུང་དམའ་འབེབས་མི་བཟོད་པ་བྱས་ཀྱང༌། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐབས་མཁས་མཛའ་བཤེས་ཀྱི་རྣམ་པ་ཇི་ལྟར་མཛད་ཀྱང་རྒྱ་དམར་ནས་བོད་མིའི་བསམ་ཚུལ་ལྟོས་མེད་ཀྱི་བོད་བསྟན་སྲིད་ལ་གནོད་འཚེའི་བརླང་སྤྱོད་མངོན་སུམ་འཛེམས་མེད་བྱས་པའི་སྐབས་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཇི་ལྟར་གསོལ་བ་བཏབ་པ་བཞིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྐྱ་མི་མང་འབུམ་ཕྲག་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཟབ་མོ་སྨིན་བསྩོལ་བཀའ་དྲིན་ཆེ་ཐོབ་བྱུང་བའི་གཏང་རག་ལེགས་འབུལ་དུ་གསེར་ཁྲི་འཛམ་གླིང་གཡས་བཞག་ཞེས་པ་བཞེངས་ཕུལ་ཞུས་པ་དང་ཆབས་ཅིག་རྩ་དོན་དམིགས་ཡུལ་མ་འགྲུབ་པར་ལྟ་ལོག་བསྟན་དགྲ་རྒྱ་དམར་ལ་ངོ་རྒོལ་མཐར་ཕྱིན་བྱ་རྒྱུའི་འགྱུར་མེད་དམ་བཅའ་བཞག་ནས་རིང་པོར་མ་སོང་བར་དམག་སྤྱི་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་མཆོག་གི་དབུས་མདོ་ཁམས་མི་རིགས་རྣམས་ནས་བོད་རྒྱལ་བསྟན་སླར་གསོའི་ཆེད་ ༡༩༥༨ ལོར་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་རྒྱ་མཚོར་ཆུ་ཕྲན་འདུས་པ་དང༌། ངང་པ་མཚོ་ལ་འཁོར་བ་ལྟ་བུའི་རྒྱལ་གཅེས་དཔའ་བོ་རྣམས་དུས་གཅིག་ཏུ་འཛོམས་ཏེ། གོང་ཞུས་ཚེས་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དང་དམག་སྒྲིག་འཛུགས་དངོས་སུ་བཙུགས་པ་རེད།
སྐབས་དེ་ནས་བཟུང་བོད་ལྷོ་བྱང་ཁུལ་དུ་རྒྱ་དམར་དང་དགྲ་འཐབ་ལན་མང་བྱས་ཏེ་རྒྱ་མིའི་དཔུང་དམག་རྣམས་ལྷོ་ཁུལ་ནས་ཕྱིར་འབུད་ཀྱི་ལྷོ་ལམ་གཙང་སེལ་ཐུབ་པར་བརྟེན་རང་ཅག་གི་བལྟ་བའི་མིག་དང་ཁོག་པའི་སྙིང་སྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་སྐྱེས་ཆེན་དམ་པ་རྣམས་དང༌། གཞུང་ཞབས་རྣམ་པ། སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་མང་པོ་ཕེབས་བྱེས་སུ་ཕྱི་རྒྱལ་ཡུལ་གྲུར་རང་དབང་འཐབ་རྩོད་ཆེད་འབྱོར་ཐུབ་པ་ནས་རང་རེའི་རླབས་ཆེན་གྱི་གྲུབ་འབྲས་མངོན་སུམ་མཐོང་ཆོས་སུ་ཡོད་པ་འདི་ཡིན།
རྒྱ་གར་ས་གནས་སུ་འབྱོར་ནས་ཀྱང་རང་སྲོག་བློས་བཏང་གི་བསྟན་སྲིད་ཕྱི་ནང་གསང་གསུམ་གྱི་ཞབས་འདེགས་རིམ་མང་ཞུས་པ་གསལ་ཞུ་མ་དགོས་པ་དང༌། ཕྱོགས་མཚུངས་བསྟན་སྲིད་གེགས་བར་ལྟ་བུའི་ལམ་ལྷོངས་མ་བྱུང་བ་ལས་མ་འོངས་དགོས་གནད་བསམ་ཤེས་ཀྱི་བློ་ཁུལ་འཇབ་དམག་གི་སྒྲིགས་འཛུགས་བཙུགས་ཏེ་དཀའ་ངལ་ལ་གདོང་ལེན་བྱས་ཡོད། དེ་འབྲེལ་ཌེ་དྲུན་དོན་དམག་དེའང་ཐོག་མར་ང་ཚོའི་ཚོགས་པ་འདིས་བཙུགས་པའི་སྒྲིགས་འཛུགས་ཞིག་ཡིན།
རང་རེའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་ན་བོད་རྒྱལ་བསྟན་མི་རིགས་ཀྱི་དོན་དུ་འདས་གསོན་དཔའ་བོ་རྣམས་ནས་འགྱུར་མེད་དམ་བཅའ་ཇི་འདྲ་ཞིག་བཞག་པ་དང༌། དེས་དེ་ནས་བཟུང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཙོས་བོད་ཆོལ་ཁ་གསུམ་གྱི་དཔའ་བོ་ཕོ་མོ་བྱིས་པ་ཡན་གྱི་ད་ལྟའི་བར་སྐུ་སྲོག་གི་འགྲོ་གྲོན་བཏང་དང་གཏོང་བཞིན་པ་རྣམས་དྲན་གསོ་མཛད་ན་རང་རེའི་འདི་མུར་སྡོད་ཐབས་དང་འཇོག་ཐབས་མེད་ངེས་ཞིག་རེད།
བོད་སྤྱི་པའི་ལས་དོན་དེ་བོད་མི་མི་རེ་ངོ་རེས་འགན་འཁོར་ཡོད་པ་ལྟར། ད་ཕན་གཞིས་བྱེས་བོད་མི་ཡོངས་ནས་སྔ་འགྱེལ་རྗེས་འཐུད་ཀྱི་དགྲ་བོར་དམར་འཛིང་རབ་དང་རིམ་པ་བྱས་པའི་ཁྲག་དྲོན་གྱི་དཔེ་རིས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད་པ་རེད། ང་ཚོ་གཞིས་བྱེས་གང་སར་ཕུལ་བྱུང་གི་གྲུབ་འབྲས་ཀྱང་མིག་གིས་མཐོང་རྒྱུ་ཡོད། འོད་ཀྱང་ང་ཚོའི་དམིགས་ཡུལ་གྱི་འཐབ་རྩོད་དེ་ད་ལྟ་ཡང་འཇུག་བསྒྲིལ་མེད་ལ་དེ་བས་རྣོ་ངར་རྙོག་འཛིངས་རྒྱ་ཆེ་གཏིང་ཟབ་ཏུ་ཕྱིན་ཡོད།
ཕྱི་ནང་ཆབ་སྲིད་ཀྱི་འགྱུར་བ་ཇི་ལྟར་ཕྱིན་ཀྱང་ང་ཚོའི་དམིགས་ཡུལ་དང༌། དམ་བཅའ་དེ་འགྱུར་བ་ནམ་ཡང་གཏོང་ཐབས་མེད་ངེས་ལ་སོང་དེ་ལུགས་ཚང་མས་དགོངས་བཞེས་ཀྱི་གོམ་པ་སྤོ་དགོས་པ་ཡིན། དེས་ན་རང་རིགས་ན་གཞོན་རྣམས་ལ་དམིགས་བསལ་གྱི་ཕ་ཡི་བུ་ལ་སྙིང་གཏམ་རེ་བསྐུལ་ཞུ་རྒྱུར། སྔོན་གཤེགས་མི་རིགས་ཀྱི་དཔའ་བོ་དཔེ་བཟང་མང་པོའི་ཡ་རབས་རྣམ་དཔྱོད་ཀྱི་གཤིས་བཟང་དང༌། དཔའ་ཉམས་བརྟུལ་ཕོད་ཀྱི་སྙིང་སྟོབས་ལ་མིག་དཔེ་བལྟས་ནས་གཞིས་ལུས་མི་དམངས་བློ་ཕམ་མི་སྐྱེ་བ་དང༌། བྱེས་འབྱོར་མི་དམངས་ཡིད་ཆེས་མ་ཤོར་བའི་ཕ་ཤུལ་བུས་འཛིན་གྱི་སྒོ་ནས་སྤྱི་དོན་ཕུག་བསམ་འགྲུབ་བྱའི་ཆེད་དུ་རང་རྒྱལ་ལ་ལྷག་བསམ་ལེགས་སྐྱེས་འབུལ་ཐུབ་པ་བྱེད་དགོས།
དེང་གི་ཆར་རིགས་ཚང་མས་ྋསྤྱི་ནོར་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ཟབ་མོ་དང་མཐུན་པའི་དམ་ཚིག་གཙང་མའི་ལམ་དུ་གོམ་པ་རིམ་བགྲོད་ཀྱི་ལོ་རེ་ནས་ལོ་རེར་གང་ལེགས་སུ་ཡོད་ནའང་ད་དུང་ལྷོད་གཡེང་དུ་མ་སོང་བ་བོད་རྒྱལ་ཁབ་མི་རིགས་དང་བཅས་པའི་དོན་དུ་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་སྐུ་གཤེགས་རྣམས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆེད་དུ་ང་ཚོས་དྲན་གསོ་བྱེད་པ་དང་ཆབས་ཅིག་དམིགས་ཡུལ་དགོས་དོན་རྣམས་སྙིང་དབུས་སུ་བཅངས་ནས་བཙན་རྒྱལ་གུང་ཁྲན་རིང་ལུགས་འགྱུར་བ་གཏོང་སྟེ་བོད་རང་བཙན་མ་བྱུང་བར་ང་ཚོས་ངོ་རྒོལ་མཐར་ཕྱིན་བྱ་རྒྱུར་སེམས་ཀྱི་དམ་བཅའ་བརྟན་པོ་བྱེད་དགོས་པ་དེ་ཡིན།
མཐའ་དོན་ཞུ་རྒྱུར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་འགྲུབ་པའི་སྨོན་ལམ་ཞུ་རྒྱུ།
བོད་ཆོལ་ཁ་གསུམ་གྱི་མི་མང་རྣམས་མཛའ་བརྩེའི་མཐུན་ལམ་འགྱུར་མེད་ཁྲི་ལོ་བརྟན་པ་དང༌། བཙན་བྱོལ་བོད་མིའི་ཁྱིམ་ཚང་གཉིས་པ་རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་དྲན་གསོ་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ཐོག་འཕགས་བོད་མཛའ་བརྩེའི་མཐུན་ལམ་གོང་འཕེལ་ཡོང་བ་ཤོག བཀྲིས་བདེ་ལེགས། ཕྱི་ལོ་ ༡༩༨༩ ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༣༠ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋ བོད་རྒྱལ་ལོ་ ༢༡༡༦ ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༦ ཉིན་དང༌། དེ་རིང་འདིར་ཕེབས་པའི་སྐུ་མགྲོན་གཙོ་བོ་མཆོག་དང་བོད་མི་མང་སྤྱི་འཐུས་དྲུང་ཆེ་ཆུང་དབུས་ལས་བྱེད་རྣམ་པ་བླ་སྤྲུལ་དགེ་འདུན་རྣམ་པ། ཚོགས་སྤྱི་ཁག་གི་སྐུ་འཚབ་རྣམ་པ། གཞན་ཡང་མང་ཚོགས་བཅས་པར་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཚབ་ཞུས་ཏེ་མཛའ་བརྩེ་དང་ལྡན་པའི་གུས་བཏུད་ཀྱི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་ཡི་ཡོད།
བོད་རྒྱལ་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༦ ཉི་འདི་ནི་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགོ་མང་རྣམས་བོད་ལྷོ་ཁུལ་ལྕགས་ཚ་གྲི་གུ་བཀྲིས་སྨོན་ཐང་དུ་རྒྱ་མཚོར་ཆུ་ཕྲན་འདུས་པ་ལྟ་བུའི་རྒྱལ་གཅེས་དཔའ་བོ་ཡོངས་རྫོགས་དུས་གཅིག་ཏུ་འཛོམས་ནས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་གསར་དུ་དབུ་འཛུགས་པའི་རྟེན་འབྲེལ་མཛད་སྒོ་དང་འབྲེལ་ཆོས་སྲིད་ཀྱི་མཚན་རྟགས་དམག་དར་དགུང་སྔོན་དབྱིངས་སུ་ཐོག་མར་བསྒྲེངས་འཛུགས་གནང་སྟེ་ལྟ་ལོག་རྒྱ་དམར་གུང་ཁྲན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་དུས་དྲན་ཐེངས་ ༣༠ པར་སྲུང་བརྩི་ཞུ་རྒྱུ་འདི་རེད།
ཕྱི་ནང་ཚང་མས་མཁྱེན་གསལ་ལྟར་ང་ཚོའི་དུས་དྲན་བསྲུང་བརྩི་ཞུ་དགོས་དོན་ནི་སྤྱིར་ན་འཛམ་གླིང་ཡ་རབ་ལུགས་བཟང་གི་སྤྱོད་པ་དང༌། གཉིས་སུ་ནང་པ་སངས་རྒྱས་པའི་ཆོས་ཀྱི་ཆ་ནས་རྒྱུ་འབྲས་ལ་བརྩི་བསྲུང་ཞུ་བ་ལས། ཕྲག་དོག་འགྲན་སེམས་དང༌། འདྲ་ཆགས་ཀྱི་ཆེད་དུ་བྱེད་པ་རྩ་བ་ནས་མིན།
རྩ་བའི་ ༡༩༣༤ ལོ་ནས་རྒྱ་མི་དམར་པོས་རྒྱ་བསྐྱེད་རིམ་ལུགས་ཀྱི་དམིགས་ཡུལ་བོད་ཤར་ཕྱོགས་མདོ་སྟོད་སྨད་ས་ཁུལ་གང་སར་བཙན་འཛུལ་བྱས་པ་ནས་བཟུང་ངོ་རྒོལ་གྱི་དྲག་འཐབ་རྣམ་མང་བྱས་ཡོད་པ་དང༌།
༡༩༤༩ ལོར་བོད་ས་ཡོངས་རྫོགས་སུ་བཙན་འཛུལ་བྱེད་སྐབས། སྨད་ཕྱོགས་ནས་ང་ཚོ་ཆུ་བཞི་སྒང་དྲུག་གི་མ་གྲོས་བསམ་པ་གཅིག་མཐུན་སྒོ་ནས་བོད་ཆོལ་ཁ་གསུམ་གྱི་ཁྱོན་རང་བཙན་གཙང་མ་གནས་ཐབས་སུ་རང་སྲོག་བཟའ་ཟླ་བུ་ཕྲུག་ལོངས་སྤྱོད་དང་བཅས་པ་བློས་བཏང་གིས་ལོ་ཟླ་རིང་ཐུང་གི་ངོ་རྒོལ་གདོང་ལན་སྤྲད་དེ་དགྲ་བོ་སྡོད་བཟོད་མི་བདེ་བའི་དགྲ་འཐབ་མུ་མཐུད་བྱས་པ་རེད།
དེ་རྗེས་ ༡༩༥༣ ལོར་རྒྱལ་ས་ལྷ་སར་ཆོལ་གསུམ་མི་དམངས་མགྲིན་གཅིག་གིས་རང་གཞུང་ལ་ཆབ་སྲིད་གནས་སྟངས་དང་བསྟུན་སྙན་འབུལ་ཞུ་བ་དང་དགྲ་བོ་རྒྱ་དམར་བོད་ནས་ཕྱིར་ལོག་དགོས་པའི་རྒོལ་གཏམ་ཡིག་ཆ་སྤྲད་པ་སོགས་གཟི་བརྗིད་ལྡན་པའི་ལས་འགུལ་བྱས་ཡོད། ད་དུང་རྒྱལ་བསྟན་ཆབ་སྲིད་ལ་ཉིན་རེ་ནས་ཇེ་སྡུག་ཇེ་ཞན་གྱི་ཛ་དྲག་གི་ཉེན་ཁ་ལོ་རྒྱུས་ཧྲིལ་པོའི་ནང་བྱུང་མ་མྱོང་བའི་སངས་རྒྱས་ཀྱི་བསྟན་པར་དུག་ལྟར་འཛིན་པ་དང༌། བོད་གཞུང་ལ་མཐོང་ཆུང་དམའ་འབེབས་མི་བཟོད་པ་བྱས་ཀྱང༌། ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐབས་མཁས་མཛའ་བཤེས་ཀྱི་རྣམ་པ་ཇི་ལྟར་མཛད་ཀྱང་རྒྱ་དམར་ནས་བོད་མིའི་བསམ་ཚུལ་ལྟོས་མེད་ཀྱི་བོད་བསྟན་སྲིད་ལ་གནོད་འཚེའི་བརླང་སྤྱོད་མངོན་སུམ་འཛེམས་མེད་བྱས་པའི་སྐབས་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཇི་ལྟར་གསོལ་བ་བཏབ་པ་བཞིན་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སེར་སྐྱ་མི་མང་འབུམ་ཕྲག་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཟབ་མོ་སྨིན་བསྩོལ་བཀའ་དྲིན་ཆེ་ཐོབ་བྱུང་བའི་གཏང་རག་ལེགས་འབུལ་དུ་གསེར་ཁྲི་འཛམ་གླིང་གཡས་བཞག་ཞེས་པ་བཞེངས་ཕུལ་ཞུས་པ་དང་ཆབས་ཅིག་རྩ་དོན་དམིགས་ཡུལ་མ་འགྲུབ་པར་ལྟ་ལོག་བསྟན་དགྲ་རྒྱ་དམར་ལ་ངོ་རྒོལ་མཐར་ཕྱིན་བྱ་རྒྱུའི་འགྱུར་མེད་དམ་བཅའ་བཞག་ནས་རིང་པོར་མ་སོང་བར་དམག་སྤྱི་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་མཆོག་གི་དབུས་མདོ་ཁམས་མི་རིགས་རྣམས་ནས་བོད་རྒྱལ་བསྟན་སླར་གསོའི་ཆེད་ ༡༩༥༨ ལོར་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་རྒྱ་མཚོར་ཆུ་ཕྲན་འདུས་པ་དང༌། ངང་པ་མཚོ་ལ་འཁོར་བ་ལྟ་བུའི་རྒྱལ་གཅེས་དཔའ་བོ་རྣམས་དུས་གཅིག་ཏུ་འཛོམས་ཏེ། གོང་ཞུས་ཚེས་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དང་དམག་སྒྲིག་འཛུགས་དངོས་སུ་བཙུགས་པ་རེད།
སྐབས་དེ་ནས་བཟུང་བོད་ལྷོ་བྱང་ཁུལ་དུ་རྒྱ་དམར་དང་དགྲ་འཐབ་ལན་མང་བྱས་ཏེ་རྒྱ་མིའི་དཔུང་དམག་རྣམས་ལྷོ་ཁུལ་ནས་ཕྱིར་འབུད་ཀྱི་ལྷོ་ལམ་གཙང་སེལ་ཐུབ་པར་བརྟེན་རང་ཅག་གི་ལྟ་བའི་མིག་དང་ཁོག་པའི་སྙིང་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མེད་སྐྱེས་ཆེན་དམ་པ་རྣམས་དང༌། གཞུང་ཞབས་རྣམས་པ། སེར་སྐྱ་ཕོ་མོ་རྒན་གཞོན་ཁྲི་ཕྲག་མང་པོ་ཕེབས་བྱེས་སུ་ཕྱི་རྒྱལ་ཡུལ་གྲུར་རང་དབང་འཐབ་རྩོད་ཆེད་འབྱོར་ཐུབ་པ་ནས་རང་རེའི་རླབས་ཆེན་གྱི་གྲུབ་འབྲས་མངོན་སུམ་མཐོང་ཆོས་སུ་ཡོད་པ་འདི་ཡིན།
རྒྱ་གར་ས་གནས་སུ་འབྱོར་ནས་ཀྱང་རང་སྲོག་བློས་བཏང་གི་བསྟན་སྲིད་ཕྱི་ནང་གསང་གསུམ་གྱི་ཞབས་འདེགས་རིམ་མང་ཞུས་པ་གསལ་ཞུ་མ་དགོས་པ་དང༌། ཕྱོགས་མཚུངས་བསྟན་སྲིད་གེགས་བར་ལྟ་བུའི་ལམ་ལྷོངས་མ་བྱུང་བ་ལས་མ་འོངས་དགོས་གནད་བསམ་ཤེས་ཀྱི་བློ་ཁུལ་འཇབ་དམག་གི་སྒྲིགས་འཛུགས་བཙུགས་ཏེ་དཀའ་ངལ་ལ་གདོང་ལེན་བྱས་ཡོད། དེ་འབྲེལ་ཌེ་དྲུན་དོན་དམག་དེའང་ཐོག་མར་ང་ཚོའི་ཚོགས་པ་འདིས་བཙུགས་པའི་སྒྲིགས་འཛུགས་ཞིག་ཡིན།
རང་རེའི་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཞིག་བལྟས་ན་བོད་རྒྱལ་བསྟན་མི་རིགས་ཀྱི་དོན་དུ་འདས་གསོན་དཔའ་བོ་རྣམས་ནས་འགྱུར་མེད་དམ་བཅའ་ཇི་འདྲ་ཞིག་བཞག་པ་དང༌། དེས་དེ་ནས་བཟུང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཙོས་བོད་ཆོལ་ཁ་གསུམ་གྱི་དཔའ་བོ་ཕོ་མོ་བྱིས་པ་ཡན་གྱི་ད་ལྟའི་བར་སྐུ་སྲོག་གི་འགྲོ་གྲོན་བཏང་དང་གཏོང་བཞིན་པ་རྣམས་དྲན་གསོ་མཛད་ན་རང་རེའི་འདི་མུར་སྡོད་ཐབས་དང་འཇོག་ཐབས་མེད་ངེས་ཞིག་རེད།
བོད་སྤྱི་པའི་ལས་དོན་དེ་བོད་མི་མི་རེ་ངོ་རེས་འགན་འཁོར་ཡོད་པ་ལྟར། ད་ཕན་གཞིས་བྱེས་བོད་མི་ཡོངས་ནས་སྔ་འགྱེལ་རྗེས་འཐུད་ཀྱི་དགྲ་བོར་དམར་འཛིང་རབ་དང་རིམ་པ་བྱས་པའི་ཁྲག་དྲོན་གྱི་དཔེ་རིས་ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཡོད་པ་རེད། ང་ཚོ་གཞིས་བྱེས་གང་སར་ཕུལ་བྱུང་གི་གྲུབ་འབྲས་ཀྱང་མིག་གིས་མཐོང་རྒྱུ་ཡོད། འོད་ཀྱང་ང་ཚོའི་དམིགས་ཡུལ་གྱི་འཐབ་རྩོད་དེ་ད་ལྟ་ཡང་འཇུག་བསྒྲིལ་མེད་ལ་དེ་བས་རྣོ་ངར་རྙོག་འཛིང་རྒྱ་ཆེ་གཏིང་ཟབ་ཏུ་ཕྱིན་ཡོད།
ཕྱི་ནང་ཆབ་སྲིད་ཀྱི་འགྱུར་བ་ཇི་ལྟར་ཕྱིན་ཀྱང་ང་ཚོའི་དམིགས་ཡུལ་དང༌། དམ་བཅའ་དེ་འགྱུར་བ་ནམ་ཡང་གཏོང་ཐབས་མེད་ངེས་ལ་སོང་དེ་ལུགས་ཚང་མས་དགོངས་བཞེས་ཀྱི་གོམས་པ་སྤོ་དགོས་པ་ཡིན། དེས་ན་རང་རིགས་ན་གཞོན་རྣམས་ལ་དམིགས་བསལ་གྱི་ཕ་ཡི་བུ་ལ་སྙིང་གཏམ་རེ་བསྐུལ་ཞུ་རྒྱུར། སྔོན་གཤེགས་མི་རིགས་ཀྱི་དཔའ་བོ་དཔེ་བཟང་མང་པོའི་ཡ་རབས་རྣམ་དཔྱོད་ཀྱི་གཤིས་བཟང་དང༌། དཔའ་ཉམས་བརྟུལ་ཕོད་ཀྱི་སྙིང་སྟོབས་ལ་མིག་དཔེ་བལྟས་ནས་གཞིས་ལུས་མི་དམངས་བློ་ཕམ་མི་སྐྱེ་བ་དང༌། བྱེས་འབྱོར་མི་དམངས་ཡིད་ཆེས་མ་ཤོར་བའི་ཕ་ཤུལ་བུས་འཛིན་གྱི་སྒོ་ནས་སྤྱི་དོན་ཕུག་བསམ་འགྲུབ་བྱའི་ཆེད་དུ་རང་རྒྱལ་ལ་ལྷག་བསམ་ལེགས་སྐྱེས་འབུལ་ཐུབ་པ་བྱེད་དགོས།
དེང་གི་ཆར་རིགས་ཚང་མས་ྋསྤྱི་ནོར་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ཟབ་མོ་དང་མཐུན་པའི་དམ་ཚིག་གཙང་མའི་ལམ་དུ་གོམས་པ་རིམ་བགྲོད་ཀྱི་ལོ་རེ་ནས་ལོ་རེར་གང་ལེགས་སུ་ཡོད་ནའང་ད་དུང་ལྷོད་གཡེང་དུ་མ་སོང་བ་བོད་རྒྱལ་ཁབ་མི་རིགས་དང་བཅས་པའི་དོན་དུ་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་སྐུ་གཤེགས་རྣམས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆེད་དུ་ང་ཚོས་དྲན་གསོ་བྱེད་པ་དང་ཆབས་ཅིག་དམིགས་ཡུལ་དགོས་དོན་རྣམས་སྙིང་དབུས་སུ་བཅངས་ནས་བཙན་རྒྱལ་གུང་ཁྲན་རིང་ལུགས་འགྱུར་བ་གཏོང་སྟེ་བོད་རང་བཙན་མ་བྱུང་བར་ང་ཚོས་ངོ་རྒོལ་མཐར་ཕྱིན་བྱ་རྒྱུར་སེམས་ཀྱི་དམ་བཅའ་བརྟན་པོ་བྱེད་དགོས་པ་དེ་ཡིན།
མཐའ་དོན་ཞུ་རྒྱུ་རྒྱུར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་འགྲུབ་པའི་སྨོན་ལམ་ཞུ་རྒྱུ།
བོད་ཆོལ་ཁ་གསུམ་གྱི་མི་མང་རྣམས་མཛའ་བརྩེའི་མཐུན་ལམ་འགྱུར་མེད་ཁྲི་ལོ་བརྟན་པ་དང༌། བཙན་བྱོལ་བོད་མིའི་ཁྱིམ་ཚང་གཉིས་པ་རྒྱ་གར་གཞུང་དང་མི་མང་གི་བཀའ་དྲིན་དྲན་གསོ་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ཐོག་འཕགས་བོད་མཛའ་བརྩེའི་མཐུན་ལམ་གོང་འཕེལ་ཡོང་བ་ཤོག བཀྲིས་བདེ་ལེགས། ཕྱི་ལོ་ ༡༩༨༨ ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༢༩ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋབོད་རྒྱལ་ལོ་ ༢༡༡༤ ཕྱི་ལོ་ ༡༩༨༧ ཟླ་ ༦ ཚེས་ ༡༦ ཉིན་མོ་སྟེ། དེ་རིང་འདིར་ཕེབས་པའི་སྐུ་མགྲོན་གཙོ་བོ་་་་་་་་་་་་་་་་་མཆོག་དང་བོད་མི་མང་སྤྱི་འཐུས་་་་་་་་་་་དྲུང་ཆེ་ཆུང་དབུས་ལས་བྱེད་རྣམ་པ་བླ་སྤྲུལ་དགེ་འདུན་རྣམ་པ། ཚོགས་སྤྱི་ཁག་གི་སྐུ་འཚབ་རྣམ་པ། གཞན་ཡང་མང་ཚོགས་བཅས་པར་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཚབ་ཞུས་ཏེ་མཛའ་བརྩེ་དང་ལྡན་པའི་གུས་བཏུད་ཀྱི་འཚམས་འདྲི་བཀྲིས་བདེ་ལེགས་ཞུ་ཡི་ཡོད།
དེ་རིང་གི་ཉིན་མོ་འདི་ནས་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགོ་མང་རྣམས་བོད་ལྷོ་ཁུལ་ལྕགས་ཚ་གྲུ་གུ་བཀྲིས་སྨོན་ཐང་དུ་རྒྱ་མཚོར་ཆུ་ཕྲན་འདུས་པ་ལྟ་བུའི་རྒྱལ་གཅེས་དཔའ་བོ་ཡོངས་རྫོགས་དུས་གཅིག་ཏུ་འཛོམས་ནས། མདོ་ཁམས་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་བླངས་དམག་སྒར་གསར་དུ་དབུ་འཛུགས་པའི་རྟེན་འབྲེལ་མཛད་སྒོ་དང་འབྲེལ་ཆོས་སྲིད་ཀྱི་མཚན་རྟགས་དམག་དར་དགུང་སྔོན་དབྱིངས་སུ་ཐོག་མར་བསྒྲེངས་འཛུགས་གནང་སྟེ་ལྟ་ལོག་རྒྱ་དམར་གུང་ཁྲན་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པའི་དུས་དྲན་ཐེངས་ ༢༩ པར་སྲུང་བརྩི་ཞུ་རྒྱུ་འདི་རེད།
རྩ་བས་ ༡༩༣༤ ནས་རྒྱ་མི་དམར་པོས་རྒྱལ་བསྐྱེས་རིང་ལུགས་ཀྱི་དམིགས་ཡུལ་བཟུང་ནས་བོད་ཤར་ཕྱོགས་མདོ་སྟོད་སྨད་ཡུལ་གང་སར་བཙན་འཛུལ་བྱས་སྐབས་ནས་བཟུང་ངོ་རྒོལ་གྱི་དྲག་འཐབ་རྣམ་མང་བྱུང་ཡོད་པ་ལྟར།
དུས་དེ་ནས་བཟུང་བོད་མིའི་སེམས་ཤུགས་སྙིང་སྟོབས་ཀྱི་རྦ་རླབས་གྱེན་དུ་འཕྱུར་བའི་དུས་ཚེས་གཟི་བརྗིད་ལྡན་པ་ཞིག་ཡིན་པར་བརྟེན་དུས་དྲན་ངེས་པར་ཞུ་འོས་པ་ཞིག་དང་ཡ་རབས་འཛམ་གླིང་སྲོལ་བཟང་དང་མཐུན་པ་ཞིག་ཀྱང་རེད།
སྐབས་དེར་དང་བླངས་དམག་སྒར་དབུ་ཚུགས་ནས་རྒྱལ་གཅེས་རང་དམག་ཚོས་ལུས་སྲོག་དང་དཀའ་སྡུག་གང་ལའང་འཛེམས་མེད་ཀྱིས་རྒྱ་དམར་གྱི་དྲག་དཔུང་ལ་བོད་ལྷོ་བྱང་ས་ཁུལ་དུ་མར་ངོ་རྒོལ་འཐབས་འཛིང་ལན་མང་བྱས་པས་རྒྱ་དམར་ལ་མི་རྒྱུ་གཉིས་ཐད་ནས་གནོད་སྐྱོན་ཕམ་ཉེས་ཅི་ཆེ་བཏང་ཡང་རྒྱ་དམར་ནས་འཛམ་གླིང་སྤྱི་ཁྲིམས་དང་ཡོངས་སུ་འགལ་བའི་གནམ་སའི་དྲག་ཤུགས་ཀྱི་དྲང་བདེན་བོད་མི་སེར་སྐྱ་ཕོ་མོ་ཁྲི་ཕྲག་བརྒལ་བ་ཉེས་མེད་སྡེབ་བསད་བཙན་གནོན་གྱིས་བོད་གཞུང་ཆོས་སྲིད་རྩ་གཏོར་གཏོང་བའི་སྤྱོད་ངན་རྗེན་གཅེར་ལག་ལེན་བསྟར་སྐབས་གོ་ལག་དཔུང་འཕྲུལ་སོགས་གང་ཐད་ནས་སྟོབས་ཤུགས་ཆེ་ཆུང་གིས་ཆོག་རེ་བྲལ་ནའང༌།
གཙོ་བོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དབུས་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་དང༌། མཁས་གྲུབ་འདུས་སྡེ་མཁྱེན་རླབས་ཟླ་བྲལ་གཞུང་ཞབས་སྡེ་དཔོན། གཞན་མི་མང་ཆེ་ཕྲ་མང་པོ་ལྷོ་ལམ་དར་ཐང་གྲོང་ནས་ཉེས་འཚེ་མེད་པར་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་ཐུབ་པ་དང༌།
རང་རེ་མི་ཡུལ་དུ་འབྱོར་ནས་རྩ་བའི་བོད་དོན་ཐོག་ཕན་ནུས་གང་མཚམས་ཐོན་པ་འདི་དག་བོད་འབངས་སྤྱི་འཐུན་བསོད་ནམས་ཀྱི་བགོ་སྐལ་ཁ་བ་རི་བའི་མགོན་སྐྱབས་དཔུང་གཉེན་མཚུངས་ཟླ་མ་མཆིས་པ་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་ཐུགས་བསྐྱེད་དམ་བཅའ་བཙན་པའི་ཐུགས་རྗེ་བཀྲིན་དང༌། རང་རིགས་སྤུན་ཟླ་ཁྲི་ཕྲག་མང་པོ་རང་སྲོག་བློས་བཏང་གི་དཀའ་ལས་བརྒྱབ་པའི་གྲུབ་འབྲས་མངོན་གསལ་ཤིན་ཏུ་རྩ་ཆེན་ཞིག་ཡིན་པ་ང་ཚོས་བརྗོད་པ་ཙམ་མ་ཡིན་པར་འཛམ་གླིང་ཡོངས་གྲགས་སུ་གྱུར་པའི་བསྔགས་འོས་ལོ་རྒྱུས་ཀྱི་རི་མོ་བསིལ་ལྗོངས་སྐྱེ་རྒུའི་སྙིང་ཁར་ཟུབ་མེད་དུ་བཀོད་དེ་རྗེས་དྲན་ཞུ་འོས་སུ་གྱུར་པ་དང༌།
ད་དུང་ཡང་ཐོག་མ་དམ་བཅས་པ་བཞིན་ཇི་སྲིད་བོད་རང་བཙན་གྱི་རྒྱལ་ཁ་ཐོབ་ནས་བོད་ལྗོངས་ཡོངས་རྫོགས་སུ་ྋགོང་ས་ྋསྐྱབས་ཆེན་པོའི་ཐུགས་རྗེའི་ཆོས་སྲིད་ཀྱི་འོད་སྣང་གསར་པའི་འོག་ཏུ་ངལ་གསོ་ཐོབ་སྟེ་ཇི་སྲིད་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུ་འཛིན་ཛ་སག་ཨ་འབྲུག་མགོན་པོ་བཀྲིས་མཆོག་དང༌། ཨ་མདོ་སྦྱིན་པ་རྒྱ་མཚོ་བཅས་རྒྱལ་གཅེས་སྐུ་གཤེགས་རྣམས་ཀྱི་མཛད་འཕྲིན་བཟང་པོར་མུ་མཐུད་ནུས་ཤུགས་གང་ཡོད་སྟོན་ཏེ་དེ་སྲིད་བོད་རང་བཙན་མ་ཐོབ་པར་ཆོལ་གསུམ་འོ་ཆུ་གཅིག་འདྲིས་ཀྱི་ཞི་དྲག་གི་ལས་ཐབས་ལ་འབད་གནང་ཡོང་བའི་རེ་བསྐུལ་ཞུ་རྒྱུ་ཡིན།
འུ་ཅག་ཚང་མས་ཐུགས་སྣང་དགོས་པ་ཞིག་ལ་རང་རིགས་བོད་དོན་ཐོག་གཏོར་གཤིགས་གཏོང་མཁན་གྱི་ཕྱི་ནང་སུ་ཐད་ནས་མི་འོང་ངེས་པ་མེད་སྟབས་དེ་ལ་འཛེམས་ཟོན་མེད་པར་ངོ་རྒོལ་གཙང་མ་བྱེད་རྒྱུ་དང༌།
ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཐུན་ཞིང་དྲང་བདེན་གྱི་ལམ་ནས་རང་རིགས་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གང་ལེགས་ཡོད་ནའང་ད་དུང་སྲ་བརྟན་ཡོང་ཐབས་དང༌། བོད་བསྟན་སྲིད་རང་དབང་བདེ་དོན་སྒྲུབ་མཁན་སུ་འདྲ་ཞིག་བྱུང་ནའང་དེ་ལ་དགའ་བསུ་དང་རྒྱབ་བསྐྱོར་གཙང་མ་ཞུ་རྒྱུ་མ་ཚད་ཚང་མ་བོད་སྤྱི་དོན་བསྒྲུབ་གྱུར་གཅིག་ཕན་གཅིག་གྲོགས་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན།
སླད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོས་ཕྲལ་ཡུན་དགོས་པ་དང་དགེ་མཚན་དུ་མར་དམིགས་སུ་བཀར་ཏེ་བསྟན་གནང་མཛད་པའི་དམངས་གཙོའི་གཞུང་ལམ་གསར་པའི་ཚད་ཐིག་ལས་ནམ་ཡང་མི་འགལ་བར་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་གྱི་ལམ་ཆེན་ལྟ་བུར་སོང་མཛའ་བརྩེའི་གོམ་འགྲོས་མཉམ་འདེགས་ཡོང་བའི་བསྒྲུབ་བྱའི་དམིགས་ཡུལ་གཅིག་གྱུར་སླར་ཡང་དམ་གཙང་ཡོང་བའི་འབད་བསྐུལ་ཞུ་རྒྱུ་ཡིན།
བོད་བསྟན་སྲིད་རང་དབང་གི་དོན་དུ་རྒྱལ་གཅེས་དཔའ་བོ་དཔའ་མོ་འདས་གྲོངས་སོང་བ་རྣམས་ཀྱི་བཀྲིན་རྗེས་དྲན་གྱི་བསྟན་འགྲོའི་གོ་འཕང་ཐོབ་པའི་ཐུགས་སྨོན་རྒྱུན་བསྲིང་གནང་སྐྱོང་ཡོད་པ་ཞེས་སྐབས་འདིར་གསོལ་འདེབས་ཞུ་རྒྱུ།
དེང་བཞུགས་སྒར་དབུས་བོད་མིའི་གནས་ཡུལ་ཁག་ལ་རྒྱ་དམར་ནག་གཉིས་ཀྱི་ལྐོག་བརྔན་གྱི་རྗེས་སུ་འབྲངས་བའི་ཕྱི་ནང་བོད་མིའི་ཁྲོད་དུ་གསང་མྱུལ་རྒྱུགས་ཁྱི་བྱེད་པོ་རྐང་འདྲེན་པ་རེ་ཟུང་ནས་ནང་ཁུལ་འགལ་ཟླ་བཟོ་མི་རྟག་ཏུ་ཡོད་པར་རྟེན་ཚང་མས་དོགས་ཟོན་ངེས་པར་དུ་གནང་དགོས།
དེ་བཞིན་བོད་ནང་ཕན་ཚུན་གཉེན་འཕྲད་འགྲོ་མི་རྣམས་ལའང་བོད་སྤྱིའི་རྩ་དོན་གནོད་གཞི་མི་འགྲོ་བའི་སྤྱི་སྒེར་སོགས་ནས་སློབ་སྟོན་འབད་བསྐུལ་གནང་རྒྱུ་བཅས།
མཐའ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཚེ་ཞབས་པད་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པ་དང༌། གནས་ཡུལ་རྒྱ་གར་གཞུང་ལ་ཞི་བདེ་བག་ཕེབས་ཡོང་བ། བོད་རང་དབང་རང་བཙན་མྱུར་དུ་ཐོབ་སྟེ་གཞི་བྱེས་ལྷན་འཛོམས་ཡོང་བའི་སྨོན་ལམ་ཞུ་རྒྱུ་བཅས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ཡིག་ཚང་ནས་ ༨༧ ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༢༨ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋདེ་རིང་འདིར་ཕེབས་པའི་སྐུ་མགྲོན་རྣམ་པ་དང༌། སེར་སྐྱ་མི་མང་ལྷན་རྒྱས་ལ་ངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འཚབ་ཞུས་ཏེ་མཛའ་བརྩེ་དང་ལྡན་པའི་གུས་བཏུད་ཀྱི་མཚམས་འདྲི་དང་བཅས་དེ་རིང་གི་ཉིན་མོ་འདིར་བཀྲིས་བདེ་ལེགས་ཞུ་གི་ཡོད། བོད་རྒྱལ་ལོ་ ༢༡༡༣ མེ་སྟག་ཟླ་ ༥ ཚེས་ ༩ ཕྱི་ལོ་ ༡༩༨༦ ཕྱི་ཟླ་ ༦ ཚེས་ ༡༦ ཉིན་མོ་འདི་ནི་བོད་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་ཆུ་བཞི་སྒང་དྲུག་ནས་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དངོས་སུ་བཙུགས་ཏེ་མི་ལོ་ ༢༨ འཁོར་བའི་དུས་དྲན་བྱེད་པའི་ཉིན་མོ་དེ་རེད།
དེ་རིང་དུས་དྲན་ལ་སྲུང་བརྩི་ཞུ་དགོས་པ་ནི་སྤྱིར་བཏང་ལམ་ལུགས་ལྟ་བུ་དང་འདྲ་ཆགས་ཀྱི་ཆེད་དུ་མ་ཡིན་པར་ ༡༩༤༩ ནས་རྒྱ་མི་དམར་པོས་རྒྱ་བསྐྱེད་རིང་ལུགས་བོད་ཀྱི་རྒྱལ་ས་ལྷ་སའི་གཙོས་ཡོངས་རྫོགས་སུ་བཙན་འཛུལ་བྱས་ནས་བཟུང་སྨད་ཕྱོགས་ནས་ང་ཚོ་ཆུ་བཞི་སྒང་དྲུག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་བོད་ཆོལ་ཁ་གསུམ་གྱི་ཁྱོན་རང་བཙན་གཙང་མ་གནས་ཐབས་སུ་ལོ་ཟླ་རིང་ཐུང་གི་ངོ་རྒོལ་གདོང་ལེན་སྤྲད་དེ་དགྲ་བོ་སྡོད་མི་བདེ་བ་དགྲ་འཐབ་མི་མཐུད་བྱས་པ་རེད།
ད་དུང་བོད་བསྟན་སྲིད་ལ་ཉིན་རེ་ནས་ཉིན་རེ་ཇེ་སྡུག་ཇེ་ཞན་གྱི་ཛ་དྲག་གི་ཉེན་ཁ་ལོ་རྒྱུས་ཧྲིལ་པོའི་ནང་བྱུང་མ་མྱོང་བའི་སངས་རྒྱས་གྱི་བསྟན་པ་ལ་དུག་ལྟར་འཛིན་པ་དང༌།
བོད་གཞུང་ལ་མཐོང་ཆུང་དམའ་འབེབས་སེམས་ནང་མི་བཟོད་པ་བྱས་ཏེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐབས་མཁས་མཛའ་བཤེས་དམ་པ་ཇི་ལྟར་མཛད་ཀྱང་རྒྱ་དམར་ནས་བོད་མིའི་བསམ་ཚུལ་ལ་ལྟོས་མེད་ཀྱིས་བོད་བསྟན་སྲིད་ལ་གནོད་འཚེའི་རླང་སྤྱོད་མངོན་སུམ་འཛེམས་མེད་དུ་བྱས་པའི་སྐབས་དེར་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་དང༌། ཨ་མདོ་སྦྱིན་པ་རྒྱ་མཚོ་ཅན་རྒྱལ་ས་ལྷ་སར་ཡོད་པའི་ཆུ་སྒང་མི་སྣ་གནད་ཡོད་ཚང་མར་བློ་གྲོས་གཅིག་ཏུ་སྤུངས་ཏེ་མཐར། བསྟན་སྲིད་སླར་གསོའི་ཆེད་ ༡༩༥༨ ལོར་ཆུ་བཞི་སྒང་དྲུག་གི་དང་དམག་སྒྲིག་འཛུགས་ལྷོ་ཁ་ལྕགས་ཚ་གྲུ་གུ་བཀྲིས་ཐང་དུ་དངོས་སུ་བཙུགས་པ་རེད།
སྐབས་དེ་ནས་བཟུད་བོད་ལྷོ་བྱང་ཁུལ་དུ་རྒྱ་དམར་དང་དམག་འཐབ་ལན་མང་བྱས་ཏེ་རྒྱ་མིའི་དཔུང་དམག་རྣམས་ལྷོ་ཁ་ཁུལ་ནས་ཕྱིར་འབུད་ཀྱིས་ལྷོ་ལམ་གཙང་སེལ་ཐུབ་པ་དང༌། དེར་བརྟེན་ྋགོང་ས་སྐྱབས་མགོན་ཆེན་པོ་དབུས་རིས་མེད་སྐྱེས་ཆེན་དམ་པ་རྣམས་དང༌། སེར་སྐྱ་རྒན་གཞོན་ཁྲི་ཕྲག་མང་པོ་ཕེབས་རྗེས་སུ་བདེ་བླག་ངང་ཕྱི་རྒྱལ་ནང་རང་དབང་རང་བཙན་འཐབ་རྩོད་ཆེད་ཕེབས་ཐུབ་པ་ནས་རང་རེའི་རླབས་ཆེན་གྱི་གྲུབ་འབྲས་མངོན་སུམ་གྱི་མཐོང་སྣང་དུ་ཡོད་པ་འདི་བྱུང་ཐུབ་ཡོད། དེང་སང་འཛམ་གླིང་རྒྱལ་ཁབ་ཕལ་མོ་ཆེ་དང་མི་མང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ལམ་སྟོན་དང་མཛད་རྗེས་ལ་ཡི་རངས་ཀྱིས་འཛམ་གླིང་མི་མང་གི་དབུ་ཁྲིད་ཞིག་ཏུ་ངོས་འཛིན་ཞུས་པའི་མཛད་འཕྲིན་ནི་བསམ་བརྗོད་ལས་འདས་ཤིང༌།
དེ་དག་གི་བཀྲིན་ལས་བོད་མི་མང་རྣམས་ཀྱི་དམིགས་ཡུལ་བོད་རང་དབང་རང་བཙན་གྱི་ཉི་མ་འཆར་རྒྱུའི་རེ་སྤོབས་བྱེད་ཆོག་པ་ཡིན། དེར་བརྟེན་རང་རིགས་ཚང་མས་ཞུ་དགོས་མ་མཆིས་ཀྱང་རེ་ཟུང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐུགས་དགོངས་དང་ཡོངས་སུ་འགལ་བའི་བོད་སྤྱིའི་རྩ་དོན་ལ་གནོད་གཞིའི་རིགས་སུ་བྱུང་ལ་ང་ཚོ་བོད་མི་ཡོངས་ནས་ངོ་རྒོལ་རང་དབང་མཐའ་གཅིག་ཏུ་བྱེད་རྒྱུ་ཡིན། བོད་རང་དབང་འཐབ་རྩོད་ཀྱི་འགན་ཁུར་ནི་ང་ཚོ་བོད་མི་ཡོད་དོ་ཅོག་ལ་འཁྲི་བའི་ལས་འགན་ལ་བརྟེན་ཚང་མས་སྤྱི་དོན་འཕྱར་གྲུ་མཉམ་འདེགས་ཞུ་དགོས་པ་དང༌། ལྷག་པར་བོད་ནང་ཕར་གཉེན་འཕྲད་འགྲོ་མཁན་རྣམས་ནས་རང་གཞུང་གི་ལམ་སྟོན་གནང་བར་བརྩི་བཀུར་དང༌། བོད་ནང་རང་འཁྲིའི་ལས་འགན་སྒྲུབ་རྒྱུ་ནི་འདོར་དུ་མི་རུང་བ་ཞིག་ཡིན་པ་ངེས་པར་དུ་ཤེས་རྟོགས་བྱེད་དགོས་པ་ཡིན།
དེང་གི་ཆར་རང་རིགས་ཚང་མ་དམ་ཚིག་གཙང་མའི་ལམ་དུ་གོམ་བ་རིམ་བགྲོད་ཀྱིས་ལོ་རེ་ནས་ལོ་རེ་གང་ལེགས་སུ་ཡོད་ནའང་ད་དུང་ལྷོད་ཡངས་སུ་མ་སོང་བར་བོད་རྒྱལ་ཁབ་མི་རིགས་དང་བཅས་པའི་དོན་དུ་ཆོལ་གསུམ་བོད་མི་སེར་སྐྱ་ཕོ་མོ་སྐུ་གཤེགས་རྣམས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆེད་དུ་ང་ཚོས་དྲན་གསོ་བྱེད་པ་དང་ཆབས་ཅིག་དམིགས་ཡུལ་དགོས་དོན་རྣམས་སྙིང་དབུས་སུ་བཅངས་ནས་བཙན་རྒྱལ་གུང་ཁྲན་རིང་ལུགས་འགྱུར་བ་གཏོང་སྟེ་བོད་རང་བཙན་གཙང་མ་མ་བྱུང་བར་ང་ཚོས་ངོ་རྒོལ་མཐར་ཕྱིན་པ་བྱ་རྒྱུ་སེམས་ཀྱི་དམ་བཅའ་བརྟན་པོ་བྱེད་དགོས་པ་དེ་ཡིན།
མཐའ་དོན་ཞུ་རྒྱུར། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་པ་དང་ཐུགས་ཀྱི་བཞེད་དགོངས་མཐའ་དག་འབད་མེད་འགྲུབ་པའི་སྨོན་ལམ་ཞུ་རྒྱུ། བོད་ཆོལ་ཁ་གསུམ་གྱི་མི་མང་རྣམས་མཛའ་བརྩེའི་མཐུན་ལམ་འགྱུར་མེད་ཁྲི་ལོར་བརྟན་པར་ཤོག བཙན་བྱོལ་བོད་མིའི་ཁྱིམ་ཚང་གཉིས་པ་རྒྱ་གར་གཞུང་དང་མི་མང་གི་བཀྲིན་དྲན་གསོ་དང་འབྲེལ་ཐུགས་རྗེ་ཆེ་ཞུ་རྒྱུའི་ཐོག་འཕགས་བོད་མཛའ་བརྩེའི་མཐུན་ལམ་གོང་ནས་གོང་འཕེལ་ཡོང་བ་ཤོག་བཅས། བཀྲིས་བདེ་ལེགས་དང་བཅས། རྡ་ས་ཆུ་སྒང་དབུས་རྒྱུན་ལས་ཡིག་ཚང་ནས་ ༡༩༨༦ ཕྱི་ཟླ་ ༦ ཚེས་ ༡༦ ལ།། །།
ྋམདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༢༧ འཁོར་བའི་དུས་དྲན་ཐོག་གཏམ་བཤད་སྤེལ་བའི་ཡོངས་ཁྱབ་གསུང་འཕྲིན།
ྋསྐུ་མགྲོན་རྣམ་པ་དང༌། སྤུན་ཟླ་སེར་སྐྱ་མི་མང་ལྷན་རྒྱས་ལ། མཛའ་བརྩེ་དང་ལྡན་པའི་གུས་བཏུད་ཀྱི་མཚམས་འདྲི་དང་བཅས་བཀྲིས་བདེ་ལེགས་ཞུ་བཞིན་ཡོད།བོད་རྒྱལ་ལོ་ ༢༡༡༢ ཤིང་གླང་ཟླ་ ༤ ཚེས་ ༢༨ ཕྱི་ལོ་ ༡༩༨༥ ཟླ་ ༦ ཚེས་ ༡༦ ཉིན་མོ་འདི་ནི་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་ཆུ་བཞི་སྒང་དྲུག་ནས་བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་དངོས་སུ་ཚུགས་ཏེ་མི་ལོ་ཧྲིལ་པོ་ཉི་ཤུ་རྩ་བདུན་འཁོར་བའི་དུས་དྲན་བྱེད་པའི་ཉིན་མོ་དེ་རེད།
ད་ལྟའི་དུས་དྲན་ལ་སྲུང་བརྩི་ཞུ་དགོས་པ་ནི་སྤྱིར་བཏང་གི་ལམ་ལུགས་ལྟ་བུ་དང་འདྲ་ཆགས་མཛེས་རྒྱན་ལྟ་བུུ་བྱེད་པ་ཞིག་མིན་པར། སྒྲིག་འཛུགས་འདི་བཞིན་བཙུགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་ནི། ༡༩༤༩ ལོར་རྒྱ་མི་དམར་པོའི་རྒྱ་སྐྱེད་རིང་ལུགས་ཀྱི་བསམ་ངན་ཁོག་ཏུ་བཅུག་སྟེ་བོད་ལྗོངས་རྒྱལ་ཁབ་ཀྱི་མཐའ་དབུས་ཆེ་རྒུ་ཡོངས་རྫོགས་འདོད་རྔམ་ཟ་སེམས་ཀྱི་འགྲམ་ཆུ་གདངས་བ་དང་ཆབས་ཅིག་རྒྱ་ནག་དམར་པོའི་ལུགས་ངན་རྒྱུད་རློམ་ཐོག་བོད་ཀྱི་མཐའ་མཚམས་ཁག་ནས་རྒྱ་དམག་གྲངས་མེད་དང༌། གོ་མཚོན་སྣ་དགུ་དང་བཅས་རྡུག་ལག་དངོས་སུ་བརྐྱངས་ཏེ་རིམ་བཞིན་བཙན་འཛུལ་གྱིས་མང་སྣེ་ཉུང་གིས་མ་བརྟན་པར། མཐར་ ༡༩༥༡ ལོར་རྒྱལ་ས་ལྷ་ས་དང་བཅས་པ་བཙན་བཟུང་ཇི་བྱས་ཚང་མས་མཁྱེན་གསལ་ལྟར་དང༌། རྒྱ་མིས་དང་པོར་བོད་ས་བཙན་འཛུལ་བྱེད་སྐབས་ནས་བཟུང་ང་ཚོ་ཆུ་བཞི་སྒང་དྲུག་གིས་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་བོད་ལྗོངས་བསྟན་སྲིད་རང་དབང་སྲུང་སྐྱོབ་ཀྱི་ཆེད་དུ་ཉིན་བསྟུད་ལོ་ནས་ལོ་བསྟུད་དེ་ངོ་རྒོལ་གདོང་ལེན་གྱི་ཡ་ལན་སྤྲད་དེ་སྡོད་བཟོད་མི་བདེ་བ་དགྲ་འཐབ་མི་མཐུད་བྱས་པ་རེད།
ད་དུང་མི་མཐུད་བསྟན་སྲིད་རང་དབང་ལ་བདོ་བའི་བྱ་སྤྱོད་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཇེ་ཞན་གྱི་བོད་གཞུང་གི་ཐོབ་དབང་རྣམས་རིམ་བཞིན་བཙན་འཕྲོག་དང༌། བོད་འབངས་རྣམས་དུམ་བུ་ནས་དུམ་བུར་གཏོང་བ། རྒྱུ་ནོར་ལོངས་སྤྱོད་གང་ན་ཅི་ཡོད་ཟ་འདོད་ཐོ་ལེན། བོད་མི་མང་རྣམས་ལ་སྡུག་མནར་གཏོང་རྒྱུའི་ལས་འགུལ་མིང་ཐོ་བཀོད་ལེན་བཅས་བྱེད་པ་དང༌། སངས་རྒྱས་ཀྱི་བསྟན་པ་ལ་དུག་ལྟར་བརྩིས་ནས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་གཙོས་འཕགས་པའི་དགེ་འདུན་ཡོངས་ལ་དགྲ་ལྟར་འཛིན་པ་སོགས་བྱེད་པ་དང༌། ལྷག་པར་དུ་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐབས་མཁས་དང་མཛའ་བཤེས་ཀྱི་རྣམ་པ་ཇི་ལྟར་མཛད་ཀྱང་རྒྱ་དམར་གྱི་ངོས་ནས་མིག་གི་མཛེར་མ་ལྟ་བུའི་ཞེ་ངན་ཕུགས་བཅང་གིས་དོན་དུ་བོད་ཟེར་བ་མིང་ཙམ་ཡང་མེད་པ་བཟོ་རྒྱུའི་འཆར་ངན་ཇི་སྙེད་ཅིག་བྱས་དང་བྱེད་བཞིན་པ་མ་ཟད། ༡༩༥༦ ལོར་འགོར་བོད་ཤར་ཕྱོགས་མདོ་ཁམས་ཀྱི་ས་ཁུལ་གང་སར་དམངས་གཙོ་བཅོས་བསྒྱུར་ཟེར་བའི་མ་རུང་བའི་ལས་འགུལ་ཞིག་དངོས་སུ་བཙུགས་པ་དང་འབྲེལ་བླ་མ་མི་དཔོན་ཆེ་ཁག་མིང་འདོགས་འདྲ་མིན་སྣ་ཚོགས་ཀྱིས་འཛིན་བཟུང་དང༌། རྒྱ་ནག་ནང་གཡོ་འཁྲིད་བྱེད་པ་སོགས་མདོར་ན་བོད་མིའི་བློ་དང་གཏན་ནས་མི་འཚམས་པའི་སྡུག་རྩུབ་དང༌། གཡོ་བྱུས་ལག་ལེན་དངོས་སུ་བསྟར་བྱུང་བ་བཅས་ལ་བརྟེན། མདོ་ཁམས་ཀྱི་ས་ཁུལ་ཁུངས་སོ་སོ་ནས་སོ་སོ་ནས་ངོ་རྒོལ་འཐབ་འཛིང་མི་མཐུད་ནས་བྱས་པ་སོགས་ཀྱི་སྐབས་དེར་ཨ་འབྲུག་མགོན་པོ་བཀྲ་ཤིས་ཅན་རྒྱལ་ས་ལྷ་སར་ཡོད་པའི་ཚོང་རིགས་དང༌། ཆུ་སྒང་མི་སྣ་གནད་ཡོད་ཚང་མར་བློ་སེམས་གཅིག་མཐུན་གྱི་སྒོ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་པ་ཆེན་པོའི་དབུ་འོག་དཔུང་འདེགས་ཀྱི་ལྷག་བསམ་རས་དཀར་དྲི་མ་མེད་པས་སངས་རྒྱས་ཀྱི་བསྟན་པ་རྒྱས་ཐབས་དང༌། བོད་གཞུང་འབངས་ཡོངས་ལ་བདེ་སྐྱིད་འབྱུང་ཐབས་བཅས་ཀྱི་ཆེད་དུ། དགོན་ཁག་རྣམས་ལ་བསྙེན་བཀུར་དང༌། ལྷ་སྲུང་རྣམས་ལ་གསོལ་ཁ། གཙུག་ལག་ཁང་དང་གནས་ཆེན་ཁག་ལ་མཆོད་འབུལ། ལྷ་བླའི་དགོངས་བབས་ཇི་ལྟར་སྐུ་རིམ་ཞབས་བརྟན་གཏོར་རྒྱག་ཟོར་འཕེན་སོགས་རྒྱ་ཆེར་གྲངས་མང་ཞུས་པ་དང༌།
བོད་ལྗོངས་ཆོལ་ཁ་གསུམ་གྱི་ཁོངས་སུ་གཏོགས་པའི་བོད་མི་ཡོངས་རྫོགས་ཀྱི་མགོ་ལུས་སྲོག་གསུམ། ཆོས་སྲིད་གཉིས་ཀྱི་བདག་པོ་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་གཅིག་ཉིད་ཡིན་པ་ལ་ཡིན་པ་དངོས་སུ་བསྟན་པའི་ཆེད་དང༌། སྐུ་ཚེ་མཛད་འཕྲིན་གོང་འཕེལ་ཐུགས་བཞེད་ལྟར་འགྲུབ་ཆེད་བཅས་སུ་ ༡༩༥༧ ལོར་གསེར་ཁྲི་ཁམས་གསུམ་ཟིལ་གནོན་ཞེས་མཚན་གསོལ་བ་དེ་ཡང་བཟོ་ལེགས་གྲུབ་མཚམས་ྋགོང་ས་ལྷ་མི་འི་རྣམ་འདྲེན་༧སྐྱབས་མགོན་ཕྱག་ན་པདྨོ་མཆོག་སྐུ་ཚེ་བསྐལ་པ་ཁྲི་ཕྲག་བར་དུ་བརྟན་པར་བཞུགས་སུ་གསོལ་བའི་བརྟན་བཞུགས་བསྟར་འབུལ་དགྱེས་བཞེས་དང་འབྲེལ། ཇོ་བོ་ཡིད་བཞིན་ནོར་བུའི་མདུན་གྱི་གཙོས་གྲྭ་ས་སེ་འབྲས་དགའ་གསུམ་དང༌། བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་ལ་སོགས་པ་བསྟན་གནས་ལྷ་ཁང་ཚང་མར་རིན་ཆེན་དང་གཉིས་ལས་བསྐྲུན་པའི་མཆོད་རྫས་བསྟན་བཞག་དང༌། མཆོད་རྩར་སྦྱོར་འཇགས་བཅས་འབུལ་འཇོག་བྱས་པར་བོད་ཆོལ་ཁ་གསུམ་ཡོངས་ལ་གྲགས་ཆེ་བ་བྱུང་ཡོད་གཤིས། ལས་སྨོན་ལོག་པའི་བཙན་རྒྱལ་རྒྱ་དམར་ནི་ཁོང་ཁྲོའི་ཞེ་སྡང་རི་མེ་འབར་བའི་རྣོ་ངར་མཚོན་ཆ་དྲག་ཏུ་ཟེང་བའི་འོག་ནས་ཆོལ་གསུམ་བོད་མི་ཉེས་མེད་རྣམས་ལ་སྡུག་སྦྱོང་མནར་གཅོད་བསད་བཏུབ་དང༌། བསྟན་དགོན་བླ་སྤྲུལ་སོགས་རིམ་བཞིན་རྩ་མེད་བཏང་བའི་ལས་འགུལ་དངོས་སུ་བརྩམས་པ་འཇིག་རྟེན་མི་སྤྱོད་ལས་འདས་པའི་མ་རབས་སྲོལ་ངན་ནང་གི་སྲོལ་ངན་ལག་ལེན་བསྟར་བའི་མུར། མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་མང་ནས་སྡུག་ཁུར་བཟོད་སྒོམ་མ་ཐུབ་པས་སྨད་ཕྱོགས་ནས་འཐབ་འཛིང་བྱེད་བཞིན་པའི་སྐབས་སུ་ལྷ་ལྡན་དུ་ཡོད་པའི་རྒྱལ་གཅེས་དཔའ་བོ་ཡོངས་ཀྱི་མཆོག་གྱུར་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དང༌། ཨ་མདོ་སྦྱིན་པ་རྒྱ་མཚོ་ཅན་མདོ་ཁམས་ཀྱི་ཆེ་མགོ་མི་སྣ་མང་པོ་ནང་བསྡུར་དང་འབྲེལ་གསང་སྟབས་ཀྱིས་བོད་གཞུང་ལ་ནང་མོལ་ཞུ་བཞིན་པ་དངབཅས་བསྟན་སྲུང་དང་བླངས་དམག་སྒར་གྱི་སྒྲིག་འཛུགས་དེ་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་བོད་རྒྱལ་ལོ་ ༢༠༨༥ ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་དངོས་སུ་ཚུགས་པ་ཞིག་ཡིན་པ་དེ་ནི་དགོས་པ་རྒྱུ་མཚན་དུ་ཞུ་རྒྱུ་དང༌། སྒྲིག་འཛུགས་འདི་ཆབ་སྲིད་ཀྱི་ལྟ་བ་འདྲ་མིན་གྱི་ཚོགས་པ་ལྟ་བུ་དང༌། ཁྲིམ་སྲོལ་ཙམ་འཛིན་པའི་ཚོགས་པ་ལྟ་བུ་དེ་འདྲ་མིན་པ་བོད་ཀྱི་བྱང་ཤར་ཨ་མདོ་དང་རྒྱ་ནག་གི་ས་མཚམས་མདོ་ལ་རིང་མོའི་ཡན་ཆད་དང༌། བོད་ཀྱི་ཤར་ཕྱོགས་མདོ་སྟོད་དང༌། རྒྱ་ནག་གི་ས་མཚམས་སན་ཅིའི་མཆོད་རྟེན་དཀར་པོ་ཡན་ཆད་བོད་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པའི་བོད་ལྗོངས་རྒྱལ་ཁབ་ཀྱི་བསྟན་པ་ཆབ་སྲིད་དང༌། རང་དབང་ཐོབ་ཐང་སྔར་ཡོད་རང་ལག་ཏུ་གཙང་མར་ལེན་ཕྱིར་ལུས་སྲོག་ལོངས་སྤྱོད་ཕ་མ་བུ་ཕྲུག་བཟའ་ཟླ་བཅས་བློས་ལིང་གིས་བཏང་སྟེ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་དུ་དམིགས་ཡུལ་ངེས་ཅན་ཞིག་དང་བཅས་སྙིང་སྟོབས་ཀྱི་རྣམ་པ་ལེགས་སྐྱེས་སུ་ཕུལ་བའི་ཚོགས་པ་ཞིག་ཡིན་པ་རེད།
བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་ནས་རྒྱ་དམར་དམག་དཔུང་མང་ཉུང་དང༌། དམག་སྲིད་ཀྱི་སྦྱོང་བརྡར་ཡོད་མེད། གོ་ལག་རྫས་མདེལ་བཟང་ཞན་དང༌། མང་ཉུང་ཅི་རིགས་གི་ཐོག་འདོད་བློ་ཁེངས་པ་མ་བྱུང་རུང༌། གནམ་ས་གཉིས་ནས་དགྲ་བོའི་དྲག་མཚོན་ཆར་ལྟར་བབས་པའི་མི་རྟའི་རོ་ལམ་ནས་གྲོལ་ཐར་དཀའ་བ་དང༌། ཁྲག་གི་བབས་རྒྱུན་ནས་རྐང་རྗེས་སྤོ་ཡུལ་མེད་པའི་དགྲ་བོའི་འབར་རྫས་མཚོན་ཆའི་འོག་ནས་དཔའ་ངར་ཞུམ་མེད་བློ་སྟོབས་ཆེར་བསྐྱེད་ཀྱིས་བོད་གངས་ཅན་ཆོས་སྲིད་ཡོངས་ཀྱི་མངའ་བདག་ྋགོང་ས་སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་རྒྱལ་བསྟན་ཆབ་སྲིད་དང༌། སྐྱེ་འགྲོའི་འཕྲལ་ཡུན་གྱི་བདེ་དོན་བོད་ཀྱི་བསྟན་སྲིད་མི་རིགས་རང་དབང་བསྐྱར་གསོ་གནང་བ་སོགས་ཀྱི་སླད་དུ་རྒྱ་གར་འཕགས་པའི་ཡུལ་དུ་ྋཞབས་སོར་མངོན་པར་འཁོད་ཐུབ་པའི་ཆ་རྐྱེན་སྒྲུབ་བྱ་ལྷོད་མེད་ཀྱིས་ལམ་དཀྱིལ་བཀག་རྡོ་ལྟ་བུའི་རྒྱ་མིའི་དཔུང་དམག་རྣམས་ཕྱིར་འབུད་ལྷོ་ལམ་ནས་གཙང་སེལ་གྱིས་རྒྱལ་སྒོ་ཕྱེ་བ་ལྟ་བུའི་བྱེད་ཐུབ་པས་རང་རེས་མིག་འབུར་ཅེ་རེ་བལྟ་ཡུལ་གོང་སྐུའི་མཚན་དཔེའི་གྲིབ་བསིལ་གྱི་འོག་ནས་ཕེབས་རྗེས་སུ་བསྙེགས་པའི་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་དང༌། སེར་སྐྱ་རྒན་གཞོན་ཕོ་མོ་སྟོང་ཕྲག་མང་པོ་སྲོག་ཐར་བྱུང་བ་སོགས་རང་རེའི་རླབས་ཆེན་གྱི་སྒྲུབ་འབྲས་བཟང་པོ་ཞིག་ཡིན་པ་ཀུན་གསལ་དུ་གྱུར་ཡོད། དུས་དེ་ནས་བཟུང་ད་ལྟའི་བར་མི་ལོ་ ༢༦ རིང་དུ་ྋསྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་སྲིད་ལུགས་གཉིས་དམངས་གཚོའི་གཞུང་གི་སྒྲིག་འཛུགས་ཀྱིས་མཚོན་གང་ཅིའི་དབུ་འཁྲིད་ལམ་སྟོན་གནང་བའི་ཐུགས་རྗེའི་བཀའ་དྲིན་ལས་འཛམ་གླིང་ཡོངས་ལ་བོད་ཀྱི་ཆོས་སྲིད་རིག་གཞུང་དང་བཅས་པ་ཁྱབ་བརྡལ་དུ་གྱུར་པ་དང༌།
ལྷག་པར་དུ་ྋགོང་ས་མཆོག་ནི་འཛམ་གླིང་མི་མང་གི་དབུ་འཁྲིད་དམ་པ་ཞིག་དུ་ངོས་འཛིན་ཞུ་བའི་མཛད་འཕྲིན་ནི་བསམ་བརྗོད་ལས་འདས་ཤིང། དེ་དག་གི་བཀའ་དྲིན་ལས་བོད་མི་རྣམས་ཀྱི་དམིགས་ཡུལ་འདོད་དོན་རང་དབང་རང་བཙན་གྱི་ཉི་མ་འཆར་ལ་ཉེ་བའི་རེ་སྤོབས་བྱེད་ཆོག་པ་ཞིག་ཡིན། བོད་རྒྱལ་ཁབ་འདི་ནི་རྒྱལ་རབས་ལོ་རྒྱུས། མི་རིགས་གོམ་གཤིས། ཆོས་དང་རིག་གཞུང༌། ཆབ་སྲིད་ལམ་ལུགས་དང༌། དཔལ་འབྱོར་སོགས་གང་ས་ནས་རྩོད་དུ་མེད་པའི་ཁྲིམས་འགལ་བྱས་ཡོད་ཀྱང༌། ད་ཆ་ཀུན་དང་མཐུན་པའི་སྲིད་བྱུས་དང༌། དངོས་ཐོག་བདེན་འཚོལ་བྱེད་ཀྱི་ཡིན་ཟེར་བ་ལྟར་བོད་དོན་བདེན་པ་བདེན་ཐོག་ཏུ་བཞག་འོས་ལྟར་རྒྱ་དམར་གྱི་དབང་བྱུས་ཡོངས་རྫོགས་བོད་ནས་ཕྱིར་འཐེན་གྱིས་རྒྱ་རྒྱ་ཡུལ་དང༌། བོད་བོད་ཡུལ་དུ་གནས་དགོས་པ་དེ་ལྟར་ཡིན། གལ་སྲིད་དེ་ལྟར་མ་བྱུང་བར་ང་ཚོས་ཇི་སྲིད་དུ་བོད་རྒྱ་ཆེའི་མི་མང་ས་ཡ་དྲུག་གི་དགོས་འདུན་སྙིང་པོ་བོད་རང་དབང་རང་བཙན་གྱི་ཉི་མ་མ་ཤར་བར་དུ་དེ་སྲིད་སྐབས་ཀྱི་ལས་འགན་ཡང་དག་པ་ཞིག་བསྒྲུབ་དགོས། ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་གི་ཇི་ལྟར་བཀའ་སློབ་གནང་བ་དེ་ལྟར་སྙིང་དབུས་སུ་བཅང་དགོས་པ་དང༌། གཞིས་བྱེས་བོད་མི་ས་ཡ་དྲུག་གི་བདེ་དོན་ལ་ཁ་ཙམ་མ་ཡིན་པར་ཆོལ་གསུམ་མི་མང་ཡོངས་རྫོགས་དམ་ཚིག་ཟངས་ཁ་གཅིག་སྒྲིལ་གྱི་ནུས་ཤུགས་སྒྲིལ་རྒྱུའི་སླར་ཡང་ཉི་མ་གསར་པ་ཞིག་ཤར་ཡོད་པའི་ཐོག་སྲ་བརྟན་འགྱུར་བ་མེད་པ་བྱེད་རྒྱུ་གལ་ཆེའི་ནང་གི་གལ་ཆེ་རེད།
བར་སྐབས་དུས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་བོད་ཕྱི་ནང་བལྟ་སྐོར་དང༌། གཉེན་འཕྲད་དུ་འགྲོ་འོང་ཇི་སྙེད་ཅིག་མཆིས་རུང༌། རྒྱ་མིའི་ཕྱོགས་ཀྱི་དམིགས་ཡུལ་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དབུས་ཕྱི་རྒྱལ་ལ་ཡོད་པའི་བོད་མི་རྣམས་བློ་འགུག་ཐབས་སུ་མགོ་བསྐོར་གྱི་ཆེད་དུ་རང་དབང་ཡོད་ཁུལ་བྱས་ཞིག་ལས་དོན་དངོས་བར་ལམ་རྒྱ་དམར་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱིར་ལོག་གནང་རྒྱུའི་ཆ་རྐྱེན་ཡིན་ཅེས་དོན་ཚན་ལྔ་འཁོད་པའི་བརྗོད་ཚིག་དོན་གནད་ཐོག་ནས་གསལ་པོ་ཤེས་ཐུབ། གང་ལགས་ཟེར་ན་ ༡༩༥༩ ལོར་རྒྱ་མིས་བྱུས་ངན་གྱིས་ྋགོང་ས་ཆེན་པོ་པེ་ཅིང་དུ་གདན་ཞུ་བཟང་བཙོན་ལྟར་ཉར་རྒྱུའི་སྲིད་བྱུས་དམིགས་ཡུལ་དེ་བཞིན་ད་དུང་མི་ལོ་ ༢༦ གི་རྗེས་སུའང་འགྱུར་བ་ཕྱིན་མེད་པ་དེ་ལྟར་གསལ་པོ་བསྟན་པ་རེད། དེར་བརྟེན་བོད་མི་རིགས་ཡོངས་ནས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུར་འགྱུར་བ་མེད།
བོད་རྒྱལ་ཁབ་ཀྱི་མི་རིགས་དང་བཅས་པའི་དོན་དུ་ཆོལ་གསུམ་བོད་མི་དཔའ་བོ་ཕོ་མོ་སྐུ་གཤེགས་རྣམས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཆེད་དུ་ང་ཚོས་དྲན་གསོ་བྱེད་པ་དང་ཆབས་ཅིག་དམིགས་ཡུལ་དང་དགོས་དོན་རྣམས་སྙིང་དབུས་སུ་བཅངས་ནས་བཙན་རྒྱལ་གུང་ཁྲན་རིང་ལུགས་ལ་ངོ་རྒོལ་མཐར་ཕྱིན་པ་བྱེད་རྒྱུ་དེ་སེམས་ཀྱི་དམ་བཅའ་བརྟན་པོ་བྱ་དགོས་པ་དེ་ཡིན།
མཐའ་དོན་ཞུ་རྒྱུའི་སྙིང་པོ་ྋགོང་ས་ྋསྐྱབས་མགོན་ྋརྒྱལ་བའི་དབང་པོ་མཆོག་སྐུ་ཚེ་ཡུན་ནས་ཡུན་དུ་བརྟན་པ་དང༌། ཐུགས་ཀྱི་བཞེད་དགོངས་འབད་མེད་དུ་འགྲུབ་པའི་སྨོན་ལམ་ཞུ་རྒྱུ་དང༌།
བོད་ཆོལ་ཁ་གསུམ་གྱི་མི་མང་རྣམས་མཛའ་བརྩེའི་མཐུན་ལམ་འགྱུར་མེད་ཁྲི་ལོ་བརྟན་པར་ཤོག
བཙན་བྱོལ་བོད་མིའི་ཁྱིམ་ཚང་གཉིས་པ་རྒྱ་གར་གཞུང་དང་མི་མང་གི་བཀྲིན་དྲན་གསོ་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་ཐོག་འཕགས་བོད་མཛའ་བརྩེའི་མཐུན་ལམ་ཁྲི་ལོར་བརྟན་པར་ཤོག་ཅེས། བཀྲིས་བདེ་ལེགས་དང་བཅས་མདོ་ཁམས་ཆུ་སྒང་དབུས་རྒྱུན་ལས་ཡིག་ཚང་ནས་ ༡༩༨༥ ཕྱི་ཟླ་ ༦ ཚེས་ ༡༦ ལ།།















