མདོ་ཁམས་ཆུ་བཞི་སྒང་དྲུག་གི་ད་ལྟའི་གནས་སྟངས།
ད་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་ཡུལ་དང་སྒྲུབ་བྱ་གང་ལའང་འགྱུར་བ་ ཕྱིན་མེད་ནའང་དུས་འགྱུར་གནས་བབས་དབང་གིས་ཕྱི་ལོ་ ༡༩༧༤ ལོ་ནས་གློ་དམག་སྒར་གྱི་སྒྲིག་འཛུགས་ཕྱིར་བསྡུ་བྱ་དགོས་བྱུང་བའི་རྗེས་སུ་ཛ་ དྲག་གནས་བབས་ཀྱག་ཀྱོག་མང་པོའི་བརྒྱུད་རིམ་འོག་ནས་སྒྲིག་འཛུགས་འདི་བརྟན་པོར་ གནས་ཐབས་སུ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་མདོ་ཁམས་ཆུ་སྒང་བདེ་དོན་ ཚོགས་པ་ཁྲིམས་མཐུན་དེབ་བསྐྱེལ་བྱས་ཤིང། རིམ་པས་རྒྱལ་ཡོངས་དེབ་བསྐྱེལ་དུ་བསྒྱུར་བ་བཅས་ཆུ་བཞི་སྒང་དྲུག་གི་ཞི་དྲག་ ཐབས་བྱུས་འདྲ་མིན་དང༌། བཙན་བྱོལ་གཞུང་གི་ལྟ་གྲུབ་དང༌། གནས་ཡུལ་གཞུང་གིས་བོད་རྒྱའི་ཆབ་སྲིད་ཀྱི་གནས་སྟངས་ལ་དགོངས་པ་བཞེས་ཕྱོགས་གང་ ལ་བལྟས་ཀྱང་གནས་སྐབས་རིང་དྲག་པོ་དམག་གི་ལས་ཐབས་བཟུང་བའི་གོ་སྐབས་ཐོབ་རེ་ མེད་པ་མཐོང༌། འོན་ཀྱང་བོད་བསྟན་སྲིད་རང་དབང་གི་རྩ་དོན་སྒྲུབ་བྱའི་དམིགས་ཡུལ་མི་བརླགས་ པའི་སྒོ་ནས་ཕྱི་ལོ་ ༡༩༩༢ ལོར་མདོ་ཁམས་ཆུ་སྒང་བདེ་དོན་ཚོགས་པ་ཞེས་པ་དེ་ཁྲིམས་མཐུན་དེབ་བསྐྱེལ་བྱས། དེབ་བསྐྱེལ་བྱ་ཡུལ་དེ་ཡང་རྒྱ་གར་རྒྱལ་ཡོངས་དེབ་བསྐྱེལ་ཚོགས་པ་ཡིན། རྒྱལ་ཡོངས་ཀྱི་ཚོགས་པ་དེབ་བསྐྱེལ་བཟོ་བར་བྱེད་པ་ལ། རྒྱ་གར་གྱི་ས་གནས་མི་འདྲ་ཁག་བཅུ་ལ་དེབ་བསྐྱེལ་ཡོད་དགོས་པ་ནས་ལྡི་ལི་ས་གནས་ དང༌། དོན་གླིང་ས་གནས། གླིང་ཚང་གཞིས་ཆགས་ས་གནས། ཀུམ་རའོ་ས་གནས༌། ཌལ་ཧོར་ས་གནས། སྦིར་སྡེ་དགེ་ཞིང་ལས་ས་གནས། སྦིར་ནང་ཆེན་ཇ་ལས་ས་གནས། བཀྲིས་ལྗོངས་ས་གནས༌། སོ་ལན་བོན་གཞིས་ས་གནས། ཤེ་ལོང་ས་གནས་བཅས་ལ་ཆ་འཛིན་བྱས་ཡོད་འདུག དེ་ནས་བཟུང་མདོ་ཁམས་ཆུ་སྒང་སྒྲིག་འཛུགས་ཀྱི་ངོ་བོ་འགྱུར་བ་ཕྱིན་ཡོད་ནའང༌། དམིགས་ཡུལ་རྩ་དོན་སྒྲུབ་བྱར་འགྱུར་བ་འགྲོ་ཐབས་ཡེ་ནས་མེད་པའི་སྒོ་ནས་རྔ་ བརྡུང་ལ་བལྟ་བཞིན་འཆམས་འགྲོས་རྒྱག་དགོས་པ་ལྟར་ཚོགས་པའི་འགྲོ་སྟངས་དང་བསྟུན་ ཏེ་ས་གནས་སོ་སོར་ཆུ་སྒང་ཚོགས་པའི་རྒྱུན་ལས་གསར་འཛུགས་ཞུས་ཏེ་ད་ཆ་འཛམ་གླིང་ ནང་ས་ཁུལ་ཁག ༣༨ ཙམ་ལ་ཁྱབ་བཞིན་ཡོད། རྡ་སར་མདོ་སྟོད་བལྟ་རྟོགས་ཚོགས་པ་ཟེར་བ་ཞིག་ཡོད་པ་དེའང་ས་གནས་རྒྱུན་ལས་སུ་ བསྒྱུར་བ་དང་ཆབས་ཅིག་ཏུ་ལོ་དེར་ཆུ་སྒང་ཚོགས་ཆེན་ཞིག་ཀྱང་འཚོགས། སྐབས་དེར་ཚོགས་ཆུང་ཟུར་བཙུགས་ཀྱིས་ཆུ་སྒང་དེབ་བསྐྱེལ་ཁྲིམས་ལུགས་ལྟར་གྱི་ ཚོགས་པའི་སྒྲིག་གཞི་ཟིན་བྲིས་གསར་འགོད་བགྱིས་ཏེ་གཏན་འབེབ་བྱ་རྒྱུ་བསྡད། ཆ་ཕྲེང་ངག་དབང་འདས་གྲོངས་གྱུར་པའི་རྗེས་ལི་ཐང་ཨ་ཐར་ནོར་བུ་ཆུ་སྒང་རྒྱུན་ལས་ ཚོགས་གཙོ་བསྐོ་བཞག་ཞུས་པ་དང༌། དེ་བཞིན་ཚོགས་གཞོན། དྲུང་ཆེ། ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་སོགས་ལས་གནས་བསྐོ་བཞག་བྱས་པར་མི་རྣམས་ ཀྱིས་ཆུ་སྒང་གི་སྲིད་གཞུང་གསར་པ་ཞིག་འཛུགས་ཀྱི་འདུག་ཅེས་དོགས་འདྲོགས་འུར་ བསྒྲགས་ཆེན་པོ་བྱས། ཡང་ཕྱི་ལོ་༡༩༩༣ལོར་ཕྱེད་འོས་བསྡུ་བྱས་པའི་བཀའ་ཤག་གསར་པས་གློ་བུར་དུ་ཨ་ཐར་ ནོར་བུ་ཁྱེད་རང་གིས་ྋགོང་ས་མཆོག་གི་སྐུ་ཕྱར་བདོ་བའི་བྱ་སྤྱོད་སྤེལ་གྱི་ཡོད་ སྐད་འདུག་པར། རྒྱུ་མཚན་ཇི་ཡོད་གསལ་ཞུ་བྱ་མིར་ཆེད་བཅར་དགོས་པའི་བཀའ་ཁྱབ་བློ་ཡུལ་ལས་འདས་པ་ ཞིག་སླེབས། བཀའ་ཤག་གི་བཀའ་དགོངས་ལྟར་ཨ་ཐར་འཕྲལ་དུ་ངོ་བཅར་ཞུས་པར་བདེ་སྲུང་བཀའ་བློན་ རྒྱ་ལོ་དོན་འགྲུབ་མཆོག་གིས་ཨ་ཐར་ལ་ཁྱོད་རང་གི་ྋགོང་ས་མཆོག་གི་སྐུ་ཕྱ་ལ་བདོ་ བའི་ལས་ཀ་བྱེད་ཀྱི་འདུག་ཅེས་རྒྱ་གར་གཞུང་ནས་རྩད་གཅོད་གནང་གི་འདུག་པར༌། ཇི་ལྟར་ཡིན་ནམ་ཞེས་བཀའ་གནང༌། དེའི་ལན་དུ། ང་ལི་ཐང་ཨ་ཐར་གྱིས་གང་ཞིག་བྱས་པ་དང༌། གང་ཞིག་བྱེད་ཀྱི་ཡོད་མེད་རྒྱ་ལོ་དོན་འགྲུབ་ཁྱེད་ཉིད་ཀྱིས་མཁྱེན་གྱི་རེད་ ཅེས་པ་ལས་ཅི་ཡང་མ་ཞུས། ཕྱི་ཉིན་བཀའ་ཤག་ལ་བཅར་དགོས་གསུངས་པ་ལྟར་ངོ་བཅར་ཞུས་ཏེ། བཀའ་ཤག་ལའང་ང་ལི་ཐང་ཨ་ཐར་གྱིས་ཇི་ལྟར་བྱེད་ཀྱི་ཡོད་མེད་བཀའ་བློན་རྒྱ་ལོ་ དོན་འགྲུབ་ཀྱི་མཁྱེན་གྱི་རེད་ཅེས་ཞུས་ནས་ཕྱིར་ལོག་པ་ལས་ཉེས་འཛུགས་བྱ་ཡུལ་ ཅི་ཡང་མ་རྙེད། དེ་རྗེས་རྒྱ་གར་གྱི་མངའ་སྡེ་མ་རྡ་ར་སི་ཞེས་པའི་ཁོངས་སུ། ཏྲེ་ནིས་ཏྲེ་ཀར་ཟེར་བའི་དྲག་སྤྱོད་པ་རྒྱ་གར་གྱི་སྲིད་བློན་ར་ཇི་གྷན་དྷེ་ མཆོག་བཀྲོངས་མཁན་གྱི་ཚོགས་པ་དེ་དང་ལི་ཐང་ཨ་ཐར་དབར་འབྲེལ་བ་ཡོད་པའི་གནས་ཚུལ་ བཀའ་ཤག་གསར་པའི་བཀའ་བློན་ཁྲི་པ་བསྟན་འཛིན་རྣམ་རྒྱལ་མཚན་ཐོག་ནས་གསལ་བསྒྲགས་ གནང༌། དེ་འདྲའི་ཉེན་ཚབ་ཆེ་བའི་གནད་དོན་སྐོར་ཁུངས་བསྐྱེལ་དགོས་པའི་སྐོར་བཀའ་ཤག་ གསར་པར་མུ་མཐུད་དེ་སྙན་ཞུ་ཕུལ་བས་མཚོན་གཞུང་དམངས་ཡོངས་སུ་རྙོག་གྲ་ཆེན་པོར་ གྱུར།ཡང་ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༣ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀ་ན་ཀྲ་ཀ་མངའ་སྡེ་བྷེང་ལོར་ས་གནས་སུ་ཐེ་ཝན་བོད་ སོག་ལས་ཁུངས་ཀྱི་མི་སྣ་ཀྲུང་ཀྲིས་ཅིན་ཞེས་པ་དང༌། ཆུ་སྒང་རྒྱུན་ལས་ཚོགས་གཙོ་ལི་ཐང་ཨ་ཐར་དང༌། ཚོགས་གཞོན་གྲའུ་དཔོན་རིན་ཆེན་ཚེ་རིང་གཉིས། ཟུར་ཉན་པ་བཅས་པས་ཐེ་ཝན་དང༌། ཆུ་སྒང་དབར་དོན་ཚན་གསུམ་ཅན་གྱི་སྔོན་འགྲོའི་གྲོས་ཆོད་བཞག
དོན་ཚན་གསུམ་ནི།
༡། རང་དབང་དམངས་གཙོའི་རིང་ལུགས་འོག་རྒྱ་ནག་གཅིག་བསྒྲིལ་སྐབས་བོད་ཀྱི་རང་ལུགས་རང་སྐྱོང་ལ་སྲུང་སྐྱོབ་དང་ངོས་ལེན་བྱ་རྒྱུ།
༢། གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ལ་ངོས་འཛིན་དང་རྒྱབ་སྐྱོར་ཞུ་རྒྱུ།
༣། རྒྱ་བོད་མི་རིགས་གཉིས་ཞི་བདེ་དང་མཐུན་འབྲེལ་ཡུན་གནས་ཡོང་ཆེད་དུ་བོད་ཀྱི་ ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། དེང་དུས་ཀྱི་ཤེས་རིག་དཔལ་འབྱོར་སོགས་ཡར་རྒྱས་གོང་འཕེལ་གཏོང་ཆེད་འབད་པ་མཉམ་ བརྩོན་བྱ་རྒྱུ༌། ཅེས་འཁོད་འདུག།
ཐེ་ཝན་ཐོག་བོད་པའི་འཛིན་ཕྱོགས་བཤད་ན། དེ་སྔོན་ནས་མུ་མཐུད་དེ་རྒྱ་དམར་ནག་གཉིས་བོད་ཀྱི་རྩ་དོན་ཐོག་ཞི་དྲག་ཙམ་ལས་ དགྲ་བོ་གཅིག་གྱུར་ཡིན་པ་བཤད་དེ་ཕྱི་ལོ་ ༡༩༨༩ བར་ཚང་མས་དེ་ལྟར་ངོས་འཛིན་བྱས། འོན་ཀྱང་ཕྱི་ལོ་ ༡༩༨༩ ལོར་རྒྱ་རི་པད་མ་རྒྱལ་པོའི་བརྒྱུད་ནས་ཐེ་ཝན་དང༌། བཙན་བྱོལ་བོད་གཞུང་དབར་གསང་བའི་འབྲེལ་བ་བྱེད་ཀྱི་ཡོད་པའི་སྐོར་རྙོག་གླེང་ ཅི་ཆེ་བྱུང་བ་དང༌། མཐའ་མར་ྋགོང་ས་མཆོག་གིས་ངས་བྱས་པ་ཡིན། ཞེས་གསུངས་པ་སོགས་གཞུང་དམངས་ཚོགས་ཆེན་གྱི་ཡིག་ཆ་གསལ་བསྒྲགས་གནང་བ་ནས་ཤེས། དེ་ནས་བཟུང་བཀའ་ཤག་གསར་པའི་བཀའ་བློན་མང་པོ་དང༌། དྲུང་ཆེ་ལ་སོགས་པ་ཐེ་ཝན་དུ་སྔ་རྗེས་ཕེབས་ནས་ཐེ་ཝན་སྲིད་གཞུང་དང་བོད་སོག་ལས་ ཁུངས་ཀྱི་མི་སྣ་དང་ཡོངས་གྲགས་འབྲེལ་མོལ་གནང་དང་གནང་བཞིན་པ་ལ་བརྟེན་ཆུ་སྒང་ ཚོགས་པ་ནས་ཀྱང༌། སྐབས་དེར་ཐེ་ཝན་དང་འབྲེལ་བ་བྱས་ན་སྐྱོན་མེད་པ་ངོས་འཛིན་དང་སྦྲགས་རང་གཞུང་ གི་སྲིད་བྱུས་དང་མཐུན་པ་ཡིན་ཤག་གིས་སྔོན་འགྲོའི་གྲོས་ཆོད་དོན་ཚན་གསུམ་པོ་ དེ་བཞག་ཡོད་འདུག ལོ་དེའི་ཟླ་ ༤ པའི་ཚེས་འགོར་ཆུ་སྒང་ཚོགས་ཆེན་མི་གྲངས་ ༦༠༠ ལྷག་འདུ་འཚོགས་གནང་བའི་སྐབས་དོན་ཚན་གསུམ་ཅན་དེ་གསལ་བསྒྲགས་བྱ་འཆར་དེ་ལྟར་ ཡང༌། ཕྱི་ཟླ་ ༤ ཚེས་ ༡ ཉིན་བལ་ཡུལ་ནས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་ལྡི་ལིར་ཕེབས་སྐབས། དེའི་སྐོར་ནང་དོན་དགོངས་སྐོར་ཞུས་པར། ཁོང་ཉིད་ནས་རྩ་བའི་གྲོས་ཆོད་ལ་སྐྱོན་ཆ་མི་འདུག་ཀྱང་གོ་མིན་ཏང་ལ་སྲིད་དོན་ ཐོག་ཡིད་ཆེས་ཐུབ་པ་ཞིག་མེད་སྟབས་སྔོན་དུ་ྋགོང་ས་མཆོག་ལ་དགེ་སྐྱོན་དགོངས་ སྐོར་ཞུས་ཏེ་བཀའ་ཇི་རྩལ་ལྟར་ཞུ་གལ་ལས། སྔོན་དུ་ཚོགས་ཆེན་ཐོག་གསལ་བསྒྲགས་མ་བྱས་ན་ལེགས་ཚུལ་གསུངས་པ་ལྟར་ཚོགས་ཆེན་ ཐོག་མ་བཤད་པར་གྲོལ་མཇུག་ཏུ་ཆུ་སྒང་རྒྱུན་ལས་ཚོགས་གཙོ་ལི་ཐང་ཨ་ཐར་དང༌། ཚོགས་གཞོན་གྲའུ་དཔོན་རིན་ཆེན་ཚེ་རིང༌། སྲས་དོན་ཡོད་བཅས་ཁོང་རྣམ་པ་གསུམ་ྋགོང་ས་མཆོག་མཇལ་བཅར་ཞུ་ཆེད་བཞུགས་སྒར་དུ་ ཕྱི་ཟླ་ ༤ པའི་ཚེས་ ༡༤ ཉིན་སོང༌། ཕྱི་ཚེས་ ༢༩ ཉིན་མཇལ་ཁར་ཐོབ་པར་ཆུ་སྒང་ཚོགས་ཆེན་གྱི་གྲོས་ཆོད་སྤྱན་འབུལ་ཞུས་རྗེས་གོང་ གི་དོན་ཚན་གསུམ་པོ་དེ་སྤྱན་འབུལ་ཞུས་པར་དེའི་སྐོར་ཆུ་སྒང་གཙོ་འཛིན་རྣམ་པ་ ཚོས་བྱས་འཛོལ་གྱུར་པའི་བཀའ་བཀྱོན་ཕོག་སྟེ་བཀའ་སྤྱི་གཉིས་ལ་རྩིས་སྤྲོད་གནང་ བ་ལྟར་ངོ་བཅར་ཞུས་པ་དང་མཉམ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཞིས་བྱེས་སེར་ སྐྱ་ཡོངས་ཀྱི་ྋསྐྱབས་དང་རེ་གནས་མགོན་པོ་གང་ཉིད་ལས་མེད་སྟབས་བཀའ་དགོངས་འགལ་ འཁྲུགས་མི་འབྱུང་བའི་ཞུ་སྒོ་གང་མཆིས་ཞུ་གལ་གྱིས་མཚན་འཁོད་སྙན་ཞུ་ཞིག་དེ་མ་ ཐག་ཕུལ་ཡང༌། སྐུ་སྒེར་དྲུང་ཆེ་བཞི་ཡིས་ཐག་གཅོད་གནང་བ་ཡིན་ཞེས་སྙན་ཞུ་ཕྱིར་སློག་གནང་ཡོད་ འདུག བཀའ་སྤྱི་གཉིས་ལ་ངོ་བཅར་ཇི་ལྟར་ཞུས་ཀྱང་ཛ་དྲག་ཇེ་ཆེར་གྱུར། མདོ་སྟོད་སྤྱི་འཐུས་སྨར་ཁམས་བསོད་ནམས་སྟོབས་རྒྱལ་དང༌། སྡེ་དགེ་འཆི་མེད་རྡོ་རྗེ་གཉིས་ཀྱིས་ཉིན་མཚན་གཉིས་རིང་ཞུ་བ་ཇི་ལྟར་ཕུལ་ཡང་ བཀའ་སྤྱི་གཉིས་ཀྱིས་མཐའ་མར་ཁྱེད་གཉིས་ནང་དུ་ལོག་སྟེ་གཉིད་སྐྱིད་པོ་ཁུག་ནས་ སྡོད་ཅེས་སོགས་གསུངས་སྟབས་ཐབས་བྲལ་ཏེ་ཁོང་རྣམ་པ་གསུམ་ལྡི་ལིར་ཕྱིར་ལོག་བྱ་ དགོས་གྱུར། དེ་ནས་བཟུང་བཀའ་སྤྱི་གཉིས་ཀྱིས་ཆུ་སྒང་ཚོགས་པར་ངོ་རྒོལ་དགོས་པའི་གསལ་ བསྒྲགས་དང༌། སེར་སྐྱ་ཡོངས་ཀྱི་མིང་རྟགས་བླངས། འབྲས་སྤུངས་ཀྱི་དགེ་འདུན་པ་བརྒྱད་དང༌། ས་སྐྱ་ཆོས་ཚོགས་ཀྱི་དགེ་འདུན་པ་དྲུག་བཅས་དགོན་པར་འདུག་དབང་མེད་པ་ཕྱིར་འབུད་ བྱས། གཞུང་དམངས་ཡོངས་སུ་རྫོགས་པས་ཆུ་སྒང་ཚོགས་པ་དགྲ་བོ་རྒྱ་དམར་ལས་སྡུག་པའི་ངོས་ འཛིན་གྱིས་མི་ལོ་ ༧ རིང་དུ་གོ་མཚོན་མེད་པའི་དགྲ་ཐེངས་ ༧ བརྒྱབ་པ་དང༌། ཁ་མཆུ་མི་འདྲ་བ་ ༡༣ བཙུགས་ཡོད་འདུག བཀའ་སྤྱི་གཉིས་ནས་ཆུ་སྒང་གསར་པ་ཟེར་བ་ཞིག་བལ་ཡུལ་ནས་འགོ་བཙུགས་ཏེ་བལ་པོའི་ མི་སེར་ཆ་ཕྲེང་བློ་བཟང་ཚུལ་ཁྲིམས་འགོ་དཔོན་དུ་བཞག། ཚོགས་འདུ་ཆེན་པོ་སྔ་རྗེས་སུ་འཚོགས་ཏེ་རྒན་མགོ་སེར་དང༌། རྒྱ་རི་ཕུ་དཀྲུག་གཉིས་ཆུ་སྒང་དབུས་ལས་ཁང་གི་སྒོ་རྩར་བབས་ཏེ་ལི་ཐང་ཨ་ཐར་དང༌། གྲའུ་དཔོན་ཕྱོགས་གཏོགས་དང་བཅས་པ་ཕྱིར་འབུད་བྱས་ཟིན་པ་ཡིན། ཆུ་སྒང་ཁང་ཁུངས་རྒྱུ་དངོས་ཇི་ཡོད་ཁོང་གཉིས་ལ་རྩིས་སྤྲོད་དགོས་ཟེར་བ་སོགས་ བརྗོད་པའི་ལོ་རྒྱུས་དགག་བཞག་གཏམ་གྱི་ཐོག་མདའི་ནང་དུ་གཟིགས། ཕྱི་ལོ་ ༡༩༩༧ ལོར་མདོ་སྟོད་སྤྱི་འཐུས་ཚོས་འགྲིགས་འཇགས་ཀྱི་ཚོགས་འདུ་ཞིག་བསྐོང་ཚོགས་ཞུས་ ཀྱང་ཕན་ཐོག་མ་བྱུང་བ་མ་ཟད། རྒྱ་གར་གཞུང་ལ་ཚོགས་གཙོ་ཟམ་གདོང་དང༌། ལ་དྭགས་བླ་མ་བློ་བཟང་གཉིས་ཀྱིས་རྫུན་གཡོའི་ལས་འགུལ་སྤེལ་ཏེ་ཨ་ཐར་དང། གྲའུ་དཔོན་ཅན་མི་དྲུག་ཐེངས་དང་པོར་རྒྱ་གར་ ྕ་ང མངའ་སྡེའི་ས་མཚམས་ནས་བོད་དུ་ཕྱིར་འབུད་བྱ་རྒྱུའི རྣྣྤདྲཏྲྟ ཟེར་བའི་བཀའ་རྒྱ་ཉེ་འཁྲིས་སྐོར་སྲུང་བའི་ལས་ཁུངས་སུ་འབྱོར་ཟིན་པ་དང༌། ཐེངས་གཉིས་པར་མི་གྲངས་ ༢༢། ཐེངས་གསུམ་པར་མི་གྲངས་ ༣༤ བཅས་བོད་ལ་ཕྱིར་འབུད་བྱ་རྒྱུ་གཏན་འཁེལ་ཡིན་ལུགས་སྤྱི་འཐུས་ཚོགས་གཙོ་ཟམ་ གདོང་རང་ནས་མདོ་སྟོད་སྤྱི་འཐུས་ ༡༠ ལ་བཤད། དེར་བརྟེན་ཨ་ཐར་ཅན་མི་ཁག་གཅིག་ལ་སྐྱབས་བཅོལ་ལག་དེབ་ ང་སྐྲ སྐྱར་གསོ་མི་ཆོག་པ་བཟོས་པས་རྐྱེན་གྱིས་རྒྱ་གར་གཞུང་ལ་དོན་ཚན་གསུམ་གྱི་སྙན་ ཞུ་ཕུལ་བའི་དང་པོ། ང་ཚོ་བོད་རང་བཙན་གྱི་ཆེད་དུ་བཙན་བྱོལ་བའི་མིང་ཐོག་ཏུ་གནས་ཡོད་པ་དང་ད་དུང་ ཡང་མུ་འཐུད་དེ་གནས་ཆོག་པ། དོན་ཚན་གཉིས་པ། དེ་ལྟར་མ་ཆོག་ན་ང་ཚོ་ད་བར་རྒྱ་གར་ནང་གནས་ནས་མི་ལོ་ ༣༨ ཡིན་པས་སྤྱི་ཁྲིམས་ལྟར་རྒྱ་གར་མི་སེར་བྱེད་ཆོག་པ། དོན་ཚན་གསུམ་པར། དེ་ལྟར་མ་ཆོག་ན་ང་ཚོ་མདོ་ཁམས་ཆུ་སྒང་གི་མི་རྣམས་རྒྱལ་སྤྱིའི་བལྟ་རྟོགས་ ཚོགས་པར་རྒྱ་གར་གཞུང་ནས་རྩིས་སྤྲོད་གནང་རོགས་ཞུ་གི་ཡོད་ཅེས་ྋསྙན་ཞུ་ཕུལ་བ་ དེར་ཀ་ན་ཀྲ་ཀའི་བློན་ཆེན་གྱིས་རྒྱབ་གནོན་ཞུ་བརྒྱུད་བྱུང་ཡོད། ཕྱི་ལོ་ ༢༠༠༠ ལོར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་ནས་བོད་བསྟན་སྲིད་རང་ དབང་གི་ལས་དོན་ལ་དགྲ་དགའ་གཉེན་སྡུག་གི་བྱ་བ་འདི་མུར་མ་ཡིན་པའི་ཆེད་དུ་འགན་ འཁུར་ཆེན་པོས་བླ་སློབ་དཔོན་འབངས་དབར་དོན་དམ་གྱི་དམ་ཚིག་འགལ་འཛོལ་བྱུང་མེད་ སྟབས། བྱས་ནོར་གྱི་ཐད་ལ་སྤངས་བླངས་དམ་གཙང་ཡོང་བའི་འབད་བརྩོན་གནང་བའི་དབང་གིས་ཕྱི་ ལོ་ ༢༠༠༠ ཟླ་ ༡༠ ཚེས་ ༤ ཉིན་ཆུ་སྒང་གཙོ་འཛིན་མི་གྲངས་ ༩ སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་ཆོག་པའི་ལས་དོན་གྲུབ་སྟེ། མཇལ་བཅར་སྐབས་བྱས་ནོར་ངོས་ལེན་འགྱོད་བཤགས་ཀྱི་སྙན་ཞུ་དང་གནས་ལུགས་ཞུས་པར། གོང་ས་ྋམཆོག་གིས་ད་ནས་བཟུང་ནམ་མཁའ་གཡའ་དག་དང། ས་གཞི་རྡུལ་དག་གི་དཔེ་ལྟར་ཡིན་པའི་བཀའ་བཟང་ཐོབ། དེ་འབྲེལ་བཀའ་སྤྱི་ལྷན་རྒྱས་ནས་ཀྱང་ངོ་བཅར་སྐབས་གསུང་བཟང་གནང་བ་དང་ད་བར་ གྱི་རྙོག་གླེང་ཚང་མ་གཙང་དག་ཡིན་པའི་གསལ་བསྒྲགས་གནང་བ་འདི་ལྟར་ཏེ།
བོད་ མི་མང་སྤྱི་འཐུས་རྒྱུན་ལས་དང༌། བཀའ་ཤག་ཐུན་མོང་གི་ཡོངས་ཁྱབ་གསལ་བསྒྲགས། ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༧ ཚེས་ ༢ ལ་ལོ་དེའི་བྱི་ཟླ་ ༣ ཚེས་ ༣༡ ཉིན་བོད་སོག་ལས་ཁུངས་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་མིང་ཁུར་གྱིས་བཞག་པའི་དོན་ཚན་གསུམ་ཡོད་ཀྱི་མོས་ མཐུན་ཡིག་ཆ་དེའི་སྐོར་བཀའ་སྤྱི་ཐུན་མོང་གིས་ཞིབ་འཇུག་གཏན་འབེབས་བྱས་པའི་ ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་ ༧ཋ༢ ནང་རེ་འདུན་ཇི་ཞུས་བཞིན། སྐབས་དེར་མོས་མཐུན་འཇོག་མཁན་ལི་ཐང་ཨ་ཐར་ནོར་བུས་གཙོས་མི་དགུའི་མཚན་རྟགས་ འཁོད་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དགོངས་སེལ་འགྱོད་བཤགས་སྙན་ཞུ་ ༢༠༠༠ ཕྱི་ཟླ་ ༩ ཚེས་ ༢༡ འཁོད་པ་འབུལ་ཐོག ༢༠༠༠ ཕྱི་ཟླ་ ༡༠ ཚེས་ ༤ སྔ་དྲོ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་མཇལ་བཅར་གྱིས་ཡིག་ངག་གཉིས་ཐོག་ནས་སྔར་ འགྱོད་ཕྱིས་བསྡོམས་ཀྱི་དགོངས་སེལ་ཞུས་པར། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལྷ་དགོངས་གསལ་དྭངས་བྱུང་བའི་གསུང་ གི་དབུགས་དབྱུང་སྤྱི་ཕེབས་ཀྱི་སྐལ་བཟང་ཐོབ་འདུག་པ་དང༌། ༢༠༠༠ ཕྱི་ཟླ་ ༡༡ ཚེས་ ༡༤ དང་ ༡༥ གཉིས་སུ་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་གཉིས་སུའང་ཁོང་ཚོའི་སྐུ་ཚབ་སྡེ་དགེ་ བྱ་རྒོད་ཚང་སྲས་དོན་ཡོད་དང༌། ཆབ་མདོ་བློ་བཟང་དབང་འདུས་གཉིས་ཆེད་བཅར་གྱིས་གནས་ཚུལ་སྙན་སེང་ཞུས་སོང་བ་ལྟར། བཀའ་སྤྱི་གཉིས་ནས་སྔོན་མའི་གནས་ཚུལ་དེའི་སྐོར་རྙོག་སེལ་གཙང་མ་བྱུང་ཟིན་པའི་ ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་ཐུབ་མོང་གིས་ ༢༠༠༠ ཟླ་ ༡༡ ཚེས་ ༢༨ ལ།
བཀའ་བློན་ཁྲི་པ། བསོད་ནམས་སྟོབས་རྒྱལ་གྱི་མཚན་རྟགས།
ཚོགས་གཞོན༌། ཐུབ་བསྟན་ལུང་རིགས་ཀྱི་མཚན་རྟགས། ཅེས་འཁོད་འདུག
མུ་ མཐུད་བཀའ་འབྲེལ་ ༼བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང༌། བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས། སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ། དཔལ་འབྱོར་དྲུང་ཆེ་ཐུབ་བསྟན་བཀྲ་ཤིས། སྣེ་ལེན་དྲུང་ཆེ་བསོད་ནམས་སྟོབས་རྒྱལ། རྡོ་གླིང་བདེ་དོན་མདའ་ཟུར་ལེགས་བཤད། བློ་གླིང་ཕྱག་ཟུར་བཀྲིས་ཚེ་རིང༌། བདེ་སྲུང་དྲུང་གཞོན་འོག་མ་ཚང་སྐལ་བཟང་འཆི་མེད།༽ བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་མི་སྣ་བརྒྱད་ལས་གྲུབ་པའི་ཚོགས་ཆུང་ནས་ཆུ་ སྒང་རྒྱུན་ལས་གསར་འདེམས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༢༠༠༢ ལོར་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༩ པའི་དགོངས་དོན་ལྟར་དེའི་ཕན་ཆད་ལྡི་ལི་ཆུ་སྒང་རྒྱུན་ལས་རྙིང་པ་ཟེར་བ་དང༌། རྡ་སར་ཆུ་སྒང་རྒྱུན་ལས་གསར་པ་ཟེར་བ་གཉིས་ཀ་ཕྱིར་བསྡུ་བྱས་ཏེ་མདོ་སྟོད་རྒྱལ་ ཡོངས་འོས་བསྡུ་བྱས་པའི་ཆུ་སྒང་རྒྱུན་ལས་གསར་འདེམས་བྱས་པ་འདི་ཡིན་ཟེར་བ་ཡོད་ དགོས་ཞེས་གསུངས་པའི་གྲོས་ཆོད་འདི་ལྟར་ཏེ། སྤྱི་འཐུས་སྒེར་གྱི་གྲོས་ཆོད། སྔོན་གླེང༌།
སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གཞིས་བྱེས་ བོད་མིའི་འཕྲལ་ཕུགས་ཕན་བདེའི་གཞི་རྩ་མང་གཙོའི་ལམ་བཟང་བཀྲིན་སྩལ་དོན་བཞིན། བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་འདི་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་བསྒྱུར་བ་ གནང་རྒྱུ་དེ་ཐུགས་ཀྱི་བཞེད་དགོངས་ལྟེ་བ་གཅིག་རེད། ྋགོང་ས་མཆོག་གི་དགོངས་བཞེས་ནང་བཞིན་བོད་མི་མང་ཚོགས་ཀྱིས་གོམས་པ་ཏག་ཏག་རྒྱག་ ཐུབ་ཆེད། བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན་ཞུ་དགོས་པ་མ་ཟད། དོན་དངོས་སུ་འགན་དབང་ལག་ལེན་བསྟར་པའི་སྐབས་ལ་ཁ་ཞེ་མེད་པར་མང་གཙོའི་ལམ་སྲོལ་ ཐོག་འགྲོ་ཐུབ་པ་བྱ་དགོས། མང་གཙོའི་རིང་ལུགས་ཚད་ལྡན་ཡོང་དང་མི་ཡོང་རག་ལས་ས་གཙོ་པོ་ཞིག་ནི། སྡེ་ཚན་སོ་སོའི་སྐུ་ཚབ་འོས་བསྡུ་བྱེད་སྟངས་ཀྱི་ལམ་སྲོལ་འདི་ཡིན། འཛམས་གླིང་ཡོངས་སུ་སྐུ་ཚབ་ཀྱི་མང་གཙོའི་ལམ་སྲོལ་ཤ་སྟག་རེད། སྐུ་ཚབ་ཀྱི་མང་གཙོའི་ལམ་སྲོལ་ཡོང་དགོས་དོན་ནི། རྒྱལ་ཁབ་སུ་འདྲ་ཞིག་ཡིན་ནའང་ས་ཁྱོན་དང་མི་འབོར་ཆེ་ཞིང༌། མི་འབོར་ཁ་འཐོར་དུ་གནས་པ་ཡིན་ཙང༌། རྒྱལ་ཁབ་དང་མི་རིགས་ཀྱི་ལས་འཛིན་རྣམས་འོས་འདེམས་བྱས་པའི་སྐུ་ཚབ་འཐུས་མིའི་ བརྒྱུད་ནས་ཐག་གཅོད་བྱ་རྒྱུ་མ་གཏོགས་ཡུལ་མི་ཡོངས་རྫོགས་འཛོམས་ནས་གྲོས་བསྡུར་ བྱེད་མི་ཐུབ་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན། དེར་བརྟེན་སོ་སོའི་སྐུ་ཚབ་རེ་ལོ་གྲངས་ངེས་ཅན་ཞིག་གི་ཚད་དུ་འོས་འདེམས་བྱས་ ཏེ་གཏོང་གི་ཡོད་རེད། ཁོང་ཚོ་རང་ཉིན་ལ་འོས་ཤོག་བླུགས་མཁན་གྱི་མི་གྲངས་སྟོང༌། ཁྲི། འབུམ། ག་ཚོད་ཡོད་པ་འདི་དག་གི་སྐུ་ཚབ་མཚོན་ཐུབ་པ་བྱས་ནས་ལྷན་ཚོགས་ནང་བགྲོ་གླེང་དང་ ཐག་གཅོད་བྱེད་པ་ཡིན་ཙང༌། སྐུ་ཚབ་ཀྱི་མང་གཙོ་ཟེར་བ་རེད། ད་ལྟ་ང་ཚོ་བཙན་བྱོལ་བོད་མིའི་མང་གཙོ་དེ་སྐུ་ཚབ་ཀྱི་མང་གཙོ་རེད། སྐུ་ཚབ་ཀྱི་མང་གཙོ་ཡང་དག་པ་ཡོང་བ་ལ་སྐུ་ཚབ་འདེམས་སྒྲུག་བྱེད་སྟངས་ཚད་ལྡན་ ཞིག་དགོས་ཀྱི་རེད། འདེམས་སྒྲུག་བྱེད་སྟངས་ཚད་ལྡན་མ་བྱུང་བ་དང༌། མ་བྱུང་བའི་དོགས་གཞི་སོགས་བྱུང་ཚེ། མང་གཙོའི་ལམ་སྲོལ་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་ཆོག་པ་དང༌། བྱེད་དགོས་པ་ལས། མང་ཚོགས་ནང་རང་གི་འདོད་ཚུལ་འདྲ་མིན་ལབ་ན་དགོས་པ་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་ཀྱི་ཡུལ་མི་ཁྲིམས་མཐུན་ལོ་ཚད་ལོན་པ་ ཡོངས་རྫོགས་འོས་བསྡུའི་ལས་རིམ་ནང་འོས་གཞིར་ཞུགས་པ་དང༌། འོས་ཤོག་བླུགས་པའི་ཐོབ་ཐང་གཉིས་ཀ་གཞི་རིམ་ཐོབ་ཐང་གི་གྲས་སུ་བཞག་ཡོད་པ་རེད། དེ་ལ་གནོད་སྐྱོན་བྱུང་བ་ཡིན་ན་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་བྱེད་ཐུབ་པ་ དགོས། དེ་ཚོ་མང་ཚོགས་ནས་ངེས་པར་མཁྱེན་དགོས་པ་ཞིག་དང༌། སྒྲུབ་དགོས་པ་ཞིག་རེད། རྒྱུན་མཚན་དེ་ལྟར་ལ་བརྟེན། མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གིས་འགན་ཁུར་ ཐོག་བོད་གཞུང་བཀའ་ཤག་ནས་གཞུང་ཞབས་ནས་ཆེད་གཏོང་གནང་བ་དང༌། མདོ་སྟོད་རྒྱལ་ཡོངས་མི་མང་ནས་གུས་བརྩི་དྭང་ལེན་གྱི་མདོ་སྟོད་ཆུ་སྒང་རྒྱུན་ ལས་ཀྱི་སྔོན་འགྲོའི་འོས་གྲངས་ ༩༨༨༤ བྱུང་པ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་གཙོའི་ལམ་ལུགས་དང་མཐུན་ པར་ཚད་ལྡན་དུ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གིས་ འགན་ཁུར་ཐོག བོད་གཞུང་བཀའ་ཤག་གིས་གཞུང་ཞབས་རྣམས་ཆེད་གཏོང་གནང་བ། མདོ་སྟོད་རྒྱལ་ཡོངས་མང་ཚོགས་ནས་གུས་བརྩི་དྭང་ལེན་གྱིས་མདོ་སྟོད་ཆུ་སྒང་ རྒྱུན་ལས་ཀྱི་སྔོན་འགྲོའི་འོས་འདེམས་གནང་བ་དེ་གཞི་རིམ་མི་མང་གི་ཐོབ་ཐང་ལ་ སོང༌། དེའི་སྲུང་སྐྱོབ་ཡོང་ཆེད་ད་ལམ་གྲོས་ཚོགས་འདི་ནས་གནད་དོན་འདིའི་ཐོག་དམིགས་ བསལ་གྱིས་ཐུགས་ཁུར་བཞེས་ཏེ་གྲོས་ཆོད་ཅིག་འཇོག་དགོས་པ་མཐོང༌།
གྲོས་ཆོད།
མདོ་ སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གི་འགན་ཁུར་ཐོག་ བོད་གཞུང་བཀའ་ཤག་གྱིས་གཞུང་ཞབས་རྣམས་ཆེད་གཏོང་གནང་བ་དང༌། མདོ་སྟོད་རྒྱལ་ཡོངས་སེར་སྐྱ་མང་ཚོགས་ནས་གུས་བརྩི་དྭང་ལེན་གྱི་འོས་འཕེན་བྱས་ པའི་འོས་གྲངས་ ༩༨༨༤ བྱུང་ཡོད་པ་ནས། ནང་གསེས་དྭོགས་སེལ་བྱེད་དགོས་ཡོད་ཚེ་ཁྲིམས་ཐོག་ནས་གཙང་བཟོ་བྱ་དགོས་པ་དང༌། སྤྱི་ཡོངས་སྔོན་འགྲོའི་འོས་བསྡུ་མང་གཙོའི་ལམ་ལུགས་དང་མཐུན་བ་ཚད་ལྡན་བྱུང་བ་ རྩ་འཛིན་དང༌། སྐབས་འདིར་དངོས་གཞི་འོས་བསྡུ་བྱ་མ་ཐུབ་པའི་འོག་ནས་ལྡི་ལི་ཆུ་སྒང་དབུས་ རྒྱུན་ལས་ཟེར་བ་དང༌། རྡ་སར་ཆུ་སྒང་དབུས་རྒྱུན་ལས་ཟེར་བ་ཕན་ཚུན་ནས་ནང་རྩོད་རྙོག་གླེང་གི་ཡིག་ཆ་ སྤེལ་རེས་ཀྱི་འགོ་ཚུགས་པས་བོད་བསྟན་སྲིད་ལ་གནོད་འགལ་འགྲོ་གཞི་བཟོ་བཞིན་པར་ བརྟེན། བསྟན་སྲིད་མི་རིགས་ལ་གནོད་གཞི་འདི་རིགས་མི་འབྱུང་ཆེད་མདོ་སྟོད་རྒྱལ་ཡོངས་ སེར་སྐྱ་ཡོངས་ཀྱི་འོས་བསྡུའི་ལམ་ནས་མདོ་སྟོད་ཆུ་སྒང་རྒྱུན་ལས་འདི་ཡིན་ཟེར་ བ་ཞིག་མ་བྱུང་གི་བར། ད་ནས་བཟུང་ཆུ་སྒང་དབུས་རྒྱུན་ལས་ཟེར་བ་ཁག་གཉིས་ཡོད་པ་འདི་ངོས་ལེན་བྱེད་ རྒྱུ་མིན་པའི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༢༡ ལ། ཞེས་གསུངས་པ་ལྟར་གཞུང་འབྲེལ་གྱིས་གོང་གསལ་དབུས་འོས་བསྡུ་ཚོགས་ཆུང་དང་བོད་ མིའི་གནས་སྡོད་ས་གནས་ཁག་ཏུ་ས་གནས་འགོ་འཛིན་གཙོས་པའི་གཞུང་འབྲེལ་གྱི་ས་གནས་ འོས་བསྡུའི་ཚོགས་ཆུང་བཀོད་སྒྲིག་གནང་སྟེ་མདོ་སྟོད་རྒྱལ་ཡོངས་མི་མང་གིས་ཆུ་ སྒང་དབུས་རྒྱུན་འོས་འདེམས་གནང༌།
མདོ་སྟོད་རྒྱལ་ཡོངས་འོས་བསྡུ་བྱས་པའི་ འོས་སྒམ་རྔོགས་བཤེར་མ་གནང་གོང་མདོ་སྟོད་སྤྱི་འཐུས་ ༡༠ ནས་འགན་ཁུར་བའི་ཚོགས་གཙོ་ཚུལ་ཁྲིམས་བསྟན་འཛིན་དང༌། ཚོགས་གཞོན་འཆི་མེད་རྡོ་རྗེ་གཉིས་བྱས་ཏེ་ཚོགས་ཐོག་ནས་འོས་ཤོག་གྲངསཤེར་གྱིས་ མང་མོས་རྩེ་གཏོགས་མི་གྲངས་ ༡༡ དབུས་རྒྱུན་ལས་གཏན་འབེབས་ཀྱིས་ལོ་གསུམ་རེའི་དུས་ཡུན་ཐག་གཅོད་གནང་བ་ལྟར། ད་ཡོད་སྐབས་བཅོ་བརྒྱད་པའི་དབུས་རྒྱུན་རྣམ་པ་རྒྱལ་ཡོངས་འོས་བསྡུ་བྱས་པའི་ རྒྱུན་ལས་ཐེངས་གསུམ་པ་དེ་ཡིན། ད་དུང་ཆུ་སྒང་གསར་པ་ཟེར་བའི་ཚོགས་འདུའི་ཐོག་ལི་ཐང་ཨ་ཐར་དང༌། གྲའུ་དཔོན་རིང་ཆེན་ཚེ་རིང༌། པདྨ་བདེ་ལེགས་ཅན་མི་གྲངས་ ༡༧ རྒྱ་མི་དམར་ནག་གཉིས་ཀྱི་མི་ཡིན་ཞེས་གྲོས་ཆོད་བཞག་པ་ལྟར་ཡིག་ཆ་ཨང་ ༩ པའི་ནང་རྙོག་གྲའི་རིགས་ཁྲིམས་ཐོག་ནས་གཙང་སེལ་བྱ་དགོས་འཁོད་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བདེན་རྫུན་དབྱེ་འབྱེད་ཆེད་སྤྱི་དམངས་གཏུགས་གཤེར་ གྱི་ཁྲིམས་ལུགས་གཞིར་བཟུང་ཞུ་གཏུགས་བྱས་ཏེ་མི་ལོ་ ༤ སོང་བའི་མཚམས་མི་གྲངས་ ༡༧ དེ་དག་དཀར་པོ་དཀར་རྐྱང་ཡིན་པའི་ཐག་གཅོད་གནང་བ་དང༌། ཆུ་སྒང་གསར་པ་ཟེར་བར་སྒོར་ ༡༢༥༠༠ ཉེས་ཆད་བཀལ། ཡང་དེ་རྗེས་རྒྱ་རི་ཕུ་སྤྲུག་ཅན་ཆུ་སྒང་གསར་པའི་མི་གྲངས་ ༨༡ ལྷན་ཚོགས་ཐོག་མདོ་སྟོད་སྤྱི་འཐུས་མི་གྲངས་ ༨ སྤྱི་འཐུས་མི་འོས་པ་ཡིན་ཞེས་ཕྱིར་འབུད་དགོས་པའི་གྲོས་ཆོད་བཞག་པར་བརྟེན་མདོ་ སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དང༌། ཚུལ་ཁྲིམས་བསྟན་འཛིན། སྨར་ཁམས་བསོད་ནམས་སྟོབས་རྒྱལ། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། གླིང་ཚང་ཚེ་རྡོར། ཁེ་ཚ་ཨོ་དགའ། དཀོན་མཆོག་ནོར་བུ། འཆི་མེད་རྡོ་རྗེ་བཅས་སྤྱི་འཐུས་རྣམ་པ་ ༨ ནས་སྤྱི་འཐུས་འོས་མིན་གྱི་གནད་དོན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མི་ལོ་ ༣ ལྷག་རིང་ཞུ་གཏུགས་བགྱིས་པར་སྤྱི་འཐུས་རྣམ་པ་དཀར་པོ་དཀར་རྐྱང་དུ་ཆགས། ཁོ་ཚོར་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༡༨ ཉིན་ཉེས་ཆད་བཏང་བའི་འབྲུ་དོན་རང་སོར་འགོད་འབུལ་ཞུ་རྒྱུ་ཡིན། ༢༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡༡ པའི་ནང༌། ཁྲིམས་ལུགས་ཁག་གཞིར་བཟུང་འོས་བསྡུ་དང༌། འོས་གཞིར་ཞུགས་རྒྱུའི་ཐོབ་ཐང་བྲལ་བ་ཕུད་ཞེས་དང༌། དོན་ཚན་ ༡༢ གཞི་རྩའི་རང་དབང་དང༌། ཐོབ་ཐང་གཞན་ཁག་ཅེས་པའི་ནང༌། བོད་མིའི་འཕྲལ་ཕུགས་ཀྱི་རྩ་དོན་དང༌། མང་ཚོགས་ཀྱི་ཁེ་ཕན་ཆེད་དུ་ཁྲིམས་ལུགས་གང་རུང་འོག་བཀག་འདེམས་བྱ་དགོས་ཕུད་ ཅེས་གསལ་བའི་འབྲུ་དོན་ཆ་རྐྱེན་འོག ཏ༽ གྱོད་ཡ་རྩོད་ལེན་པས་ ༡༽ གོང་འཁོད་བཅད་ཁྲའི་དགོངས་དོན་ཉམས་ལེན་ཞུ་དགོས་པ་སྨོས་མེད་ཐོག ༢༽ བཅད་ཁྲའི་དགོངས་དོན་ ༢༠༠༤ ཟླ་ ༨ ཚེས་ ༢༦ ནས་ ༢༠༠༥ ཟླ་ ༦ ཚེས་ ༡༨ བར་དུ་ཉམས་ལེན་མ་ཞུས་པར་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པའི་བཅོས་གསོའི་ཆད་པར་ སྤྱི་མང་གཏུགས་བཤེར་འགྲོ་ལུགས་ཁྲིམས་ལུགས་ཁྲིམས་ཡིག་གི་དོན་ཚན་ ༨༦ ཀ༽ ༤ པའི་དགོངས་དོན་བཞིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྟེན་གཙོའི་ སྤྱན་སྔར་མཆོད་མེ་སྟོང་ཚར་གཅིག་དང༌། བཞུགས་ཁྲི་རིན་པོ་ཆེར་མན་དལ་རྟེན་དོད་ཧིན་སྒོར་ ༡༢༥ དང༌། མཇལ་དར་ནང་མཛོད་དཀར་གཙང་གཅིག་བཅས་ ༢༠༠༥ ཟླ་༦ ཚེས་ ༢༢ ཉིན་ནང་ཚུད་བསྒྲུབ་འབུལ་དགོས་རྒྱུའི་ཐག་གཅོད་གནང་བའི་བཀོད་ཁྱབ་ཏུ༌། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ་༢༠༠༥ ཟླ་ ༦ ཚེས་ ༡༨ ལ་ཞེས་གཙུག་ལག་ཁང་དུ་མཆོད་པ་འབུལ་རྒྱུ་དང༌། སྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་ཁྲི་རིན་པོ་ཆེར་མན་དལ་ རྟེན་དོད་དང་མཇལ་དར་དཀར་གཙང་གཅིག་འབུལ་རྒྱུ་ཁས་ལེན་མ་བྱས་སྟབས་ཕུ་པ་ཚེ་རིང་ སྟོབས་རྒྱལ་དང༌། ཐུབ་བསྟན་ལེགས་བཤད། སོག་ཞབས་དྲུང༌། དབང་གྲགས་མགོན་པོ། ཀླུ་ཁྲི་འཆི་མེད་ཟེར་བ་སོགས་མི་ ༦ བོད་ཀྱི་ཡུལ་མིའི་ཐོབ་ཐང་འཕྲོག་པ་དང་ཕྱིར་འབུད་བྱས་པའི་བཅད་ཁྲའི་འབྲུ་དོན་ འགོད་འབུལ་ཞུ་རྒྱུ་ཡིན།
༢༠༠༨ ལོའི་ཟླ་ ༨ ཚེས ༦ ཉིན་ཁྱབ་བསྒྲགས་གནང་བའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཅད་ཁྲ་དང༌། ༢༠༠༥ ཟླ་༦ ཚེས་ ༡༨ འཁོད་པའི་ཁྱད་གསོད་ཆད་འགེལ་བཀའ་ཁྱབ་བཅས་ལ་གྱོད་ཡ་རྩོད་ལན་པས་བརྩི་བཀུར་ཉམས་ ལེན་མ་ཞུས་བར་གང་སྔའི་དུས་ཡུན་རིང་གྱོད་ཡ་རྩོད་ལེན་པ་ ༡༽ ཕུ་པ་ཚེ་རིང་སྟོབས་རྒྱལ་དང༌། ༢༽ ར་སྟོད་བསོད་ནམས། ༣༽ ཐུབ་བསྟན་ལེགས་བཤད། ༤༽ སོག་ཞབས་དྲུང༌། ༦༽ ཀླུ་ཁྲི་བུ་སྐལ་བཟང་ནོར་བུ། ༦༽ དབང་གྲགས་མགོན་པོ་བཅས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་རྩོད་ལན་པ་ ཁོང་རྣམ་པའི་འོས་བསྡུ་དང༌། འོས་གཞིར་ཞུགས་པའི་ཐོབ་ཐང་དེ་དག་བཀག་བསྐྱིལ་བྱ་རྒྱུའི་ཐག་བཅད་གནང་བ་ཡིན་ན། འབྲེལ་ཡོད་ཁུངས་སོ་སོ་ནས་བཀའ་ཁྱབ་འདིའི་ནང་གསལ་ལྟར་ཕྱག་བཞེས་བསྟར་གནང་དགོས་ རྒྱུ་བཅས་ཀྱི་བཀའ་ཁྱབ་ཏུ། ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། ཕྱི་ལོ་ ༢༠༠༥ ཟླ་ ༦ ཚེས་ ༣༠ ལ།
ཁྲིམས་ཞིབ་པ་ཆེ་བ་དྲེས་ནང་རྣམ་རྒྱལ་ཚེ་རིང༌།
ཁྲིམས་ཞིབ་པ་གྲོང་རེ་ཚང་བློ་བཟང་མཁས་གྲུབ།
ཁྲིམས་ ཞིབ་པ་ཨ་མྱེ་ཚང་ཐུབ་བསྟན་བཀྲ་ཤིས་བཅས་ཀྱི་མཚན་རྟགས་བཀོད་གནང་སྟེ་ཁྲིམས་ཐོག་ ནས་གཙང་མ་བཟོ་དགོས་རིགས་ཆ་ཚང་ཁྲིམས་ཁང་དང་བོད་མི་སྤྱི་འཐུས་ལྷན་ཚོགས་ཀྱིས་ གྲོས་ཆོད་ཡིག་ཆ་ཨང་ ༩ པའི་དགོངས་དོན་ལག་བསྟར་དོན་འབྲས་སོན་པ་བྱུང་སྟེ་ད་བར་གསོལ་བསྩལ་གནང་བའི་ཡང་ དག་པའི་དམངས་གཙོའི་ལམ་སྲོལ་ལྟར་མདོ་སྟོད་རྒྱལ་ཡོངས་འོས་བསྡུའི་ལམ་ནས་མདོ་ ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་བཅུ་དྲུག་པ་དང༌། བཅུ་བདུན། བཅོ་བརྒྱད་བཅས་སྐབས་གསུམ་དང༌། དེ་མཚུངས་ས་གནས་རྒྱུན་ལས་ཡོངས་རྫོགས་མི་མང་གིས་འོས་འདེམས་ཀྱི་ལམ་ནས་ཕེབས་ དང་ཕེབས་བཞིན་པ་འདི་མདོ་སྟོད་ཆོལ་ཁ་འམ། ཁམས་རིགས་ཡོངས་སུ་རྫོགས་པའི་སྒྲིག་འཛུགས་ལྟེ་བ་གཞུང་དམངས་ཡོངས་ཀྱིས་གཅིག་ གྱུར་ངོས་འཛིན་ཞུ་ཐུབ་པ་བྱུང་ཡོད། མདོ་ཁམས་ཆུ་སྒང་ཚོགས་པའི་ཐོག་མའི་ཆབ་སྲིད་ཀྱི་དམིགས་ཡུལ་ངོ་མ་དེ་ཉིད་རི་བོ་ ཉིལ། རྒྱ་མཚོ་མེར་ཡང་བློས་བཏང་ནམ་ཡང་མི་བྱ་བའི་མནའ་གན་མཐུ་བོ་ཆེའི་དམ་བཅའ་སྙིང་ བཅང་གིས་ལས་དོན་ཆེ་ཕྲ་མང་པོ་བྱས་དང་བྱ་མུས་ཐོག་གནས་སྐབས་རིང་རྒྱུ་རྐྱེན་ འདྲ་མིན་དབང་གིས་བསྟན་སྲུང་དང་བླངས་དམག་སྒར་འདི་བཞིན་མདོ་སྟོད་ཆོལ་ཁ་འམ་ བདེ་དོན་ལྷན་ཚོགས་ཀྱི་ངོ་བོའི་ཐོག་མདོ་སྟོད་རྒྱ་ཆེའི་མི་མང་གི་མངོན་འདོད་ དང་མཐུན་པའི་ཚོགས་པའི་ལས་དོན་ཡོངས་རྫོགས་གང་ཟག་གི་དབང་ཤུགས་ལ་བསྟུན་མ་དགོས་ པར༌། ཁྲིམས་ལུགས་ཀྱིས་དབང་བསྒྱུར་གྱི་བདེ་ལམ་ནས་གལ་ཆེ་དོན་ཆེར་བརྩིས་ཏེ་གཏན་ འབེབས་ཡོད་པའི་ཁྲིམས་ལུགས་གཞིར་བཟུང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ ལས་སྐབས་བཅུ་དྲུག་དང༌། བཅུ་བདུན། ད་ལྟ་འགྲོ་བཞིན་པའི་དབུས་རྒྱུནསྐབས་བཅོ་བརྒྱད་པའི་འཐུས་མི་རྣམ་པ་ཡོངས་ རྫོགས་བོད་ཕྱི་ལ་བཞུགས་པའི་འཛམ་གླིང་མདོ་སྟོད་རྒྱ་ཆེའི་མང་ཚོགས་ཀྱིས་འགན་ ཁུར་འོག་མང་གཙོའི་ལམ་སྲོལ་འོས་བསྡུའི་ལམ་ནས་བསྐོབཞག་གནང་བ་དང༌། དེ་བཚུངས་ས་གནས་རྒྱུན་ལས་ཡོངས་རྫོགས་མདོ་ཁམས་ཆུ་སྒང་ཚོགས་པའི་སྒྲིག་དོན་ གཞིར་བཟུང་རྒྱ་ཆེའི་མི་མང་གིས་འོས་བསྡུའི་ལམ་ནས་བསྐོ་བཞག་བྱ་བཞིན་པ་འདི་ བཙན་བྱོལ་སྤྱི་ཚོགས་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་དབུས་སའི་དབུ་ ཁྲིད་བསྐོ་བཞག་གནང་སྐབས་རྒྱ་ཆེའི་མང་ཚོགས་ཀྱིས་འོས་འཕེན་གྱི་ལམ་ནས་འདེམས་ བསྒྲུག་བྱེད་མཁན་གཅིག་པུ་དེ་ཡིན། འདས་པའི་མདོ་ཁམས་ཆུ་སྒང་སྐབས་བཅུ་བདུན་པ་དང༌། ད་ཆ་འགྲོ་བཞིན་པའི་སྐབས་བཅོ་བརྒྱད་པའི་དབུས་རྒྱུན་ལས་ཚོས་མདོ་ཁམས་ཆུ་སྒང་ ཚོགས་པའི་སྒྲིག་གཞི་དང༌། དབུས་སྤྱི་ཁྱབ་རྒྱུན་ལས་རྣམ་པའི་ལས་དོན་བྱེད་ཕྱོགས་དང་ཐོབ་ཐང་གི་སྒྲིག་གཞི། དངུལ་རྩིས་སྟངས་འཛིན་གྱི་སྒྲིག་གཞི་བཅས་འགལ་མེད་ཉམས་བཞེས་ཐོག་རྒྱལ་ས་ལྡི་ ལིར་རྟེན་གཞིར་བྱས་པའི་མགྲོན་ཁང་དང༌། ཟ་ཁང༌། ཚོང་ཁང༌། དེ་བཞིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་ཁང་གི་ཕྱི་ནང་གི་བཀོད་པ་དེང་དུས་ དང་མཐུན་པའི་ཆ་རྐྱེན་ཚད་ལྡན་བསྐྲུན་ཐུབ་པ་བྱུང་བ་མ་ཟད། ཁང་པ་གསར་ཞེངས་གྱི་བུན་གཡར་རིགས་ཚང་མ་ཕྱིར་སློག་ཞུས་ཏེ་ད་ཆ་བུན་ལེན་ཡོང་ དགོས་མ་གཏོགས་སྤྲོད་དགོས་རིགས་ཐམས་ཅད་གཙང་སེལ་ཞུ་ཐུབ་པ་བྱུང་ཡོད། མ་འོངས་པར་མ་ཇོན་ཏྲེ་ལའི་གནས་བབས་གྱ་ཉེས་མ་ཤོར་ཚེ་དཔལ་འབྱོར་གྱི་ཡོང་དམིགས་ ངེས་ཅན་ཞིག་གཏན་ཁེལ་བྱུང་ཡོད་པ་དང༌། ཉེ་བའི་ཆར་རྡ་སར་མདོ་ཁམས་ཆུ་སྒང་ཚོགས་པའི་ཀེ་ལ་ཤ་མགྲོན་ཁང་དང༌། ཟ་ཁང༌། བྷིར་རག་ཁང་བཅས་རང་ལག་ཏུ་སོན་ཐུབ་པ་བྱུང་བ་འདི་ཆུ་བོ་ལྟ་བུའི་རྒྱུན་ཆད་མེད་ པའི་གཏན་འཇགས་དཔལ་འབྱོར་གྱི་ཡོང་དམིགས་བསྐྲུན་ཐུབ་པ་བྱུང་ཡོད། འོན་ཀྱང་ཡོང་ཁུངས་ཚད་ལྡན་བསྐྲུན་ཐུབ་པ་ཙམ་གྱིས་སྒྲིག་འཛུགས་ཚད་ལྡན་ཡོང་ཐུབ་ མིན་ལ་བརྟེན་ལས་དོན་ཐག་གཅོད་དང་དཔལ་འབྱོར་གཏོང་ཡོང་ཐམས་ཅད་ཁྲིམས་ལུགས་ཀྱི་ ལམ་ནས་བསྐྱོད་ཐུབ་རྒྱུར་དམིགས་ཏེ་སྔར་མེད་གསར་གཏོད་ལོ་ལྟར་འགན་ལྷན་ཚོགས་ ཆེན་ནས་དགོས་དངུལ་བཀའ་ཁྲོལ་དང༌། དེ་མཚུངས་ཆུ་སྒང་ཆེས་མཐོའི་རྩིས་ཞིབ་ལྷན་ཚོགས་ནས་རྩིས་ཞིབ་ནན་དྲང་གིས་འགན་ ལྷན་ཚོགས་ཆེན་ཐོག་དགེ་སྐྱོན་གྱི་ཆ་ཐམས་ཅད་མངོན་ཐུབ་པ་འབད་བརྩོན་ཞུས་པ་འདི་ རིགས་མགྱོགས་མྱུར་སྒྲིག་འཛུགས་ཚགས་ཚུད་དང༌། དཔལ་འབྱོར་གྱི་གནས་བབས་མིག་སྨན་མིག་ཐོག་ཏུ་སྨིན་ངེས་ཀྱི་ཡར་རྒྱས་ཡོང་བའི་ རྨང་གཞི་སྲ་བརྟན་ཞིག་འཛུགས་ཐུབ་པ་བྱུང་ཡོད། དེ་བཞིན་སྤྱི་ཚོགས་བདེ་དོན་གྱི་ཆེད་དུ་དཔལ་འབྱོར་གྱི་ཆ་རྐྱེན་མ་འདང་བའི་ མཐོ་སློབ་འགྲིམས་མཁན་མང་པོ་ཞིག་ལ་སློབ་ཡོན་མཁོ་སྤྲོད་གནང་བ་དང༌། ལོ་མང་རིང་རྒས་གཅོང་ཉམ་ཐག་རིགས་གྲངས་མི་ཉུང་བ་ཞིག་གསོ་སྐྱོབས་ཆེད་ཕྱི་རྒྱལ་ གྱི་རོགས་རམ་ལ་མ་བརྟེན་པར་ཚོགས་པ་རང་དང་ཁམས་རིགས་མི་མང་གིས་འགྲོ་གྲོན་ཕོན་ ཆེ་བཏང་སྟེ་ད་བར་རྒྱུན་མཐུད་དེ་གསོ་སྐྱོང་གནང་དང་གནང་བཞིན་ཡོད། དེ་བཞིན་སྐབས་འདིའི་རིང་མདོ་ཁམས་རྒས་གསོ་ཁང་གི་ཕྱི་ནང་གི་བཀོད་པ་ཡོངས་ རྫོགས་ཉམས་གསོ་དང་འགྲོ་གྲོན་ཕོན་ཆེ་བཏང་སྟེ་དེང་དུས་དང་མཐུན་པའི་ཆ་རྐྱེན་ དགོས་ངེས་ཚད་དང་ལྡན་པ་བཟོ་བསྐྲུན་ཞུས་ཤིང་རྒས་གཅོང་རྣམས་ད་ཆ་བློ་བདེ་བག་ ཡངས་ཀྱི་ལོངས་སྤྱོད་ལ་རོལ་བཞིན་ཡོད། སླད་ཕྱིན་ཆད་ཀྱང་བོད་བསྟན་པ་ཆབ་སྲིད་དང་སྤྱི་ཚོགས་བདེ་དོན་གྱི་ཆེད་དུ་འདས་ པའི་ཆུ་སྒང་དཔའ་བོ་ཚོས་ལུས་སྲོག་ལོངས་སྤྱོད་ཡོད་ཚད་འགྲོ་གྲོན་གཏོང་རྒྱུར་ ཕང་སེམས་མ་གནང་བ་ལྟར་ང་ཚོས་ཀྱང་མཐུན་སྦྱོར་ཞུ་རྒྱུའི་ཆོད་སེམས་གཏན་པོ་ཡོད། རྩ་བའི་མ་འོངས་ཆུ་སྒང་ཚོགས་པའི་ལས་དོན་ཇི་བྱས་དང་བྱེད་འཆར། གྲུབ་འབྲས་ཇི་ཐོན་རྒྱ་ཆེའི་མང་ཚོགས་ཀྱི་གསལ་རྟོགས་ཡོང་ཆེད་དེང་དུས་འཛམ་ གླིང་སྤྱི་སྲོལ་སྟབས་བདེའི་བརྒྱུད་ལམ་ཡོད་པ་ལྟར་མདོ་ཁམས་ཆུ་སྒང་ཚོགས་པའི་ གནད་དོན་ཕྱི་གསལ་ནང་གསལ་ཤེས་ཆེད་དྲ་རྒྱ་ ཕཕཕ་རྟདྣྡདཎནཏྲདསྤྱཔྲདདྲཐྲཎརྣཐྲརྟཔྱསྤྱཐྲ་ཏྲྣན ཞེས་པ་ཞིག་གསར་གཏོད་བྱས་ཏེ་ཕྱི་ནང་སྐྱེ་བོ་ཚང་མའི་བོད་དབྱིན་སྐད་གཉིས་ཐོག་ གཟིགས་ཆོག་གོ་སྒྲིག་ཞུས་ཏེ་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༤ ཚེས་ ༡ ཉིན་སྐུ་ངོ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་སྐུ་མགྲོན་ གཙོ་བོ་གདན་ཞུས་ཀྱིས་མདོ་སྟོད་ཆེས་མཐོའི་མཛད་གཙོ་བདུན་བཅུ་ལྷག་རྒྱས་འཛོམས་ ཐོག་དབུ་འབྱེད་གནང་སྟེ་ད་ཆ་ཤེས་ལྡན་པ་མང་པོས་བཀོལ་སྤྱོད་གནང་དང་གནང་བཞིན་ མཆིས། མ་འོངས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གནས་བབས་བཟང་ཕྱོགས་སུ་ཇི་ལྟར་བསྒྱུར་ མིན་མདོ་སྟོད་རྒྱ་ཆེའི་མང་ཚོགས་ལ་རགས་ལས་པ་ཡིན་སྟབས་མི་རེ་ངོ་རེས་ཚོགས་པ་ འདིའི་ལས་དོན་ཆེད་ཐུགས་ཁུར་གནང་དགོས་པ་དང༌། དགེ་འདོན་སྐྱོན་སེལ་གྱི་དགོངས་འཆར་ལྷུག་པོ་གནང་སྟེ་བློ་རྩ་བརྟན་པོས་རྡོག་ རྩ་གཅིག་བསྒྲིལ་གྱི་ལམ་བུརགོམས་ཁ་བསྒྱུར་ཏེ་ཤར་བསྐྱོད་བྱ་རྒྱུ་ནི་ཁམས་པ་མི་ རེ་ངེོ་རེའི་འོས་འགན་ཡིན་པ་ཤེས་དགོས།
ད་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་ བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་དུས་དྲན་མཛད་སྒོ་དང་མི་ལོ་ཧྲིལ་པོ་ ༥༡ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམག་སྤྱི་དང༌། བརྒྱ་དཔོན། བཅུ་དཔོན། དེ་བཞིན་དང་དམག་འདས་གསོན་མང་པོའི་ལོ་རྒྱུས་དང་སྐུ་དཔར་འདི་ག་དབུས་སྤྱི་ཁྱབ་ རྒྱུན་ལས་ཁང་དུ་ཕུལ་འབྱོར་བྱུང་བ་ལྟར་ཚང་མར་བསྟན་སྲིད་ཀྱི་ཆེད་དུ་ཞབས་ འདེགས་ཞུས་པའི་བྱས་རྗེས་གཟེངས་ཐོན་ཕྱག་འཁྱེར་ཕུལ་སྐབས་འདས་གསོན་རྣམ་པའི་ལོ་ རྒྱུས་གང་འབྱོར་གྱི་ངོ་བོར་དག་བཅོས་ཙམ་ལས་རང་སོར་བཞག་སྟེ་དཔར་རིས་དང་བཅས་ ཏེ་རིམ་འགོད་ཞུ་རྒྱུ་ཡིན། འོན་ཀྱང་འགའ་ཞིག་གི་ལོ་རྒྱུས་ཐུང་ངུ་ཙམ་ལས་སྐུ་དཔར་ཐབས་འཚོལ་ཇི་ལྟར་ཞུས་ ཀྱང་རྙེད་སོན་བྱུང་མ་སོང་བས་དགོངས་སེལ་ཞུ་རྒྱུ་ཡིན།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་ད་ལྟའི་གནས་སྟངས་སྙིང་བསྡུས།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམིགས་ཡུལ་དང་སྒྲུབ་བྱ་གང་ལའང་འགྱུར་བ་ཕྱིན་མེད་ནའང་དུས་འགྱུར་གནས་བབས་དབང་གིས་ཕྱི་ལོ་ ༡༩༧༤ ལོ་ནས་གློ་དམག་སྒར་གྱི་སྒྲིག་འཛུགས་ཕྱིར་བསྡུ་བྱ་དགོས་བྱུང་བའི་རྗེས་སུ་ཛ་དྲག་གནས་བབས་ཀྱག་ཀྱོག་མང་པོའི་བརྒྱུད་རིམ་འོག་ནས་སྒྲིག་འཛུགས་འདི་བརྟན་པོར་གནས་ཐབས་སུ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལྟར་མདོ་ཁམས་ཆུ་སྒང་བདེ་དོན་ཚོགས་པ་ཁྲིམས་མཐུན་དེབ་བསྐྱེལ་བྱས་ཤིང། རིམ་པས་རྒྱལ་ཡོངས་དེབ་བསྐྱེལ་དུ་བསྒྱུར་བ་བཅས་ཆུ་བཞི་སྒང་དྲུག་གི་ཞི་དྲག་ཐབས་བྱུས་འདྲ་མིན་དང༌། བཙན་བྱོལ་གཞུང་གི་ལྟ་གྲུབ་དང༌། གནས་ཡུལ་གཞུང་གིས་བོད་རྒྱའི་ཆབ་སྲིད་ཀྱི་གནས་སྟངས་ལ་དགོངས་པ་བཞེས་ཕྱོགས་གང་ལ་བལྟས་ཀྱང་གནས་སྐབས་རིང་དྲག་པོ་དམག་གི་ལས་ཐབས་བཟུང་བའི་གོ་སྐབས་ཐོབ་རེ་མེད་པ་མཐོང༌། འོན་ཀྱང་བོད་བསྟན་སྲིད་རང་དབང་གི་རྩ་དོན་སྒྲུབ་བྱའི་དམིགས་ཡུལ་མི་བརླགས་པའི་སྒོ་ནས་ཕྱི་ལོ་ ༡༩༩༢ ལོར་མདོ་ཁམས་ཆུ་སྒང་བདེ་དོན་ཚོགས་པ་ཞེས་པ་དེ་ཁྲིམས་མཐུན་དེབ་བསྐྱེལ་བྱས། དེབ་བསྐྱེལ་བྱ་ཡུལ་དེ་ཡང་རྒྱ་གར་རྒྱལ་ཡོངས་དེབ་བསྐྱེལ་ཚོགས་པ་ཡིན། རྒྱལ་ཡོངས་ཀྱི་ཚོགས་པ་དེབ་བསྐྱེལ་བཟོ་བར་བྱེད་པ་ལ། རྒྱ་གར་གྱི་ས་གནས་མི་འདྲ་ཁག་བཅུ་ལ་དེབ་བསྐྱེལ་ཡོད་དགོས་པ་ནས་ལྡི་ལི་ས་གནས་དང༌།དོན་གླིང་ས་གནས། གླིང་ཚང་གཞིས་ཆགས་ས་གནས། ཀུམ་རའོ་ས་གནས༌། ཌལ་ཧོར་ས་གནས། སྦིར་སྡེ་དགེ་ཞིང་ལས་ས་གནས། སྦིར་ནང་ཆེན་ཇ་ལས་ས་གནས། བཀྲིས་ལྗོངས་ས་གནས༌། སོ་ལན་བོན་གཞིས་ས་གནས། ཤེ་ལོང་ས་གནས་བཅས་ལ་ཆ་འཛིན་བྱས་ཡོད་འདུག དེ་ནས་བཟུང་མདོ་ཁམས་ཆུ་སྒང་སྒྲིག་འཛུགས་ཀྱི་ངོ་བོ་འགྱུར་བ་ཕྱིན་ཡོད་ནའང༌། དམིགས་ཡུལ་རྩ་དོན་སྒྲུབ་བྱར་འགྱུར་བ་འགྲོ་ཐབས་ཡེ་ནས་མེད་པའི་སྒོ་ནས་རྔ་བརྡུང་ལ་བལྟ་བཞིན་འཆམས་འགྲོས་རྒྱག་དགོས་པ་ལྟར་ཚོགས་པའི་འགྲོ་སྟངས་དང་བསྟུན་ཏེ་ས་གནས་སོ་སོར་ཆུ་སྒང་ཚོགས་པའི་རྒྱུན་ལས་གསར་འཛུགས་ཞུས་ཏེ་ད་ཆ་འཛམ་གླིང་ནང་ས་ཁུལ་ཁག ༣༨ ཙམ་ལ་ཁྱབ་བཞིན་ཡོད། རྡ་སར་མདོ་སྟོད་བལྟ་རྟོགས་པ་ཟེར་བ་ཞིག་ཡོད་པ་དེའང་ས་གནས་རྒྱུན་ལས་སུ་བསྒྱུར་བ་དང་ཆབས་ཅིག་ཏུ་ལོ་དེར་ཆུ་སྒང་ཚོགས་ཆེན་ཞིག་ཀྱང་འཚོགས། སྐབས་དེར་ཚོགས་ཆུང་ཟུར་བཙུགས་ཀྱིས་ཆུ་སྒང་དེབ་བསྐྱེལ་ཁྲིམས་ལུགས་ལྟར་གྱི་ཚོགས་པའི་སྒྲིག་གཞི་ཟིན་བྲིས་གསར་འགོད་བགྱིས་ཏེ་གཏན་འབེབ་བྱ་རྒྱུ་བསྡད། ཆ་ཕྲེང་ངག་དབང་འདས་གྲོངས་གྱུར་པའི་རྗེས་ལི་ཐང་ཨ་ཐར་ནོར་བུ་ཆུ་སྒང་རྒྱུན་ལས་ཚོགས་གཙོ་བསྐོ་བཞག་ཞུས་པ་དང༌། དེ་བཞིན་ཚོགས་གཞོན། དྲུང་ཆེ། ཕྱི་འབྲེལ་དང་དྲིལ་བསྒྲགས་འགན་འཛིན་སོགས་ལས་གནས་བསྐོ་བཞག་བྱས་པར་མི་རྣམས་ཀྱིས་ཆུ་སྒང་གི་སྲིད་གཞུང་གསར་པ་ཞིག་འཛུགས་ཀྱི་འདུག་ཅེས་དོགས་འདྲོགས་འུར་བསྒྲགས་ཆེན་པོ་བྱས། ཡང་ཕྱི་ལོ་ ༡༩༩༣ ལོར་ཕྱེད་འོས་བསྡུ་བྱས་པའི་བཀའ་ཤག་གསར་པས་གློ་བུར་དུ་ཨ་ཐར་ནོར་བུ་ཁྱེད་རང་གིས་ྋགོང་ས་མཆོག་གི་སྐུ་ཕྱར་བདོ་བའི་བྱ་སྤྱོད་སྤེལ་གྱི་ཡོད་སྐད་འདུག་པར། རྒྱུ་མཚན་ཇི་ཡོད་གསལ་ཞུ་བྱ་མིར་ཆེད་བཅར་དགོས་པའི་བཀའ་ཁྱབ་བློ་ཡུལ་ལས་འདས་པ་ཞིག་སླེབས། བཀའ་ཤག་གི་བཀའ་དགོངས་ལྟར་ཨ་ཐར་འཕྲལ་དུ་ངོ་བཅར་ཞུས་པར་བདེ་སྲུང་བཀའ་བློན་རྒྱ་ལོ་དོན་འགྲུབ་མཆོག་གིས་ཨ་ཐར་ལ་ཁྱོད་རང་གི་ྋགོང་ས་མཆོག་གི་སྐུ་ཕྱ་ལ་བདོ་བའི་ལས་ཀ་བྱེད་ཀྱི་འདུག་ཅེས་རྒྱ་གར་གཞུང་ནས་རྩད་གཅོད་གནང་གི་འདུག་པར༌། ཇི་ལྟར་ཡིན་ནམ་ཞེས་བཀའ་གནང༌། དེའི་ལན་དུ། ང་ལི་ཐང་ཨ་ཐར་གྱིས་གང་ཞིག་བྱས་པ་དང༌། གང་ཞིག་བྱེད་ཀྱི་ཡོད་མེད་རྒྱ་ལོ་དོན་འགྲུབ་ཁྱེད་ཉིད་ཀྱིས་མཁྱེན་གྱི་རེད་ཅེས་པ་ལས་ཅི་ཡང་མ་ཞུས། ཕྱི་ཉིན་བཀའ་ཤག་ལ་བཅར་དགོས་གསུངས་པ་ལྟར་ངོ་བཅར་ཞུས་ཏེ། བཀའ་ཤག་ལའང་ང་ལི་ཐང་ཨ་ཐར་གྱིས་ཇི་ལྟར་བྱེད་ཀྱི་ཡོད་མེད་བཀའ་བློན་རྒྱ་ལོ་དོན་འགྲུབ་ཀྱི་མཁྱེན་གྱི་རེད་ཅེས་ཞུས་ནས་ཕྱིར་ལོག་པ་ལས་ཉེས་འཛུགས་བྱ་ཡུལ་ཅི་ཡང་མ་བརྙེད། དེ་རྗེས་རྒྱ་གར་གྱི་མངའ་སྡེ་མ་རྡ་ར་སི་ཞེས་པའི་ཁོངས་སུ། ཏྲེ་ནིས་ཏྲེ་ཀར་ཟེར་བའི་དྲག་སྤྱོད་པ་རྒྱ་གར་གྱི་སྲིད་བློན་ར་ཇི་གྷན་དྷེ་མཆོག་བཀྲོངས་མཁན་གྱི་ཚོགས་པ་དེ་དང་ལི་ཐང་ཨ་ཐར་དབར་འབྲེལ་བ་ཡོད་པའི་གནས་ཚུལ་བཀའ་ཤག་གསར་པའི་བཀའ་བློན་ཁྲི་པ་བསྟན་འཛིན་རྣམ་རྒྱལ་མཚན་ཐོག་ནས་གསལ་བསྒྲགས་གནང༌། དེ་འདྲའི་ཉེན་ཚབ་ཆེ་བའི་གནད་དོན་སྐོར་ཁུངས་བསྐྱེལ་དགོས་པའི་སྐོར་བཀའ་ཤག་གསར་པར་མུ་མཐུད་དེ་སྙན་ཞུ་ཕུལ་བས་མཚོན་གཞུང་དམངས་ཡོངས་སུ་རྙོག་གྲ་ཆེན་པོར་གྱུར༌།
ཡང་ཕྱི་ལོ་ ༡༩༩༤ ལོའི་ཟླ་ ༣ པའི་ནང་རྒྱ་གར་ལྷོ་ཕྱོགས་ཀ་ན་ཀྲ་ཀ་མངའ་སྡེ་བྷེང་ལོར་ས་གནས་སུ་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་མི་སྣ་ཀྲུང་ཀྲིས་ཅིན་ཞེས་པ་དང༌། ཆུ་སྒང་རྒྱུན་ལས་ཚོགས་གཙོ་ལི་ཐང་ཨ་ཐར་དང༌། ཚོགས་གཞོན་གྲའུ་དཔོན་རིན་ཆེན་ཚེ་རིང་གཉིས། ཟུར་ཉན་པ་བཅས་པས་ཐེ་ཝན་དང༌། ཆུ་སྒང་དབར་དོན་ཚན་གསུམ་ཅན་གྱི་སྔོན་འགྲོའི་གྲོས་ཆོད་བཞག།
དོན་ཚན་གསུམ་ནི། ༡། རང་དབང་དམངས་གཙོའི་རིང་ལུགས་འོག་རྒྱ་ནག་གཅིག་བསྒྲིལ་སྐབས་བོད་ཀྱི་རང་ལུགས་རང་སྐྱོང་ལ་སྲུང་སྐྱོབ་དང་ངོས་ལེན་བྱ་རྒྱུ།
༢། གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་ཆོས་སྲིད་གཉིས་ལྡན་གྱི་དབུ་ཁྲིད་ལ་ངོས་འཛིན་དང་རྒྱབ་སྐྱོར་ཞུ་རྒྱུ།
༣། རྒྱ་བོད་མི་རིགས་གཉིས་ཞི་བདེ་དང་མཐུན་འབྲེལ་ཡུན་གནས་ཡོང་ཆེད་དུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང༌། དེང་དུས་ཀྱི་ཤེས་རིག་དཔལ་འབྱོར་སོགས་ཡར་རྒྱས་གོང་འཕེལ་གཏོང་ཆེད་འབད་པ་མཉམ་བརྩོན་བྱ་རྒྱུ༌། ཅེས་འཁོད་འདུག།
ཐེ་ཝན་ཐོག་བོད་པའི་འཛིན་ཕྱོགས་བཤད་ན། དེ་སྔོན་ནས་མུ་མཐུད་དེ་རྒྱ་དམར་ནག་གཉིས་བོད་ཀྱི་རྩ་དོན་ཐོག་ཞི་དྲག་ཙམ་ལས་དགྲ་བོ་གཅིག་གྱུར་ཡིན་པ་བཤད་དེ་ཕྱི་ལོ་ ༡༩༨༩ བར་ཚང་མས་དེ་ལྟར་ངོས་འཛིན་བྱས། འོན་ཀྱང་ཕྱི་ལོ་ ༡༩༨༩ ལོར་རྒྱ་རི་པད་མ་རྒྱལ་པོའི་བརྒྱུད་ནས་ཐེ་ཝན་དང༌། བཙན་བྱོལ་བོད་གཞུང་དབར་གསང་བའི་འབྲེལ་བ་བྱེད་ཀྱི་ཡོད་པའི་སྐོར་རྙོག་གླེང་ཅི་ཆེ་བྱུང་བ་དང༌། མཐའ་མར་ྋགོང་ས་མཆོག་གིས་ངས་བྱས་པ་ཡིན། ཞེས་གསུངས་པ་སོགས་གཞུང་དམངས་ཚོགས་ཆེན་གྱི་ཡིག་ཆ་གསལ་བསྒྲགས་གནང་བ་ནས་ཤེས། དེ་ནས་བཟུང་བཀའ་ཤག་གསར་པའི་བཀའ་བློན་མང་པོ་དང༌། དྲུང་ཆེ་ལ་སོགས་པ་ཐེ་ཝན་དུ་སྔ་རྗེས་ཕེབས་ནས་ཐའི་ཝན་སྲིད་གཞུང་དང་བོད་སོག་ལས་ཁུངས་ཀྱི་མི་སྣ་དང་ཡོངས་གྲགས་འབྲེལ་མོལ་གནང་དང་གནང་བཞིན་པ་ལ་བརྟེན་ཆུ་སྒང་ནས་ཀྱང༌། སྐབས་དེར་ཐེ་ཝན་དང་འབྲེལ་བ་བྱས་ན་སྐྱོན་མེད་པ་ངོས་འཛིན་དང་སྦྲགས་རང་གཞུང་གི་སྲིད་བྱུས་དང་མཐུན་པ་ཡིན་ཤག་གིས་སྔོན་འགྲོའི་གྲོས་ཆོད་དོན་ཚན་གསུམ་པོ་དེ་བཞག་ཡོད་འདུག ལོ་དེའི་ཟླ་ ༤ པའི་ཚེས་འགོར་ཆུ་སྒང་ཚོགས་ཆེན་མི་གྲངས་ ༦༠༠ ལྷག་འདུ་འཚོགས་གནང་བའི་སྐབས་དོན་ཚན་གསུམ་ཅན་དེ་གསལ་བསྒྲགས་བྱ་འཆར་དེ་ལྟར་ཡང༌། ཕྱི་ཟླ་ ༤ ཚེས་ ༡ ཉིན་བལ་ཡུལ་ནས་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་ལྡི་ལིར་ཕེབས་སྐབས། དེའི་སྐོར་ནང་དོན་དགོངས་སྐོར་ཞུས་པར། ཁོང་ཉིད་ནས་རྩ་བའི་གྲོས་ཆོད་ལ་སྐྱོན་ཆ་མི་འདུག་ཀྱང་གོ་མིན་ཏང་ལ་སྲིད་དོན་ཐོག་ཡིད་ཆེས་ཐུབ་པ་ཞིག་མེད་སྟབས་སྔོན་དུ་ྋགོང་ས་མཆོག་ལ་དགེ་སྐྱོན་དགོངས་སྐོར་ཞུས་ཏེ་བཀའ་ཇི་རྩལ་ལྟར་ཞུ་གལ་ལས། སྔོན་དུ་ཚོགས་ཆེན་ཐོག་གསལ་བསྒྲགས་མ་བྱས་ན་ལེགས་ཚུལ་གསུངས་པ་ལྟར་ཚོགས་ཆེན་ཐོག་མ་བཤད་པར་གྲོལ་མཇུག་ཏུ་ཆུ་སྒང་རྒྱུན་ལས་ཚོགས་གཙོ་ལི་ཐང་ཨ་ཐར་དང༌། ཚོགས་གཞོན་གྲའུ་དཔོན་རིན་ཆེན་ཚེ་རིང༌། སྲས་དོན་ཡོད་བཅས་ཁོང་རྣམ་པ་གསུམ་ྋགོང་ས་མཆོག་མཇལ་བཅར་ཞུ་ཆེད་བཞུགས་སྒར་དུ་ཕྱི་ཟླ་ ༤ པའི་ཚེས་ ༡༤ ཉིན་སོང༌། ཕྱི་ཚེས་ ༢༩ ཉིན་མཇལ་ཁར་ཐོབ་པར་ཆུ་སྒང་ཚོགས་ཆེན་གྱི་གྲོས་ཆོད་སྤྱན་འབུལ་ཞུས་རྗེས་གོང་གི་དོན་ཚན་གསུམ་པོ་དེ་སྤྱན་འབུལ་ཞུས་པར་དེའི་སྐོར་ཆུ་སྒང་གཙོ་འཛིན་རྣམ་པ་ཚོས་བྱས་འཛོལ་གྱུར་པའི་བཀའ་བཀྱོན་ཕོག་སྟེ་བཀའ་སྤྱི་གཉིས་ལ་རྩིས་སྤྲོད་གནང་བ་ལྟར་ངོ་བཅར་ཞུས་པ་དང་མཉམ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གཞིས་བྱེས་སེར་སྐྱ་ཡོངས་ཀྱི་ྋསྐྱབས་དང་རེ་གནས་མགོན་པོ་གང་ཉིད་ལས་མེད་སྟབས་བཀའ་དགོངས་འགལ་འཁྲུགས་མི་འབྱུང་བའི་ཞུ་སྒོ་གང་མཆིས་ཞུ་གལ་གྱིས་མཚན་འཁོད་སྙན་ཞུ་ཞིག་དེ་མ་ཐག་ཕུལ་ཡང༌། སྐུ་སྒེར་དྲུང་ཆེ་བཞི་ཡིས་ཐག་གཅོད་གནང་བ་ཡིན་ཞེས་སྙན་ཞུ་ཕྱིར་སློག་གནང་ཡོད་འདུག བཀའ་སྤྱི་གཉིས་ལ་ངོ་བཅར་ཇི་ལྟར་ཞུས་ཀྱང་ཛ་དྲག་ཇེ་ཆེར་གྱུར། མདོ་སྟོད་སྤྱི་འཐུས་སྨར་ཁམས་པ་བསོད་ནམས་སྟོབས་རྒྱལ་དང༌། སྡེ་དགེ་བ་འཆི་མེད་རྡོ་རྗེ་གཉིས་ཀྱིས་ཉིན་མཚན་གཉིས་རིང་ཞུ་བ་ཇི་ལྟར་ཕུལ་ཡང་བཀའ་སྤྱི་གཉིས་ཀྱིས་མཐའ་མར་ཁྱེད་གཉིས་ནང་དུ་ལོག་སྟེ་གཉིད་སྐྱིད་པོ་ཁུག་ནས་སྡོད་ཅེས་སོགས་གསུངས་སྟབས་བྱ་ཐབས་ཡོངས་སུ་ཟད་དེ་ཁོང་རྣམ་པ་གསུམ་ལྡི་ལིར་ཕྱིར་ལོག་བྱ་དགོས་གྱུར། དེ་ནས་བཟུང་བཀའ་སྤྱི་གཉིས་ཀྱིས་ཆུ་སྒང་ཚོགས་པར་ངོ་རྒོལ་དགོས་པའི་གསལ་བསྒྲགས་དང༌། སེར་སྐྱ་ཡོངས་ཀྱི་མིང་རྟགས་བླངས། འབྲས་སྤུངས་ཀྱི་གྲྭ་པ་བརྒྱད་དང༌། ས་སྐྱ་ཆོས་ཚོགས་ཀྱི་གྲྭ་པ་དྲུག་བཅས་དགོན་པར་འདུག་དབང་མེད་པ་ཕྱིར་འབུད་བྱས། གཞུང་དམངས་ཡོངས་སུ་རྫོགས་པས་ཆུ་སྒང་ཚོགས་པ་དགྲ་བོ་རྒྱ་དམར་ལས་སྡུག་པའི་ངོས་འཛིན་གྱིས་མི་ལོ་ ༧ རིང་དུ་གོ་མཚོན་མེད་པའི་དགྲ་ཐེངས་ ༧ བརྒྱབ་པ་དང༌། ཁ་མཆུ་མི་འདྲ་བ་ ༡༣ བཙུགས་ཡོད་འདུག བཀའ་སྤྱི་གཉིས་ནས་ཆུ་སྒང་གསར་པ་ཟེར་བ་ཞིག་བལ་ཡུལ་ནས་འགོ་བཙུགས་ཏེ་བལ་པོའི་མི་སེར་ཆ་ཕྲེང་བློ་བཟང་ཚུལ་ཁྲིམས་འགོ་དཔོན་དུ་བཞག། ཚོགས་འདུ་ཆེན་པོ་སྔ་རྗེས་སུ་འཚོགས་ཏེ་རྒན་མགོ་སེར་དང༌། རྒྱ་རི་ཕུ་དཀྲུག་གཉིས་ཆུ་སྒང་དབུས་ལས་ཁང་གི་སྒོ་རྩར་བབས་ཏེ་ལི་ཐང་ཨ་ཐར་དང༌། གྲའུ་དཔོན་ཕྱོགས་གཏོགས་དང་བཅས་པ་ཕྱིར་འབུད་བྱས་ཟིན་པ་ཡིན། ཆུ་སྒང་ཁང་ཁུངས་རྒྱུ་དངོས་ཇི་ཡོད་ཁོང་གཉིས་ལ་རྩིས་སྤྲོད་དགོས་ཟེར་བ་སོགས་བརྗོད་པའི་ལོ་རྒྱུས་ཡིག་ཆར་གཟིགས༌། ཕྱི་ལོ་ ༡༩༩༧ ལོར་མདོ་སྟོད་སྤྱི་འཐུས་ཚོས་འགྲིགས་འཇགས་ཀྱི་ཚོགས་འདུ་ཞིག་བསྐོང་ཚོགས་ཞུས་ཀྱང་ཕན་ཐོགས་མ་བྱུང། རྒྱ་གར་གཞུང་ལ་ཚོགས་གཙོ་ཟམ་གདོང་དང༌། ལ་དྭགས་བླ་མ་བློ་བཟང་གཉིས་ཀྱིས་བརྫུན་གཡོའི་ལས་འགུལ་སྤེལ་ཏེ་ཨ་ཐར་དང། གྲའུ་དཔོན་ཅན་མི་དྲུག་ཐེངས་དང་པོར་རྒྱ་གར་ཡུས་པིས་མངའ་སྡེའི་ས་མཚམས་ནས་བོད་དུ་ཕྱིར་འབུད་བྱ་རྒྱུའི་ནོར་སྦྲིལ་སི་ཟེར་བའི་བཀའ་རྒྱ་ཉེ་འཁྲིས་སྐོར་སྲུང་བའི་ལས་ཁུངས་སུ་འབྱོར་ཟིན་པ་དང༌། ཐེངས་གཉིས་པར་མི་གྲངས་ ༢༢། ཐེངས་གསུམ་པར་མི་གྲངས་ ༣༤ བཅས་བོད་ལ་ཕྱིརའབུད་བྱ་རྒྱུ་གཏན་འཁེལ་ཡིན་ལུགས་སྤྱི་འཐུས་ཚོགས་གཙོ་ཟམ་གདོང་རང་ནས་མདོ་སྟོད་སྤྱི་འཐུས་ ༡༠ ལ་བཤད། དེ་འདྲར་བརྟེན་ཨ་ཐར་ཅན་མི་ཁག་གཅིག་ལ་སྐྱབས་བཅོད་ལག་དེབ་ཨར་སིས་སྐྱར་གསོ་མི་ཆོག་པ་བཟོས། དེ་འདྲའི་རྐྱེན་གྱིས་རྒྱ་གར་གཞུང་ལ་དོན་ཚན་གསུམ་གྱི་སྙན་ཞུ་ཕུལ་བའི་དང་པོ། ང་ཚོ་བོད་རང་བཙན་གྱི་ཆེད་དུ་བཙན་བྱོལ་བའི་མིང་ཐོག་ཏུ་གནས་ཡོད་པ་དང་ད་དུང་ཡང་མུ་འཐུད་དེ་མུར་གནས་ཆོག་པ། དོན་ཚན་གཉིས་པ། དེ་ལྟར་མ་ཆོག་ན་ང་ཚོ་ད་བར་རྒྱ་གར་ནང་གནས་ནས་མི་ལོ་ ༣༨ ཡིན་པས་སྤྱི་ཁྲིམས་ལྟར་རྒྱ་གར་མི་སེར་བྱེད་ཆོག་པ། དོན་ཚན་གསུམ་པར། དེ་ལྟར་མ་ཆོག་ན་ང་ཚོ་མདོ་ཁམས་ཆུ་སྒང་གི་མི་རྣམས་རྒྱལ་སྤྱིའི་བལྟ་རྟོགས་ཚོགས་པར་རྒྱ་གར་གཞུང་ནས་རྩིས་སྤྲོད་གནང་རོགས་ཞུ་གི་ཡོད་ཅེས་ྋསྙན་ཞུ་ཕུལ་བ་དེ་ལ་ཀ་ན་ཀྲ་ཀའི་བློན་ཆེན་གྱིས་རྒྱབ་གནོན་ཞུ་བརྒྱུད་བྱུང་ཡོད། ཕྱི་ལོ་ ༢༠༠༠ ལོར་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་ནས་བོད་བསྟན་སྲིད་རང་དབང་གི་ལས་དོན་ལ་དགྲ་དགའ་གཉེན་སྡུག་གི་བྱ་བ་འདི་མུར་མ་ཡིན་པའི་ཆེད་དུ་འགན་འཁུར་ཆེན་པོས་བླ་སློབ་དཔོན་འབངས་དབར་དོན་དམ་གྱི་དམ་ཚིག་འགལ་འཛོལ་བྱུང་མེད་སྟབས། བྱས་ནོར་གྱི་ཐད་ལ་སྤངས་བླངས་དམ་གཙང་ཡོང་བའི་འབད་བརྩོན་གནང་བའི་དབང་གིས་ཕྱི་ལོ་ ༢༠༠༠ ཟླ་ ༡༠ ཚེས་ ༤ ཉིན་ཆུ་སྒང་འགོ་འཛིན་མི་གྲངས་ ༩ སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞལ་མཇལ་ཆོག་པའི་ལས་དོན་གྲུབ་སྟེ། མཇལ་བཅར་སྐབས་བྱས་ནོར་ངོས་ལེན་འགྱོད་བཤགས་ཀྱི་སྙན་ཞུ་དང་གནས་ལུགས་ཞུས་ྋགོང་ས་མཆོག་གིས་ད་ནས་བཟུང་ནམ་མཁའ་གཡའ་དག་དང། ས་གཞི་རྡུལ་དག་གི་དཔེ་ལྟར་ཡིན་པའི་བཀའ་བཟང་ཐོབ། དེ་འབྲེལ་བཀའ་སྤྱི་ལྷན་རྒྱས་ནས་ཀྱང་ངོ་བཅར་སྐབས་གསུང་བཟང་གནང་བ་དང་ད་བར་གྱི་རྙོག་གླེང་ཚང་མ་གཙང་དག་ཡིན་པའི་གསལ་བསྒྲགས་གནང་བ་འདི་ལྟར་ཏེ།
བོད་མི་མང་སྤྱི་འཐུས་རྒྱུན་ལས་དང༌། བཀའ་ཤག་ཐུན་མོང་གི་ཡོངས་ཁྱབ་གསལ་བསྒྲགས། ༄༄། ཕྱི་ལོ་ ༡༩༩༤ ཕྱི་ཟླ་ ༧ ཚེས་ ༢ ལ་ལོ་དེའི་བྱི་ཟླ་ ༣ ཚེས་ ༣༡ ཉིན་བོད་སོག་ལས་ཁུངས་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་མིང་ཁུར་གྱིས་བཞག་པའི་དོན་ཚན་གསུམ་ཡོད་ཀྱི་མོས་མཐུན་ཡིག་ཆ་དེའི་སྐོར་བཀའ་སྤྱི་ཐུན་མོང་གིས་ཞིབ་འཇུག་གཏན་འབེབས་བྱས་པའི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་ ༧/༢ ནང་རེ་འདུན་ཇི་ཞུས་བཞིན། སྐབས་དེར་མོས་མཐུན་འཇོག་མཁན་ལི་ཐང་ཨ་ཐར་ནོར་བུས་གཙོས་མི་དགུའི་མཚན་རྟགས་འཁོད་པའི་ྋགོང་ས་ྋསྐྱབས་མགོན་ཆེན་པོར་དགོངས་སེལ་འགྱོད་བཤགས་སྙན་ཞུ་ ༢༠༠༠ ཕྱི་ཟླ་ ༩ ཚེས་ ༢༡ འཁོད་པ་འབུལ་ཐོག ༢༠༠༠ ཕྱི་ཟླ་ ༡༠ ཚེས་ ༤ སྔ་དྲོ་ྋགོང་ས་ྋསྐྱབས་མགོན་ཆེན་པོར་མཇལ་བཅར་གྱིས་ཡིག་ངག་གཉིས་ཐོག་ནས་སྔར་འགྱོད་ཕྱིས་བསྡོམས་ཀྱི་དགོངས་སེལ་ཞུས་པར། ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ལྷ་དགོངས་གསལ་དྭངས་བྱུང་བའི་གསུང་གི་དབུགས་དབྱུང་སྤྱི་ཕེབས་ཀྱི་སྐལ་བཟང་ཐོབ་འདུག་པ་དང༌། ༢༠༠༠ ཕྱི་ཟླ་ ༡༡ ཚེས་ ༡༤ དང་༡༥ གཉིས་སུ་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་གཉིས་སུའང་ཁོང་ཚོའི་སྐུ་ཚབ་སྡེ་དགེ་བྱ་རྒོད་ཚང་སྲས་དོན་ཡོད་དང༌། ཆབ་མདོ་བློ་བཟང་དབང་འདུས་གཉིས་ཆེད་བཅར་གྱིས་གནས་ཚུལ་སྙན་སེང་ཞུས་སོང་བ་ལྟར། བཀའ་སྤྱི་གཉིས་ནས་སྔོན་མའི་གནས་ཚུལ་དེའི་སྐོར་རྙོག་སེལ་གཙང་མ་བྱུང་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མི་མང་སྤྱི་འཐུས་རྒྱུན་ལས་དང་བཀའ་ཤག་ཐུབ་མོང་གིས་ ༢༠༠༠ ཟླ་ ༡༡ ཚེས་ ༢༨ ལ།
བཀའ་བློན་ཁྲི་པ། བསོད་ནམས་སྟོབས་རྒྱལ་གྱི་མཚན་རྟགས།
ཚོགས་གཞོན༌། ཐུབ་བསྟན་ལུང་རིགས་ཀྱི་མཚན་རྟགས།་ ཅེས་འཁོད་འདུག
མུ་མཐུད་བཀའ་འབྲེལ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་དང༌། བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས། སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པ། དཔལ་འབྱོར་དྲུང་ཆེ་ཐུབ་བསྟན་བཀྲ་ཤིས། སྣེ་ལེན་དྲུང་ཆེ་བསོད་ནམས་སྟོབས་རྒྱལ་བཅས་བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་མི་སྣ་བརྒྱད་ལས་གྲུབ་པའི་ཚོགས་ཆུང་ནས་ཆུ་སྒང་རྒྱུན་ལས་གསར་འདེབས་ཀྱི་ཐུགས་འགན་བཞེས། ཕྱི་ལོ་ ༢༠༠༢ ལོར་གྲོས་ཚོགས་ཀྱི་ཡིག་ཆ་ཨང་ ༩ པའི་དགོངས་དོན་ལྟར་དེའི་ཕན་ཆད་ལྡི་ལི་ཆུ་སྒར་རྒྱུན་ལས་རྙིང་པ་ཟེར་བ་དང༌། རྡ་སར་ཆུ་སྒང་རྒྱུན་ལས་གསར་པ་ཟེར་བ་གཉིས་ཀ་ཕྱིར་བསྡུ་བྱས་ཏེ་མདོ་སྟོད་རྒྱལ་ཡོངས་འོས་བསྡུ་བྱས་པའི་ཆུ་སྒང་རྒྱུན་ལས་གསར་འདེབས་བྱས་པ་འདི་ཡིན་ཟེར་བ་ཡོད་དགོས་ཞེས་གསུངས་པའི་གྲོས་ཆོད་འདི་ལྟར་ཏེ།
སྤྱི་འཐུས་སྒེར་གྱི་གྲོས་ཆོད། སྔོན་གླེང༌།
༄། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གཞིས་བྱེས་བོད་མིའི་འཕྲལ་ཕུགས་ཕན་བདེའི་གཞི་རྩ་མང་གཙོའི་ལམ་བཟང་བཀྲིན་སྩལ་དོན་བཞིན། བོད་ཀྱི་ཆབ་སྲིད་ཀྱི་རང་བཞིན་འདི་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་བསྒྱུར་བ་གནང་རྒྱུ་དེ་ཐུགས་ཀྱི་བཞེད་དགོངས་ལྟེ་བ་གཅིག་རེད། ྋགོང་ས་མཆོག་གི་དགོངས་བཞེས་ནང་བཞིན་བོད་མི་མང་ཚོགས་ཀྱིས་གོམས་པ་ཏག་ཏག་རྒྱག་ཐུབ་ཆེད། བཅའ་ཁྲིམས་དང༌། ཁྲིམས་ལུགས་ཁག་ལ་སྙིང་ནས་བརྩི་བཀུར་དང༌། ཉམས་ལེན་ཞུ་དགོས་པ་མ་ཟད། དོན་དངོས་སུ་འགན་དབང་ལག་ལེན་བསྟར་པའི་སྐབས་ལ་ཁ་ཞེ་མེད་པར་མང་གཙོའི་ལམ་སྲོལ་ཐོག་འགྲོ་ཐུབ་པ་བྱ་དགོས། མང་གཙོའི་རིང་ལུགས་ཚད་ལྡན་ཡོང་དང་མི་ཡོང་རག་ལས་ས་གཙོ་པོ་ཞིག་ནི། སྡེ་ཚན་སོ་སོའི་སྐུ་ཚབ་འོས་བསྡུ་བྱེད་སྟངས་ཀྱི་ལམ་སྲོལ་འདི་ཡིན། འཛམས་གླིང་ཡོངས་སུ་སྐུ་ཚབ་ཀྱི་མང་གཙོའི་ལམ་སྲོལ་ཤ་སྟག་རེད། སྐུ་ཚབ་ཀྱི་མང་གཙོའི་ལམ་སྲོལ་ཡོང་དགོས་དོན་ནི། རྒྱལ་ཁབ་སུ་འདྲ་ཞིག་ཡིན་ནའང་ས་ཁྱོན་དང་མི་འབོར་ཆེ་ཞིང༌། མི་འབོར་ཁ་འཐོར་དུ་གནས་པ་ཡིན་ཙང༌། རྒྱལ་ཁབ་དང་མི་རིགས་ཀྱི་ལས་འཛིན་རྣམས་འོས་འདེམས་བྱས་པའི་སྐུ་ཚབ་འཐུས་མིའི་བརྒྱུད་ནས་ཐག་གཅོད་བྱ་རྒྱུ་མ་གཏོགས་ཡུལ་མི་ཡོངས་རྫོགས་འཛོམས་ནས་གྲོས་བསྡུར་བྱེད་མི་ཐུབ་པ་དངོས་ཡོད་ཀྱི་གནས་ཚུལ་ཡིན། དེར་བརྟེན་སོ་སོའི་སྐུ་ཚབ་རེ་ལོ་གྲངས་ངེས་ཅན་ཞིག་གི་ཚད་དུ་འོས་འདེམས་བྱས་ཏེ་གཏོང་གི་ཡོད་རེད། ཁོང་ཚོ་རང་ཉིན་ལ་འོས་ཤོག་བླུགས་མཁན་གྱི་མི་གྲངས་སྟོང༌། ཁྲི། འབུམ། ག་ཚོད་ཡོད་པ་འདི་དག་གི་སྐུ་ཚབ་མཚོན་ཐུབ་པ་བྱས་ནས་ལྷན་ཚོགས་ནང་བགྲོ་གླེང་དང་ཐག་གཅོད་བྱེད་པ་ཡིན་ཙང༌། སྐུ་ཚབ་ཀྱི་མང་གཙོ་ཟེར་བ་རེད། ད་ལྟ་ང་ཚོ་བཙན་བྱོལ་བོད་མིའི་མང་གཙོ་དེ་སྐུ་ཚབ་ཀྱི་མང་གཙོ་རེད། སྐུ་ཚབ་ཀྱི་མང་གཙོ་ཡང་དག་པ་ཡོང་བ་ལ་སྐུ་ཚབ་འདེམས་སྒྲུག་བྱེད་སྟངས་ཚད་ལྡན་ཞིག་དགོས་ཀྱི་རེད། འདེམས་སྒྲུག་བྱེད་སྟངས་ཚད་ལྡན་མ་བྱུང་བ་དང༌། མ་བྱུང་བའི་དོགས་གཞི་སོགས་བྱུང་ཚེ། མང་གཙོའི་ལམ་སྲོལ་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་བྱེད་ཆོག་པ་དང༌། བྱེད་དགོས་པ་ལས། མང་ཚོགས་ནང་རང་གི་འདོད་ཚུལ་འདྲ་མིན་ལབ་ན་དགོས་པ་མེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བོད་ཀྱི་ཡུལ་མི་ཁྲིམས་མཐུན་ལོ་ཚད་ལོན་པ་ཡོངས་རྫོགས་འོས་བསྡུའི་ལས་རིམ་ནང་འོས་གཞིར་ཞུགས་པ་དང༌། འོས་ཤོག་བླུགས་པའི་ཐོབ་ཐང་གཉིས་ཀ་གཞི་རིམ་ཐོབ་ཐང་གི་གྲས་སུ་བཞག་ཡོད་པ་རེད། དེ་ལ་གནོད་སྐྱོན་བྱུང་བ་ཡིན་ན་ཁྲིམས་ཀྱི་ཐོག་ནས་སྲུང་སྐྱོབ་བྱེད་ཐུབ་པ་དགོས། དེ་ཚོ་མང་ཚོགས་ནས་ངེས་པར་མཁྱེན་དགོས་པ་ཞིག་དང༌། སྒྲུབ་དགོས་པ་ཞིག་རེད། རྒྱུན་མཚན་དེ་ལྟར་ལ་བརྟེན། མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གིས་འགན་ཁུར་ཐོག་བོད་གཞུང་བཀའ་ཤག་ནས་གཞུང་ཞབས་ནས་ཆེད་གཏོང་གནང་བ་དང༌། མདོ་སྟོད་རྒྱལ་ཡོངས་མི་མང་ནས་གུས་བརྩི་དྭང་ལེན་གྱི་མདོ་སྟོད་ཆུ་སྒང་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་གྲངས་ ༩༨༨༤ བྱུང་པ་རྣམས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་མང་གཙོའི་ལམ་ལུགས་དང་མཐུན་པར་ཚད་ལྡན་དུ་ངོས་འཛིན་བྱེད་ཀྱི་ཡོད། དེ་བཞིན་མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གིས་འགན་ཁུར་ཐོག། བོད་གཞུང་བཀའ་ཤག་གིས་གཞུང་ཞབས་རྣམས་ཆེད་གཏོང་གནང་བ། མདོ་སྟོད་རྒྱལ་ཡོངས་མང་ཚོགས་ནས་གུས་བརྩི་དྭང་ལེན་གྱིས་མདོ་སྟོད་ཆུ་སྒང་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་འདེམས་གནང་བ་དེ་གཞི་རིམ་མི་མང་གི་ཐོབ་ཐང་ལ་སོང༌། དེའི་སྲུང་སྐྱོབ་ཡོང་ཆེད་ད་ལམ་གྲོས་ཚོགས་འདི་ནས་གནད་དོན་འདིའི་ཐོག་དམིགས་བསལ་གྱིས་ཐུགས་ཁུར་བཞེས་ཏེ་གྲོས་ཆོད་ཅིག་འཇོག་དགོས་པ་མཐོང༌།
གྲོས་ཆོད།
མདོ་སྟོད་ཆུ་སྒང་རྒྱུན་ལས་གསར་འདེམས་ལས་དོན་འགན་ཁུར་ཚོགས་ཆུང་གི་འགན་ཁུར་ཐོག་བོད་གཞུང་བཀའ་ཤག་གྱིས་གཞུང་ཞབས་རྣམས་ཆེད་གཏོང་གནང་བ་དང༌། མདོ་སྟོད་རྒྱལ་ཡོངས་སེར་སྐྱ་མང་ཚོགས་ནས་གུས་བརྩི་དྭང་ལེན་གྱི་འོས་འཕེན་བྱས་པའི་འོས་གྲངས་ ༩༨༨༤ བྱུང་ཡོད་པ་ནས། ནང་གསེས་དྭོགས་སེལ་བྱེད་དགོས་ཡོད་ཚེ་ཁྲིམས་ཐོག་ནས་གཙང་བཟོ་བྱ་དགོས་པ་དང༌། སྤྱི་ཡོངས་སྔོན་འགྲོའི་འོས་བསྡུ་མང་གཙོའི་ལམ་ལུགས་དང་མཐུན་བ་ཚད་ལྡན་བྱུང་བ་རྩ་འཛིན་དང༌། སྐབས་འདིར་དངོས་གཞི་འོས་བསྡུ་བྱ་མ་ཐུབ་པའི་འོག་ནས་ལྡི་ལི་ཆུ་སྒང་དབུས་རྒྱུན་ལས་ཟེར་བ་དང༌། རྡ་སར་ཆུ་སྒང་དབུས་རྒྱུན་ལས་ཟེར་བ་ཕན་ཚུན་ནས་ནང་རྩོད་རྙོག་གླེང་གི་ཡིག་ཆ་སྤེལ་རེས་ཀྱི་འགོ་ཚུགས་པས་བོད་བསྟན་སྲིད་ལ་གནོད་འགལ་འགྲོ་གཞི་བཟོ་བཞིན་པར་བརྟེན། བསྟན་སྲིད་མི་རིགས་ལ་གནོད་གཞི་འདི་རིགས་མི་འབྱུང་ཆེད་མདོ་སྟོད་རྒྱལ་ཡོངས་སེར་སྐྱ་ཡོངས་ཀྱི་འོས་བསྡུའི་ལམ་ནས་མདོ་སྟོད་ཆུ་སྒང་རྒྱུན་ལས་འདི་ཡིན་ཟེར་བ་ཞིག་མ་བྱུང་གི་བར། ད་ནས་བཟུང་ཆུ་སྒང་དབུས་རྒྱུན་ལས་ཟེར་བ་ཁག་གཉིས་ཡོད་པ་འདི་ངོས་ལེན་བྱེད་རྒྱུ་མིན་པའི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་ལོ་ ༢༠༠༡ ཟླ་ ༩ ཚེས་ ༢༡ ལ། ཞེས་གསུངས་པ་ལྟར་གཞུང་འབྲེལ་གྱིས་གོང་གསལ་དབུས་འོས་བསྡུ་ཚོགས་ཆུང་དང་བོད་མིའི་གནས་སྡོད་ས་གནས་ཁག་ཏུ་ས་གནས་འགོ་འཛིན་གཙོས་པའི་གཞུང་འབྲེལ་གྱི་ས་གནས་འོས་བསྡུའི་ཚོགས་ཆུང་བཀོད་སྒྲིག་གནང་སྟེ་མདོ་སྟོད་རྒྱལ་ཡོངས་མི་མང་གིས་ཆུ་སྒང་དབུས་རྒྱུན་འོས་འདེམས་གནང༌།
མདོ་སྟོད་རྒྱལ་ཡོངས་འོས་བསྡུ་བྱས་པའི་འོས་སྒམ་རྔོགས་བཤེར་མ་གནང་གོང་མདོ་སྟོད་སྤྱི་འཐུས་ ༡༠ ནས་འགན་ཁུར་བའི་ཚོགས་གཙོ་ཚུལ་ཁྲིམས་བསྟན་འཛིན་དང༌། ཚོགས་གཞོན་འཆི་མེད་རྡོ་རྗེ་གཉིས་བྱས་ཏེ་ཚོགས་ཐོག་ནས་འོས་ཤོག་གྲངས་ཤེར་གྱིས་མང་མོས་རྩེ་གཏོགས་མི་གྲངས་ ༡༡ དབུས་རྒྱུན་ལས་གཏན་འབེབས་ཀྱིས་ལོ་གསུམ་རེའི་དུས་ཡུན་ཐག་གཅོད་གནང་བ་ལྟར། ད་ཡོད་སྐབས་བཅོ་བརྒྱད་པའི་དབུས་རྒྱུན་རྣམ་པ་རྒྱལ་ཡོངས་འོས་བསྡུ་བྱས་པའི་རྒྱུན་ལས་ཐེངས་གསུམ་པ་དེ་ཡིན། ད་དུང་ཆུ་སྒང་གསར་པ་ཟེར་བའི་ཚོགས་འདུའི་ཐོག་ལི་ཐང་ཨ་ཐར་དང༌། གྲའུ་དཔོན་རིང་ཆེན་ཚེ་རིང༌། པདྨ་བདེ་ལེགས་ཅན་མི་གྲངས་ ༡༧ རྒྱ་མི་དམར་ནག་གཉིས་ཀྱི་མི་ཡིན་ཞེས་གྲོས་ཆོད་བཞག་པ་ལྟར་ཡིག་ཆ་ཨང་ ༩ པའི་ནང་བརྙོག་གྲའི་རིགས་ཁྲིམས་ཐོག་ནས་གཙང་སེལ་བྱ་དགོས་འཁོད་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་བདེན་རྫུན་དབྱེ་འབྱེད་ཆེད་སྤྱི་དམངས་གཏུགས་གཤེར་གྱི་ཁྲིམས་ལུགས་གཞིར་བཟུང་ཞུ་གཏུགས་བྱས་ཏེ་མི་ལོ་ ༤ སོང་བའི་མཚམས་མི་གྲངས་ ༡༧ དེ་དག་དཀར་པོ་དཀར་རྐྱང་ཡིན་པའི་ཐག་གཅོད་གནང་བ་དང༌། ཆུ་སྒང་གསར་པ་ཟེར་བར་སྒོར་ ༡༢༥༠༠ ཉེས་ཆད་བཀལ། ཡང་དེ་རྗེས་རྒྱ་རི་ཕུ་སྤྲུག་ཅན་ཆུ་སྒང་གསར་པའི་མི་གྲངས་ ༨༡ ལྷན་ཚོགས་ཐོག་མདོ་སྟོད་སྤྱི་འཐུས་མི་གྲངས་ ༨ སྤྱི་འཐུས་མི་འོས་པ་ཡིན་ཞེས་ཕྱིར་འབུད་དགོས་པའི་གྲོས་ཆོད་བཞག་པར་བརྟེན་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དང༌། ཚུལ་ཁྲིམས་བསྟན་འཛིན། སྨར་ཁམས་བསོད་ནམས་སྟོབས་རྒྱལ། འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། གླིང་ཚང་ཚེ་རྡོར། ཁེ་ཚ་ཨོ་དགའ། དཀོན་མཆོག་ནོར་བུ། འཆི་མེད་རྡོ་རྗེ་བཅས་སྤྱི་འཐུས་རྣམ་པ་ ༨ ནས་སྤྱི་འཐུས་འོས་མིན་གྱི་གནད་དོན་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་མི་ལོ་ ༣ ལྷག་རིང་ཞུ་གཏུགས་བགྱིས་པར་སྤྱི་འཐུས་རྣམ་པ་དཀར་པོ་དཀར་རྐྱང་དུ་ཆགས། ཁོ་ཚོར་ཉེས་ཆད་ཕོག་ཀྱང་ཁས་ལེན་མ་བྱས་སྟབས་ཕུ་པ་ཚེ་རིང་སྟོབས་རྒྱལ་དང༌། ཐུབ་བསྟན་ལེགས་བཤད། སོག་ཞབས་དྲུང༌། དབང་གྲགས་མགོན་པོ། ཀླུ་ཁྲི་འཆི་མེད་ཟེར་བ་སོགས་མི་ ༦ བོད་ཀྱི་ཡུལ་མི་ཐོབ་ཐང་འཕྲོག་པ་དང་ཕྱིར་འབུད་བྱས།
















