མི་སྣ།
མི་སྣ་ངོ་སྤྲོད།
མི་སྣ་ངོ་སྤྲོད་ནི་རང་རེ་བོད་ཀྱི་སྤྱི་ཚོགས་ནང་འབུར་དུ་ཐོན་པའི་རླབས་ཆེན་གྱི་མི་སྣ་སུ་ཞིག་བྱུང་ཡོད་པ་རྣམས་ངོ་སྤྲོད་ཞུ་ཆེད་ཡིན། དེ་ཡང་བོན་བན་གྱི་བསྟན་པའི་བྱ་བ་མཛད་མཁན་དང་བསྟན་པ་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་སྐྱོང་མཁན། ཤེས་བྱ་རིག་པའི་གནས་སྤྱི་དང་བྱེ་བྲག་ལ་མཁས་པ། རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་བྱེད་མཁན། ལུས་ངག་གི་ཉམས་འགྱུར་ལ་བརྟེན་ནས་གཞན་སེམས་འགུལ་བའི་ནུས་པ་ཐོན་མཁན། ལུས་ཀྱི་གཟུགས་བྱད་དང་སེམས་ཀྱི་མཆར་སྒོ་འབུར་དུ་ཐོན་པའི་མཛངས་པ་བཅས་ཡིན།
















