རྒྱལ་གཅེས་པ།
ཆུ་སྒང་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་ཁྱབ་ཁོངས་སུ་གཙོ་འཛིན་དང་དམག་སྤྱིའི་ལོ་རྒྱུས་གང་འབྱོར་སྙིང་བསྡུས།
ཆུ་སྒང་དམག་སྤྱི་ཆེན་མོ་ཛ་སག་ཨ་འབྲུག་མགོན་པོ་བཀྲིས་ཀྱི་ལོ་རྒྱུས་རགས་ཙམ་བཀོད་པ།
ཕྱི་ལོ་ ༡༩༠༥།༡༩༦༤ བོད་རྒྱལ་ཁབ་ཆེན་པོའི་གཉན་འཕྲང་གི་སྐབས་དཔའ་མཛངས་རྟུལ་ཕོད་གཉིས་ལྡན་གྱི་རྒྱལ་གཅེས་དཔའ་བོ་ཨ་འབྲུག་མགོན་པོ་བཀྲིས་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ཤིང་སྦྲུལ་ ༡༩༠༥ ལོར་ཡབ་སྙན་གྲགས་དང༌། ཡུམ་བདེ་ཆེན་ལྷ་མོ་གཉིས་ཀྱི་སྲས་སུ་བོད་ཆེན་པོའི་མདོ་ཁམས་ཤར་ཕྱོགས་ལི་ཐང་ཨ་འབྲུག་ཚང་གི་ཁྱིམ་དུ་སྐུ་འཁྲུངས། ཁོང་ཉིད་འཁྲུངས་སའི་དུད་ཁྱིམ་དེ་ནི་མི་རབས་མང་པོར་ཆོས་ཕྱོགས་ནས་བྱས་རྗེས་རླབས་ཆེན་འཇོག་མྱོང་བའི་ཁྱིམ་རྒྱུད་ཅིག་ཡིན་པར་མ་ཟད། རབ་བྱུང་བཅོ་ལྔ་པའི་ཆུ་སྤྲེལ་ ༡༩༣༢ ལོར་ལྷ་ལྡན་སྨོན་ལམ་ཆེན་མོར་མང་ཇ་དང་ཐེབས་རྩ་རྒྱ་ཆེར་འཇོག་པ་དང་དེ་ནས་མུ་མཐུད་ལོ་ལྟར་ཆོ་འཕྲུལ་སྨོན་ལམ་ཆེན་པོར་མང་ཇ་དང་སྐུ་འགྱེད་ཕུལ་བ་མ་ཟད་ཇོ་བོ་ཤཱཀྱ་མུ་ནིའི་སྐུ་མདུན་དུ་གསེར་ཀོང་ཕྲ་ལྡན་ཁྲུ་གང་ལྷག་གཅིག་དང༌། རྒྱལ་མཆོག་བཅུ་གསུམ་པའི་སྐུ་བརྙན་མདུན་དུ་གསེར་གྱི་མནྡལ་ཕྲ་ལྡན་ཞིག་ཕུལ་བ་སོགས་གདན་ས་ཆེན་པོ་ཁག་མང་པོ་ལ་མཆོད་ཕུལ་དང་གཏོང་རྩ་མ་འཇོག་མྱོང་བས་ཨ་འབྲུག་སྦྱིན་བདག་ཅེས་པའི་མིང་དེ་ཐོགས་པ་ཡིན།
མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་གི་བརྒྱ་དཔོན་རྣམས་ཀྱི་ལོ་རྒྱུས་གང་འབྱོར་སྙིང་བསྡུས།
བརྒྱ་དཔོན་བཀྲིས་ཕུན་ཚོགས། སྐྱེས་ལོ་ ༡༩༢༧། སྐྱེས་ཡུལ་དཀར་མཛེས། ཕ་མིང་སངས་རྒྱས་བཀྲིས། ཁྱིམ་མིང་ལྕགས་རིང་ཚང༌། ༡༩༥༨ ལོར་སྟོད་ཤེལ་དཀར་རྫོང་དུ་ཚོང་ལས་བྱས་ནས་བསྡད་པའི་སྐབས། བོད་གཞུང་གི་དམག་སྒར་གྱི་བརྒྱ་དཔོན་རྟ་མགྲིན་དང་གྲོས་བསྡུར་བྱས་ནས་ཤེལ་དཀར་དུ་ཡོད་པའི་གོ་ལག་ལྷོ་ཁ་ཆུ་བཞི་སྒང་དྲུག་དམག་སྒར་ལ་འཁྱེར་རྩིས་བྱས་ཀྱང༌། དེ་དུས་རྒྱ་དམག་མོ་ཊ་སུམ་ཅུ་སོ་ལྔ་སླེབས་ཏེ་བརྒྱ་དཔོན་བསད་དེ་དམག་མི་དང་གོ་ལག་རྫས་མདེལ་ཡོད་ཚད་མོ་ཊ་ནང་ཁྱེར། གཞན་རོགས་མི་བཞི་མཉམ་མཚན་མོར་བྲོས་བྱོལ་གྱིས་རྫོང་དགའ་རྒྱུད་བལ་ཡུལ་དང༌། རྡོ་རྗེ་གླིང་དུ་འབྱོར་ནས་ཟླ་བ་བརྒྱད་ཙམ་སོང་མཚམས་ལྷ་སྲས་རྒྱལ་ལོ་དོན་གྲུབ་དང་དྲུང་ཡིག་ལྷ་མོ་ཚེ་རིང་གཉིས་ཀྱིས་ལི་ཐང་ཨ་ཐར་དང་མཉམ་མི་དགུ་ཨ་རིར་སློབ་སྦྱོང་ལ་བཏང༌། དེ་ནས་སྤྱི་ལོ་ ༡༩༦༡ ལོར་མི་བརྒྱད་གནམ་གྲུ་གཉིས་ནང་གོ་ལག་བཅས་སྟོད་ཕྱོགས་གནམ་ཐོག་ནས་མཆོང་བབས་བྱས། དེ་ནས་གློ་དམག་སྒར་གི་ཏར་ཁང་ནང་གནས་ཚུལ་གཏོང་ལེན་གྱི་ལས་འགན་འཁུར། ད་ལྟ་བཟའ་ཟླ་ཕུར་བཟང་དང༌། བུ་བཀྲིས་བདེ་གསར། བོུ་ཚེ་རིང་ཆོས་སྒྲོན། བུ་བསོད་ནམས་རྡོ་རྗེ་བཅས་མཉམ་བལ་ཡུལ་འཇོར་པ་ཀྲི་ཁམས་པའི་གྲོང་ཚོ་ནང་གནས་མུས་ཡིན་པའི་ལོ་རྒྱུས་སྙིང་བསྡུས་སུ། ཨ་རིར་གསང་བའི་སློབ་སྦྱོང་དང་བོད་དུ་གནམ་མཆོང་བྱས་པ་རྣམས་ཀྱི་ལོ་རྒྱུས་གང་འབྱོར་མདོར་བསྡུས།
ཕྱི་ལོ་ ༡༩༣༡ ལོའི་བོད་ཟླ་ ༡༢ ཚེས་ ༢༧ ལི་ཐང་གྱོང་པ་ཟེར་བའི་ཡུལ་གྲོང་དུ་སྐྱེས་ ༡༩༥༥ ལོའི་ཟླ་ ༡༡ ནང་ལི་ཐང་དམངས་གཙོ་བཅོས་བསྒྱུར་སྐབས་མ་རྒན་དང༌། སྤུན་མཆེད་གཅིག་བཅས་ལྷ་སར་དུ་འབྱོར་རྗེས་ལི་ཐང་དུ་རྙོག་ཟེང་ཟླ་གཅིག་དང་ཞག ༢༧ ཙམ་ལངས་ཡོད་སྟབས་ང་ཚོ་དེ་མུར་སྡོད་ཐབས་མ་ཤེས་ཏེ་ཨ་འབྲུག་མགོན་པོ་བཀྲིས་ལ་སྙན་གསན་ཞུས། དེ་རྗེས་༡༩༥༦ རྒྱ་གར་དུ་གནས་མཇལ་ཡོད་སྐབས་སྐྱབས་མགོན་རིན་པོ་ཆེ་མཇལ་བཅར་ཞུས། ༡༩༥༧ ལོའི་བོད་ཟླ་ ༢ ཚཻས་ ༢༠ ཉིན་ཕྱི་རྒྱལ་དུ་སློབ་སྦྱོང་དུ་འགྲོ་དགོས་ཀྱི་བཀའ་ཕེབས་པ་ལྟར་རྒྱ་རྡོ་དབང་འདུས་དང༌། བློ་ཚེ༌། འབའ་པ་ལྕང་བཀྲིས། ཚེ་དབང་རྡོ་རྗེ། རྟ་མགྲིན་ཚེ་འཕེལ། ཕྲན་ཨ་ཐར་བཅས་ཀ་སྦུག་ནས་ང་ཚོ་སྣུམ་འཁོར་ནང་བཞག་སྟེ་ཤར་བསྐྱོད་ཀྱི་ཤིལི་གུ་རི་ནས་ཇ་ཞིང་བརྒྱུད་ནས་མཚན་མོ་ཤར་པ་ཀི་སི་ཐན་དང་རྒྱ་གར་གྱི་ས་མཚམས་ཉེ་བའི་ས་ཁང་དུ་བསྐྱོད། དེ་ནས་ལམ་སྟོན་པ་བློ་བཟང་གྲགས་པས་ཁྲིད་ནས་མཚན་གུང་གོམས་བགྲོད་ཀྱིས་སྔ་དྲོ་ནམ་ལངས་ཙམ་ལ་ཤར་པ་ཀི་སི་ཐན་གྱི་མངའ་ཁུལ་དུ་འབྱོར་སྐབས་པ་ཀི་སི་ཐན་གྱི་དམག་མི་འགའ་ཤས་དང་དཔོན་རིགས་གཅིག། སྐད་བསྒྱུར་སྟག་འཚེར་རིན་པོ་ཆེའི་ཞབས་ཞུ་ཨ་མདོ་དོན་གྲུབ་རྒྱལ་མཚན་བཅས་ཡོད་པ་མ་ཟད། ཨ་རིའི་མི་སྣ་ཞིག་ཀྱང་ཡོད་པ་རེད།
དེ་ལས་མང༌།: ཨ་རིར་གསང་བའི་སློབ་སྦྱོང་དང་བོད་དུ་གནམ་མཆོང་བྱས་པ་རྣམས་ཀྱི་ལོ་རྒྱུས་གང་འབྱོར་མདོར་བསྡུས།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་བཅུ་དཔོན་རྣམས་ཀྱི་ལོ་རྒྱུས་གང་འབྱོར་སྙིང་བསྡུས།
ཆུ་སྒང་བཅུ་དཔོན་གླིང་ཚང་བ་ཨོ་རྒྱན་འགྱུར་མེད།
ཕྱི་ལོ་ ༡༩༥༨ ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་གཉིས་པ་མཚོ་སྣའི་ལ་རྒྱབ་ཁང་པ་དཀར་པོ་ཞེས་པའི་ས་ཆར་འཛུལ་ཞུགས་གནང་སྐབས་རང་ལོ་ ༡༤ ཡིན་པ་དང༌། དེ་དུས་གླིང་ཚང་མངའ་ཁུལ་དམག་མི་གོ་ལག་འོག་རྟ་ཆས་རང་འགྲིག་ཇི་ཡོད་ཧྲག་བསྡུས་བྱེད་པའི་སྐབས་ལོ་ན་ཆུང་རྐྱེན་དམག་གྲས་སུ་མ་ཚུད་པར་དམག་སྒར་རང་དུ་བཞུགས་དགོས་བྱུང་བ་དང༌། ལྷ་རྒྱལ་རིའི་དམག་སྒར་དུ་དམག་དུང་འབུད་རྒྱུའི་སྦྱོང་བརྡར་བྱས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༦༦ ལོར་ཀ་སྦུག་ཏུ་གྲོང་ཁྱེར་སྲུང་སྐྱོབ་ཀྱི་སློབ་སྦྱོང་བྱས་པ་དང༌། མེ་མདའ་ཚ་ཁ་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་ཐོབ། ཕྱི་ལོ་ ༡༩༦༧ ལོར་དང་སློབ་དམག་ཁོངས་སུ་ཞུགས་ཏེ་རིམ་བཞིན་བཅུ་དཔོན་དང༌། ལྡིང་དཔོན་གྱི་གོ་གནས་ཁུར་བ་དང༌། ༧༧ ལོའི་བྷང་ལ་དེ་ཤ་དམག་འཐབ་ནང་ཞུགས། ཕྱི་ལོ་ ༡༩༨༨ ལོར་དམག་སྒར་ནས་རྩ་དགོངས་ཞུས་མཚམས་གླིང་ཚང་གཞིས་ཆགས་ཀྱི་དབུ་འཛིན་གཞོན་པ་དང༌། བོད་རང་དབང་ལྡན་པའི་ལས་འགུལ། ས་གནས་འོས་བསྡུའི་ལས་རིམ་ཁག་བཅས་ནས་མུ་མཐུད་ཞབས་ཞུ་ཞུ་མུས་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།
དེ་ལས་མང༌།: མདོ་ཁམས་ཆུ་བཞི་སྒང་དྲུག་གི་བཅུ་དཔོན་རྣམས་ཀྱི་ལོ་རྒྱུས་གང་འབྱོར་སྙིང་བསྡུས།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་དང་དམག་རྣམས་ཀྱི་ལོ་རྒྱུས་གང་འབྱོར་མདོར་བསྡུས།

དེ་ལས་མང༌།: མདོ་ཁམས་ཆུ་བཞི་སྒང་དྲུག་གི་དང་དམག་རྣམས་ཀྱི་ལོ་རྒྱུས་གང་འབྱོར་མདོར་བསྡུས།
















