དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།45
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།277
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1169
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96062

Online (20 minutes ago): 10
Your IP: 38.107.179.238
,
Today: Feb 07, 2012

Orisa

སྐབས་བཅུ་པའི་ཨོ་གཞིས་ཆུ་སྒང་རྒྱུན་ལས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༢ ཉིན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་མང་ཡོངས་ནས་འོས་འདེམས་བརྒྱུད། སྐབས་བཅུ་པའི་ཨོ་གཞིས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་རྣམས་ཀྱི་མཚན་གཞུང་གཤམ་གསལ་ལྟར་ཡིན།

ཚོགས་གཙོ། ཀརྨ་རྒྱལ་མཚན།

ལུང་ཚན་རི་བོ་ཆེ། ཕྱི་ལོ་ ༡༩༦༥ ལོར་ཨོ་རི་ས་རུ་སྐྱེས། ༡༩༧༩ ལོར་ཨོ་རི་ས་བོད་སློབ་ནང་འཛིན་གྲ་ལྔ་པའི་བར་སློབ་སྦྱོང་བྱས། ༡༩༧༩ ནས་ ༡༩༩༥ བར་དྭང་སློབ་དམག་སྒར་ནང་དམག་ཞབས་བྱས། ༡༩༩༥ ལོར་ནས་བཟུང་ཨོ་རི་ས་གཞིས་གྲོང་གསུམ་པའི་སྤྱི་མི་དང༌། གཞིས་གྲོང་གསུམ་པའི་འཐུང་ཆུའི་ལས་གཞིའི་ཚོགས་གཚོ། མཉམ་འབྲེལ་ལྟ་རྟོག་འཐུས་མི། ཕྲལ་སེལ་མཉམ་འབྲེལ་དྲུང་ཆེ། མཉམ་འབྲེལ་ཚོགས་གཙོ། སྤྱི་མཐུན་མཉམ་འབྲེལ་རྒྱུན་ལས། ༢༠༠༥ ནས་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང༌། ད་ལྟའི་ཆ་ལ་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་ཚོགས་གཙོ་བྱེད་མུས་ཡིན།

དྲུང་ཆེ། བདེ་ཆེན་རྒྱ་མཚོ།

ལུང་ཚན་རི་བོ་ཆེ། ཕྱི་ལོ་ ༡༩༥༨ ལོར་ཨོ་རི་ས་རུ་སྐྱེས། དམག་སྒར་སློབ་གྲར་འཛིན་གྲ་བརྒྱད་པའི་བར་སློབ་སྦྱོང་བྱས། ༡༩༧༧ ནས་ ༡༩༨༥ བར་ལོ་བརྒྱད་རིང་དྭང་སློབ་དམག་སྒར་ནང་དམག་ཞབས་བྱས། ༡༩༧༨ ལོར་བོད་དོན་དྲིལ་ཆེད་ཨོ་རི་ས་ནས་རྡ་སའི་བར་རྐང་འཁོར་ཐོག་འགྲུལ་བཞུད་བྱས། ༡༩༩༥ ནས་ཨོ་རི་ས་གནས་ཆུ་སྒང་རྒྱུན་ལས་དང་གཞིས་གྲོང་ལྔ་པའི་སྤྱི་མི། གཞིས་གྲོང་ལྔ་པའི་འཐུང་ཆུའི་ལས་གཞིའི་ཚོགས་མི། ས་གནས་འཐུས་མིའི་རྒྱུན་ལས་བཅས་བྱས། ད་ལྟའི་ཆར་ས་གནས་རང་བདེན་ཚོགས་ཆུང་དང༌། ས་གནས་ཆུ་སྒང་གི་དྲུང་ཆེའི་ལས་འགན་ཁུར་མུས་ཡིན།

འཆི་མེད་ཚེ་རིང་།

ལུང་ཚན་རི་བོ་ཆེ། ཕྱི་ལོ་ ༡༩༦༣ ལོར་ཨོ་རི་ས་རུ་སྐྱེས། དམག་སྒར་སློབ་གྲ་ནང་འཛིན་གྲ་བཅུ་པའི་བར་ཕྱིན། ༢༠༠༡ ནས་བཟུང་གཞིས་གྲོང་ལྔ་པའི་སྤྱི་མི་དང༌། ས་གནས་མཉམ་འབྲེལ་འཐུས་མི། ཨོ་རི་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བཅས་རིམ་བཞིན་བྱས། ད་ལྟའི་ཆར་ཨོ་རི་ས་ས་གནས་ཆུ་སྒང་རྒྱུན་ལས་བྱེད་མུས་ཡིན།

འཆི་མེད་དོན་འགྲུབ།

ལུང་ཚན་རི་བོ་ཆེ། ཕྱི་ལོ་ ༡༩༦༦ ལོར་ཨོ་རི་ས་རུ་སྐྱེས། ལོ་བཅོ་ལྔའི་རིང་དྭང་སློབ་དམག་སྒར་ནང་དམག་ཞབས་བྱས། ༢༠༠༡ ནས་ ༢༠༠༣ བར་ལོ་གསུམ་རིང་ཨོ་རི་ས་ས་གནས་ཆུ་སྒང་རྒྱུན་ལས་བྱས། ད་ལྟའི་ཆ་ལའང་ཨོ་རི་ས་ས་གནས་ཆུ་སྒང་རྒྱུན་ལས་བྱེད་མུས་ཡིན།

རྡོ་རྗེ་ཆོས་རྒྱལ།

ཕྱི་ལོ་ ༡༩༥༨ ལོར་ཚ་བ་དཔའ་ཤོད་དུ་སྐྱེས། ལོ་གཅིག་རིང་ཨོ་རི་ས་ས་གནས་གཞིས་གྲོང་གཉིས་པའི་སྤྱི་མི་དང༌། མཉམ་འབྲེལ་ལྟ་རྟོག་འཐུས་མི་ལོ་གསུམ། གཞིས་གྲོང་གཉིས་པའི་ཕྲུ་གུ་ལྟ་རྟོག་ཚོགས་མི་ལོ་གཉིས། ཨོ་རི་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་ལོ་གཉིས་བཅས་བྱས། ད་ལྟའི་ཆ་ལ་ཨོ་རི་ས་ས་གནས་ཆུ་སྒང་རྒྱུན་ལས་བྱེད་མུས་ཡིན། 

 

ཨོ་རིས་ས་གནས་རྒྱུན་ལས་ཀྱི་ལོ་རྒྱུས་གཤམ་གསལ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

སྐལ་བཟང་དབང་འདུས། ཚོགས་གཙོ།
སྐལ་བཟང་དབང་འདུས་ནི་ཕ་ཡུལ་ཁམས་རི་བོ་ཆེ་རུ་ཡབ་བློ་གྲོས་ཀྱི་བུར་ཕྱི་ལོ་ ༡༩༥༠ ལོར་སྐྱེས། ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་ས་གནས་མེ་ཤ་མ་རི་དང་སྦ་ལིང་པོང་བརྒྱུད་ཨ་སམ་ཏེ་ཛུ་གཞིས་ཆགས་ལ་ཕྱི་ལོ་ ༡༩༦༡ ལོར་འབྱོར། ༡༩༦༤ ལོར་དམག་སྒར་ཨང་ ༢༢ ཀྱི་ཁོངས་ཨོ་རི་ས་ཕུན་ཚོགས་གླིང་ལ་འབྱོར།
༡༩༦༦ ཟླ་ ༣ ཚེས་ ༢༢ ཉིན་ཌེ་ཌུན་དང་སློབ་དམག་མིར་འཛུལ་ཞུགས་ཀྱིས་ལོ་ངོ་ཧྲིལ་པོ་ ༢༩ རིང་ཞབས་ཕྱི་ཞུས། གོ་གནས་རིམ་པར་བཅུ་དཔོན་དང༌། བརྒྱ་དཔོན། སྟོང་དཔོན་བཅས་ཨེ་པི་ཨེལ་བར་གྱི་གོ་གནས་ཐོབ། དམག་ཞབས་ནང་བསྡད་རིང་གཤམ་གསལ་དམིགས་བསལ་གྱི་སློབ་ཚན་ཁག་ལ་སྦྱོང་བསྡར་ཐོབ་པ་བྱུང༌།
༡༽ གནམ་མཆོང་གྲངས་ ༢༠ དང་མཐོ་ཤོས་ཕི་ཊི་ ༡༢༠༠༠ གྱི་སྦྱོང་བསྡར་བྱས།
༢༽ པི་ཇི་ཨཡེ་གནམ་མཆོང་སློབ་དགེའི་ལས་འགན་ཐོག་ལོ་ ༡༥ ཙམ་ཞབས་ཕྱི་ཞུས།
༣༽ གནམ་གདུག་ཆག་རྒྱབ་ཀྱི་སློབ་སྦྱོང་དང་སོ་སོའི་གནམ་གདུག་སོ་སོས་ཆག་བརྒྱག་སྟེ་གནམ་མཆོང་དགོས་པ།
༤༽ རྨོངས་གཞིའི་བྲག་འཛེགས་སློབ་སྦྱོང༌།
༥༽ ཧེབ་གནམ་གདུག་མཆོང་རྩལ་ཏེ་ཕྱི་ལོ་ ༡༩༨༤ ལོར་དམག་སྒར་ཨང་ ༢༢ ཀྱི་གནམ་མཆོང་སློབ་གྲྭ་ལ་ཨ་རིའི་པིཨོ་ནར་གནམ་མཆོང་རུ་ཁག་ནས་ཧེབ་མིང་ཅན་གྱི་གནམ་གདུག་གསར་པ་གྲངས་ ༢༥ འབྱོར་བ་དང༌། གནམ་མཆོང་དང་གནམ་གདུག་འདིའི་སྐོར་སློབ་སྦྱོང་སྤྲོད་མཁན་ཨ་རི་ནས་སློབ་སྟོན་པ་གཉིས་བཏང་ཐོག་རྒྱ་གར་དམག་ཁོངས་ནས་ཨཡེ་གནམ་མཆོང་གི་དམག་མི་དྲུག་དང༌། དམག་སྒར་ཨང་ ༢༢ པའི་གནམ་མཆོང་སློབ་གྲྭ་ནས་གནམ་མཆོང་སློབ་དགེ་དྲུག་བཅས་མི་གྲངས་ ༡༢ ལ་དམིགས་བསལ་གནམ་མཆོང་ཕི་ཊི་ ༡༥༠༠༠ ཅན་གྱི་སྦྱོང་བསྡར་ཁོངས་ནས་གུས་རང་རྩེ་ཕུད་ཀྱི་ཕྱག་ཁྱེར་ཡོད། འདི་དག་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ནང་དེ་སྔོན་བྱུང་མ་མྱངས་བ་ཞིག་ལ་ངོས་འཛིན་བྱ་ན་མི་ཆོག་པ་མེད།
ཕྱི་ལོ་ ༡༩༩༤ ཟླ་ ༨ ཚེས་ ༣༡ ཉིན་གུས་རང་ཉིད་ཕོ་བའི་གནད་གཞིས་དྲག་ཞབས་ནས་རྩ་དགོངས་མི་ཞུ་ཐབས་མེད་ལ་སོང་ཕྱིར་ཨོ་གཞིས་ཕུན་གླིང་གཞིས་ཆགས་སུ་འབྱོར། ༡༩༩༦ ལོར་གཞིས་གྲོང་ལྔ་པའི་སྤྱི་མིར་འོས་འདེམས་ཀྱིས་ལོ་གཅིག་རིང་ཞབས་ཕྱི་ཞུས། དེ་རྗེས་རང་བདེན་ཚོགས་ཆུང་གི་ཚོགས་མི་ལོ་གསུམ། ཨོ་རི་ས་ས་གནས་འཐུས་ཚོགས་སྐབས་གསུམ་པའི་ཚོགས་མི་དང༌། སྐབས་བཞི་པ་དང་ལྔ་པའི་རྒྱུན་ལས། ས་གནས་མདོ་སྟོད་འོས་བསྡུའི་ཚོགས་མི། ཆུ་སྒང་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ། དང་ཟུར་སྐྱིད་སྡུག་ཚོགས་པའི་ཚོགས་གཞོན། ས་འཐུས་སྐབས་དྲུག་པའི་རྒྱུན་ལས་བཅས་ཀྱི་ལས་འགན་ཞུ་བཞིན་ཡོད་པའི་ལོ་རྒྱུས་སུ།
ཨོ་རི་ས་གཞིས་གྲོང་ལྔ་པའི་སྐལ་བཟང་དབང་འདུས་ནས་པས་ཕུལ།
 
བསམ་གྲུབ་ཚེ་རིང༌། དྲུང་ཆེ།
 
 
 
བསོད་ནམ་གྲགས་པ། དངུལ་གཉེར།
ཕྱི་ལོ་ ༡༩༦༤ ལོར་སྐྱེས་ཤིང་ཕ་ཡུལ་ཁམས་རི་བོ་ཆེ་ནས་ཡིན། ཕ་མིང་ལ་སྐལ་བཟང་རྡོ་རྗེ་ཟེར། གུས་ཨོ་རི་ས་གཞིས་ཆགས་ཕུན་ཚོགས་གླིང་གཞིས་གྲོང་ལྔ་པའི་ནང་སྡོད་བཞིན་ཡོད། དུས་ཚོད་ཞུ་གཏན་མ་ཁེལ་ཡང་ཨོ་གཞིས་ཆུ་སྒང་ས་གནས་རྒྱུན་ལས་ལོ་ཞུས་པ་དང༌། ད་ལྟ་སླར་ཡང་ས་གནས་ཆུ་སྒང་གི་དངུལ་གཉེར་གྱི་ལས་འགན་ཞུ་མུས་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ། བསོད་ནམས་གྲགས་པས་ཟླ་ཚེས་ཉིན་ཕུལ།
པདྨ་ཆོས་འཛོམས། རྒྱུན་ལས།
ཨོ་གཞིས་གཞིས་གྲོང་བཞི་པའི་ནང་སྡོད་པདྨ་ཆོས་འཛོམས་ནི། ཕྱི་ལོ་ ༡༩༦༠ ལོར་མེ་སོར་དུ་སྐྱེས་ཤིང༌། དེ་རྗེས་མེ་སོར་ནས་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་འབྱོར། སོ་སོའི་འཚོ་གནས་ཞིང་ལས་དང་དགུན་ཚོང་ལས་གཞན་གཞུང་དོན་སྐོར་གྱི་ལས་དོན་བྱ་མྱངས་མེད། ༢༠༠༧ ལོར་ས་གནས་ཆུ་སྒང་གི་རྒྱུན་ལས་ལ་འོས་འདེམས་བྱུང་བས་ད་ལྟ་ལས་ཐོག་ལས་འགན་བྱ་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་གུས་པདྨ་ཆོས་འཛོམས་ནས་ཟླ་ཚེས་ཉིན་ཕུལ།
བསོད་ནམ་ཡེ་ཤེས། རྒྱུན་ལས།
སྐྱེས་ཡུལ་ཁམས་ལྕགས་ར་དཔལ་འབར་དུ་ཕ་དགྲ་ལྷ་དང་མ་མགྲོན་ལྷ་གཉིས་ཀྱི་བུར་ཕྱི་ལོ་ ༡༩༥༦ ཟླ་ ༢ ཚེས་ ༢ ཉིན་སྐྱེས། ཕྱི་ལོ་ ༡༩༦༥ ཟླ་ ༡ ཚེས་ ༩ ཉིན་རྒྱ་གར་ས་གནས་ཨ་སམ་ཀྲུ་ཀྲིན་དུ་ཐོག་མར་འབྱོར། དེ་ནས་ལོ་གཅིག་གི་རྗེས་སུ་རྒྱ་གར་ལྷོ་ཕྱོགས་ཨོ་རི་ས་ཕུན་ཚོགས་གླིང་དུ་འབྱོར། དེ་ནས་ལོ་བཞིའི་རིང་ས་གནས་ཉིན་སློབ་དུ་བསྐྱོད། དེ་རྗེས་བོད་གཞུང་གི་བཀའ་དགོངས་ལྟར་ཕྱི་ལོ་ ༡༩༧༠ ཟླ་ ༦ ཚེས་ ༣༨ ཉིན་དང་ཞབས་སུ་བསྐྱོད། ཕ་མ་གཉིས་ལོ་ན་རྒས་ཤིང་ལྟ་རྟོགས་བྱ་མི་སུ་ཞིག་མེད་པས་དང་ཞབས་ནས་ཕྱི་ལོ་ ༡༩༨༢ ཟླ་ ༢  ཚེས་ ༢༨ ཉིན་རྩ་དགོངས་ཞུས།
ཕྱི་ལོ་ ༡༩༨༣ ཟླ་ ༡ ཚེས་ ༧ ནས་ ༡༩༨༤ ཟླ་ ༡༢ ཚེས་ ༦ བར་གཞིས་གྲོང་གཉིས་པའི་དགེ་ཕ་མའི་འཐུས་མིའི་ལས་འགན་ཞུས།
ཕྱི་ལོ་ ༡༩༨༦ ནས་ ༡༩༨༦ བར་ལོ་གཅིག་རིང་གཞིས་གྲོང་གཉིས་པའི་སྤྱི་མིའི་ལས་འགན་ཞུས། ཕྱི་ལོ་ ༡༩༨༨ ཟླ་ ༢ ཚེས་ ༡ ནས་ ༡༩༩༥ ཟླ་ ༣ ཚེས་ ༣༡ བར་ས་གནས་མཉམ་འབྲེལ་ལས་ཁུངས་ཀྱི་སྣུམ་འཁོར་ཁ་ལོ་བའི་ལས་འགན་ཞུས། ཕྱི་ལོ་ ༡༩༩༦ ལོར་ས་གནས་ཆུ་སྒང་གི་རྒྱུན་ལས་ལོ་གཅིག་ཞུས། ཕྱི་ལོ་ ༡༩༩༨།༦།༧ ནས་ ༢༠༠༡།༦།༣ བར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཞུས། ཕྱི་ལོ་ ༡༩༩༩།༤།༢༠ ནས་ ༢༠༠༣།༥།༣ བར་ས་གནས་མཉམ་འབྲེལ་འགན་འཐུས་ཀྱི་ལས་འགན་ཞུས། ཕྱི་ལོ་ ༢༠༠༢།༥།༨ ནས་ ༢༠༠༥།༤།༧ བར་ཨོ་གཞིས་ས་གནས་འཐུས་མི་སྐབས་བཞི་པའི་ཚོགས་མིའི་ལས་འགན་ཞུས། ཕྱི་ལོ་ ༢༠༠༨ ལོར་རྒྱ་གར་རྒྱལ་ས་ལྡི་ལི་ནས་རྡོ་རྗེ་གདན་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཞི་བའི་གོམ་གྲོས་ཀྱི་ལས་འགུལ་སྤེལ་བའི་ལས་ཁུར་ནང་མཉམ་ཞུགས་ཞུས། ཕྱི་ལོ་ ༢༠༠༨།༩ ནས་ཨོ་གཞིས་ས་གནས་འཐུས་མི་སྐབས་དྲུག་པའི་ཚོགས་མི་ལས་ཐོག་དང༌། ས་གནས་ཆུ་སྒང་རྒྱུན་ལས་ཀྱི་ལས་འགན་ཞུ་བཞིན་ཡོད། རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་དགྱེས་སྤྲུལ་འཇིགས་མེད་རིན་པོ་ཆེ་མཆོག་ནས་བཀའ་དགོངས་ལྟར། ཕྱི་ལོ་ ༢༠༠༧།༤།༡ ཉིན་དགོན་པ་གསར་བཞེངས་ཀྱི་ལས་གཞི་ཐོག་ཨར་ལས་ལྟ་རྟོགས་པའི་འགན་ཁུར་ཞུས་པ་དང༌། ད་ཆ་ལས་གཞི་འཇུག་སྒྲིལ་ནས་དགོན་གསར་གྱི་གཙང་སྦྲ་ལྟ་རྟོགས་ཀྱི་ལས་འགན་ཞུ་མུས་བཅས་ཀྱི་ལོ་རྒྱུས་སུ་ཨོ་གཞིས་ཕུན་ཚོགས་གླིང་ནས་གུས་པ་བསོད་ནམས་ཡེ་ཤེས་པས་ཕུལ།།
 

ཨོ་རི་ས་ས་གནས་རྒྱུན་ཟུར་རྣམས་ཀྱི་ལོ་རྒྱུས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཀརྨ་རྒྱ་མཚོ།
སྐྱེས་ཡུལ་གནམ་རུ། གུས་པའི་ཕ་མགོན་པོ་དང་ཨ་ཞང་དམག་དཔོན་ནམ་ལང༌། གཅེན་པོ་གྲྭ་རིན་ཆེན་བཅས་ཀྱིས་བྱང་སྙི་མོ་ཁུལ་དུ་ཕྱི་ལོ་ ༡༩༥༨ ཟླ་ ༡༠ ཚེས་ ༢༠ ཉིན་མདོ་སྟོད་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་མི་ལ་ཕྱག་རོགས་ཞུས། མཐར་འདམ་གཞུང་དུ་དམག་དཔོན་ནམ་ལང་དང་གྲྭ་རིན་ཆེན་མཉམ་དུ་རྒྱ་མིས་བསད་ཤོར། དེ་ནས་གུས་པ་ཀརྨ་རྒྱ་མཚོ་ཕྱི་ལོ་ ༡༩༦༠ ཟླ་ ༡ ནང་བྲོས་བྱོལ་དུ་བོད་བྱང་རྒྱུད་ནས་ལྷོ་སྨན་ཐང་རྒྱ་ས་བ་ཡུལ་དུ་འབྱོར། དེ་ནས་གུས་པ་ཕྱི་ལོ་ ༡༩༦༡ ཟླ་ ༡ ནང་གློ་སྟོད་ཆུ་མིག་བརྒྱ་ཚར་དམག་སྒར་གྱི་དཀར་མཛེས་བརྒྱ་ཤོག་ཏུ་ཞབས་ཕྱི་ཞུས།
ཕྱི་ལོ་ ༡༩༦༤ ཟླ་ ༡༢ ཚེས་ ༢༠ ཉིན་ཕྲུ་གུ་ལོ་ན་ཆུང་བ་ ༤༥ ཆུ་སྒང་དམག་སྒར་ཨང་ ༢༢ ནང་སློབ་སྦྱོང་གི་ཆེད་དུ་བཏང་པ་དེའི་གྲས་སུ་གུས་པ་རང་ཉིད་ཡོད། དེ་ནས་བཟུང་མི་ལོ་ཧྲིལ་པོ་ ༣༠ རིང་དམག་སྒར་ནང་དུ་ཞབས་ཞུ་གང་ལེགས་ཞུས། དཔེར་ན་དགེ་རྒན་དང༌། དང་སྲུང༌། ལྡིང་དཔོན་སོགས་ལྟ་བུ་ཡིན། མཐར་རང་ལོ་མཐོ་བས་ཕྱི་ལོ་ ༡༩༩༢ ཟླ་ ༡༢ ཚེས་ ༣༡ ཉིན་དགོངས་ཞུས་ཀྱིས་གཞིས་ཆགས་སུ་འབྱོར་རྗེས་ཆུ་སྒང་ཚོགས་པར་ཞུགས། ཕྱི་ལོ་ ༡༩༩༧ ནས་ ༢༠༠༨ བར་མི་ལོ་ཧྲིལ་པོ་ ༡༡ རིང་ས་གནས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཀྱི་འགན་བླངས་ཡོད་པའི་ལོ་རྒྱུས་སུ།
འཆི་མེད་དོན་འགྲུབ།
གུས་ཀྱི་ཕ་བསོད་ནམས་དབང་འདུས་འདས་པོ་དེ་ཉིད་ལྷག་བསམ་དང་ལྡན་ཞིང་ཁ་ཞེ་གཉིས་མེད་ཀྱི་རང་རེའི་ཚོགས་པའི་ལ་རྒྱར་ཞེན་ཁོག་ཆེ་ཞིང་བློ་སྟོབས་ལྡན་པ་ཞིག་ཡིན། ཁོང་ལོ་མང་སྔོན་ནས་ས་གནས་རྒྱུན་ལས་ཞབས་ཕྱི་དང༌། དེ་ནས་རྒྱུན་ལས་སློབ་སྟོན་པའི་འགན་ཁུར་ཞུ་མུར་སྟབས་མ་ལེགས་པ་ཞིག་ལ་ཕྱི་ལོ་ ༢༠༠༧ ལོར་གློ་བུར་འདས་གྲོངས་སུ་སོང་བས་སྡུག་བསྔལ་གྱི་རང་བཞིན་ལས་བྱ་ཐབས་མ་བྱུང༌། གུས་འཆི་མེད་དོན་གྲུབ་ད་ལྟ་རང་ལོ་ ༤༤ དང༌། ཕ་ཡུལ་ཁམས་རི་བོ་ཆེ་ནས་ཡིན་ཞིང༌། ཐོག་མར་ས་གནས་སློབ་གྲྭར་འཛིན་རིམ་དྲུག་པ་བར་དང༌། དེ་ནས་དང་སློབ་ཁོངས་སུ་འཛུལ་ཞུགས་ཀྱིས་དམག་སྒར་དུ་ཕྱི་ལོ་ ༡༩༨༤།༥།༡༠ ནས་ ༡༩༩༨།༥།༣༠ བར་ལས་ཁུར་ཞུས་ཏེ། མཐར་ནང་གི་ལས་དོན་དཀའ་ངལ་དབང་གིས་ ༡༩༩༨།༥།༣༠ ཉིན་དམག་སྒར་ནས་ལུགས་མཐུན་རྩ་དགོངས་ཞུ་འཁྲོལ་བྱུང་སོང༌། དེ་ནས་ལོ་ཤས་རྗེས་ས་གནས་ཆུ་སྒང་རྒྱུན་ལས་འདེམས་ཐོན་བྱུང་སྟེ། ༢༠༠༤ ནས་ ༢༠༠༧ བར་ལོ་གསུམ་རིང་ས་གནས་རྒྱུན་ལས་ཀྱི་ལས་རྒྱུན་རིང་ལས་དོན་ཐོག་རང་ནུས་གང་ཐོན་འབད་བརྩོན་ཞུས་ཁུལ་བྱས་ཡོད་པ་བཅས་ཀྱི་ལོ་རྒྱུས་སུ་ཨོ་གཞིས་གྲོང་སྡེ་ལྔ་པའི་རྒྱུན་ཟུར་འཆི་མེད་དོན་འགྲུབ་ནས་ཟླ་ཚེས་ཉིན་ཕུལ། །
རྡོ་རྗེ་ཆོས་རྒྱས།
རྡོ་རྗེ་ཆོས་རྒྱས་ནི་ཕྱི་ལོ་ ༡༩༥༨ ལོར་སྐྱེས་ཤིང༌། ཕ་ཡུལ་ཁམས་ཚ་བ་དཔའ་ཤོད་ནས་ཡིན། ཕྱི་ལོ་ ༡༩༨༨ ལོ་ནས་ས་གནས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ལོ་གཅིག་རིང་ཞབས་ཕྱི་ཞུས། གཞིས་གྲོང་གཉིས་པའི་ནང་སྤྱི་མི་དང་མཉམ་འབྲེལ་ལྟ་རྟོགས་འཐུས་མི། ཕྲུ་གུའི་ཕ་མའི་འཐུས་མི་ཐེངས་གཉིས་ཙམ་ཞུས། ཨོ་གཞིས་ས་གནས་གྲོས་ཚོགས་ཚོགས་མི་ལོ་གཉིས་རིང་ཞབས་ཞུ་བྱས་པ་བཅས་ཀྱི་ལོ་རྒྱུས་སུ་གཞིས་གྲོང་གཉིས་པའི་རྡོ་རྗེ་ཆོས་རྒྱས་ནས་ཕུལ།།
 
སངས་རྒྱས་བསྟན་པ།
གུས་རང་ཉིད་ཕྱི་ལོ་ ༡༩༥༧ ལོར་སྐྱེས་ཤིང༌། སྐྱེས་ཡུལ་སྤོ་བོ་ཡི་གུང་ནས་ཡིན། ཕྱི་ལོ་ ༡༩༧༡ ནས་ ༡༩༦༧ བར་དང་སློབ་དམག་སྒར་ཨང་ ༢༢ ནང་ལོ་ ༡༥ རིང་ཞབས་ཞུ་བྱས། དེ་ནས་ ༡༩༨༧ ནས་ ༡༩༨༩ བར་ལོ་གཉིས་རིང་ཨོ་གཞིས་ས་གནས་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ལས་ཁུར་ཞུས། ཡང་ ༡༩༨༩ ནས་ ༡༩༩༢ བར་ལོ་གཉིས་རིང་ཨོ་རི་ས་ས་གནས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ལོ་གཉིས་རིང་ཞབས་ཞུ་བྱས། ཕྱི་ལོ་ ༡༩༩༢ ནས་ ༡༩༩༥ བར་ལོ་གསུམ་རིང་ཨོ་གཞིས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་དང༌། དེ་ནས་ ༡༩༩༥ ནས་ ༢༠༠༡ བར་ཨོ་གཞིས་ས་གནས་མཉམ་འབྲེལ་ལ་རྒྱབ་ས་ཞིང་ཨེ་ཀ་ ༡༣༠ ནང་མ་རྨོས་ལོ་ཐོག་འདེབས་ལས་ཀྱི་འགན་འཛིན་དང་རྩིས་པ་གཅིག་ཆོག་གི་ལས་ཁུར་ལོ་དྲུག་ཙམ་ཞུས། ཕྱི་ལོ་ ༢༠༠༡ ནས་ ༢༠༠༣ བར་ཨོ་ས་གཞིས་གྲོང་བཞི་པའི་སྤྱི་མིའི་ལས་ཁུར་ལོ་གསུམ་བྱས། ༢༠༠༨ ནས་ད་ལྟ་ཨོ་གཞིས་ས་གནས་འཐུས་མིའི་ལས་ཁུར་བྱེད་བཞིན་ཡོད། ཡང་ཨོ་གཞིས་ས་གནས་དང་ཟུར་སྐྱིད་སྡུག་ཚོགས་ཆུང་གི་ཚོགས་གཙོ་ཡང་ཡིན་པའི་ལོ་རྒྱུས་སུ། གུས་སངས་རྒྱས་བསྟན་པ་ནས་ཟླ་ཚེས་ཉིན་ཕུལ། །