དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།97
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།97
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3211
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118078

Online (20 minutes ago): 12
Your IP: 38.107.179.240
,
Today: May 20, 2012

བསམ་ཚུལ་གྱི་ཞུ་འཕྲིན་ཁག་ཅིག

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ྋམདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དབུ་འཛིན་ལྷན་རྒྱས་རྣམས་ལ་
ཞུ་གསོལ་འདེབས་སྙིང༌།

རང་ཉིད་ལས་ཞིག་གིས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་ཁུངས་ཞིག་ཏུ་སྐྱེས། དེ་ལྟར་སྐྱེས་པར་དགའ་བ་ཞིག་ཏུ་སྒོམ་ནས་ང་ནི་མདོ་ཁམས་ཆུ་སྒང་གི་ལོ་རྒྱུས་ལས་མཚོན་པའི་ཁམས་རིགས་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱི་འདས་དོན་ལ་ཕྱི་ལྟས་དང་ལོ་རྒྱུས་ལ་ལྟ་ལོག་བྱ་རྒྱུར་དགའ་མཁན་ཞིག་ཡིན་ལ། ལྷག་པར་རང་ཉིད་ཀྱི་བསམ་ཚུལ་འདོན་སའི་གོ་སྐབས་བྱུང་ན་སྤྱི་དོན་ལ་ཕན་རེའི་ཚིག་འཕྲེང་འགའ་རེ་ཞུ་འདོད་ཡོད་མཁན་ཞིག་ཡིན། དེ་ལྟར་ད་ལན་ཡང་འདིར་རང་གི་ལྟ་ཚུལ་འགའ་ཞིག་འཆད་ན།
༡༽ དབུས་མདོ་ཁམས་ཆུ་སྒང་གིས་འགན་ཁུར་ཏེ་ཁམས་རིགས་ཀྱི་ལོ་རྒྱུས་ཆེན་མོ་ཞིག་རྩོམ་སྒྲིག་གནང་ཐུབ་ན་དགེ་མཚན་ཆེ། དེའང་ལོ་རྒྱུས་དེ་དག་ཆོས་ལུགས་དང་དད་ཞེན་གྱི་དབང་དུ་སོང་དྲགས་པ་ལྟ་བུ་ཞིག་མ་ཡིན་པ་དགོས་གལ་ཆེ།

༢༽ དབུས་མདོ་ཁམས་ཆུ་སྒང་གི་བཀའ་དགོངས་འོག་ས་གནས་ཆུ་སྒང་སྒྲིག་འཛུགས་ཁག་གིས་རྐང་འགན་བཞེས་ཏེ་མཁས་པ་དང་མི་དཔོན་བླ་ཆེན་ཁག་གདན་འདྲེན་ནས་ས་གནས་དེ་གའི་གཞོན་སྐྱེས་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་ངོ་སྤྲོད་གནང་བའི་ཟབ་སྦྱོང་རིགས་འཛུག་ཐུབ་ན་དགེ་མཚན་ཆེ།
༣༽ གནའ་དེང་གི་ལོ་རྒྱུས་འཆད་དགོས་ན་ཁས་བཤད་པ་གཅིག་པུས་ཕན་མི་ཐོག་ལ། མི་རབས་ཕྱི་མ་རྣམས་ལའང་རྗེས་བཞག་ཏུ་དེ་བས་མི་འགྲོ། དེ་ལས་ལོ་རྒྱུས་ཡིག་ཐོག་ཏུ་ཡོད་དགོས་ལ། ཡོད་པས་མི་ཚད་དེ་དག་གོ་བ་ལེན་ཐུབ་མཁན་དང༌། དེ་དག་ལ་བགྲོ་གླེང་དང་དཔྱད་རྩོམ་གནང་ཐུབ་མཁན་ཡང་ཡོད་དགོས། དེ་ལྟར་དབུས་མདོ་ཁམས་ཆུ་སྒང་གིས་འགན་བཞེས་ཏེ་རབ་བྱུང་ན་ཁམས་རིགས་ཡོངས་ནས་དང༌། དེ་ལྟར་མ་བྱུང་ནའང་བཙན་བྱོལ་ཁྲོད་ཀྱི་ཁམས་རིགས་ཀྱི་གཞོན་སྐྱེས་རྣམས་ལ་རྩོམ་རིགས་ཀྱི་གོ་རྟོགས་འཕེལ་བའི་ཟབ་སྦྱོང་དང་གསོལ་རས་ཡོད་པའི་རྩོམ་རིགས་འགྲན་བསྡུར་ལྟ་བུ་འཚོགས་ཐུབ་ན་ལེགས།
༤༽ མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་གི་ཐོག་མའི་ཆབ་སྲིད་ཀྱི་ལང་ཕྱོགས་མ་ནོར་བར་དབུས་ཆུ་སྒང་ནས་རྒྱལ་ཕྱི་ནང་གི་ཆབ་སྲིད་མཁས་པ་རྣམས་གདན་འདྲེན་ཞུ་ནས་མ་འོངས་བོད་དོན་ལ་ཕན་པའི་བགྲོ་གླེང་རིགས་གོ་སྒྲིག་ཞུ་ཐུབ་ན་ལེགས།
༥༽ སྐྱབས་བཅོལ་དུ་འཚོ་བ་སྐྱེལ་བཞིན་པའི་བོད་རིགས་དུ་མ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་འཕྲད་བཞིན་པ་དངོས་བདེན་དང༌། དེ་བཞིན་ཁམས་རིགས་ནང་ཁུལ་ལའང་སྨྲོས་མ་དགོས་པ་ཡིན་རྩང་དེ་དག་ལ་ཕན་པའི་དབུལ་སྐྱོབས་ཀྱི་སློབ་གྲྭ་ཞིག་གསར་འཛུགས་གནང་ཐུབ་ན་ཤིན་ཏུ་བཟང༌། དེ་ལྟར་མ་བྱུང་ནའང་དེ་དག་ཕན་པའི་ལས་གཞི་གསར་འཛུགས་གནང་ནའང་དགེ་མཚན་ཆེ།
༦༽ བོད་ནས་གསར་དུ་འབྱོར་བའི་ལོ་ལོན་རྣམས་ཐོག་མར་བོད་གཞུང་གི་བཀའ་དྲིན་ལས་ཤེ་རབ་དགའ་ཚལ་སློབ་གླིང་སོགས་སུ་གཏོང་གི་ཡོད་ཀྱང༌། སློབ་མཐར་ཕྱིན་རྗེས་གར་འགྲོ་འདིར་འདུག་མེད་པར་མི་ཚེ་ཁྲོག་རླག་འགྲོ་མཁན་དངོས་མཐོང་ལག་ཟིན་ལྟར་ན། དེ་དག་ཕན་པའི་ལག་ཤེས་ཀྱི་སློབ་གྲྭ་ལྟ་བུ་གསར་འཛུགས་གནང་ཐུབ་ན་དགེ་མཚན་ཆེ།
༧༽ ཆུ་སྒང་རིག་གཞུང་ཟློས་གར་ཚོགས་པ་དེ་ཉིད་ཆ་རྐྱེན་ཡོད་མེད་ལ་བརྟེན་ནས་ལོ་ཤས་རིང་མེད་པ་སོང་ནའང་ད་ལྟའི་སྐབས་དབུས་ཆུ་སྒང་གི་སྒྲིག་འཛུགས་དང་དཔལ་འབྱོར་སྲ་བརྟན་ཡོད་པར་སོང་ཟློས་གར་སླར་གསོ་གནང་ན་ལེགས།
དེ་ལྟར་གོང་ཞུས་དོན་ཚན་རྣམས་ལ་དགོངས་དཔྱོད་ཡོང་བ་ཞུ་རྒྱུ་དང་བསྒྲགས་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ།

 

བོན་གྱི་དགེ་བཤེས་འོད་ཟེར་རྒྱལ་མཚན་གྱིས་ཕུལ།