གསར་འགྱུར།
མདོ་ཁམས་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་སྐབས་བཞི་པའི་ཡོངས་ཁྱབ་གསལ་བསྒྲགས།
༄༅། །མཚུངས་མེད་མདོ་ཁམས་ཆུ་སྒང་ས་གནས་རྒྱུན་ལས་སོ་སོ་དང༌། དབུས་རྒྱུན་སྐབས་བཅུ་དགུ་པའི་ས་གནས་འོས་བསྡུ་ཚོགས་ཆུང་སོ་སོའི་དྲུང་དེར།
ཆེད་འབུལ། འདི་ག་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་སྐབས་བཞི་པས་ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༧ འཁོད་ས་གནས་སོ་སོར་སྒྲིག་དོན་འོས་བསྡུ་ཚོགས་ཆུང་གསར་འཛུགས་ཀྱིས་མིང་ཐོ་གཏོང་དགོས་སྐོར་ཞུས་ཡོད་པ་ལྟར་མིང་ཐོ་འབྱོར་ཟིན་པ་རྣམས་ས་གནས་སོ་སོས་བཏང་བ་གཞི་བཟུང་ས་གནས་འོས་བསྡུའི་ཚོགས་མི་རུ་བསྐོ་གཞག་བྱས་ཡོད་ཅིང༌། མིང་ཐོ་མ་འབྱོར་བའི་ས་གནས་ཁག་ནས་མིང་ཐོ་གཏོང་འབྱོར་དགོས་གལ་དང་དེ་ལྟར་མ་བྱུང་ཚེ་ས་གནས་རྒྱུན་ལས་ཀྱིས་འོས་བསྡུའི་འགན་ཁུར་དགོས། དབུས་འོས་བསྡུ་ཚོགས་ཆུང་ལྷན་འཛོམས་ཐེངས་དང་པོའི་ཐོག་ཐག་གཅོད་བྱུང་དོན་ལྟར་སྐབས་བཅུ་དགུ་པའི་ཆུ་སྒང་དབུས་རྒྱུན་གསར་འདེམས་ཀྱི་སྔོན་འགྲོའི་འོས་བསྡུ་ཆེན་མོ་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༠ རེས་གཟའ་ཉི་མ་དང༌། དངོས་གཞིའི་འོས་བསྡུ་ཆེན་མོ་ ༢༠༡༡ ཟླ་ ༥ ཚེས་ ༡༣ རེས་གཟའ་པ་སངས་གཉིས་བཅས་ཉིན་བརྒྱ་དུས་གཅིག་ལ་གཏན་འབེབས་བྱས་ཡོད་པས་འདི་ནས་སྔོན་འགྲོའི་འོས་བསྡུའི་འགེངས་ཤོག་དཔེ་མཚོན་རེའུ་མིག་ཤོག་ལྷེ་གཅིག་ཅན་བཏང་ཡོད་པ་དེ་གའི་ཁྱབ་ཁོངས་མདོ་སྟོད་མི་མང་གི་གྲངས་འབོར་ལ་གཞིགས་ནས་ཤོག་སེར་ཐོག་པར་སློག་བརྒྱབ་སྟེ་འགྲེམས་སྤྲོད་བྱ་དགོས་པ་དང༌། འོས་འཕངས་ཟིན་མཚམས་ས་གནས་ནས་འོས་ཤོག་གྲངས་བཤེར་གྱིས་བྱུང་སོང་བསྡད་གསུམ་གྱི་གྲངས་ཐོ་ཡང་དབུས་སུ་འབུལ་དགོས། པར་སློག་འགྲོ་གྲོན་ས་གནས་སུ་གཏོང་དམིགས་ཡོད་ཚེ་སྨོས་མེད་དང་གལ་སྲིད་གཏོང་དམིགས་མེད་ཚེ་ངོ་སོང་བྱུང་འཛིན་ཚད་འཕེར་གཞིར་བཟུང་དབུས་འོས་བསྡུ་ཚོགས་ཆུང་ནས་འབུལ་འཐུས་ཀྱང་གཞན་ལམ་གྲོན་སོགས་འདི་ནས་འབུལ་རྒྱུ་མིན། སྔོན་འགྲོའི་འོས་བསྡུའི་ལས་རིམ་ཟུར་ཕུལ་གཞིར་བཟུང་ལག་བསྟར་དགོས་པར་བརྟེན་ས་གནས་སོ་སོའི་མདོ་ཁམས་མི་མང་ཡོངས་ལ་མ་གོ་མ་ཐོས་མེད་པའི་ཁྱབ་བསྒྲགས་དང་ལག་ལེན་དོན་འཁེལ་དགོས་པ་དགོངས་འཇགས་འཚལ།
མདོ་ཁམས་ཆུ་སྒང་སྐབས་བཅུ་དགུ་པའི་དབུས་རྒྱུན་གསར་འདེམས་ཀྱི་འོས་བསྡུའི་ལས་རིམ་དང༌། ལམ་སྟོན་ཁག
༡༽ ལམ་སྟོན་འདི་ས་གནས་སུ་འབྱོར་ཉིན་ནས་བཟུང་འོས་བསྡུ་བྱེད་ཉིན་བར་ས་གནས་སོ་སོའི་ཁྱབ་ཁོངས་མདོ་སྟོད་མི་མང་རང་ལོ་ ༡༨ བཅོ་བརྒྱད་སོན་པ་ཡན་གྱི་མིང་གཞུང་དེབ་འགོད་ཀྱིས་ས་གནས་སུ་ཉར་ཚགས་དགོས་པ་དང་གྲངས་ཐོ་དབུས་སུ་འབུལ་དགོས།
༢༽ མདོ་ཁམས་ཆུ་སྒང་སྐབས་བཅུ་དགུ་པའི་དབུས་རྒྱུན་གྱི་སྔོན་འགྲོའི་འོས་འདེམས་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༢༠ ཉིན་བྱ་རྒྱུ།
༣༽ ས་གནས་སོ་སོའི་མདོ་སྟོད་མི་མང་ཕོ་མོ་ཁྱད་མེད་རང་ལོ་ ༡༨ སོན་པ་ཡོངས་ལ་འོས་འཕེན་རྒྱུའི་ཐོབ་ཐང་ཡོད།
༤༽ ཆུ་སྒང་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་འོས་གཞིར་ཞུགས་པའི་ཐོབ་ཐང་ཡོད།
ཀ༽ མདོ་སྟོད་ཆོལ་ཁའི་མངའ་ཁོངས་སུ་གཏོགས་ཤིང་རང་ལོ་ ༢༥ ཧྲིལ་པོ་ལོན་པ།
ཁ༽ ཁྲིམས་ཁང་ངམ་སྨན་པ་ཚད་ལྡན་ནས་རིག་འཚོ་མ་ཟིན་པ་གསལ་བསྒྲགས་བྱས་པ་མ་ཡིན་པ།
ག༽ དང་བླང་དཔྱ་དངུལ་ལག་དེབ་དང༌། ཆུ་སྒང་ཚོགས་པའི་ངོ་སྤྲོད་ལག་དེབ་ཡོད་པ།
ང༽ བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
ཅ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་ ༣༨ ནང་གསེས་ ༧ ནང་གསལ་ལྟར་བོད་མིའི་ཁེ་ཕན་ལ་གནོད་འགལ་བྱས་རིགས་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་པའི་ཁེ་ཕན་ལ་གནོད་འགལ་བྱེད་མཁན་གྱི་ཚོགས་སྡེ་ཁག་དང་དགྲ་བོ་རྒྱ་དམར་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་ཁུངས་སྐྱེལ་ར་འཕྲོད་བྱུང་བ་མ་ཡིན་པ།
ཆ༽ ཆུ་སྒང་དབུས་རྒྱུན་གྱི་ལས་ཁུར་ཐེངས་གཉིས་ཞུ་བཞིན་པ་མ་ཡིན་པ།
༥༽ རྒྱལ་ཡོངས་མདོ་སྟོད་མི་མང་གི་འོས་བསྡུ་ཆེན་མོ་འདི་བཞིན་དྲང་བདེན་ཚགས་ཚུད་ཡོང་ཆེད་ས་གནས་འོས་བསྡུ་ཚོགས་ཆུང་ནས་འདེམས་བྱེད་མི་མང་གི་བསྐྱར་སྐོར་ཡང་སྐོར་དང༌། མི་གཅིག་གིས་མི་མང་པོའི་འོས་ཤོག་ལྡབ་ལེན་བྱས་པབཅས་མི་ཡོང་ཆེད། འོས་ཤོག་རྩིས་སྤྲོད་བྱེད་རིམ་བཞིན་སྡོད་གནས་སུ་མིང་འགོད་མཚན་རྟགས་འགོད་པར་བལྟ་སྐུལ་ནན་པོ་བྱ་དགོས།
༦༽ སྔོན་འགྲོའི་འོས་འཕངས་ཟིན་མ་ཐག་ས་གནས་སོ་སོའི་འོས་བསྡུའི་ཚོགས་མི་དང་ཟུར་དཔང་མཉམ་ཞུགས་ཀྱིས་འོས་ཤོག་གྲངས་བཤེར་ཟིན་མཚམས་འོས་གཞི་མི་འགྲོའི་་མིང་དང་ཁྱད་མིང་སྡོད་གནས་འོས་ཐོབ་ཀྱི་གྲངས་སོགས་ཁ་གསལ་བཀོད་པའི་བསྡོམས་ཐོར་འོས་བསྡུའི་ཚོགས་མི་དང་ཟུར་དཔང་བཅས་ནས་མཚན་རྟགས་བཀོད་དེ་རས་ཐུམ་དམ་སྦྱར་གྱིས་འཕྲལ་དུ་སྦྲག་བརྒྱུད་དབུས་འོས་བསྡུ་ཚོགས་ཆུང་དུ་ངེས་པར་འབུལ་དགོས་པ་ལས་གློག་འཕྲིན་དང་མགྱོགས་འཕྲིན་བརྒྱུད་གཏོང་ན་མི་འགྲིག་པ་བཅས་དེ་དོན་དགོངས་འཇགས་འཚལ།
ཆུ་སྒང་ས་གནས་ཁག་ནས་འབྱོར་བའི་འོས་བསྡུའི་ཚོགས་མི་རྣམས་་བསྐོ་གཞག་ཞུས་པ་གཤམ་གསལ།
༡༽ ལྡི་ལི། ཚོགས་གཙོ་སྐལ་བཟང་ཆོས་འཕེལ་དང་། ཚོགས་དྲུང་འཕྲིན་ལས་འཇམ་དཔལ། སྐུ་ཞབས་བློ་ཚེ་རིང་། སྡེ་དགེ་རྒྱལ་མཚན།
༢༽ སུན་མཚོ་མན་གསུམ། འགན་འཛིན་གྲགས་པ་རྒྱལ་མཚན། ཟུར་དཔང་དོན་གྲུབ་གཡུལ་རྒྱལ།
༣༽ བསྟན་འཛིན་སྒང། འགན་འཛིན་ཨ་ཁུ་གསེར་གཡང་། བསྟན་འཛིན་སྒྲོལ་མ། ཚེ་བརྟན་སྒྲོལ་མ།
༤༽ མོན་གྷོ། ཚོགས་གཙོ་ཨོ་རྒྱན་ཕུར་བུ། བྱམས་པ་ཡོན་ཏན། བྱམས་པ་ནོར་བུ།
༥༽ སྦིར་སྡེ་དགེ། ཚོགས་གཙོ་ཐུབ་བསྟན་ཕུན་ཚོགས། ཚོགས་གཞོན་ངག་དབང་འཕྲིན་ལས། ཚོགས་མི་དབང་འདུས་རྡོ་རྗེ། ཚེ་རིང་རྡོ་རྗེ། མཁན་པོ་འཇམ་དབྱངས་མཁྱེན་བརྩེ། ཚེ་དབང་སྟོབས་ལྡན།
༦༽ བཀྲིས་ལྗོངས། ཚོགས་གཙོ་ཡེ་ཤེས་ཆོས་རྒྱལ། སྦྱིན་པ་མཐར་ཕྱིན། བསོད་ནམས་དབང་གྲགས།
༧༽ སྦིར་ནང་ཆེན། ཚོགས་གཙོ་ཀརྨ་བློ་གྲོས། ཕུར་བུ་ཚེ་རིང། བསོད་ནམས་ཚེ་རིང།
༨༽ ཁམས་གླིང་ཚང། ཚོགས་གཙོ་བསྟན་པ་རབ་རྒྱས། ཀུན་བཟང་ཆོས་ལྡན། མགོན་པོ་ཚེ་བརྟན། ཡེ་ཤེས་རྒྱ་མཚོ། ཕུན་ཚོགས་དབང་འདུས།
༩༽ ཨ་རི་ཝར་མལ་ས་གནས་ཀྱི་འོས་བསྡུའི་འབྲེལ་མཐུད་པ། སྨར་ཁམས་གྲགས་པ་རྒྱ་མཚོ།
༡༠༽ ཁེ་ཎ་ཌ། ཚོགས་གཙོ། ཨ་ཚང། དྲུང་ཆེ་དང་དངུལ་གཉེར་གཅིག་ལྕོགས། འཇམ་དབྱངས། རྒྱ་སྒོ་ཚང།
འབྲེལ་མཐུད་པ་ཚེ་རིང་ནོར་བུ།
༡༡༽ བྷེལ་ཇམ། ཚོགས་གཙོ་ལི་ཐང་བློ་བཟང་རྡོ་རྗེ། ཚོགས་གཞོན་སྡེ་དགེ་པདྨ་འོད་ཟེར། དྲུང་ཆེ་དཀར་མཛེས་བློ་བཟང་བྱམས་པ།
༡༢༽ མན་སྤར། ཚོགས་གཙོ་གཡུ་རྒྱལ། ཚེ་འགྲུབ། བསྟན་པ་དར་རྒྱས།
༡༣༽ དོན་གྲུབ་གླིང་། ཚོགས་གཙོ་སྒ་པ་ལོ་ཡག གོ་འཇོ་རྟ་མགྲིན།
༡༤༽ ཨོ་རི་ས། ཚོགས་གཙོ་འཇིགས་མེད་ཚེ་བརྟན། ཚོགས་དྲུང་ཀརྨ་རྒྱ་མཚོ། བསམ་གྲུབ་ཚེ་རིང། དོན་གྲུབ་ཚེ་རིང།
༡༥༽ དྷ་ས། ཚོགས་གཙོ་ཨ་བྷོ་དགའ་སྐྱིད། བསོད་ནམས་རྡོ་རྗེ། འཇམ་དགའ།
༡༦༽ ཌལ་ཧོར། ཚོགས་གཙོ་བྱམས་པ་ཕུན་ཚོགས། ཚོགས་དྲུང་ཚུལ་ཁྲིམས་རྡོ་རྗེ། རྩིས་པ་བྱམས་པ་ཆོས་འཕེལ།
༡༧༽ ཏི་ཛུ། ཚོགས་གཙོ་ཆོས་འབྱོར་གྲགས་པ། བྱང་ཆུབ་ཆོས་སྒྲོན། ཚེ་རིང་དོན་གྲུབ། ཟུར་དཔང་རྣམ་གྲོལ་ཚེ་རིང།
༡༨༽ བོན་གཞིས། ཚོགས་གཙོ་ཚེ་རིང་དབང་རྒྱལ། ཚེ་དབང་བཀྲ་ཤིས། ཆོས་རྗེ། མི་འཇིགས། ཚེ་རིང་དབྱངས་འཛོམས།
༡༩༽ སྤུ་རུ་ཝ་ལ། འགན་འཛིན་ཚེ་རིང་སྟོབས་ལྡན། སངས་རྒྱས་རྒྱ་མཚོ། ཚེ་བརྟན།
༢༠༽ ཐའེ་ཝན། ཚོགས་གཙོ་བཀྲ་ཤིས་ཚེ་རིང་། ཚོགས་གཞོན་ལི་ཐང་དགེ་ལེགས། སོག་རྫོང་པདྨ།་བསམ་འཕེལ། པུ་ལི།
༢༡༽ ཧུན་སུར། ཚོགས་གཙོ་ཐུབ་བསྟན། ཚེ་རིང་རྡོ་རྗེ། ཨོ་རྒྱན།
༢༢༽ སིམ་ལ། ཚོགས་གཙོ་ཏྲེ་ཧོར་བསྟན་འཛིན་གསུང་རབ། དགེ་ལེགས་རྣམ་རྒྱལ།
༢༣༽ ནིའུ་ཨིན་ལནཌ། ཚོགས་གཙོ་བསོད་ནམས་རིན་ཆེན། ཁྱུང་པོ་ངག་དབང་རབ་དགའ། བྲག་གཡབ་ཉི་དགའ།
༢༤༽ མ་ན་ལི། འགན་འཛིན་པདྨ་འཇིགས་མེད།(བུ་བཀྲ་ཤིས།) འཕྲིན་ལས་ཆོས་འཕེལ། ཐུབ་བསྟན་རྡོ་རྗེ། བློ་བཟང་མགོན་པོ།
༢༥༽ བལ་ཡུལ། འགན་འཛིན་རིན་ཆེན་ནོར་བུ། འགན་འཛིན་ལས་རོགས་ཚེ་རིང་དར་རྒྱས། འགན་འཛིན་ལས་རོགས་སྟག་གཟིག་ཚུལ་ཁྲིམས། འགན་འཛིན་ལས་རོགས་ཚེ་རིང་ཕུན་ཚོགས། གྲྭ་བྱམས་པ། ཚུལ་ཁྲིམས་རྣམ་དག ཀརྨ་འགྱུར་མེད། ཟུར་དཔང་སྐལ་བཟང་དོན་གྲུབ།
༢༤༽ བདེ་སྐྱིད་གླིང་། འགན་འཛིན་ཁྱུང་པོ་རྡོ་རྗེ། དྲུང་ཆེ་འབའ་བ་རྡོ་རྗེ། འབའ་བསོད་ནམས། ཆབ་མདོ་ཨུ་རྒྱན། འབའ་པ་ཆོས་འཕེལ། ལི་ཐང་བཀྲ་ཤིས།
༢༥༽ ཨ་རི་ཀེ་ཕོ་ནིཡ། འགན་འཛིན་བསྟན་འཛིན། ནམ་མཁའ། ཚེ་རིང་སྒྲོལ་མ།
༢༦༽ ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། འགན་འཛིན་བྲག་གཡབ་བདེ་ཆེན། ནང་ཆེན་ཀུན་དགའ། གོ་འཇོ་བློ་གྲོས།
༢༧༽ ལ་དྭགས། འགན་འཛིན་དགྲ་འདུལ། མཐུ་སྟོབས། ཐུབ་བསྟན་བསྟན་འཛིན།
༢༨༽ ཀམ་རའོ། འགན་འཛིན་སྐལ་བཟང་ཕུན་ཚོགས། ཀརྨ་ཚུལ་ཁྲིམས།
༢༩༽ རཇ་པུར། འགན་འཛིན་མགོན་པོ་རྒྱལ་མཚན། བསྟན་འཛིན་ལྷུན་གྲུབ།
གཞན་རྣམས་ས་གནས་ནས་འབྱོར་རིམ་བཞིན་བསྐོ་གཞག་བྱ་རྒྱུ་ཡིན།
སྐབས་ ༡༩ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་གཞི།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་ ༡༩ པ་ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༦ ཚེས ༡༨ ཉིན་ལས་ཁུར་འགོ་འཛུགས་བྱེད་དགོས་པས་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཚོགས་ཆེན་ཐོག་སྒྲིག་གཞི་དོན་ཚན་ ༥༡ པའི་ནང་གསེས་ ༡། ༢། དགོངས་དོན་གཞིར་བཟུང་ཆུ་སྒང་སྐབས་བཞི་པའི་དབུས་འོས་བསྡུ་ཚོགས་གསར་འཛུགས་གནང་བ་དང་། དབུས་རྒྱུན་སྐབས་ ༡༩ པ་འོས་གཞི་འདོན་ཕྱོགས་གོ་བསྡུར་ལྷུག་པོ་གནང་མཐར་བསྟན་སྲིད་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་རྒན་གཞོན་ཤེས་འཇོན་ཅན་གང་མང་ཞིག་ས་གནས་ཁག་ནས་རྒྱུན་ལས་ཀྱིས་གཏན་འབབ་གནང་སྟེ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབུལ་དགོས་པ་དང་། དེ་ནས་དབུས་རྒྱུན་ལྷན་ཚོགས་ཐོག་གཏན་འབབ་གནང་དགོས་པའི་གྲོས་ཆོད་བཞག་གནང་མཛད་པ་ལྟར། ཕྱི་ལོ་ ༢༠༡༠ ཟླ ༦ ཚེས ༡ ཉིན་དབུས་རྒྱུན་ལྷན་ཚོགས་ཐེངས་ ༨ པའི་ཐོག་ས་གནས་ཁག་ནས་འདེམ་བསྒྲུག་གནང་བའི་འོས་གཞི་རྣམས་ཕྱོགས་བསྡོམས་བྱས་ཏེ་སྔོན་འགྲོའི་འོས་གཞི་མི་གྲངས་ ༢༠ གཏན་ལ་དབབ་སྟེ་འོས་གཞིར་ཚུད་པའི་མི་འགྲོ་སོ་སོར་སྔོན་འགྲོའི་འོས་བསྡུའི་འགྲན་བསྡུར་ནང་ཕེབས་འདོད་ཡོད་མེད་རྒྱུན་ལས་ལྷན་ཚོགས་སྐབས་དེའི་ཐོག་ནས་དོ་བདག་སོ་སོར་བརྡ་ཐོ་བཏང་ཡོད་པ་དང་། གལ་ཏེ་བཀའ་ལན་་མ་འབྱོར་ཚེ་འོས་གཞིར་ཕེབས་འདོད་མེད་པ་རྩ་འཛིན་བྱེད་རྒྱུ་ཡིན་ལུགས་ཞུས་པ་ལྟར། ད་ལན་དངོས་སུ་སྔོན་འགྲོའི་འོས་གཞིར་ཕེབས་འདུན་ཡོད་པའི་དཔར་དང་ལོ་རྒྱུུས་འབྱོར་རིགས་ཀྱི་སྔོན་འགྲོའི་འོས་གཞི་རྣམས་རིམ་འགོད་ཞུ་རྒྱུ་ཡིན།༡༽ཀརྨ་མཁས་གྲུབ། རི་བོ་ཆེ། དབུས་རྒྱུན་ལས།
༢༽དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། ཏྲེ་ཧོར། དབུས་རྒྱུན་ལས།
༣༽ཨ་རྡོ། ནང་ཆེན། དབུས་རྒྱུན་ལས།
༤༽སྐྱུར་ར་དཔའ་རྡོ རྫ་ཆུ་ཁ། དབུས་རྒྱུན་དངུལ་གཉེར།
༥༽གྲའུ་ཚེ་བརྟན། སྒ་པ། དབུས་རྒྱུན།
༦༽ག་ཟི་ཚེ་རིང་པོ། གོ་འཇོ། སྤྱི་འཐུས།
༧༽ངག་དབང་བསྟན་པ། རི་བོ་ཆེ། དབུས་རྒྱུན་དྲུང་གཞོན།
༨༽ཚེ་རིང་རྡོ་རྗེ། དཀར་མཛེས། སྦིར་སྡེ་དགེ་ཆུ་སྒང་ཚོགས་གཙོ།
༩༽བ་ར་ཚེ་དབང་བཀྲ་ཤིས། ཧོར་སྦྲ་ཆེན། བོན་གཞིས་ཆུ་སྒང་ཚོགས་གཙོ།
༡༠༽ཨ་ལྷ་ཚང་བསྟན་འཛིན། ལི་ཐང་། ཁ་ལི་ཕོར་ནིས་ཡ་ཆུ་སྒང་ཚོགས་གཞོན།
༡༡༽ཕུར་བུ་ཚེ་རིང་། ཀོང་པོ། དབུས་རྒྱུན་ལས།
༡༢༽ཀརྨ་གཡུལ་རྒྱལ། གླིང་ཚང་། སྒང་ཏོག་ཆུ་སྒང་ཚོགས་གཙོ།
༡༣༽དཀོན་མཆོག་གཡང་འཕེལ། སྨར་ཁམས། གཞོན་ནུའི་རྒྱུན་ལས།
གོང་གསལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་སྐབས་ ༡༩ པའི་སྔོན་འགྲོའི་འོས་གཞི་མི་གྲངས་ ༢༠ ནས་དབུས་རྒྱུན་སྔོན་འགྲོའི་འོས་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་དང་། ལོ་རྒྱུས། དཔར་བཅས་འབྱོར་བའི་མི་གྲངས་ ༡༣ ལ་སྔོན་འགྲོའི་འོས་གཞི་གཏན་འབབ་བྱས་པ་ཡིན། སྔོན་འགྲོའི་འོས་གཞིིར་ཐོན་པའི་མི་གྲངས་ ༧ ནས་སྙན་ཞུ་དང་། ལོ་རྒྱུས། དཔར་བཅས་མ་འབྱོར་བར་བརྟེན་བརྡ་ཐོ་གཞིར་བཟུང་འོས་གཞིར་ཞུགས་འདོད་མེད་པ་ངོས་འཛིན་བྱས་པ་བཅས་ཡོངས་ཁྱབ་གསལ་བསྒྲགས་སུ།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ཟླ ༧ ཚེས ༢༣ ལ།
སྐབས་ ༡༩ པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་གཞི་རྣམས་ཀྱི་ལོ་རྒྱུས།།
ཕྱི་ལོ་ ༡༩༥༨ ལོར་ཕ་རྡོ་རྗེ་ཚེ་རིང་དང་མ་རྡོ་རྗེ་སྒྲོན་མ་གཉིས་སུ་ཁམས་རི་བོ་ཆེར་སྐྱེས། ཕྱི་ལོ་ ༡༩༦༡ ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ནས་ཐོག་མ་ཨ་སམ་ཏི་ཛུ་དར་རྒྱལ་གླིང་གཞི་ཁོང་དང་དེ་ནས་ཕྱི་ལོ་ ༡༩༦༦ ལོར་ཨོ་རི་ས་ཕུན་ཚོགས་གླིང་གཞས་ཁོངས་སུ་འབྱོར། གཞིས་ཆག་གི་ཉིན་མོར་སློབ་གྲར་སློབ་སྦྱོང་བྱས། ༡༩༧༠ ལོར་དང་སློབ་དམག་སྒར་སློབ་གྲར་སློབ་སྦྱོང་བྱས། ༡༩༧༣ ལོར་ནང་གི་འཚོ་ཐབས་དཀའ་ངལ་དབང་གི་སློབ་གྲྭ་ནས་ཕྱིར་ཐོན་བྱ་དགོས་བྱུང། དེ་ནས་རིམ་བཞིན་གཞིས་ཆགས་ནང་ཕ་མིའི་ཞབས་ཞུ། ཞིང་ལས་དང་ཚོང་ལས་སོགས་སུ་འབེད་བཞིན་ ༡༩༨༥ ལོར་ཀ་ཀྲག་སུང་ཚོང་གི་མཐུས་མི་ལས་འགན་ཁུས། ༡༩༨༩ ནས་ ༡༩༩༠ བར་ལོ་གཅིག་རིང་གཞིན་ཆགས་སུ་དགེ་རྒན་ཕ་མའི་མཐུས་མི་དང་ ༡༩༩༡ ནས་ ༡༩༩༥ བར་ཨོ་རི་ས་ཕུན་ཚོགས་གླིང་མཉམ་འབྲལ་འགན་འཛིན་ལྷན་ཚོགས་དང་ཆུ་སྒང་ས་རྒྱུན་གྱི་ལས་ཁུར་ཞུས། ༡༩༩༥ ནས་ ༡༩༩༨ བར་ལོ་གསུམ་རིང་ཕུན་ཚོགས་གླིང་ས་གནས་འཐུས་ཚོས་སྐབས་གཉིས་པའི་འཐུས་མི་དང། ༡༩༩༨ ནས་ ༢༠༠༡ བར་ལོ་གསུམ་རིང་ས་གནས་འཐུས་ཚོགས་སྐབས་གསུམ་པའི་རྒྱུན་ལས་ཀྱི་ལས་ཁུར། དེ་ནས་ ༢༠༠༢ ནས་ ༢༠༠༤ བར་ཨོ་རི་ས་ཕུན་ཚོགས་གླིང་གཞི་གྲོངས་ལྔ་པའི་སྤྱི་མིའི་ལས་ཁུར་ཞུས། ཕྱི་ལོ་ ༢༠༠༤ ནས་ ༢༠༠༧ བར་ས་འཐུས་སྐབས་ལྔ་པའི་ཚོགས་གཙོའི་ལས་འགན་དང་། གཞན་ཡང་རྒྱ་གར་རྒྱལ་ཡོང་ཚོང་པའི་ལྷན་ཚོགས་ཀྱི་བར་བརྒལ་འགན་འཛིན་ལྷན་ཚོགས་ཀྱི་མཐུས་མི་ལོ་གཉིས། ༢༠༠༨ ནས་རྒྱ་གར་རྒྱལ་ཡོང་ཚོང་པའི་ལྷན་ཚོགས་སྐབས་དང་པོའི་འགན་འཛིན་ལྷན་ཚོགས་ཀྱི་འགན་ཁུར་དང། དེ་སྐབས་ཀ་ཀྲག་སུད་ཚོང་མཐུས་མི་དང། ཨོ་རི་ས་ཕུན་ཚོགས་གླིང་གཞི་ཆགས་སུ་བཀའ་གསལ་ཚོགས་ཆུང་གི་ཚོགས་གཙོ་དང་གསུང་ཆོས་གོ་སྒྲིགས་ཚོགས་ཆུ་གི་འབྲེལ་མཐུད་པ། ཆུ་སྒང་དབུས་རྒྱུན་བཅས་ཀྱི་ལས་འཁུར་ཞུ་བཞིན་ཡིན།
བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ནི། ཆུང་དུས་རང་གི་ཡབ་ཆེན་མཁས་དབང་བློ་བཟང་དོན་ཡོད་ཀྱི་དྲུང་ནས་བོད་ཀྱི་ཐ་སྙད་ རིག་གཞུང་སྒྲ་སྙན་མངོན་སྡེབ། རྒྱལ་རབས་ཆོས་འབྱུང༌། དེབ་ཐེར་ལོ་རྒྱུས། རྒྱའི་སློབ་གྲྭ་ལས་རྒྱ་ཡིག་དང༌། ས་ཁམས། དངོས་ཁམས། ཆབ་སྲིད། ཨང་རྩིས་སོགས་ལའང་བསླབས་ནས་འབྲིང་སློབ་ཐོན། ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་ནས་ཕར་ཚད་ཀྱི་གཞུང་དང་ལམ་རིམ་ལ་བསླབས། ༡༩༨༩ ལོར་རྒྱ་གར་སླེབས་ནས་འབྲས་སྤུངས་སུ་ཞུགས། གཞུང་ཆེན་པོ་ལ་སློབ་གཉེར་འཕྲོ་མཐུད་བྱེད་པའི་ཞོར་དུ། ༡༩༩༣ ནས་བློ་གླིང་གཙུག་ལག་དཔེ་སྐྲུན་ཁང་གི་ཞུ་དག་པ་དང༌། ༡༩༩༥ ལོ་ནས་བློ་གསལ་གླིང་གི་སློབ་གྲའི་དགེ་རྒན་བྱས།
༡༩༩༦ ལོ་ནས་བློ་གསལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་འགན་འཛིན་བྱས། ༡༩༩༧ ལོ་ནས་གངས་སུལ་གྱི་རོལ་དབྱངས་དུས་དེབ་རྩོམ་སྒྲིག་པའི་སློབ་སྟོན་པ་བྱས། ༢༠༠༡ ལོར་ལྡི་ལི་བོད་ཁང་ཟ་མ་ཏོག་གི་རྩོམ་སྒྲིག་ཚོགས་མི་བྱས། ༢༠༠༣ ལོ་ནས་ཨ་མི་རི་ཁ་ཨི་ཌི་ཨ་ན་ Indiana Uགཙུག་ལག་སློབ་གྲྭ་ཆེན་མོར་ལོ་རྒྱུས་རིག་པའི་ཕྱོགས་ཕེབས་དགེ་རྒན་ཆེན་མོ་ བྱས། ༢༠༠༤ ལོར་གཞུང་ལུགས་རབ་བྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག ལོ་དེ་ནས་སྐབས་བཅུ་གཉིས་པའི་དགེ་ལུགས་སྤྱི་འཐུས་བྱས། ༢༠༠༥ ལོ་ནས་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དུ་ྋགོང་ས་མཆོག་གི་མཛད་ རྣམ་རྩོམ་སྒྲིག་པ་དང་ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་བྱས། ༢༠༠༦ ལོ་ནས་སྐབས་བཅུ་བཞི་པའི་དགེ་ལུགས་སྤྱི་འཐུས་བྱས། ༢༠༠༧ ནས་ཝཱ་ཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་B.edདགེ་རྒན་ བྱས། སྔ་ཕྱིར་ཨ་རི་དང༌། འཇར་མན། དབྱིན་ལོན་སོགས་ནུབ་ཕྱོགས་རྒྱལ་ཁབ་དུ་མར་རྒྱལ་སྤྱིའི་བོད་རིག་པའི་ཞུབ་འཇུག་ དང༌། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དུ་མའི་ཐོག་གདན་ཞུས་ བྱུང་བ་ལྟར་འགྲོ་ཁུལ་བྱས་ནས་དེ་དག་ཏུ་བོད་རིག་པའི་དཔྱོད་བརྗོད་དུ་མ་སྤེལ་ ཁུལ་བྱས། གཞིས་བྱེས་གཉིས་ཀྱི་ཆོལ་གསུམ་ཆོས་ལུགས་སེར་སྐྱ་རིས་མེད་ཐོག་རྒྱ་བལ་འབྲུག་ གསུམ་དང༌། སྦོ་རིཡ། ཨིཊ་ལི། འཇའ་མན། ཨ་རི། དབྱིན་ལོན་སོགས་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་སློབ་མ་སྟོང་ཕྲག་དུ་མ་ བསྐྱངས། དུས་དེབ་དང་ཚགས་པར་ཁག་ཏུ་ནང་ཆོས་དང༌། སྙན་ངག ལོ་རྒྱུས། དཔྱད་རྩོམ། སྒྲུང་གཏམ་སོགས་བརྩམས་མང་པོ་སྤེལ། དཔེ་བསྐྲུན་བྱས་ཟིན་པ་དང་མ་ཟིན་པའི་རྩོམ་ཆོས་གླེགས་བམ་ཉི་ཤུ་རྩ་གསུམ་ཙམ་བྲིས།
ཆེ་མིང་རྡོ་རྗེ་གྲགས་པ་བོད་ཤར་ཕྱོགས་ནང་ཆེན་ཟུར་མང་བོན་པོ་ཚང་དུ་༡༩༤༨ ལོར་སྐྱེས་ཤིང་ ༡༩༦༠ ནང་བོད་ཡིག་སློབ་པ་དང་དམར་པོའི་ལྟ་སྤྱོད་ལ་སློབ་སྦྱོང་བྱས། ༡༩༦༩ ནས་རྒྱ་དམར་ལ་ངོ་ལོག་རྒྱབ་ནས་ཁྱུང་པོ། སོག་རྫོང༌། ནག་ཆུ་བཅས་སུ་རྒྱ་དམག་དང་འཐབ་འཁྲུག་ལན་མང་བྱས་མཐར་འབྲུག་ཡུལ་བརྒྱུད་རྒྱ་གར་དུ་འབྱོར། ༡༩༧༢ ནས་མེ་སོར་བདེ་སླར་གཞིས་ཁོངས་སུ་གནས་སྡོད་ཀྱིས་ད་ལྟའི་བར་རང་འཁྲིའི་ཆོས་སྲིད་ཀྱི་ལས་འགན་གང་ཐུབ་ཞུས་པ་མ་ཟད། མི་མང་རྒྱ་སྤྱི་དང༌། རང་བཙན་ཚོགས་མི། མཉམ་འབྲེལ་འགན་འཛིན། ཆུ་སྒང་ས་གནས་རྒྱུན་ལས་དང་ཚོགས་གཞོན་བྱས་དང་བྱེད་མུས་ཐོག ད་ལྟའི་ཆར་སྐབས་བཅོ་བརྒྱད་པའི་ཆུ་སྒང་དབུས་རྒྱུན་འོས་འདེམས་བྱུང་བ་ལྟར་ལས་འཁུར་ཞུ་མུས་བཅས་ལོ་རྒྱུས་མདོར་བསྡུས་སུ།།
གུས་པ་ཆབ་སྲིད་བཙོན་ཟུར་སྐྱུ་ར་དཔལ་རྡོ་ནི་ ༡༩༥༧ ལོར་མདོ་ཁམས་རྫ་ཆུ་ཁའི་མཁར་ནང་སྡེ་བའི་ནང་ཕ་དཔལ་རབ་དང་མ་ཞི་ལྷ་གཉིས་ཀྱི་བུ་རུ་སྐྱེས། ༡༩༥༨ ནས་ ༡༩༧༨ མ་ཟིན་བར་རྟ་ཟོག་ལས་སྡུག་པའི་འཚོ་བ་སྐྱེལ་དགོས་བྱུང་། དེ་ཡང་ ༡༩༧༨ ལོ་ཕྱུགས་ཟོག་སྨན་པ་སློབ་སྦྱོང་བྱེད་རྒྱུ་གོ་སྐབས་ཐོབ། རང་གི་འབད་བརྩོན་ལ་བརྟེན་ནས་སློབ་སྦྱོང་མཐར་ཕྱིན་བྱས་རྗེས། ཕྱུགས་ཟོག་སྨན་པབྱེད་བཞིན་པའི་སྐབས་ ༡༩༨༠ ནས་ ༡༩༩༠ བར་མཁར་ནང་གྲོང་སྡེ་ལྔ་པའི་ཏུའུ་ཀྲང་དང་དམར་ཤོག་ཚོགས་པའི་འཐུས་མི་སྤྱི་ཚོགས་བདེ་འཇག་སྲུང་སྐྱོབ་བཅས་ཀྱི་ལས་འགན་ཁུར་བ་ཡིན། ༡༩༩༢ ནས་ ༡༩༩༦ བར་འཁར་ནང་སོ་དགོན་པའི་གཙུག་ལག་ཁང་ཆེན་པོའི་གསར་གཞེང་བྱེད་རྒྱུ་གཉེར་པ་བྱས་། ༡༩༩༦ ལོར་ལྷ་ཁང་ཡོངས་སུ་རྫོགས་པ་ལེགས་གྲུབ་བྱུང་ནས་མཁར་ནང་ཡང་སྤྲུལ་རིན་པོ་ཆེ་མཆོག་གིས་ཆེ་སྟོད་དང་ཕྱག་རྟགས་གནང་བྱུང་བས་སེར་སྐྱ་མི་མང་ཡོངས་ཀྱི་རྗེས་སུ་ཡིད་རང་དང་དགའ་བསུ་ཐོབ། ཡང་བསྐྱར་ ༡༩༩༦ ལོར་སྔར་མཁར་ནང་སོ་དགོན་པ་ལ་རྒྱལ་བ་བྱམས་པའི་སྐུ་ཕུ་ཁྲི་ ༧༥ ཡོད་པ་ཟངས་གསེར་གྱི་སྐུ་བརྙན་དེ་ ༡༩༥༨ ལོར་ཤུལ་མེད་དུ་ཕྱིན་འདུག་པས་ཡང་བསྐྱར་གཞེང་རྒྱུ་གཉེར་པ་གཉིས་དགོས་ཀྱི་འདུག་གསུང་པ་ལྟར་དགོན་པའི་ལས་སྣེ་ཆེན་མོ་ཚང་མ་འཛོམས་ཐོག་འོས་གཞི་སེར་སྐྱ་མི་བདུན་ནང་ནས་གཉིས་ལ་འོས་འཕེན་བྱས་འདུག་པས་ཕྲན་དང་གོང་འཕེལ་
སྦེལ་ལྗམ་ས་གནས་མདོ་ཁམས་ཆུ་སྒང་གིས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་བསྒྲགས་མཛད་སྒོ་ཟབ་རྒྱས་ཞིག་འཚོགས་པ།
སྦེལ་ལྗེམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གནས་ཚུལ་བཏང་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླདེ་ལས་མང་བའི་རྩོམ་ཡིག...
- སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་བཀའ་ཁྲིའི་སྔོན་འགྲོའི་འོས་གཞི།
- མདོ་ཁམས་དབུས་ཆུ་སྒང་གི་མཛད་གཙོ་རྣམ་པ་ས་གནས་ཁག་ཏུ་འཚམས་གཟིགས་ཕེབས་པ།
- མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐབས་ ༡༨ པའི་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་འཚོགས་གནང་བ།
- སྐབས་བཞི་པའི་ཆུ་སྒང་དབུས་འོས་བསྡུ་ཚོགས་ཆུང་བསྐོང་འཚོགས་གནང་བ།
- ཨ་རིའི་ནིའུ་ཡོག་མདོ་ཁམས་ཆུ་སྒང་གིས་༸གོང་ས་མཆོག་མཇལ་ཁ་ཞུས་པ།
ཤོག་ངོས། 1 of 7
















