བ་ཡུལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐབས་གསུམ་པའི་རྒྱུན་ལས་ར
ཀརྨ་རྒྱལ་མཚན། ཕ་ཡུལ་སྡེ་དགེ། ཚོགས་གཙོ།
དཔལ་ལྡན་རྒྱ་མཚོ། ཕ་ཡུལ་ཚ་བ་སྒང༌། ཚོགས་གཞོན།
ཀརྨ་ཟླ་བ། ཕ་ཡུལ་ནང་ཆེན། དྲུང་ཆེ།
ཉི་མ་རྒྱལ་མཚན། ཕ་ཡུལ་ཁྱུང་པོ། དྲུང་གཞོན།
སྒྲོལ་མ་ཚེ་རིང༌། ཕ་ཡུལ་ནང་ཆེན། དངུལ་གཉེར།
ཡེ་ཤེས་སྒྲོལ་མ། ཕ་ཡུལ་རི་བོ་ཆེ། རྩིས་པ།
འཇམ་དབྱངས་བསྟན་འཛིན། ཕ་ཡུལ་ལི་ཐང༌། དྲིལ་བསྒྲག་འགན་འཛིན།
ཀར་རྡོ། ཕ ་ཡུལ་སྡེ་དགེ། དཔལ་འབྱོར་འགན་འཛིན།
སྐལ་བཟང་དབང་རྒྱལ། ཕ ་ཡུལ་སྡེ་དགེ། རིགས་གཞུང་འགན་འཛིན།
ཚེ་རིང༌། ཕ་ཡུལ་གོ་འཇོ། མཐུན་འབྲེལ་འགན་འཛིན།
ཆོས་རྒྱལ། ཕ ་ཡུལ་བྲག་ཡབ། མཐུན་འབྲེལ་འགན་འཛིན།
ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༡༥ ཉིན་བ་ཡུལ་ས་གནས་རྒྱུན་ལས་ཁང་ནས།
༄༅། བལ་ཡུལ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་བསྡོམས་སྙིང་བསྡུས།
སྤྱི་ལོ་ ༢༠༠༨ ཟླ་བ་ ༨ ཚེས་ ༢༤ ནས་སྤྱི་ལོ་ ༢༠༠༩ ཟླ་བ་ ༣ ཚེས་ ༢༤ བར་གྱི་ལོ་འཁོར་ལས་བསྡོམས་གཤམ་གསལ།
དང་པོ། སྤྱི་ལོ་ ༢༠༠༨ ཟླ་བ་ ༨ ཚེས་ ༢༠ ཉིན་རྒྱུན་ལས་གསར་རྙིང་དབར་དངུལ་དངོས་དང་ཡིག་ཆ་བཅས་རྩིས་ལེན་རྩིས་སྤྲོད་བྱས་ཡོད།
གཉིས་པ། སྤྱི་ལོ་ ༢༠༠༨ ཟླ་བ་ ༩ ཚེས་ ༢༩ ཉིན་བལ་ཡུལ་དྺང་བླངས་མི་དམངས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ཐང་དུ་ངོ་རྒོལ་བྱས་སྐབས་བོད་མི་ ༧༠ ལྷག་ཙམ་འཛིན་བཟུང་བྱས་པ་རྣམས་ལ་བཙོན་ཁང་དུ་ཟ་མ་ཐེངས་མང་སྐྱེལ་ཡོད། དེ་ནས་སྣེ་ལེན་ཁང་དུ་སྐྱེལ་རྗེས་ཉིན་གུང་ཟ་མ་དང་ཆུ་གྲང་མོ་བཅས་སྐྱེལ་ཡོད།
གསུམ་པ། སྔ་ལོ་གོང་ས་མཆོག་གི་བཀའ་འབྲེལ་དམིགས་གསལ་ཚོགས་ཆེན་གྱི་སྔོན་འགྲོའི་ཚོགས་འདུ་ཞིག་བལ་ཡུལ་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་གྲ་སྒྲིག་བྱས་པའི་འོག་ཏུ་བོད་མི་ ༥༠༠ ལྷག་ཙམ་འདུ་མཛོམས་བྱུང་བ་ལ་ཉིན་གུང་ཞལ་ལག་གང་རྒྱས་དྲངས་ཡོད།
བཞི་པ། སྤྱི་ལོ་ ༢༠༠༨ ཟླ་བ་ ༡༢ ཚ྄ེས་ ༡༠ ཉིན་སྐུ་ངོ་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་བལ་ཡུལ་དུ་ཕེབས་སྐབས་རྒྱུན་ལས་གསར་པ་རྣམས་ངོ་སྤྲོད་དང་མཚམས་འདྲི། གསོལ་ཚིགས་འདེགས་འབུལ་ཞུས་ཡོད། སྐབས་དེར་སྐུ་ངོ་མཆོག་གིས་བོད་དོན་དང་ཆུ་སྒང་སྒྲིག་འཛུགས་བཅས་དང་འབྲེལ་བའི་བཀའ་སློབ་ཟབ་རྒྱས་གནང་ཡོད།
ལྔ་པ། སྤྱི་ལོ་ ༢༠༠༩ ཟླ་བ་ ༢ ཚེས་ ༡༠ ཉིན་བོད་ཚེས་གནམ་གང་དང་སྟབས་བསྟུན་ནས་ལོ་སྔོན་མ་བོད་དུ་ངོ་རྒོལ་སྐབས་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་ཆེད་དུ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མདུན་ཐང་དུ་མར་མེ་ཁྲོམ་བསྐོར་གྱི་གྲ་སྒྲིག་ཞུས་པས་མི་དམངས་སྟོང་ཕྲག་བརྒལ་བ་འདུ་འཛོམས་བྱུང་ཡོད།
སྤྱི་ལོ་ ༢༠༠༩ དང་ ༢༠༡༠ ལོའི་ལས་བསྡོམས་སྙིང་བསྡུས་གཤམ་གསལ།
དང་པོ། ཆོས་རིགས་ལས་ཁུངས་གིས་གསལ་བསྒྲགས་གནང་དོན་བཞིན་ཆུ་སྒང་ས་གནས་རྒྱུན་ལས་ཁང་གིས་སྤྱི་ལོ་ ༢༠༠༩ ཟླ་བ་ ༨ ཚེས་ ༨ ཉིན་འཇོ་ལ་ཁེ་དང་ཚེས་ ༡༥ དང་ ༡༦ བཅས་སུ་ཉིན་གཉིས་ཀྱི་རིང་མཆོད་འཇོ་ཁང་གསར་དུ་མ་ནི་དང་གུ་རུ་སོགས་བསྟན་སྲིད་ཀྱི་རིམ་གྲོ་ཁག་གསོག་བསྒྲུབ་བྱས་ཡོད།
གཉིས་པ། མདོ་ཁམས་ཆུ་སྒང་དབུ་བརྙེས་པའི་དུས་དྲན་སྲུང་བརྩི་ཟབ་རྒྱས་ཞུས་ཡོད།
གསུམ་པ། མདོ་ཁམས་དབུས་རྒྱུན་ཚོགས་གཙོ་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་རྣམ་གཉིས་ལྷན་འཛཽམས་བྱུང་བ་ལ་གསོལ་ཚིགས་འདེགས་འབུལ་དང་འདི་གའི་རྒྱུན་ལས་རྣམས་ངོ་སྤྲོད་དང་ས་རྒྱུན་གྱི་ལས་དོན་སྙན་སྒྲོན་ཞུས་ཡོད།
བཞི་པ། མདོ་ཁམས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཧིན་སྒོར་ ༡༥༠༠༠།༠༠ ཐམ་པ་གནང་བྱུང་བར་འདི་གའི་ས་གནས་ཁག་གི་ཉམ་ཐག་གྲངས་བཅུ་གཉིས་ལ་བགོ་འགྲེམས་བྱས་ཡོད།
ལྔ་པ། གོང་ས་མཆོག་གི་ནོར་ཝེ་ཞི་བདེའི་གཟེངས་རྟགས་དུས་ཆེན་ཉིན་ལོ་ལྟར་དཔལ་འབྱོར་འཚོལ་སྒྲུབ་ཆེད་མཚན་ཚོགས་ཆས་གོས་ངོ་སྤྲོད་བྱེད་སྲོལ་ཡོད་མོད། ན་ནིང་ནས་བཟུང་ཆས་གོས་ངོ་སྤྲོད་ཁྲབ་སྟོན་ཕྱིར་བསྡུས་ཀྱིས་བོད་དུ་དཀའ་སྡུག་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མདུན་དུ་མར་མེ་ཁྲོམ་སྐོར་བྱས་ཡོད།
དྲུག་པ། སྤྱི་ལོ་ ༢༠༡༠ ཟླ་བ་ ༡༢ ཚེས་པ་ ༡༢ ཉིན་ཤེལ་དཀར་དགོན་པའི་དགུ་འཆམ་སྐབས་ས་རྒྱུན་རྣམས་བཅར་ཡོད།
བདུན་པ། སྤྱི་ཟླ་ ༢ ཚ྄ེས་པ་ ༡༧ ཉིན་ས་རྒྱུན་རྣམས་ཡོང་དགེ་མི་འགྱུར་རིན་པོ་ཆེ་ཡི་དགོན་པའི་དབུ་འབྱེད་མཛད་སྒོར་བཅར་ཡོད།
བརྒྱད་པ། གནས་མཆོག་ལུམ་བིའི་ནིའི་ས་གནས་སུ་དཔལ་ས་སྐྱ་གོང་མ་རིན་པོ་ཆེ་གསེར་ཁྲིར་མངའ་གསོལ་ཞུས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་མཛད་སྒོར་དང་བརྟན་བཞུགས་སྐབས་ཚོགས་གཙོ་གཙོས་པའི་རྒྱུན་ལས་རྣམས་བཅར་ཡོད། ཁྲ་འགུ་དགོན་པ་དང་སྤྲུལ་སྐུ་ཨོ་རྒྱན་རིན་པོ་ཆེ་ཡི་ཡང་སྲིད་ཁྲི་འདོན་དང་ཆགས་མེད་རིན་པོ་ཆེ་ཡི་དགོན་པ་བཅས་ཀྱི་དབུ་འབྱེད་མཛད་སྒོའི་སྐབས་རྒྱུན་ལས་རྣམས་རིམ་པ་ལྟར་བཅར་ཡོད། བསམ་གཏན་གླིང་དགོན་པར་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་མཛད་སྒོ་ཁག་ཚང་མ་ལ་རྒྱུན་ལས་རྣམས་བཅར་ཡོད།
དགུ་པ། བལ་ཡུལ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱིས་དབུས་ཀྱི་སྒྲིག་གཞི་གཞིར་བཟུང་བྱས་ནས་ས་གནས་ཀྱི་སྒྲིག་གཞི་ཞིག་གསར་བཟོ་དང་དབུས་རྒྱུན་གྱིས་འགྲེམས་སྤེལ་བྱས་པའི་བརྙན་འཁོར་སླར་ཡང་འདྲ་བཤུས་བྱས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཉིན་མི་དམངས་ལ་འགྲེམས་སྤེལ་བྱས་ཡོད།
བལ་ཡུལ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་སྤྱི་ལོ་ ༢༠༠༩ ཟླ་བ་ ༣ ཚེས་ ༢༤ ནས་སྤྱི་ལོ་ ༢༠༡༠ ཟླ་བ་ ༢ ཚེས་ ༢༣ བར་གྱི་རྩིས་ཁྲ་གཤམ་གསལ།
བྱུང་བ།
མ་དངུལ་ལྷག་བསྡད་སྒོར་ ༡༦༧༣༧༥༧།༠༠
ཚོགས་མིའི་ལག་དེབ་གསར་བཟོ་དང་དུས་སྲིང་བྱས་པ་ལ་བྱུང་བའི་སྒོར་
༩༧༢༥།༠༠
སྟོད་ཐུང་བཙོང་པ་ལ་ཁེ་སྤོག་བྱུང་བའི་སྒོར་ ༦༥༥༠།༠༠
རྟེན་དོད་ཤོག་ཆག་ནས་བྱུང་བའི་སྒོར་ ༡༠༣༡༠།༠༠
དདུལ་ཁང་ནས་བསྐྱེད་ཁ་བྱུང་བའི་སྒོར་ ༨༥༢༦༦།༥༡
བྱུང་བ་ཁག་ཁྱོན་བསྡོམས་སྒོར་ ༡༨༤༩༦༠༨།༥༡
སོང་བ།
མར་མེ་ཁྲོམ་སྐོར་སྐབས་འགྲུལ་བཞུད་ཆེ་སོང་བའི་སྒོར་ ༥༦༠༠།༠༠
སྐུ་རིམ་གྱི་ཆེ་དུ་སོང་བའི་སྒོར་ ༢༡༦༣༥།༠༠
ཆུ་སྒང་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་ཆེད་དུ་སོང་བའི་སྒོར་ ༢༧༠༢༨།༠༠
ལས་ཁུངས་ཀྱི་ཁང་གླ་ལ་སོང་བའི་སྒོར་ ༡༩༢༠༠།༠༠
ཞལ་འདེབས་ཕུལ་བ་ལ་སོང་བའི་སྒོར་ ༤༦༥༠།༠༠
འགན་འཛིན་ལྷན་ཚོགས་དང་ཆུ་སྒང་ལྔ་བཅུ་དུས་དྲན་སོ་སོར་ལྡེ་ལིརཚོགས་བཅར་དུ་ཕྱིན་པའི་སྐབས་སུ་སོང་བའི་སྒོར་ ༣༣༩༧༥།༠༠
སྤྱི་འཐུས་གཡུང་དྲུང་རྒྱལ་མཚན་དང་ས྄པསྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་གཉིས་ལ་གསོལ་ཚིགས་ཕུལ་བར་སོང་བའི་སྒོར ༧༠༠༠།༠༠
ས་སྐྱ་གོང་མ་རིན་པོ་ཆེ་གསེར་ཁྲི་མངའ་སྲོལ་ཞུས་ནས་ལོ་ལྔ་བཅུ་འཁོར་བའི་སྐབ྄ས་བརྟན་བཞུགས་ཆེད་དུ་སོང་བའི་སྒོར་ ༡༠༠༠༠།༠༠
ལས་དོན་དང་ཅ་དངོས་ཆུང་ཙག་རིགས་ལ་སོང་བའི་སྒོར ༣༣༧༠༥།༠༠
སོང་བ་ཁག་ཁྱོན་བསྡོམས་སྒོར་ ༢༦༢༧༩༣།༠༠
གོང་གསལ་བྱུང་སོང་ཁ་ཐམ་ནས་ལྷ་བསྡད་སྒོར་ ༡༦༨༦༨༡༥།༥༡
དངུལ་ཁང་དུ་བཅོལ་འཇོག་བྱས་པའི་སྒོར་ ༡༥༠༠༠༠༠།༠༠
དངུལ་གཉེར་གྱི་ལག་པར་ཡོད་པའི་སྒོར་ ༡༨༦༨༡༥།༠༠
བལ་ཡུལ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་ལས་བསྡོམས་དང་རྩིས་ཁྲ་སྙིང་བསྡུས་སུ།
བལ་ཡུལ་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་ཕུལ།།
















