དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།96
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།96
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3210
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118077

Online (20 minutes ago): 11
Your IP: 38.107.179.238
,
Today: May 20, 2012

མོན་གྷོ་མདོ་ཁམས་ཆུ་སྒང་ས་གནས་རྒྱུན་ལས་མིང་གཞུང་གཤམ་ལ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

བསྟན་འཛིན་ཆོས་རྒྱལ། ཚོགས་གཙོ།

བློ་བཟང་སྙན་གྲགས། ཚོགས་གཞོན།

བྱམས་པ་ཡོན་ཏན། ཚོགས་གཞོན།

ར་སྟོད་ཤེས་རབ། དྲུང་ཡིག

ཀོང་པོ་ཕུར་བུ་ཚེ་རིང་། རྩིས་པ།

བསྟན་འཛིན། དངུལ་གཉེར།

དགེ་བཤེས་ཉི་མ་དབང་ཕྱུག། རྒྱུན་ལས།

བང་ཆེན་གསར་འགོད་པ་ཐུབ་བསྟན་བཀྲིས། རྒྱུན་ལས།

བྱམས་པ་ནོར་བུ། རྒྱུན་ལས།

བསྟན་འཛིན་བློ་བཟང་། རྒྱུན་ལས། 

བསྟན་འཛིན་འཇམ་དཔལ། རྒྱུན་ལས།

༄༅།   མོན་གྷོ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་སྤྱི་ལོ་ ༢༠༠༩ ལོའི་ཟླ་བ་ ༣ ཚེས་ ༢༥ ནས་སྤྱི་ལོ་ ༢༠༡༠ ཟླ་བ་ ༣ ཚེས་ ༢༡ བར་གྱི་ལས་བསྡོམས་གཤམ་གསལ། 

འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་པའི་ཐོག་ཆེད་དུ་ཕེབས་པའི་མདོ་ཁམས་ཆུ་སྒང་འཐུས་མི་ཡོངས་ལ་ཞུ་རྒྱུ། 

སྤྱི་ལོ ༢༠༠༩ ཟླབ་ ༤ ཚེས་ ༢༠ ཉིན་ཚོགས་གཙོ་དང་དྲུང་ཆེ་གཉིས་འགན་ལྷན་ཚོགས་ཐེངས་སོ་དགུ་པའི་ཐོག་ཚོགས་བཅར་བྱས་ནས་ཕྱིར་འཁོར་དུས་ས་གནས་རྒྱུན་ལས་ཚང་འཛོམས་ཐོག་འགན་འཛིན་ལྷན་ཚོགས་ཐེངས་སོ་དགུ་པའི་གྲོས་ཆོད་ཁག་རེ་རེ་བཞིན་ངོ་སྤྲོད་དང་གསལ་བསལ་བཤད་བྱས། དབུས་རྒྱུན་གྱི་ལས་དོན་བྱེད་ཕྱོགས་སྤྱིར་དང༌། ཁྱད་པར་དུ་རྩིས་ཁྲའི་སྐོར་ཁམས་དྭངས་དང་ཚགས྄་ཚུད་འདུག་པས་ང་ཚོས་ཡིད་ཆེས་དང་རེ་བ་བློ་འགེལ་བྱེད་འོས་པ་སོགས་ཡིན་པ་འགྲེལ་བརྗོད་ཞིབ་ཕྲ་ཞུས་ཡོད། 

དང་པོ། ཕྱི་ལོ་ ༢༠༠༩ ཟླ་བ་ ༦ ཚེས་ ༨ ཉིན་ས་རྒྱུན་ཚང་འཛོམས་བྱས་ཏེ་དྲུག་པའི་བཅུ་དྲུག་གི་དུས་དྲན་དང་ལྔ་བཅུ་མཇུག་བསྡོམ་མཛད་སྒོ་ཇི་ལྟར་བྱ་རྒྱུ་སྐོར་གྲོས་བསྡུར་དང་སེར་སྐྱ་མི་དམངས་གང་མང་ཕེབས་ཆེད་གསལ་བསྒྲགས་ཡིག་ངག་གཉིས་ཐོག་ནས་ཤུགས་ཆེར་བྱས། 

གཉིས་པ། མི་དམངས་རྒྱས་འཛོམ་ཐོག་ཆུ་སྒང་སྒྲིག་འཛུགས་ངོ་སྤྲོད་དང་འབྲེལ་སྒྲིག་འཛུགས་འདི་ཉིད་ཚགས་ཚུད་དང་ཡར་རྒྱས་དཔེ་མེད་སོང་བ་ལ་ཚང་མས་བསྔགས་བརྗོད་བྱེད་ཀྱིན་འདུག  

གསུམ་པ། ད་ལྟར་ས་གནས་ཡར་རྒྱས་གཏང་ཕྱོགས་ཐད་ས་རྒྱུན་དང་མང་ཚོགས་ཚང་མས་མཉམ་རུབ་བྱ་དགོས་པའི་རེ་བསྐུལ་ཞུ་རྒྱུ་དང༌། དེ་ལྟར་བྱུང་ན་དབུས་ས་གཉིས་ཀ་ཡར་རྒྱས་དང་སྟོབས་ཤུགས་ནུས་ཅན་དུ་འགྱུར་བ་དང་སྒྲིག་འཛུགས་འདི་ཉིད་རང་བཞིན་གྱི་ལོ་རྒྱུས་ལྡན་པ་དང་སྔོན་བྱོན་རྒན་རབས་མེས་པོ་རྣམས་པ་དང་རྗེས་སུ་མཐུན་པ་སོགས་ཀྱི་ངོ་སྤྲོད་བྱ་རྒྱུ་བྱས་ཡོད།  

བཞི་པ། སྤྱི་ལོ་ ༢༠༠༩ ཟླ་བ་ ༦ ཚེས་ ༡༥ ཉིན་ཡིག་ངག་གཉིས་ཐོག་ནས་གསལ་བསྒྲགས་སྔོན་སོང་ལྟར། མོན་གྷོ་ནོར་བུ་རི་ཡི་མགོར་སེར་སྐྱ་མང་ཚོགས་འཛོམས་ཏེ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་འདི་དབུ་རྙེས་ནས་མི་ལོ་ལྔ་བཅུ་འཁོར་བ་དང་ལྔ་བཅུའི་མཇུག་བསྡོམ་མཛད་སྒོ་དབུ་བཙུགས་ནས་དགེ་འདུན་པ་དང་བཙུན་མ་བརྒྱ་ཕྲག་ལྷག་ཙམ་གྱིས་ལྷ་བསང་དང་རྒྱལ་བའི་ཞབས་བརྟན་གྲུབ་པ་དང༌། མཛད་རིམ་ལྟར་ཚོགས་གཙོ་ལགས་ཀྱིས་དབུས་ཀྱི་བཀའ་ཤོག་སྒྲོག་སྦྱང་དང༌། སྤྱི་ཟུར་འཆི་མེད་མེད་རྡོ་རྗེ་ལགས་ཀྱིས་ཆུ་སྒང་གི་ལོ་རྒྱུས་དང་འབྲེལ་ལམ་སྟོན་བཀའ་སློབ་གནང༌། དྲུང་ཆེ་ལགས་ཀྱིས་དུས་དྲན་ངོ་སྤྲོད་དང་འབྲེལ་དབུས་ས་གཉིས་ཀྱི་སྒྲིག་འཛུགས་ངོ་སྤྲོད་དང༌། ལག་དེབ་དམར་པོ་དང་ངོ་སྤྲོད་ལག་ཁྱེར་བཟོ་སྟང་དང་དེ་ཡི་ཕན་ཐོག་དགོས་མཁོ་བཅས་གསུང་གྲུབ་པ་དང་མཛད་སྒོ་རྒྱལ་ཁའི་ངང་གྲོལ། 

ལྔ་པ། ཕྱི་ལོ ༢༠༠༩ ལོའི་ཟླ་བ་ ༦ ཚེས་ ༢༢ ཉིན་རྒྱུན་ལས་རྣམས་འཛོམས་ནས་དེ་སྔོན་གྱི་བྱུང་སོང་རྣམས་མ་དེབ་ཐོག་ཏུ་ཐོ་འགོད་བྱས་པ་དང༌། མ་ཟད་ས་གནས་རྒྱུན་ལས་ལ་ཅ་དངོས་ཇི་ཡོད་ཐོ་དེབ་ནང་གསལ་པོ་བཀོད་ཡོད། མ་དངུལ་དངུལ་ཁང་ནང་བཞག་མིན་གྲོས་བསྡུར་བྱས་པ་ལྟར་དུས་ཐོག་ཏུ་དངུལ་ཁང་ནང་བཞག་པ་དང༌། ལག་དེབ་དམར་པོ་བཟོ་སྟང་དང་ཆ་རྐྱེན་ཇི་དགོས་སྐོར་ལ་གྲོས་བསྡུར་ལྷུག་པོ་བཅས་བྱས་ཡོད། 

དྲུག་པ། ཕྱི་ལོ་ ༢༠༠༩ ཟླ་བ་ ༩ ཚེས་ ༤ ཉིན་རྒྱུན་ལས་འཚོགས་ཏེ་ལས་ཤོག་དང་ལས་ཐམ་ཇི་ལྟར་བཟོ་དགོས་མིན་གྲོས་བསྡུར་བྱས་པ་ལྟར་ལས་ཤོག་དེབ་གྲངས་བཅུ་དང་ལས་ཐམ་སྤུས་ལེགས་བཅས་གསར་བཟོས་བྱས་ཡོད། 

བདུན་པ། ཕྱི་ལོ་ ༢༠༠༩ ཟླ་བ་ ༩ ཚེས་ ༢༡ ཉིན་དབུས་ནས་གནང་བའི་མི་ལོ་ལྔ་བཅུའི་རིང་གི་མདོ་ཁམས་ལོ་རྒྱུས་ཕྱོགས་བསྒྲིགས་ཀྱི་དེབ་ཕྲེང་ཁག་ཕྱོགས་སོ་སོར་རྒྱུད་སྤྲོད་བྱས་ཡོད། 

བརྒྱད་པ། དེ་མིན་མཚམས་འདྲི་དང་མཛད་སྒོ་ཁག་ལ་མགྲོན་ཤོག་དང་མགྲོན་བརྡ་འབྱོར་བ་ལྟར་དུས་ཐོག་ཏུ་སོང་བ་དང་ཁྱིམ་ཚང་གཉིས་ལ་ཡང་སེམས་གསོའི་ཆེད་མཆོད་མེའི་ཞལ་འདེབས་སྤྲད་ཡོད། 

དགུ་པ། ཕྱི་ལོ་ ༢༠༡༠ ཟླ་བ་ ༣ ཚེས་ ༦ ཉིན་གདན་ས་ཆེན་པོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དང་རྙིང་མ་གྲྭ་ཚང་དེ་ཡི་ཉེ་འཁོར་གྱི་གྲོང་སྡེ་ཁག་བཅས་ལ་ལག་དེབ་དམར་པོ་བཟོ་འབུལ་བྱས་པ་དང་ཡང་ཚེས་བདུན་ཉིན་གདན་ས་ཆེན་པོ་དཔལ་ལྡན་འབྲས་སྤུངས་དང་ས་སྐྱ་གྲྭ་ཚང་དེ་ཡི་ཉེ་འཁོར་གྱི་གྲོང་སྡེ་ཁག་བཅས་ལ་ལག་དེབ་དམར་པོ་བཟོ་འབུལ་བྱས་པ་སོགས་མོན་རྒོ་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་ལས་བསྡོམ་སྙིང་བསྡུས་སུ།།

མོན་གྷོ་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་བ་ ༢ ཚེས་ ༢༡ ཉིན་ཕུལ།། 

 

མོན་གྷོ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་སྤྱི་ལོ་ ༢༠༠༨ ཟླ་ ༡༠ ཚེས་ ༢༡ ནས་ ༢༠༡༠ ཟླ་ ༢ ཚེས་ ༢༠ བར་ལོ་གཅིག་དང་ཟླ་བ་བཞི་ཡི་རིང་གི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་བཤམ་གསལ།

                      བྱུང་བ།  

 ལོ་སྔོན་མའི་ལྷག་བསྡད།                      ༡༣༧༡༥།༠༠  

 དུས་དྲན་སྐབས་ཤོག་ཆག་ནས༌།                   ༤༠།༠༠ 

 བསྐྱེད་ཁ་ནས།                              ༣༢༩།༠༠

དབུས་ལས་ཁུངས་ནས།                       ༡༥༠༠༠།༠༠

སྟོད་ཐུང་གྲངས་ལྔ་བཅུ་ང་གཅིག་གཙོང་པ་ལ།       ༣༧༢༠།༠༠

ལག་དེབ་དམར་པོ་བཟོས་པ་ལ།                  ༡༥༥༤༢།༠༠

བྱུང་བ་ཁག་བསྡོམས་ན།                      ༤༨༣༤༦།༠༠

                      སོང་བ།

ཡིག་ཆ་འགྲེམས་སཕེལ་དང་སྦྲག་གླ་སོགས་ལ།           ༥༩༤།༠༠

ཐུགས་གསོ་དང་མཚམས་འདྲི་སོགས་ལ།             ༥༢༥།༠༠

དུས་དྲན་འཇུག་བསྡོམས་སྐབས་ལ།                ༡༩༣༨།༠༠

རྒྱུན་ལས་འཚོགས་སྐབས་ཇ་དང་ཟ་མ་སོགས་ལ།        ༥༧༥།༠༠

སྟོད་ཐུང་གི་རིན་འབབ་དབུས་ལ་སྤྲད་པ་ལ།          ༧༠༠༠།༠༠

ལས་ཤོག་དང་ལས་ཐམ་གསར་བཟོ་བཅས་ལ།        ༣༧༤༥།༠༠

སོང་བ་ཁག་བསྡོམས་ན།                       ༡༤༣༧༧།༠༠

གོང་གསལ་བྱུང་སོང་ཁག་ཁ་ཐམ་ནས་ལྷག་སྒོར།    ༣༣༩༦༩།༠༠

མོན་གྷོ་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་སྙིང་བསྡུས་སུ།

མོན་གྷོ་ས་གནས་ཆུ་སྒང་ཆུ་ལས་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་བ་ ༢ ཚེས་ ༢༡ ཉིན་ཕུལ།།