མེན་སྤར།
མན་སྤར་ས་གནས་ཆུ་སྒང་རྒྱུན་ལས་རྣམས་ཀྱི་མཚན་གཞུང་།
བསྟན་པ་དར་རྒྱས། ཕ་མིང་ཀརྨ་གྲུབ་དབང༌། ཕ་ཡུལ་སྡེ་དགེ་ལྷ་ཐོག སྐབས་བཅུ་བཞི་པ་དང་བ

ཅོ་ལྔ་པའི་ས་གནས་ཆུ་སྒང་ཚོགས་པའི་དངུལ་གཉེར་གྱི་ལས་ཁུལ་ཞུ་བཞིན་ཡོད།
གངས་ས་གཡུལ་རྒྱལ། རང་ལོ་ ༦༧ དང་ཕ་མིང་ངག་དབང་དམ་ཆོས་དང༌། ཕ་ཡུལ་ནང་ཆེན། སྐབས་ ༡༤ པའི་ཚོགས་གཚོ་གཞོན་པའི་ལས་ཁུར་ཞུས་པ་དང༌། སྐབས་ ༡༥ པའི་ཚོགས་གཙོའི་ལས་གནས་ཞུ་མོས་སུ།

ཟླ་བ་ཕུན་ཚོགས། སྐབས་ ༡༤ ནས་ ༡༥ བར་ས་གནས་མཐུན་འབྲེལ་འགན་འཛིན་གྱི་འགན་ཁུར་བཞིན་ཡོད་པའི་ལོ་རྒྱུས་སུ།
འཕྲིན་ལས་ཕུན་ཚོགས། ཕ་ཡུལ་སྨར་ཁམས། ཕ་ཡུལ་ཤོ་རྟ་ལྷོ་གསུམ། ༡༩༧༤ ནས་ ༡༩༧༠ ཕྱག་ལས་གནང་བ་དང༌། ཡང་སྐྱར་ ༡༩༨༣ ནས་ ༡༩༨༩ བར་སོགས་ལ་ཕྱག་ལས་གནང༌། སྐབས་དྲུག་རིང་ཚོགས་གཞོན་གྱི་ལས་ཁུར་ཞུས་པ་དང༌། ཚོགས་གཚོ་ཐེངས་བཞི་གནང་འདུག་ལ་སྐབས་བཅོ་ལྔ་པའི་ཚོགས་གཞོན་གྱི་ལས་འགན་ཞུ་ བཞིན་ཡོད་པའི་ལོ་རྒྱུས་མདོར་བསྡུས་སུ།
རྟ་མགྲིན་ཚེ་རིང༌། ཕ་མིང་བྲམ་ཟེ་དང་ཕ་ཡུལ་ནང་ཆེན། ༢༠༠༣ ནས་ ༢༠༠༦ བར་སྐབས་བཅུ་བཞི་པའི་ཚོགས་ཚོའི་ལས་འགན་ཞུས་པ་དང༌། ད་ལྟ་སྐབས་བཅོ་ལྔ་པའི་རྩིས་པའི་ལས་ཁུར་ཞུ་བཞིན་ཡོད་པའི་ལོ་རྒྱུས་མདོར་ བསྡུས་སུ།
སངས་རྒྱས་བསྟན་འཛིན། ཕ་ཡུལ་རྒྱལ་སྟོང༌། ༡༩༨༩ ནས་ ༡༩༩༣ བར་སྐབས་དགུ་པའི་ཚོགས་གཙོ་གནང་བ་དང༌། སྐབས་དྲུག་པའི་ཚོགས་གཞོན་གྱི་ལས་འགན་དང༌། སྐབས་བཅོ་ལྔ་པའི་ས་གནས་དྲུང་ཡིག་གི་ལས་འགན་ཞུ་མོས་སུ།
སྨོན་ ལམ། ཕ་ཡུལ་རྒྱ་དམ་ནས་ཡིན། སྐབས་ ༡། ནས་ ༡༥ བར་ས་གནས་ཆུ་སྒང་ཚོགས་པའི་གཉེར་པའི་འགན་ཁུར་བཞིན་པ་བཅས་སུ།
༄༅། མན་པར་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་ ༢༠༠༩ ཟླ་བ་ ༣ ནས་ ༢༠༡༠ ཟླ་བ་ ༢ པའི་བར་གྱི་ལས་བསྡོམས་སྙིང་བསྡུས་གཤམ་གསལ།
ཆབ་སྲིད་ལས་འགུལ།
སྤྱི་ལོ་ ༢༠༠༩།༣།༥ ཉིན་རྒྱལ་ཡུམ་ཆེན་མོའི་སྐུའི་འཁྲུངས་སྐར་དང༌། དགེ་རྒན་ཕ་མའི་དུས་ཆེན་ཉིན་གཞིས་ཆགས་ཉིན་སློབ་དགེ་ཆེ་མཆོག་གིས་མགྲོན་ཤོག་གནང་བ་ལྟར་ཚོགས་གཙོ་ངོ་བཅར་ཞུས།
༢༠༠༩།༣།༧ ཉིན་གཞིས་ཆགས་ཉིན་སློབ་ཀྱི་ལོ་འཁོར་རྩེད་འགྲན་གྱི་ཉིན་མོར་སློབ་གྲྭ་ནས་མགྲོན་ཤོག་འབྱོར་བ་ལྟར་ཚོགས་གཙོ་ཆེད་བཅར་ཞུས།
༢༠༠༩།༣།༡༠ ཉིན་སུམ་བཅུ་དུས་དྲན་ཉིན་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་མཛད་རིམ་གཏན་འབེབས་གནང་བ་ལྟར་ས་གནས་མདོ་ཁམས་ཆུ་བཞི་སྒ྄ང་དྲུག་གི་རྒྱུན་ལས་དང་ཚོགས་མི་ཡོངས་ནས་མཉམ་བཞུགས་ཀྱིས་མར་མེ་ཁྲོམ་བསྐོར་སོགས་ལས་འགུལ་ཐུན་མོང་ཐོག་སྤེལ་ཡོད།
སྤྱི་ ལོ་ ༢༠༠༩།༤།༢ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་སྐབས་བཅོ་བརྒྱད་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༣༩ པ་ལྡི་ལིར་འཚོགས་པའི་གྲོས་གཞི་གྲོས་ཆོད་དང་རྩིས་ཁྲ། ལས་བསྡོམས་རྣམས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་མི་མང་ཚོགས་ལ་གསལ་བསྒྲགས་ཞུས་ཡོད།
སྤྱི་ལོ་ ༢༠༠༩།༥།༡ ཉིན་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་ས་གནས་མི་དམངས་རྒྱས་འཛོམས་ཚོགས་འདུ་བསྡུ་སྐོང་ཐོག་སྐྱབས་མགོན་ཆེན་པོའི་སྐུ་དཔར་གདན་འདྲེན་ཞུས་ཏེ་མང་ཚོགས་ཀྱིས་མཇལ་དར་དང་རིམ་པས་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་སྐུ་དཔར་ལ་མཇལ་དར་བཅས་ཕུལ་ནས་གསོལ་ཇ་དང་འབྲས་བསིལ་འདེགས་འབུལ་ཞུས་མཚམས། ཚོགས་འདུ་འགོ་འཛུགས་ཀྱིས་ཚོགས་གཙོ་དང་དྲུང་ཆེ་རྩིས་པ་རྣམས་ཀྱིས་འགན་འཛིན་ལྷན་ཚོགས་ཀྱི་གྲོས་གཞི་གྲོས་ཆོད་ལས་བསྡོམས་རྩིས་ཁྲ་སོགས་མང་ཚོགས་ལ་གསལ་བསྒྲགས་བྱས།
མདོ་ཁམས་ཆུ་སྒང་དབུས་ས་གཉིས་ཀྱི་འདས་པའི་བྱུང་རབས་དང༌། མ་འོངས་འཆར་གཞི། ད་ལྟའི་ལག་བསྟར། གཞན་ཡང་སྐབས་བཅུ་དྲུག་པའི་ས་གནས་རྒྱུན་ལས་འོས་འདེམས་བྱེད་ཕྱོགས་ཐོག་རང་དོན་རང་གཅེས་ཀྱིས་དོ་སྣང་དང་འགན་ཁུར་གནང་དགོས་ཀྱི་འབོད་བསྐུལ་སོགས་ཚོགས་འདུའི་ཐོག་རྒྱས་བཤད་ཡག་པོ་བྱས། དེ་ཉིན་གསོལ་ཚིགས་ཉིན་ཁྱོན་ས་གནས་རྒྱུན་ལས་ཀྱིས་གྲ་སྒྲིག་བྱས།
སྤྱི་ ལོ་ ༢༠༠༩།༦།༡༦ ཉིན་མདོ་ཁམས་ཆུ་སྒང་ལྔ་བཅུ་དུས་དྲན་མཇུག་བསྡོམས་མཛད་སྒོར་ས་གནས་ཚོགས་གཙོ་ཆེད་བཅར་བྱས།
སྤྱི་ལོ་ ༠༠༩།༦།༡༦ ཉིན་ས་གནས་སུ་ཆུ་སྒང་དབུ་བརྙེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་པ་ལ་སྔ་དྲོ་ཆུ་ཚོད་བརྒྱདཔའི་ཐོག་དྭགས་གྲྭའི་དགེ་འདུན་པ་རྣམས་གདན་ཞུས་ཀྱིས་གསང་གསོལ་རྟེན་འབྲེལ་དང༌། གོང་ས་མཆོག་གི་སྐུ་དཔར་ལ་མན་ཌལ་རྟེན་གསུམ་འདེགས་འབུལ་ཞུས། རིམ་པས་མང་ཚོགས་ཀྱིས་མཇལ་ཁ་ཞུས་ནས་གསངས་གསོལ་ལྷ་རྒྱལ་འཐེན་གྲུབ་མཚམས། ཉིན་སློབ་མདུན་ཐང་དུ་དངོས་གཞི་མཛད་སྒོ་འཚོགས་ཏེ་རྒྱལ་དར་སྒྲེང་འཛུགས་དང་རྒྱལ་གླུ་བཏང༌། ཚོགས་གཞོན་གྱིས་དབུས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་ཆུ་སྒང་གི་ལོ་རྒྱུས་དང་འབྲེལ་བའི་གསུང་བཤད་གནང༌། སྐུ་མགྲོན་གཙོ་བོ་ས་གནས་འགོ་འཛིན་གྱིས་གཞོན་ནུ་རྣམས་ལ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གནང༌། དེ་ཉིན་ཐུགས་སྤྲོའི་སྟོན་མོའི་ཉིན་ཁྱོན་གསོལ་ཚིགས་ས་གནས་རྒྱུན་ལས་ཀྱིས་གྲ་སྒྲིག་དང་དགོང་མོ་མཛད་སྒོ་རྒྱལ་ཁའི་ངང་གྲོལ།
སྤྱི་ལོ་ ༢༠༠༩།༧།༦ ཉིན་གོང་ས་སྐྱབས་མགོན་ཆེན་པོའི་འཁྲུངས་ཚེས་ཀྱི་མཛད་རིམ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གནང་འབྱོར་བྱུང་བ་ལྟར། ས་གནས་ཆུ་སྒང་ཚོགས་གཙོ་གཙོས་པའི་ས་གནས་རྒྱུན་ལས་རྣམ་པ་ཆེད་བཅར་ཞུས།
དེ་ཉིན་མདོ་ཁམས་ཆུ་སྒང་དྭང་བླངས་དམག་ཟུར་རྣམས་ལ་དབུས་སྤྱི་ཁྱབ་ལས་ཁུངས་ཀྱིས་གནང་བའི་གཟེངས་སྟོད་ལག་ཁྱེར་རྣམས་ས་གནས་འཐུས་ཚོགས་དང་ས་གནས་འགོ་འཛིན་གཉིས་ཀྱིས་དོ་བདག་སོ་སོར་སྩལ་གནང་མཛད།
སྤྱི་ལོ་ ༢༠༠༩།༧།༩ ཉིན་ས་གནས་ཆུ་སྒང་སྐབས་བཅུ་དྲུག་པའི་རྒྱུན་ལས་འོས་བསྡུ་གྲ་སྒྲིག་ཆེད། འོས་བསྡུ་སྒྲིག་གཞི་དོན་ཚན་ ༥༡ ནང་གསལ་ལྟར་ས་གནས་མདོ་ཁམས་མི་དམངས་ནང་ནས་ཤེས་འབྱོན་གཉིས་ལྡན་དང་ལྷག་བསམ་ཅན་རྒྱུན་ལས་ནང་སླེབས་ཐུབས་པ་དགོས་རྒྱུ་དང༌། དེ་སྔོན་ས་གནས་རྒྱུན་ལས་མུ་མཐུད་ཐེངས་གཉིས་བྱས་ཟིན་པ་ཕུད་དེ་མིན་ཕོ་མོ་ཁྱད་མེད་ལ་འོས་འཕེན་ཆོག་པ་སོགས་ཀྱི་གསལ་བསྒྲགས་དང་སྔོན་འགྲོའི་འོས་བསྡུ་གྲུབ་པར་བྱས།
སྤྱི་ལོ་ ༢༠༠༩།༧།༡༦ ཉིན་ས་རྒྱུན་སྐབས་ ༡༦ པའི་དངོས་གཞི་འོས་བསྡུ་བྱས་པར་འོས་ཐོན་མི་གྲངས་ ༡༥ ནས་རྩེ་ཏོག་གིས་ཚོགས་གཙོ་བློ་ལྡན། ཚོགས་གཞོན་པད་མ་རྒྱལ་མཚན། དྲུང་ཆེ་ཀརྨ་བསམ་འགྲུབ། དངུལ་གཉེར་ཚེ་འགྲུབ། རྩིས་པ་ཀུན་དགའ་བཀྲ་ཤིས། གཉེར་པ་དོན་འགྲུབ་ཆོས་འཕེལ། མཐུན་འབྲེལ་འགན་འཛིན་བསྟན་འཛིན་ངག་དབང་བཅས་ལ་འོས་ཐོབ་བྱུང་བ་ལྟར་གཏན་འབེབས་བྱས།
སྤྱི་ལོ་ ༢༠༠༩།༧།༡༤ ཉིན་སེར་སྐྱ་མི་དམངས་དམིགས་བསལ་ཚོགས་འདུ་བསྐོང་ཏེ་སྒྲིག་གཞི་དོན་ཚན་ ༤༩།༥༠།༥༡ བཅས་གཞིར་བཟུང་མི་དམངས་ཀྱིས་འོས་འདེམས་བྱས་པའི་ས་གནས་རྒྱུན་ལས་གསར་རྙིང་ གཉིས་ཨོང་སྟེག་བརྗེ་ལེན་གྱིས་གོང་ས་མཆོག་གི་སྐུ་དཔར་མདུན་དམ་འབུལ་གྲུབ་པ་དང་ཚང་མ་བཞུགས་གྲལ་ལ་འཁོད་དེ་མ་འོངས་བྱ་འཆར་སོགས་ཀྱི་སྐོར་བགྲོ་གླེང་ཞིབ་རྒྱས་བྱས།
སྤྱི་ལོ་ ༢༠༠༩།༨།༡༥། ཉིན་གཞིས་ཆགས་ཉིན་སློབ་ཀྱིས་མགྲོན་ཤོག་འབྱོར་བ་ལྟར་ངོ་བཅར་དང༌། བོད་ལྗོངས་དམངས་གཙོའི་དུས་ཆེན་མཛད་སྒོའི་ཐོག་ཚོགས་གཙོ་མཉམ་བཞུགས་ཀྱིས་གཏམ་བཤད་བྱས།
སྤྱི་ལོ་ ༢༠༠༩།༩།༣༠ ཉིན་རྒྱུན་ལས་གསར་རྙིང་གཉིས་ཀྱི་བར་རྩིས་སྤྲད་རྩིས་ལེན་དངས་གཙང་ཐོག་དངོས་རིག་དང་ཚོགས་ཁང་དེ་བཞིན་ལག་ཡོད་ཚོགས་པའི་མ་དངུལ་གྲངས་ ༤༤༥༤༢།༠༠ ཡོད་པ་རྩིས་སྤྲོད་བྱས།
སྤྱི་ལོ་ ༢༠༠༩ ཟླ་བ་ ༡༠ ཚེས་ ༣ ཉིན་བདག་ཉིད་ཆེན་པོ་གྷན་རྡིའི་འཁྲུངས་སྐར་དུས་ཆེན་ཉིན་གཞིས་ཆགས་འགོ་འཛིན་ལས་ཁུངས་གི་གསལ་བསྒྲགས་ནང་གསལ་ལྟར་སློབ་གྲྭའི་ལོ་འཁོར་ཁྲབ་སྟོན་འགྲན་བསྡུར་སྦེལ་ཀོབ་གཞིས་ཆགས་སུ་བྱས་པ་ནས་མན་པར་གཞིས་ཆགས་ཀྱི་ཉིན་སློབ་ལ་ཨང་རིམ་དང་པོ་ཐོབ་པར་གཟེང་བསྟོད་དུ་ཕྲུ་གུ་རྣམས་ལ་བྱ་དགའ་སྒོར། ༥༠༠།༠༠ ཐམ་པ་དང་མཇལ་དར་རེ་བཅས་ས་གནས་རྒྱུན་ལས་ཀྱིས་ཕུལ་ཡོད།
དེ་བཞིན་སློབ་གྲྭའི་དགེ་རྒན་རྣམས་ལ་མཇལ་དར་རེ་ལེགས་འབུལ་དུ་ཕུལ་ཡོད། ༸གོང་ས་མཆོག་གི་ཞི་བདེའི་གཟེངས་རྟགས་དུས་ཆེན་ཉིན་འགོ་འཛིན་ལས་ཁུངས་ཀྱིས་མཛད་རིམ་གནང་བ་ལྟར་དུས་ཆེན་གྱི་མཛད་སྒོར་བཅར་ཡོད།
སྤྱི་ལོ་ ༢༠༡༠།༡།༢༣ ཉིན་མང་ཚོགས་ཀྱིས་༸གོང་ས་མཆོག་སྐུ་ཚེ་བརྟན་པ་དང་ཐུགས་དགོངས་འགྲུབ་པའི་སླད་ཉིན་གསུམ་རིང་སྒྲོལ་བསྟོད་གྲངས་ ༡༥༠༠༠ དང་སྒྲོལ་དཀར་གྱི་གཟུངས་སྔགས་གྲངས་ ༡༠༧༧༠༠ ཐམས་པ་གསོག་སྒྲུབ་བྱས།
སྤྱི་ལོ་ ༢༠༡༠།༡༣༠ ཉིན་བོད་རྒྱལ་འབྲེལ་མོལ་ཐེངས་དགུ་པ་ལམ་ལྷོངས་ཡོང་བའི་ཆེད་ཉིན་གཉིས་རིང་སྒྲོལ་བསྟོད་གྲངས་ ༡༠༣༦༠ གསོག་སྒྲུབ་བྱས་ནས་གྲངས་ཐོ་ས་གནས་འགོ་འཛིན་ལས་ཁུངས་སུ་ཕུལ་ཡོད།
མན་པར་ས་གནས་ཆུ་སྒང་རྒྱུན་ལས་རྣམས་ཀྱི་མཚན་ཐོ་གཤམ་གསལ།
༡། ཚོགས་གཙོ། བློ་ ལྡན།
༢། ཚོགས་གཞོན། པད་མ་རྒྱལ་མཚན།
༣། དྲུང་ཆེ། ཀརྨ་བསམ་འགྲུབ།
༤། དངུལ་གཉེར། ཚེ་འགྲུབ།
༥། རྩིས་པ། ཀུན་དགའ་བཀྲ་ཤིས།
༦། གཉེར་པ། དོན་འགྲུབ་ཆོས འཔེལ།
༧། མཐུན་འབྲེལ་འགན་འཛིན། བསྟན་འཛིན་ངག་དབང༌།
བཅས་ལ་གཏན་འཁེལ་ཡོད། མན་པར་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་ལས་བསྡོམས་མདོར་བསྡུས་སུ།
མན་སྤར་ས་གནས་ཆུ་བཞི་སྒང་དྲུག་གི་རྒྱུན་ཟུར།

བཀྲ་ ཤིས་རྒྱལ་མཚན། ཕ་ཡུལ་རི་བོ་ཆེ་དང༌། ཕ་མིང་ལ་གར་དབང་ཟེར། ༡༩༩༣ ནས་ ༢༠༠༣ བར་སྐབས་ ༡༠། ༡༡། ༡༢། ༡༣། བཅས་སུ་དཀའ་ངལ་བྱུང་བའི་སྐབས་ཚོགས་གཙོའི་ལས་འགན་གནང་འདུག་པའི་ལོ་རྒྱུས་སུ།


བྱམས་ པ་རིན་ཆེན། ཕ་ཡུལ་ཚ་རོང༌། སྐབས་ ༡། ༢། ༣། ༤། ༥། ༧། ༨། བཅས་ལ་ས་གནས་རྒྱུན་ལས་ཀྱི་ཚོགས་མིའི་ལས་འགན་ཞུས།
ཚ་རོང་ཨོ་རྒྱན་ དམ་པ། ཕ་ཡུལ་ཚ་ཁ་ལྷོ་བ་ནས་ཡིན། སྐབས་དྲུག་པའི་ཚོགས་པའི་ལས་འགན་ཞུས་ཡོད།
སྐུ་གཤེགས་བློ་བཟང་ཆོས་གྲགས། ཕ་ཡུལ་འབའ་བ་ནས་ཡིན། ༡༩༨༠ ནས་ ༡༩༨༣ བར་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་གནང་ཡོད་པ་བཅས་སུ།
ཆ་ འཕྲིན་ངག་དབང༌། ཕ་ཡུལ་ཆ་འཕྲིན་ནས་ཡིན། ༡༩༦༦ ནས་ ༡༩༧༤ བར་སྐབས་ ༡། ༢། ༣། བཅས་ལ་ས་གནས་ཚོགས་གཙོའི་ལས་འགན་གང་ལེགས་གནང་ཡོད་པ་བཅས་སུ།
















