སྐབས་ལྔ་པའི་མ་ན་ལིའི་ས་གནས་རྒྱུན་ལས་རྣམས་ཀྱི་ལོ་རྒྱུས།
ཚོགས་གཙོ། པདྨ་འཇིགས་མེད།
སྐྱེས་ལོ། ༡༩༦༠།༡༢།༡༠ ལུང་ཚན་སྡེ་དགེ་སྦིར་ནང་ཆེན་གཞིས་ཆགས་ཁོངས་ནས་ཡིན་པ་དང༌། ཕྱི་ལོ་ ༡༩༨༥ ལོ་ཙམ་ནས་གཉེན་སྒྲིག་བྱས་པ་ནས་བཟུང་འཚོ་བའི་མདུན་ལམ་ལས་གཞིའི་སྒང་ནས་ཀུ་ལུ་མ་ན་ལིའི་ཁུལ་དུ་འབྱོར་ཏེ་ས་གནས་མ་ན་ལིའི་རྒྱུན་ཞུགས་གནང་མཁན་ཞིག་ཡིན། ས་གནས་ཀུ་ལུ་མ་ནི་ལིའི་བོད་མིའི་སྐྱབས་བཅོལ་ཚོང་པའི་བདེ་དོན་ནང་ཚོསག་མི་རྣམས་ནས་འོས་འདེམས་གནང་བ་བཞིན་སྐབས་གཉིས་རིང་འཐུས་མིའི་ལས་ཁུར་ཞུས་ཡོད། དེ་བཞིན་སྦིར་ས་གནས་སུ་མི་ནང་ནས་འོས་འདེམས་བྱུང་བ་བཞིན་ཕྱི་ལོ་ ༢༠༠༡ ནས་ ༢༠༠༦ བར་སྐབས་གཉིས་རིང་ས་གནས་འཐུས་མི་ཚོགས་འདུའི་འཐུས་མིའི་ཕྱག་ལས་གནང་ཡོད། ས་གནས་ཆུ་སྒང་རྒྱུན་ལས་སྐབས་གསུམ་ཙམ་གནང་ཚར་བ་དང༌། ད་ལྟ་སླར་ཡང་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་ཚོགས་གཙོའི་ལས་འགན་གནང་མུས་ཡིན་པའི་ལོ་རྒྱུས་སུ།
ཚོགས་གཞོན། བློ་བཟང་མགོན་པོ།
སྐྱེས་ལོ། ༡༩༦༥།༣།༡༥། ལུང་ཚན་སྡེ་དགེ། ཕྱི་ལོ་ ༡༩༨༦ ལོར་བལ་ཡུལ་བརྒྱུད་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་རྗེས་སྦིར་སུ་ཇ་སློབ་གྲྭར་ལོ་གཉིས་རིང་སློབ་སྦྱོང་གནང༌། སློབ་གྲྭ་ནས་ཐོན་རྗེས་རྡ་ས་དབུས་སྨན་རྩིས་ཁང་དུ་ལོ་ངོ་གཉིས་རིང་མ་བྱན་ཆེན་མོའི་འགན་ཁུར་དང༌། ལྡི་ལིའི་སྨན་རྩིས་ཁང་ནང་ཕྱི་ལོ་ ༡༩༩༡ ནས་ ༡༩༩༩ བར་ལོ་ངོ་དགུ་ཙམ་རིང་འབྲེལ་མཐུད་ལས་ཁུངས་ཀྱི་ཁང་གཉེར་ལས་འགན་ཞུས་གནང་ཡོད་པ་དང༌། ཕྱི་ ༡༩༩༨ ལོར་མ་ན་ལིར་གཉེན་སྒྲིག་བྱས་པ་ནས་བཟུང་གཟའ་ཟླ་ནང་མིའི་འཚོ་བའི་ལས་གཞི་ནང་ཞུགས་ཡོད། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་འོས་འཕངས་པ་བཞིན་ས་རྒྱུན་དངུལ་གཉེར་ལས་ཐོག་དང་ས་གནས་ཆུ་སྒང་རྒྱུན་ལས་སྐབས་གཅིག་རིང་གནང་ཚར་བ་དང༌། ད་ལྟ་སླར་ཡང་ས་གནས་ཆུ་སྒང་རྒྱུན་ལས་ཚོགས་གཞོན་གྱི་ལས་འགན་གནང་མུས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།
སྐྱེས་ལོ། ༡༩༣༧ དང་ལུང་ཚན་ཚ་བ་རོང་པ་ནས་ཡིན། ཕྱི་ལོ་ ༡༩༥༩ ལོར་སྒང་ཐོག་བརྒྱུད་རྒྱ་གར་དུ་འབྱོར་རྗེས་ཕྱི་ལོ་ ༡༩༦༠ ལོར་ཀུ་ལུ་མ་ན་ལིའི་ཁུལ་དུ་འབྱོར། དེ་ནས་བཟུང་མ་ན་ལིར་གཏན་སྡོད་བྱེད་མཁན་ཞིག་དང༌། ཐོག་མར་ཡུལ་མིའི་མཉམ་དུ་རྟ་དྲེལ་གྱི་ལས་ཀ་སོགས་འཚོ་བའི་མདུན་ལམ་གྱི་ལས་གཞི་འདྲ་མིན་ནང་ཞུགས། དེང་གཟའ་ཟླ་བུ་ཕྲུག་ནང་མི་རྣམས་ས་གནས་འདིར་ཚོང་ཆུང་ཙག་འགའ་རྒྱག་བཞིན་ཡོད་ལ། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་ཡང་གནང་མྱངས་ཡོད་ལ། ས་གནས་ཆུ་སྒང་ཚོགས་པའི་རྒྱུན་ལས་སྐབས་གསུམ་རིང་གནང་ཡོད་པ་དང༌། ད་ལྟ་སླར་ཡང་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་དངུལ་གཉེར་གནང་བཞིན་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།
སྐྱེས་ལོ། ༡༩༦༥།༣།༡ དང་ལུང་ཚན་ཚ་བ་རོང་པ། ཆུང་དུས་པ་ཏི་ཀུལ་དུ་བུ་ཁྱིམ་སློབ་གྲྭ་དང་ཌལ་ཧོལ་བོད་གཞུང་གཏན་སློབ་ནང་འཛིན་རིམས་བཅུ་པ་བར་སོང༌། ཕྱི་ལོ་ ༡༩༨༥ ལོར་འཛིན་རིམ་བཅུ་པ་ཐོས་རྗེས་མ་ན་ལིའི་ཕ་མ་གཉིས་ཀྱི་རྩར་འཚོ་བའི་མདུན་ལམ་གྱི་ལས་གཞི་ནང་ཞུགས། ཕྱི་ལོ་ ༡༩༩༩ ནས་ ༢༠༠༡ བར་ས་གནས་རང་བདེན་ཚོགས་ཆུང་གི་འཐུས་མི་དང༌། ཕྱི་ལོ་ ༢༠༠༤ ནས་ ༢༠༠༦ བར་ས་གནས་མི་མང་ནས་འོས་འདེམས་གནང་བ་བཞིན་ས་གནས་འཐུས་མིའི་ཚོགས་པའི་ཚོགས་གཙོའི་ལས་འགན་གནང་ཡོད། དེའི་ནང་ཚུད་ཕྱི་ལོ་ ༡༩༩༨ ནས་ ༢༠༠༠ བར་ས་གནས་གཞོན་ནུའི་དྲུང་ཆེའི་ལས་འགན་དང་ས་གནས་ཆུ་སྒང་རྒྱུན་ལས་སྐབས་གཉིས་རིང་གནང་ཡོད་པ་དང༌། ད་ལྟ་སླར་ཡང་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་དྲུང་ཆེའི་ལས་འགན་གནང་མུས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།
༄༅། མ་ན་ལི་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་ལས་བསྡོམས་སྙིང་བསྡུས།
སྤྱི་ལོ་ ༢༠༠༩ ཟླ་བ་ ༤ ཚེས་ ༢༠ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་དང་ལས་རོགས་གཅིག་བཅས་ས་གནས་སུ་མཚམས་གཟིགས་བྱུང་སྐབས་ས་རྒྱུན་ཚོགས་གཙོས་མཚམས་འདྲི་དང་མཇལ་དར་ཕུལ་ཡོད།
སྤྱི་ལོ་ ༢༠༠༩ ཟླ་བ་ ༥ ཚེས་ ༡༧ རྡོ་སྦི་དཔལ་རབ་གླིང་གཞིས་ཆགས་སུ་བདེ་དོན་ལས་ཁུངས་མི་དམངས་ཚོགས་ཁང་ནང་ས་གནས་འགོ་འཛིན་ལས་ཁུངས་དང་ས་གནས་མཐུས་ཚོགས་ཟུང་འབྲེལ་གྱིས་བཞུགས་མོལ་ཚོགས་འདུ་བསྐོང་ཚོགས་གནང་སྐབས་ཆུ་སྒང་ས་རྒྱུན་ཚོགས་གཙོ་མཉམ་བཞུགས་བྱས་ཡོད།
སྤྱི་ལོ་ ༢༠༠༩ ཟླ་བ་ ༥ ཚེས་ ༢༠ ཉིན་བོད་མི་དམངས་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན་ལག྄ས་དང་ཚེ་རིང་པོ་ལག྄ས་གཉིས་ས་གནས་སུ་མཚམས་གཟིགས་བྱུང་སྐབས་མཚམས་འདྲི་མཇལ་དར་ཕུལ་བ་དང་ཆབས་གཅིག་སྤྱི་འཐུས་རྣམ་པ་གཉིས་དང་ས་གནས་འགོའཛིན། ས་འཐུས་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་ཁོང་རྣམ་པ་ལ་གསོལ་ཇ་དང་བཞེས་གཏོགས་འདེགས་འབུལ་ཞུས་ཡོད།
སྤྱི་ལོ་ ༢༠༠༩ ཟླ་བ་ ༦ ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༡ འཁོར་བའི་དུས་དྲན་མཛད་སྒོ་མ་ན་ལི་བོད་དགོན་དགའ་ལྡན་ཐེག་མཆོག་གླིང་ནང་ཚུགས་ཡོད། མཛད་སྒོའི་ཐོག་ས་གནས་འགོ་འཛིན་དང་ས་འཐུས། རང་བདེན་ཚོགས་ཆུང། གཞོན་ནུ། བུད་མེད། ཆོལ་ཁ་གཞན་གྱི་འཐུས་མི་བཅས་ཕེབས་ཡོད།།
མ་ན་ལི་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཀྱི་ལས་བསྡོམས་སྙིང་བསྡུས་སུ།
མ་ན་ལི་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་ཕུལ།།

















