དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།92
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།92
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3206
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118073

Online (20 minutes ago): 7
Your IP: 38.107.179.238
,
Today: May 20, 2012

གླིང་གཞིས་གནས་ཆུ་སྒང་རྒྱུན་ལས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཐུབ་བསྟན། ཚོགས་གཙོ།
ཨོ་རྒྱན་འགྱུར་མེད། དྲུང་ཆེ།
ཚུལ་ཁྲིམས་བཀྲིས། དངུལ་གཉེར།
སྐར་མ་དབང་ཕྱུགས། རྩིས་པ།
དཀོན་མཆོག་ཆོས་འཕེལ། རྒྱུན་ལས།
གླིང་ཚང་བ་ཡ་སྟག་ཚང་ཐུབ་བསྟན་གྱི་ལོ་རྒྱུས་མདོ་བསྡུས།

ཁྱིམ་མིང་ལ་ཡ་སྟག་ཚང་ཟེར་གྱི་ཡོད། ང་རང་མིང་ལ་ཡ་སྟག་ཐུབ་བསྟན་ཟེར། གླིང་ཚང་རྒྱལ་པོའི་ཕོ་བྲང་གི་འགྲམ་དུ་སྡོད་མཁན་ཡིན། ཕྱི་ལོ་ ༡༩༥༦ ལོར་རྒྱ་མིའི་བརྩོན་ཁང་ནང་ཟླ་བ་དགུ་བསྡད་པ་ཡིན། སྐབས་དེར་ང་ཚོ་མི་བརྒྱད་གྲོས་བྱས་རྗེས་ང་རང་སྔོན་ལ་རྒྱུགས་ནས་རྒྱ་མིའི་བརྩོན་སྲུང་ལག་ནས་མེ་མདའ་དང་ལག་འབོམ་བཞི་འཕྲོག་ཐུབ་པ་བྱུང་བ་དང༌། རོགས་པ་གཉིས་ནས་ཀྱང་དེ་ག་རང་འཕྲོག་ཐུབ་པ་བྱུང་འདུག ང་ཚོས་རྒྱ་དམག་བརྩོན་སྲུང་བཞི་བསད་ནས་མི་ཉི་ཤུ་རྩ་ལྔ་བརྩོན་ནས་བྲོས། དེ་ནས་བྱང་ཨ་ཆེན་གང་རྒྱབ་ནས་ཡོང་སྐབས་རི་དགས་ཀྱི་ཤ་མ་གཏོགས་མི་ཟས་གང་ཡང་མེད་པར་ཡོང་པ་ཡིན། དེ་ནས་ལ་དྭགས་ལ་འབྱོར་ཞིང་དེ་གར་ལོ་གསུམ་བསྡད། དེ་ནས་མ་ན་ལིར་ཡོང་ཞིང་དེར་ཕྱི་ལོ་ ༡༩༦༥།༦༦།༦༧། བར་ལོ་གསུམ་རིང་ལམ་བཟོའི་བརྒྱ་དཔོན་བྱས་ནས་མི་བཞི་བརྒྱ་ལྷག་རྩམ་གྱི་འགོ་འཁྲིད་བྱས་ནས་བསྡད། དེ་རྗེས་གླིང་ཚང་གཞིས་ཆགས་སུ་འབྱོར་རྗེས་ཕྱི་ལོ་ ༡༩༧༡ ། ༧༢།༧༣།༧༤། བར་ལོ་བཞི་ལས་བྱེད་བྱས། དེ་རྗེས་ཕྱི་ལོ་ ༡༩༧༦། ༧༧ ༧༨ བར་ལོ་གསུམ་རིང་ས་གནས་རང་བདེན་ཚོགས་མི་བྱས། དེ་ནས་ཕྱི་ལོ་ ༡༩༨༦།༨༧།༨༨ བར་གླིང་ཚང་གཞིས་ཆགས་ཀྱི་དངུལ་གཉེར་ལོ་གསུམ་བྱས། དེང་སྐབས་ས་གནས་ཆུ་སྒང་དབུ་འཛིན་བྱེད་བཞིན་ཡོད།

སྐབས་འདིར་ཁོ་བོས་ལོ་རྒྱུས་སྙིང་བསྡུས་ནི། མདོ་ཁམས་གླིང་སེང་འབྲུག་སྟག་རྩེ་རྒྱལ་ས་གླིང་ཚང་དུ་བྲང་རིན་ཆེན་སྟི་ལུ་ཁྱིམ་མི་ཡར་རྟགས་ཚང་གྲགས་པའི་ཁོ་བོའི་མིང་ཡང་ཡར་གྲགས་ཐུབ་བསྟན་ནམ་སྔོན་མ་ཡར་དགེ་ལབ་ཀྱི་ཡོད། གང་ཡིན་ཞུས་ན། ཡར་དགེ་ནི་གླིང་འགི་ཟིང་དགོན་དུ་གྲྭ་པ་སྐབས་སུ་རྟགས་ལ། དེ་ནས་ལས་དབང་གིས་རྐྱེན་པས་ཡུལ་ཕྱོགས་སྐྱིད་པའི་ཕ་ཡུལ་ན་གྲོས་ཀྱི་འདྲི་སའམ་སེམས་གྱི་གཏད་ས་ཕ་མ་དང་རང་དགོན་སྐྱབས་གནས་བླ་མ་ཡོད་ཀྱང༌། འཇིག་རྟེན་འདིར་ལས་དབང་གིས་རྐྱེན་པས་ཕྱི་ལོ་ ༡༩༥༧ ལོ་ནས་རྒྱ་གཞུང་དབང་འཛིན་པ་ཚོས་རྡུང་རྡེགས་དང་མནར་གཅོད་ཚབ་ཆེན་གཏང་བའི་སྐབས་ཁོ་བོ་ཡང་རྒྱ་དམར་ཀྱི་ཉེས་མེད་བཙོན་གཟུང་བྱས་ནས་བརྩོན་དུ་ཟླ་བ་དགུ་ལྷག་རིང་བཅུག་ཀྱང་༌། མཐར་ཁོ་བོས་བཙོན་བསྲུང་མི་གསོད་ཐབས་མེད་ནས་བཙོན་པ་མང་པོ་བྲོས་ས་རག་སོང༌། ཁོ་བོས་བཙོན་སྲུང་གི་མེ་མདའ་ཡང་རག དེ་མ་ཐག་དམག་མི་ཁ་ཤས་སླེབས་བྱུང་བས་དེ་དག་མེ་མདའ་ལས་མི་བཞི་གསོད་ཡོད་པ་ངོས་ནས་ཧ་གོ་འདུག དེ་ནས་བྲོས་དགོས་བྱུང་བས་ལྡན་ཁོག་ནས་དེ་དག་གཙོས་ལམ་དུ་རྒྱ་དམག་གིས་མཐའ་བསྐོར་ནས་རང་གཙོས་བོད་མང་ཡོད་ས་ནས་ཁོང་གཅིག་པུ་དེ་ནས་དེ་ལས་ཐར་འོང་བ་ཡིན། གང་ལྟར་མང་པོ་བརྗོད་རྒྱུ་ཡོད་ཀྱང༌། དེ་ཙམ་བྱང་ལམ་རྒྱུད་ནས་འོང་བ་ཡིན། ལྟོགས་དུས་རི་དག་གི་ཤ་ཟོས། མཚམས་སུ་ལུས་ལ་རྩྭ་སོགས་གྱོན་ནས་ལ་སྟོང་ལུང་སྟོང་ཤིན་ཏུ་འཇིགས་པ་ཆེ་བའི་གནས་སོགས་རྒལ་ནས་ལ་དྭགས་དུ་སླེབས་ཐུབ་པ་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་གཙོས་པའི་སྐྱབས་གནས་དམ་པའི་ཐུགས་རྗེའི་བདག་རྐྱེན་་འོག་ནས་བྱུང་བ་དགའ་སྡུག་འདྲེས་མ་ཞིག་བྱུང་བར་མ་ཟད། བོད་ཀྱི་གནས་སྟངས་དྲན་ནས་བློ་ཕམ་ཡང་ཆེ་བྱུང༌། གང་ལྟར་དེ་ནས་སྤྱི་ལོ་ ༡༩༦༥ ནས་མ་ན་ལི་ནས་འགན་འཛིན་རྒྱ་དཔོན་ལོ་བཞི་དང༌། དེ་རྗེས་གླིང་གཞིའི་ལས་བྱེད་ལོ་བཞི་དང༌། དེ་ནས་རང་དབང་འཐུས་མིའི་ལོ་གསུམ། དེ་ནས་གཞི་ཆགས་གི་དངུལ་གཉེར་ལོ་གསུམ་དང༌། དེང་སྐབས་ཆུ་སྒང་གླིང་གཞིས་རྒྱུན་ལས་དབུས་འཛིན་བྱེད་བཞིན་པ་ཡིན། ད་སྐབས་གཅིག་ན་ལོ་ཡང་ཆེ་བ་དང༌། སྒོས་སུ་འཇོན་ཐང་གི་ཤེས་ཡོན་ཡང་ཞེན་པས་ཡིན་ཡང་རང་བློས་ཅི་ལྕོགས་བྱེད་ནས། བཙན་དབང་ཁྲིམས་ཀྱིས་དབང་སྒྱུར་བྱེད་པ་ཕྱི་གསལ་ནང་གསལ་ལ་མི་རིགས་འདྲ་མཉམ་དང་ཕྲལ་ཕུག་གི་ཁེ་ཕན་ལ་ཐོབ་ཐང་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ཀྱི་ཆེད་དུ་ལམ་བཟང་པོ་ཞིག་ཡོངས་ཐབས་སུ་ག་དུས་རག་གི་ཡོད་པ་སོགས། ལོ་རྒྱུས་ཟེར་ན་འདྲ་སྙིང་བསྡུས་ཙམ་བཀོད་ཡོད། ད་དུང་དེ་ལས་རྒྱས་ཙམ་ཡོད་ཀྱང་དགོས་པ་ཡང་མི་འདུག་སྙམ། རྒྱ་ཆེའི་ཀློག་པ་པོའི་ཐུགས་འདོད་ཡོད་བཞིན་གཟིགས་སྟབས་བདེ་ཕྱིར་དུ་ཐུགས་རེ་ཇི་བཞིན་དྲང་བདེན་དུ་ཡིག་ཐོག་ཏུ་བཀོད་ཡོད་པས་མཛའ་བརྩེའི་ཡིད་ཆེས་ཀྱི་ཀུན་སློང་བཟང་པོས་རྟོགས་ཐུབ་པའི་རེ་བ་སྨོན་འདུན་ཞུ།
གླིང་ཚང་ཡ་སྟག་ཐུབ་བསྟན་ནས་སྤྱི་ལོ་ ༢༠༠༩ ཟླ ཚེས་ ལ།

གླིང་ཚང་བ་ཨོ་རྒྱན་འགྱུར་མེད།

 

ཕྱི་ལོ་ ༡༩༥༨ ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་སྒར་གཉིས་པ་མཚོ་སྣའི་ལ་རྒྱབ་ཁང་པ་དཀར་པོ་ཞེས་པའི་ས་ཆར་འཛུལ་ཞུགས་གནང་སྐབས་རང་ལོ་ ༡༤ ཡིན་པ་དང༌། དེ་དུས་གླིང་ཚང་མངའ་ཁུལ་དམག་མི་གོ་ལག་འོག་རྟ་ཆས་རང་འགྲིག་ཇི་ཡོད་ཧྲག་བསྡུས་བྱེད་པའི་སྐབས་ལོ་ན་ཆུང་རྐྱེན་དམག་གྲས་སུ་མ་ཚུད་པར་དམག་སྒར་རང་དུ་བཞུགས་དགོས་བྱུང་བ་དང༌། ལྷ་རྒྱལ་རིའི་དམག་སྒར་དུ་དམག་དུང་འབུད་རྒྱུའི་སྦྱོང་བརྡར་བྱས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར། ཕྱི་ལོ་ ༡༩༦༦ ལོར་ཀ་སྦུག་ཏུ་གྲོང་ཁྱེར་སྲུང་སྐྱོབ་ཀྱི་སློབ་སྦྱོང་བྱས་པ་དང༌། མེ་མདའ་ཚ་ཁ་འགྲན་བསྡུར་ནང་ཨང་དང་པོའི་བྱ་དགའ་ཐོབ། ཕྱི་ལོ་ ༡༩༦༧ ལོར་དང་སློབ་དམག་ཁོངས་སུ་ཞུགས་ཏེ་རིམ་བཞིན་བཅུ་དཔོན་དང༌། ལྡིང་དཔོན་གྱི་གོ་གནས་འཁུར་བ་དང༌། ༧༧ ལོའི་བྷང་ལ་དེ་ཤ་དམག་འཐབ་ནང་ཞུགས། ཕྱི་ལོ་ ༡༩༨༨ ལོར་དམག་སྒར་ནས་རྩ་དགོངས་ཞུས་མཚམས་གླིང་ཚང་གཞིས་ཆགས་ཀྱི་དབུ་གཞིས་གཞོན་པ་དང༌། བོད་རང་དབང་ལྡན་པའི་ལས་འགུལ། ས་གནས་འོས་བསྡུའི་ལས་རིམ་ཁག་བཅས་ནས་མུ་མཐུད་ཞབས་ཞུ་ཞུ་མུས་ཡོད་པའི་ལོ་རྒྱུས་སྙིང་བསྡུས་སུ།

གླིང་ཚང་ཚུལ་ཁྲིམས་ཀྱི་ལོ་རྒྱུས་ནི།

 ལྡེ་ལྡུན་གླིང་ཚང་ཆུ་སྒང་ས་རྒྱུན་དངུལ་གཉེར་ཚུལ་ཁྲིམས་བཀྲིས་ཀྱིས་ལོ་རྒྱུས་སྙིང་བསྡུས།
༡༩༩༢ ལོ་ནས་གླིང་ཚང་ཚེས་བཅུ་ཚོགས་པའི་དངུལ་གཉེར་དང་བརྩིས་པ་གཅིག་ལྕོག་གི་ལས་འགན་དང༌། དེ་བཞིན་ཚོགས་པའི་ཅ་དངོས་ཇི་ཡོད་དོན་དམ་པའི་འགན་འཁུར་མུ་འཐུད་ཞུ་བཞིན་པ་ཡིན། ཕྱི་ལོ་ ༢༠༠༨ ལོ་མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་བཀའ་ཕེབས་གཞིར་བཟུང་གླིང་ཚང་ས་རྒྱུན་གསར་འཛུགས་དགོས་ལུགས་ཕེབས་རྗེས་མི་མང་ཡོངས་ནས་རེ་བསྐུལ་ལྟར་ཆུ་སྒང་ས་རྒྱུན་དང༌། དངུལ་གཉེར་རྩིས་པ་གཅིག་ལྕོག་གིས་འགན་ཁུར་ས་རྒྱུན་ལོ་གསུམ་རིང་ཞུ་མུས་དང༌། ད་ཆ་རང་ཉིད་ལོ་ངོ་ ༧༧ ལ་སོང་རུང་སྤྱི་སེམས་ཞུམ་པ་མེད་པ་རང་ནུས་གང་ལྕོག་གིས་ཞབས་ཕྱི་ཞུ་མུར་བཅས་ཀྱིས་ལོ་རྒྱུས་སྙིང་བསྡུས་སུ། སྤྱི་ལོ་  ༢༠༠༩ ཟླ་ ༣ ཚེས་ ༡༨ ལ་འཕུལ།

དཀོན་མཆོག་ཆོས་འཕེལ་གྱི་ལོ་རྒྱུས།

ཕ་མིང༌། དཔའ་དགའ། མ་མིང༌། སྒྲོལ་མ་མཚོ། ཕྱི་ལོ་ ༡༩༣༧ ལོར་སྐུ་འཁྲུངས། ཕྱི་ལོ་ ༡༩༥༨ ལོར་ལྷོ་བྲག་དུ་བ་རྫོངས་སུ་དམག་ཁོངས་སུ་འཛུལ་ཞུགས་དང༌། དེ་ནས་ཁྱུང་རྒྱས་རི་བོ་བདེ་ཆེན་དུ་སོང༌། རིམ་བཞིན་ལྷ་རྒྱལ་རི་དང་དེ་ནས་ཀླུ་ཁང་གྲུ་དང་རྩ་འགའ་གཉིས་ཀྱི་བར་ལ་ལམ་ཡིག་ཞིབ་འཇུག་ཞུ་མྱངས། ཡར་གླིང་ཕོ་བྲང་དུ་དམག་འཐབ་སྐབས་སུ་ཡང་དམག་འཐབ་དྲག་པོ་བྱ་མྱངས་ཀྱང་མཐར་སྲོག་འགོ་ཐོན་ཙམ་བྱུང༌། ཕྱི་ལོ་ ༡༩༦༢ ལོའི་འཇུག་བར་མུ་ས་མ་རིས་སུ་ཆུ་སྒང་དང་སློབ་ཁོངས་སུ་སློབ་སྦྱོང་བྱ་མྱངས་བ་དང༌། དེ་ནས་འབྲས་ལྗོངས་སུ་འབྱོར་ནས་རིམས་བཞིན་རྒྱ་གར་དང་བླངས་དམག་ཁོངས་སུ་ཞུགས་པ་དང༌། དེ་རྗེས་དགོངས་ཞུ་བྱས་ཏེ་གླིང་ཚང་གཞིས་ཁོངས་སུ་འཛུལ་ཞུགས་ཀྱིས་ཚོསག་པའི་ལས་བྱེད་ལོ་དྲུག་དང༌། ཕྱི་ལོ་ ༢༠༠༨ ལོར་གླིང་ཚང་ཆུ་སྒང་ས་གནས་རྒྱུན་ལས་ཀྱི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་སྙིང་བསྡུས་སུ།

 

སྐར་མ་དབང་ཕྱུགས། རྩིས་པ།