དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།92
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།92
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3206
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118073

Online (20 minutes ago): 7
Your IP: 38.107.179.237
,
Today: May 20, 2012

ལ་དྭགས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

 ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༦ ནས་ས་གནས་ཆུ་སྒང་རྒྱུན་ལས་གཤམ་གསལ་རྣམས་ལ་འོས་ཐོབ་བྱུང་ནས་ལས་འགན་ཆ་དགོས་བྱས་པ་གཤམ་གསལ་ལྟར་ཡིན།
ཁྱུང་པོ་བོན་རྒྱུད་ཁྱུང་གྲགས། ཚོགས་གཙོ།

 

 

 

རྒྱས་ཤོད་སྟག་ལྷ་དབང་རྒྱལ། ཚོགས་གཞོན།

 

 

 

ནང་ཆེན་འབྲོང་སྟོད་དགྲ་འདུལ། དྲུང་ཆེ།

 

 

 

ནང་ཆེན་འབྲོང་སྨད་བསོད་ནམས་མཐུ་སྟོབས། ཟུང་དྲུང༌།

 

 

 

འབའ་པ་བློ་བཟང་ཕུན་ཚོགས། རྩིས་པ།


ནང་ཆེན་འབྲོང་སྟོད་ཀརྨ་ཚེ་རིང་ཕུན་ཚོགས། དངུལ་གཉེར།


སྒ་པ་ཐུབ་བསྟན་བསྟན་འཛིན། དོ་གཉེར།

 

 

བཅས་ད་ཡོད་ས་རྒྱུན་གི་ལས་ཁུར་ཞུ་བཞིན་ཡོད་པས་ས་གནས་ཆུ་སྒང་རྒྱུན་ལས་ཁང་ནས་ ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢ ལ་ཕུལ།

སྒ་བ་ཐུབ་བསྟན་བསྟན་འཛིན་གྱི་མི་ཚེའི་ལོ་རྒྱུས།

ཕ་ཡུལ་རོང་པོ་སྟོད་ནས་ཡིན་པའི་ག་བ་ཐུབ་བསྟན་བསྟན་འཛིན་རང་ཉིད་ར་རྟགས་དགོན་པར་གྲྭ་བཙུན་བྱེད་བཞིན་པའི་སྐབས་སུ་ཕྱི་ལོ་ ༡༩༥༨ ཟླ་ ༦ ཚེས་ ༡༠ ཉིན་རྒྱ་དམག་ལ་ངོ་རྒོལ་བྱེད་པའི་ལས་འགུལ་ནང་དུ་དང་བླངས་བླང་ཚུལ་དུ་ཞུགས། སྐབས་དེར་ང་རང་ལོ་ན་ཉི་ཤུ་ཙམ་ཡིན་ལ་དམག་འཐབ་སྐབས་སུ་རྒྱ་དམག་དཔུང་ཤུགས་ཆེ་བས་ང་ཚོ་ཕམ་དུ་བཅུག་སོང༌། དེ་སྐབས་ང་རང་གི་ཕ་མ་སྤུན་མཆེད་ཚང་མ་རྒྱ་མིའི་ལག་ཏུ་ཤོར་སོང་བས། ང་རང་ལྷ་སར་ ༡༩༥༨ ༡༢ ༡༨ ཉིན་སོང་ནས་དེ་གར་ཟླ་བ་གཉིས་རིང་བསྡད། སྐབས་དེར་ཕྱི་ལོ་ ༡༩༥༩ ༢ ༡༠ ཉིན་ཏེ་ལྷ་སར་དམག་འཁྲུག་ལོང་སོང་བས་གུས་རང་ཉིད་ཀྱང་དམག་འཐབ་ནང་དུ་འཛུལ་ཞུགས་བྱས། ར་མོ་ཆེ་དང་ཇོ་ཁང༌། དེ་མིན་ཁ་རགས་ཤག་སོགས་སུ་དམག་སྐབས་སུ་རང་ཉིད་རྒྱ་ལག་ཏུ་ཚུད་ནས་ནོར་བུ་གླིང་ཁར་ཟླ་བ་གཅིག་རིང་བཙོན་དུ་བཅུག་སོང༌། དེ་རྗེས་རྒྱ་དམར་གྱིས་ཕྲན་རང་ཉིད་ཆེན་ཁྲོན་གློག་ཁང་བཟོ་བར་ལས་ཀ་བྱེད་པར་ཁྲིད་སོང༌། ཁོ་བོ་རང་ཉིད་གློག་ཁང་དེར་ལས་ཀ་བྱས་རིང་རྒྱ་མིའི་སྡུག་བཙུབ་འོག་ནད་པ་བཟོས་ཏེ་སྟོད་རྒྱབ་སོགས་སུ་ན་ཟུག་དང་མགོའི་སྐྲ་ཡང་བུད་འགྲོ་བ་ཞིག་བཟོས་སོང༌། ད་དུང་བཙོན་དུ་ཟ་བཏུང་རིགས་ཤིན་ཏུ་སྐྱོ་བས་དཀའ་ངལ་བཟོད་གླག་མེད་པ་དེ་འདྲ་འཕྲད་མྱངས། དེ་ནས་ཁོ་བོ་རང་ཉིད་འུ་ཐུག་སྟེ་ཐབས་ཤེས་བརྩལ་ནས་ཕྱི་ཟླ་ ༡༡ ནང་བཙོན་ཁང་ནས་བྲོས་པ་ཡིན། དེ་ནས་བྱང་ཕྱོགས་སུ་བྲོས་པས་ར་སྒྲེང་དགོན་པར་འབྱོར་སོང༌། དེའི་རྗེས་ང་རང་སུ་རུ་རུ་དུས་འབྱོར་སྐབས་ཁམས་པའི་དམག་མི་དང་མཉམ་དུ་ཐུག་འཕྲད་བྱུང་བས་ང་ཁོ་ཚོ་དང་མཉམ་དུ་འགྲོགས་པ་ཡིན་ལ། ང་ཚོ་དམག་རྒྱག་གིན་རྒྱག་གིན་རྒྱ་གར་ས་མཚམས་ལ་ཕྱི་ལོ་ ༡༩༦༡ ཟླ་ ༡༡ ནང་ལ་འབྱོར་སོང༌། དེ་སྐབས་ལག་ཆ་ཚང་མ་རྒྱ་གར་དམག་མི་ལ་རྩིས་མི་སྤྲོད་ཁ་མེད་བྱུང་སོང༌། རྒྱ་གར་ནུབ་ཕྱོགས་ལ་དྭགས་ས་མཚམས་སུ་འབྱོར་རྗེས་ལ་དྭགས་ནས་རྡ་རམ་ས་ལར་ཕྱི་ལོ་ ༡༩༦༨ ལོར་ྋགོང་ས་མཆོག་ལ་མཇལ་ཁ་ཞུ་རྒྱུའི་གོ་སྐབས་རགས་སོང༌། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡ ཉིན་རྒྱ་གར་དམག་སྡེ་ཨང་ ༢༢ ནང་ཚུད་སོང་བར་མ་ཟད་དམག་ཁོངས་སུ་ལོ་ངོ་བཅུ་གསུམ་རིང་ཞབས་ཞུ་ཞུས། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་དམག་སྒར་གྱི་སྦྱང་བརྡར་གནམ་མཆོང་སྐབས་སུ་རང་ཉིད་རྐང་པ་ཆག་ནས་དགོངས་ཞུ་བྱ་དགོས་བྱུང་སོང༌། དེ་ནས་ཕྱི་ལོ་ ༡༩༧༧ ནས་ད་བར་ལ་དྭགས་ས་གནས་ཆུ་བཞི་སྒང་དྲུག་གི་ཚོགས་པའི་ལས་དོན་ལ་ལྷག་བསམ་རྣམ་དག་ངང་ཞབས་ཞུ་བྱེད་མོས་ཀྱི་ལོ་རྒྱུས་སུ། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༥ ཉིན་ག་བ་ཐུབ་བསྟན་བསྟན་འཛིན་པས་ཕུལ།

 

༄༅།   ལ་དྭགས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཕྱི་ལོ་ ༢༠༠༨ ཟླ་ ༦ ཚེས་ ༡ ནས་ཕྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༣༡ བར་ལོ་གཅིག་གི་ས་རྒྱུན་ནས་ལས་བསྡོམས་སྙིང་བསྡུས།  

སྤྱིར་ལ་དྭགས་ས་གནས་སུ་རང་རེ་མདོ་ཁམས་ཆུ་སྒང་མི་གྲངས་ ༥༡༦ ཡོད་པའི་ནང་ནས་ཕོ་གྲངས་ ༢༤༥ དང༌། མོ་གྲངས་ ༢༧༡ རྒན་གོག་རང་ལོ་ ༧༠ ཡན་གྱི་མི་གྲངས་ ༤༥ ཕྲུ་གུ་རང་ལོ་ ༡ ནས་རང་ལོ་ ༡༨ བར་མི་གྲངས་ ༢༥༣ ཡོད། 

འདི་གར་ས་གནས་ཆུ་སྒང་རྒྱུན་ལས་ནས་རང་རེ་མདོ་སྟོད་ཚོགས་མི་རྣམས་ལ་དབུས་སྤྱི་ཁྱབ་རྒྱུན་ལས་ནས་ལམ་སྟོན་བཀའ་སློབ་ཇི་ཕེབས་ལག་བསྟར་འཐུས་གཙང་ཞུ་མུས་ཐོག་ས་གནས་མི་མང་གི་བདེ་སྡུག་དང་འབྲེལ་བའི་ལས་དོན་ཞུ་བཞིན་ཡོད་པ་དང་སེམས་གསོའི་ཆེད་མི་རེར་སྒོར་ ༣༠༠ རེ་འབུལ་བཞིན་ཡོད། 

                      ཆབ་སྲིད་སྐོར།  

ལ་དྭགས་ས་གནས་སུ་གཞུང་འབྲེལ་མིན་པའི་ཚོགས་སྡེ་སྤྱི་མཚུངས་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་ལས་འགུལ་ཇི་སྤེལ་ལ་རང་རེ་ས་གནས་མདོ་ཁམས་ཆུ་སྒ྄ང་ནས་ཀྱང་ཉིན་མཚན་དུས་གསུམ་ལ་མཉམ་ཞུགས་ཞུ་བཞིན་ཐོག བསྟན་སྲིད་ཞབས་རིམ་སོགས་སྒྲུབ་བཞིན་ཡོད། 

                      དཔལ་འབྱོར་སྐོར། 

ལ་དྭགས་ནི་ས་ཆའི་གནས་བབས་ཀྱི་ཆ་ནས་དཀའ་ངལ་ཅན་གྱི་ས་གནས་ཞིག་ཡིན་པ་མཁྱེན་གསལ་བཞིན་གནམ་གཤིས་གྲང་ངར་ཆེ་བ་དང་ཟླ་དྲུག་རིང༌། ལ་ལུང་གངས་ཀྱིས་བཀག་ནས་དཔལ་འབྱོར་འདུ་འགོད་ཀྱི་ལས་རིགས་སྤེལ་མི་ཐུབ་པས་དཔལ་འབྱོར་གྱི་གནས་སྟངས་ཤིན་ཏུ་སྐྱོ་བོ་ཡིན། 

ཡིན་ནའང་སྔ་ལོ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་དགོངས་པ་ཆེ་བཞེས་ཀྱིས་ལ་དྭགས་ས྄་གནས་མདོ་ཁམས་ཆུ་སྒང་ལ་སྔ་ཕྱི་གཉིས་བསྡོམས་གོར་ ༢༠༠༠༠ ཐམ་པ་རོགས་རམ་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མ་དངུལ་དེ་དག་ས་གནས་སུ་དཔལ་འབྱོར་ཡར་རྒྱས་གཏོང་དམིགས་སུ་རྒྱན་ཤོག་ཤིག་འགྲེམས་སྤེལ་ཞུས་ཡོད་པས། ཆུ་སྒང་ས་གནས་རྒྱུན་ལས་ཁག་ནས་ང་ཚོའི་རྒྱན་ཤོག་ཉོ་ཚོང་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད་པས་སྐྱབས་མཇུག་ཅི་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་བཅས། 

ལ་དྭགས་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་ལས་བསྡོམ་སྙིང་བསྡུས་སུ། 

ལ་དྭགས་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་བ་ ༡ ཚེས་པ་ ༢༩ ཉིན་ཕུལ།།

 

ལ་དྭགས་ས་གནས་མདོ་ཁམས་ཆུ་སྒང་གི་ཕྱི་ལོ་ ༢༠༠༨།༦།༡ ནས་ ༢༠༠༩།༥།༣༡ བར་གྱི་མ་དངུལ་བྱུང་སོང་ལྷག་སྡད་ཀྱི་རྩིས་ཁྲ་གཤམ་གསལ། 

   བྱུང་བ་

རྒྱུན་ལས་གསར་རྙིང་འཕོ་ལེན་སྐབས་མ་དངུལ་རྩིས་སྤྲོད་བྱུང་བ། ༤༩༡༤༦།༠༠

ཚོགས་མི་རྣམས་ནས་ཚོགས་དངུལ་བྱུང་བ། ༨༤༦༠།༠༠

ཚོགས་པའི་མ་དངུལ་བུན་གཡར་གྱི་སྐྱེད་ཀ་བྱུང་བ། ༦༨༨༨།༠༠

གོང་ཁག་གསུམ་ལ་ཁྱོན་བསྡོམས་བྱུང་བ། ༦༤༤༩༤།༠༠ 

                       སོང་བ།

རྒྱུན་ལས་གསར་རྙིང་འཕོ་ལེན་སྐབས་གསོལ་ཇ་དང་བཞེས་ཏོག་བཅས་ལ་སོང་བ། ༥༥༦།྄༠༠

སྤྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གཞུང་གིས་གཞིས་ལུས་བོད་མིའི་ཐོག་དྲག་གནོན་དང་དམར་བསད་བཏང་བ་སོགས། འདས་གསོན་དེ་དག་གི་ཆེད་དུ་འདི་གར་རུ་ཐོག་དགོན་དུ་སྨོན་ལམ་དང་མཆོད་འབུལ་རྒྱ་ཆེན་དང་མི་དམངས་ལ་ཞལ་ལག་དང་མང་ཇ་བླ་གྲྭ་རྣམས་ལ་སྐུ་འབྱེད་བཅས་ལ་སོང་བ། ༨༢༧༣།༠༠

ལ་དྭགས་ས་གནས་སུ་མདོ་སྟོད་ཁུངས་ཡོད་མི་སེར་ཕོ་མོ་ཆེ་ཆུང་སུ་རུང་འདས་གྲོངས་སུ་གྱུར་པ་རྣམས་ལ་མཆོད་འབུལ་ཆེད་མི་རེར་སྒོར་ ༣༠༠ རེ་འབུལ་བཞིན་པའི་ཚེ་འདས་གྲངས་ ༨ ལ་སེམས་གསོ་ཆེད་སོང་བ། ༢༤༠༠།༠༠ 

ལོ་འཁོར་གཅིག་ནང་རྒྱུན་ལས་རྣམས་ཚོགས་འདུ་སྐབས་གསོལ་ཇ་དང་ཞལ་ལག་བཅས་ལ། ༡༡༥༠།༠༠

ཡིག་ཆ་པར་བསྐྲུན་ཆེད། ༤༥༠།༠༠

ལ་དྭགས་ས་གནས་སུ་རང་གཞུང་ཆེས་མཐོའི་མི་སྣ་རྣམས་མཚམས་གཟིགས་ཕེབས་སྐབས་སྣེ་ལེན་འགྲོ་གྲོན་དུ་སོང་བ། ༡༨༠༠།༠༠

གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་མཛད་སྒོར་མན་དྲལ་རྟེན་དོད་ལ་སོང་བ། ༥༦༠།༠༠

རླང་འཁོར་གླ་ཆ་ལ་སོང་བ། ༧༠༠།༠༠

ཁྱོན་བསྡོམས་སོང་སྒོར། ༡༥༨༨༩།༠༠

གོང་གསལ་བྱུང་སོང་ཁ་ཐམ་ནས་དངུལ་ཀྱང་ལག྄་ཡོད་སྒོར། ༤༨༦༠༥།༠༠

ལ་དྭགས་ས་གནས་མདོ་ཁམས་ཆུ་སྒ྄ང་གི་ཕྱི་ལོ་ ༢༠༠༨།༦།༡ ནས་ ༢༠༠༩།༥།༣༡ བར་གྱི་མ་དངུལ་བྱུང་སོང་ལྷག་བསྡད་ཀྱི་རྩིས་ཁྲ་གཤམ་གསལ།          

                       བྱུང་བ། 

རྒྱུན་ལས་གསར་སྙིང་འཕོ་ལེན་སྐབས་མ་དངུལ་རྩིས་སྤྲོད་བྱུང་བ། ༤༩༡༤༦།༠༠

ཚོགས་མི་རྣམས་ནས་ཚོགས་དངུལ་བྱུང་བ། ༨༤༦༠།༠༠

ཚོགས་པའི་མ་དངུལ་བུན་གཡར་གྱི་བསྐྱེད་ཀ་བྱུང་བ། ༦༨༨༨།༠༠

གོང་ཁག་གསུམ་ལ་ཁྱོན་བསྡོམ་བྱུང་བ། ༦༤༤༩༤།༠༠

                      སོང་བ། 

རྒྱུན་ལས་གསར་རྙིང་འཕོ་ལེན་སྐབས་གསོལ་ཇ་དང་བཞེས་ཏོག་བཅས་ལ་སོང་བ།  ༥༥༦།༠༠ 

སྤྱི་ལོ་ ༢༠༠༨ ལོའི་རྒྱ་ནག་གཞུང་གིས་གཞིས་ལུས་བོད་མིའི་ཐོག་དྲག་གནོན་དང་མ་ཚད་བོད་མི་གྲངས་མེད་དམར་བསད་གཏང་བ་འདས་གསོན་དེ་དག་གི་ཆེད་དུ་འདི་ག་རུ་ཐོག་དགོན་དུ་སྨོན་ལམ་དང་མཆོད་འབུལ་རྒྱ་ཆེའི་མི་མང་ལ་ཞལ་ལག་དང་མང་ཇ་བླ་གྲྭ་རྣམས་ལ་སྐ྄ུ་འགྱེད་བཅས་ལ་སོང་བ། ༨༢༧༣།༠༠

དབུས་྄སྤྱི་ཁྱབ་རྒྱུན་ལས་ཁང་གིས་ས་གནས་རྒྱུམ་ལས་ལ་མ་དངུལ་ཡར་རྒྱས་གཏོང་དམིགས་སུ་སྔ་རྗེས་གཉིས་བསྡོམས་སྒ྄ོར་ ༢༠༠༠༠།༠༠ ཐམ་པ་གནང་སོན་བྱུང་བའི་བྱུང་སོང་རྩིས་ཁྲ་གཤམ་གསལ། 

དཔལ་འབྱོར་འདུ་འགོད་ཆེད་རྒྱན་ཤོག་བཅད་དེབ་གྲངས་ ༢༢༠ བཟོས་པའི་རིན་འབབ་ལ་སོང་བ། ༨༢༠༠།༠༠ 

འཁོར་གླ་དང་ཙག་ཙིག་ལ་སོང་བ། ༨༠༠།༠༠

གོང་གསལ་བྱུང་སོང་ཁག་ཁ་ཐམ་པའི་ལྷག་ལུས་སྒོར་ ༡༡༠༠༠།༠༠    ཐམ་པ་ཡོད།

ལ་དྭགས་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲ་མདོར་བསྡུས་སུ། 

ལ་དྭགས་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་སྤྱི་ལོ་ ༢༠༡༠ ཟླ་བ་ ༡ ཚེས་པ་ ༢༩ ཉིན་ཕུལ།།