མདོ་ཁམས་ཆུ་སྒང་ཀེ་ལ་ཤ་གསོལ་མགྲོན་ཁང༌།
རྡ་རམ་ས་ལར་ཡོད་པའི་མདོ་ཁམས་ཆུ་སྒང་ཚོགས་པའི་ཀེ་ལ་ཤ་གསོལ་མགྲོན་ཁང་འདི་ བཞིན་ཕྱི་ལོཧ༡༩༦༥ ལོར་སྐུ་སྒེར་ཡིག་ཚང་བརྒྱུད་ས་འདུ་བློ་སྙན་གྲགས་དང༌། བྱ་རྒོད་རྣམ་རྒྱལ་རྡོ་རྗེ། གྲའུ་དཔོན་རིན་ཆེན་ཚེ་རིང༌། ཨ་ལོ་ཆོས་མཛད། གོ་བོ་ཆོས་མཛད། དཀར་མཛེས་པདྨ་རྣམ་རྒྱལ། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་བཅས་ཀྱིས་སྒོར་ ༡༠༠༠ རེ་བསྡུས་ཏེ་སྤུས་གཟིགས་གནང་བ་དང༌། ཕྱི་ལོ་ ༡༩༦༦ ལོར་ཆུ་སྒང་དབུ་ཁྲིད་གོ་འཇོ་ཆོས་དྲུག་དོན་འགྲུབ་ཕུན་ཚོགས་དང༌། སྡེ་དགེ་ཀ་ཐོག་ཕུར་པ་འཕྲིན་ལས། འབའ་བ་གོ་བོ་ཆོས་མཛད་ཕུན་ཚོགས་སོགས་ཀྱིས་རྡོར་གླིང་ཆུ་
རྡ་རམ་ས་ལར་ཡོད་པའི་མདོ་ཁམས་ཆུ་སྒང་ཚོགས་པའི་ཀེ་ལ་ཤ་གསོལ་མགྲོན་ཁང་འདི་ བཞིན་ཕྱི་ལོཧ༡༩༦༥ ལོར་སྐུ་སྒེར་ཡིག་ཚང་བརྒྱུད་ས་འདུ་བློ་སྙན་གྲགས་དང༌། བྱ་རྒོད་རྣམ་རྒྱལ་རྡོ་རྗེ། གྲའུ་དཔོན་རིན་ཆེན་ཚེ་རིང༌། ཨ་ལོ་ཆོས་མཛད། གོ་བོ་ཆོས་མཛད། དཀར་མཛེས་པདྨ་རྣམ་རྒྱལ། འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་བཅས་ཀྱིས་སྒོར་ ༡༠༠༠ རེ་བསྡུས་ཏེ་སྤུས་གཟིགས་གནང་བ་དང༌། ཕྱི་ལོ་ ༡༩༦༦ ལོར་ཆུ་སྒང་དབུ་ཁྲིད་གོ་འཇོ་ཆོས་དྲུག་དོན་འགྲུབ་ཕུན་ཚོགས་དང༌། སྡེ་དགེ་ཀ་ཐོག་ཕུར་པ་འཕྲིན་ལས། འབའ་བ་གོ་བོ་ཆོས་མཛད་ཕུན་ཚོགས་སོགས་ཀྱིས་རྡོར་གླིང་ཆུ་སྒང་ལས་ཁང་སྒོ་བརྒྱབ་ སྟེ་གལ་གནད་ཆེ་བའི་ཡིག་ཆ་ཁག་དང༌། བོད་དངུལ་ཤོག་ལོ་བཅས་ཁུར་བདེའི་དངོས་ཆས་རྣམས་ཡོངས་རྫོགས་ཁུར་ཏེ་སྡ་སར་ཀེ་ལ་ ཤ་མགྲོན་ཁང་དུ་སྤོ་ཤུགས་མཛད་ཡོད་འདུག བར་སྐབས་ཆུ་སྒང་ཚོགས་པ་ནང་ཁུལ་རྙོག་གླེང་ཕྲན་བུ་ཡོད་པ་དང་དེ་བཞིན་ཀེ་ལ་ཤ་ གསོལ་མགྲོན་ཁང་ནས་རྒྱུན་ལས་ར་ཕྲུག་ངག་དབང་སྒེར་གྱི་ཁེ་ཕན་ཙམ་ལས་ཚོགས་པ་ སྤྱི་ལ་ཁེ་ཕན་སྣེ་གཅིག་མེད་པ་ལྟ་བོ་གྱུར། དེ་རྗེས་དཀར་མཛེས་སྐྱིད་སྡུག་ལ་བོགས་མ་བཏང་བས་ཚོགས་པར་ཕན་ཐོགས་མི་དམན་པ་ བྱུང་ནའང་མཐར་འཆི་མེད་རྡོ་རྗེ་ལ་བོགས་མ་བཏང་བ་ལྟ་བུ་བྱས། དེ་ནས་བློ་གྲོས་བཟང་པོར་བོགས་མ་ལེན་རྒྱུའི་གོསྐབས་ཐོབ་ཡོད་འདུག་པ་བཅས་ཚོགས་ པའི་འཛིན་སྐྱོང་གི་ལས་དོན་ཚགས་ཚུད་མ་བྱུང་རྐྱེན་གྱིས་རང་རྒྱུ་མི་ལག་ཏུ་ཡུན་ རིང་འཁྱམས་འདུག་པ་མ་ཟད། ད་དུང་མུ་མཐུད་དེ་ཀེ་ལ་ཤ་གསོལ་མགྲོན་ཁང་དེ་མི་ལག་ཏུ་འཁྱམས་ཡུན་ཇེ་རིང་དུ་ འགྲོ་
ཉེར་ མཚམས་འདི་ལོར་བློ་གྲོས་བཟང་པོའི་ལག་ནས་དོ་བདག་གི་འདོད་མོས་ལྟར་མདོ་ཁམས་ཆུ་ སྒང་སྐབས་བཅོ་བརྒྱད་པའི་དཔལ་འབྱོར་གྱི་དཀའ་ངལ་མ་འཛེམས་པར་རང་རྒྱུ་རང་ལག་ཏུ་ སོན་ཐབས་བྱས་ཏེ་ཉོས་པ་ཡིན། ད་ཆ་ཆུ་སྒང་ཀེ་ལ་ཟ་མགྲོན་ཨར་གསུམ་མི་གཞན་ལ་བོགས་མ་བཏང་སྟེ་སྔོན་མའི་བརྒྱུད་ ལམ་གྱ་གྱུའི་ནང་འགྲོ་མི་དགོས་པ་ཆུ་བོ་ལྟ་བུའི་ཆུ་སྒང་ཚོགས་པའི་རྒྱུན་གྲོན་ ལ་སྨན་ངེས་ཀྱི་ཀེ་ལ་ཤ་གསོལ་མགྲོན་ཁང་ཞིག་ཏུ་ཆགས་ཡོད།

















