Hunsur Rabgye Ling
སྐབས་དང་པོའི་ཧོན་སུར་རབ་རྒྱས་གླིང་ས་གནས་ཆུ་སྒང་རྒྱུན་ལས།
ཚེ་རིང་རྡོ་རྗེ།
ད་ཡོད་ས་གནས་རྒྱུན་ལས་རྒྱ་གར་ལྷོ་ཕྱོགས་མེ་སོར་ཧུན་སུར་རབ་རྒྱས་གླིང་གཞིས་གྲོངས་ ༣ པ་དཔལ་འབྱོར་རབ་རྟེན་ཁང་ཨང་ ༣༩ ནང་གནས་བསྟོད་ཕ་ཚེ་འདས་ཆབ་མདོ་བ་རྡོ་ཁྲི་ཚང་གི་བུ་རྒྱུད་མཁྱེན་རབས་ཆོས་འཕེལ་དང༌། མ་ཚེ་རིང་སྒྲོལ་དཀར་གཉིས་ཀྱི་བུ་ཡིན་པ་གཞིས་རིམ་ཉིན་སློབ་འཛིན་རིམ་བརྒྱད་པ་བར་ཕྱིན། དེ་ནས་སེར་ར་ཐེག་ཆེན་གླིང་དུ་ཆོས་བཞུགས་བྱས་རྗེས་ཝར་ན་བོད་ཀྱི་སློབ་གཉེར་ཁང་ཆེན་མོར་ཤཱསཏྲི་སློབ་ཐོན་དང༌། ཝར་ནར་བསྡད་རིང་སློབ་ཕྲུག་བདེ་དོན་ཁང་གི་དངུལ་གཉེར་དང་བདེན་གཏམ་གསར་ཤོག་གི་འགན་འཛིན་ལས་འཁུར་ཞུས་པ་དང༌། མ་ཚད་སློབ་གྲྭའི་མདོ་ཁམས་ཁུང་འོས་བསྡུ་ཚོགས་ཆུང་གི་འགན་ཁུར་ཞུས་རྗེས་ད་ལྟ་ས་གནས་མདོ་ཁམས་ཆུ་སྒང་སྐབས་དང་པོའི་དྲུང་ཆེའི་ལས་འགན་ཞུ་བཞིན་ཡོད་པ་གུས་པའི་ལོ་རྒྱུས་མདོར་བསྡུས་སུ།
ཟུར་བརྗོད་ ༢༠༠༧ ལོར་ས་གནས་གྲོས་ཚོགས་ལས་འཁུར་ཞུས།
















