དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།68
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།300
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1192
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96085

Online (20 minutes ago): 9
Your IP: 38.107.179.240
,
Today: Feb 07, 2012

མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༣༩ པ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

དོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་༣༩པ་ཕྱི་ལོ་༢༠༠༩ལོའི་ཟླ་༤ཚེས་༢ནས་ཚེས་༤བར་ཉིན་གསུམ་རིང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བསྐོང་འཚོགས་གནང་སྐབས་གྲོས་གཞི་དང་གྲོས་ཆོད་ཁག་གཤམ་གསལ།དོན་ཚན་དང་པོ།  

གྲོས་གཞི། སྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྒྱས་ཐབས་དང༌། སྐུ་ཚེར་དུས་མིན་གྱི་འགལརྐྱེན་ཕྲ་མོ་ཙམ་ཡང་མི་འབྱུང་བའི་ཐབས་ལམ་ཇི་དགེའི་སྐོར་བགྲོ་གླེང་གནང་རྒྱུ/

གྲོས་ཆོད།

སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེར་དུས་མིན་འགལ་རྐྱེན་ཕྲ་ མོ་ཙམ་མི་འབྱུང་བའི་ཆེད་རྒྱ་གར་དབུས་སའི་གཞུང་དང༌། རང་གཞུང་བདེ་སྲུང་ལས་ཁུངས་ཀྱིས་ཐུགས་འགན་རྐང་བཞེས་གནང་སྟེ།     ད་བར་སྐུ་ཚེར་ཉེར་འཚེའི་རྡུལ་ཙམ་ཡང་མ་གོས་པར་བསྟན་འགྲོའི་མགོན་དཔུང་དམ་པར་ བཞུགས་པར་དགའ་གུས་ཆེན་པོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌། མདོ་སྟོད་སེར་སྐྱ་མི་མང་གིས་མགོན་པོ་གང་གི་མཛད་འཕྲིན་ཉིན་རེ་བཞིན་ཡར་ངོའི་ ཟླ་ལྟར་རྒྱས་ཐབས་སུ་རང་ནུས་གང་ཐེག་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་དུ།                                                              

དོན་ཚན་གཉིས་པ།    གྲོས་གཞི།

 འདས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོར་གུས་བརྩི་ཆེན་པོས་གདུང་སེམས་མཉམ་བསྐྱེད་དང༌། བོད་ནང་གི་ཛ་དྲག་གི་གནས་བབས་སྐྱོབས་ཐབས། དེ་བཞིན་བོད་བསྟན་པ་ཆབ་སྲིད་ཀྱི་གནད་དོན་བཅས་ཀྱི་ཐོག་སྤྱི་ཡོངས་ཀྱི་བགྲོ་ གླེང་གནང་རྒྱུ།                                                     

གྲོས་ཆོད།                                                                     

༡༽འདས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང༌།ད་ལྟ་བོད་ནང་རྒྱ་དམར་གྱི་གདུག་རྩུབ་འོག་བོད་བསྟན་སྲིད་ཀྱི་ཆེད་སྡུག་བསྔལ་དང་མནར་གཅོད་མྱོང་དང་མྱོང་བཞིན་པའི་བོད་མི་ཡོངས་སུ་རྫོགས་པར་གུས་བརྩི་ཆེན་པོས་གདུང་སེམས་མཉམ་བསྐྱེད་དང༌། རང་གཞུང་གིས་དབུ་ཁྲིད་ལམ་སྟོན་འོག་དབུས་སའི་སྒྲིག་འཛུགས་དང་མི་མང་ལས་འགུལ་ཅི་རིགས་ནང་མཉམ་ཞུགས་གནང རྒྱུ། 

༢༽མདོ་ཁམས་ཆུ་སྒང་ཚོགས་པའི་ཐོག་མའི་དམིགས་ཡུལ་འགྱུར་མེད་བརྟན་བཟུང་ཐོག་ད་ལྟའི་ཆར་བཙན་བྱོལ་བོད་གཞུང་གིས་བོད་རྒྱའི་དཀའ་ངལ་སེལ་ཐབས་གནང་དང་གནང་བཞིན་ པར་རྒྱབ་སྐྱོར་ཞུ་རྒྱུའི་སྤྱི་མོསགྲོས་ཆོད་དུ། 

དོན་ཚན་གསུམ་པ། གྲོས་གཞི།                                               

 མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་བསྡོམས་སྙན་སྒྲོན་གནང་རྒྱུ།           

གྲོས་ཆོད།                                                                     

མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས་ ༣༩པའི་ཚོགས་ཆེན་ཐོག་དབུས་རྒྱུན་ལས་ཁང་གི་ལས་དོན་བྱེད་ཕྱོགས་ལ་ལེགས་སོའི་བསྔགས་བརྗོད་དང་འབྲེལ་རྒྱབ་སྐྱོར་ཞུས་པའི་སྤྱི་མོས་གྲོས་ཆོད་ དུ། 

དོན་ཚན་བཞི་པ།  གྲོས་གཞི། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྩིས་ཞིབ་སྙན་ཐོ་སྙན་སྒྲོན་གནང་རྒྱུ།           

གྲོས་ཆོད། 

མདོ་ཁམས་ཆུ་སྒང་སྐབས་བཞི་པའི་རྩིས་ཞིབ་ཚོགས་ཆུང་གི་རྩིས་ཞིབ་ལས་དོན་སྙན་ཐོ་ སྔར་ལྷག་ཡར་རྒྱས་དང༌། རྩིས་ཞིབ་ཚགས་ཚུད་ཚད་ལྡན་བྱུང་བ་ངོས་འཛིན་དང༌། འདི་ནས་བཟུང་ལོ་གསུམ་རིང་བོན་གཞིས་ཆུ་སྒང་ཚོགས་གཙོ་དང༌། གླིང་ཚང་གཞིས་ཆགས་ཆུ་སྒང་དྲུང་ཆེ། བལ་ཡུལ་ཆུ་སྒང་དྲུང་ཆེ་བཅས་ལ་རྩིས་ཞིབ་ཚོགས་ཆུང་གི་འགན་བཞེས་གནང་དགོས་པའི་སྤྱི་མོས་གྲོས་ཆོད་དུ།

དོན་ཚན་ལྔ་པ།   གྲོས་གཞི། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ལས་བསྡོམས་སྙན་ཐོ་དང༌། སྐ྄བས་བཞི་པའི་རྩིས་ཞིབ་སྙན་ཐོའི་ཐོག་བགྲོ་གླེང་གནང་རྒྱུ།  དེ་བཞིན་མ་འོངས་ཆུ་སྒང་ཚོགས་པའི་འཛིན་སྐྱོང་ཚགས་ཚུད་སྔར་ལྷག་འཕེལ་བསྐྱེད་གནང་ཕྱོགས་ཐད་བགྲོ་གླེང་དང་བྱེད་ཕྱོགས་ལམ་སྟོན་གནང་རྒྱུ། 

གྲོས་ཆོད།                                                                    

 ༡༽  མདོ་ཁམས་རྒྱལ་ཡོང་ཚོགས་ཆེན་ཐེངས་ ༡༨ པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་བཞུགས་སྒར་ཁུལ་དུ་དབུས་སྤྱི་ཁྱབ་རྒྱུན་ ལས་ཁང་གསར་འཛུགས་གནང་རྒྱུ་སྨོས་མེད་ཀྱང་ལས་ཁང་ཚད་ལྡན་འཛུགས་ཡུལ་ཁང་པ་མ་རགས་ བར་གཙོ་བོའི་ལས་ཁུངས་ལྡི་ལིར་མུ་མཐུད་དུ་གནས་རྒྱུ་སྤྱི་མོས་གྲོས་ཆོད་ དུ།          

༢༽ ཀེ་ལ་ཤ་གསོལ་མགྲོན་ཁང་སྤུས་གཟིགས་ཞུས་རྟེན་ཀ་ལ་མན་གྲུའི་ཆུ་སྒང་ཁང་ས་གཉིས་ སྤུས་ཚོང་བྱས་པ་ཚོགས་ཆེན་འདི་ཐོག་ནས་གཏན་འབེབ་ཞུས་པ་ཚད་འཛིན་དང༌།  སླད་ཕྱིན་དགོས་གལ་ཆེན་པོའི་ཁང་ས་ཚོང་བསྒྱུར་གནང་དགོས་བྱུང་ཚེ་འགན་ལྷན་ཚོགས་ ཆེན་ཐོག་ཐག་གཅོད་མ་གནང་བར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཚོང་བསྒྱུར་མི་ ཆོག་པའི་སྤྱི་མོས་གྲོས་ཆོད་དུ།   

༣༽ ཆུ་སྒང་ཚོགས་པའི་ཟ་ཁང་དང༌། མགྲོན་ཁང་གི་བོགས་ལེན་པས་འགྲོ་སོང་སྔོན་གཏོང་དང༌།

བཀའ་ཁྲོལ་རྗེས་ཞུ་བྱས་རིགས་སྒྲིག་དོན་གཞིར་བཟུང་ལས་འགྲོ་གྲོན་གཏོང་མི་ཆོག  བོགས་གླ་ཟླ་རེ་བཞིན་དུས་ཐོག་མ་ཕུལ་ཚེ་ཟླ་རཻར་བསྐྱེད་ཀ་བརྒྱ་ཆ་ ༡༢ དང༌།  དབུས་རྒྱུན་ལས་ཁང་གིས་དུས་བཀག་བཟོས་ཏེ་ཉེན་བརྡ་ཐེངས་གཅིག་གཏོང་དགོས། ད་དུང་མུ་མཐུད་ཁང་གླ་རྩིས་འབུལ་མ་ཞུས་ཚེ་ཉེན་བརྡའི་ནང་དོན་གཞིར་བཟུང་ལག་ བསྟར་བྱ་དགོས་པའི་སྤྱི་མོས་གྲོས་ཆོད་དུ།                                     

 ༤༽ ཚོང་ཁང་ཁག་གི་ཁང་གླ་བསྡུ་ལེན་བྱ་ཕྱོགས་ཐད་ད་བར་དཀའ་ངལ་འཕྲད་བཞིན་པའི་རིགས་ དོ་བདག་སོ་སོར་མ་གོ་མ་ཐོས་མེད་པ་འབྱུང་ཆེད་གསལ་བསྒྲགས་དང༌། ཡིག་འབྲེལ་ཐོག་དཀའ་ངལ་སེལ་ཐབས་བྱ་རྒྱུ་དང༌། གལ་ཏེ་དུས་བཀག་ནང་ཚུན་བོགས་ལེན་པས་ལག་བསྟར་ཚུལ་མཐུན་མ་ཞུས་ཚེ་ཚོགས་པ་དང་ བོགས་ལེན་པའི་དབར་གན་ཡིག་གི་འབྲུ་དོན་གཞིར་བཟུང་ལག་བསྟར་བྱ་དགོས་པའི་སྤྱི་མོས་གྲོས་ཆོད་དུ།

དོན་ཚན་དྲུག་པ།    གྲོས་གཞི།

མདོ་ཁམས་ཆུ་སྒང་ས་གནས་རྒྱུན་ལས་ཁག་གི་ལས་བསྡོམས་དང་རྩིས་བསྡོམས་སྙན་སྒྲོན་ ཞུ་རྒྱུ་དང༌། དེའི་ཐད་བགྲོ་གླེང་གནང་རྒྱུའི་མཚོན་ས་རྒྱུན་ཚགས་ཚུད་ཡར་རྒྱས་ཡོང་ཐབས་ཇི་ དགེའི་སྐོར་བགྲོ་གླེང་གནང་རྒྱུ།    གྲོས་ཆོད། མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས་  ༣༩པའི་ཚོགས་ཆེན་ཐོག་ས་གནས་ཁག་མང་པོས་ལས་བསྡོམས་དང་རྩིས་བསྡོམས།  སྒྲིག་དོན་གཞིར་བཟུང་སྙན་སྒྲོན་ཞུས་སོང་བ་ཡར་རྒྱས་ཀྱི་རང་བཞིན་ཐོག་བསྔགས་བརྗོད་ཞུ་འོས་དང༌།  སླད་ཕྱིན་འགན་ལྷན་ཚོགས་ཆེན་ནམ་ཡིན་ཐོག་ས་གནས་ཀྱི་ལས་བསྡོམས་དང༌། མི་མང་གི་བདེ་སྡུག  དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ས་གནས་སུ་གཟིགས་རྟོགས་དགོས་རིགས་རྒྱུ་མཚན་ དང་བཅས་ཏེ་སྙན་སྒྲོན་ཞུ་ཐུབ་པ་དགོས་པའི་སྤྱི་མོས་གྲོས་ཆོད་ དུ།                                      

 དོན་ཚན་བདུན་པ།  གྲོས་གཞི།                                                   

 མདོ་ཁམས་ཆུ་སྒང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་༢༠༠༩ ། ༢༠༡༠། ལོའི་སྔོན་རྩིས་སྙན་སྒྲོན་ཞུ་རྒྱུའི་ཁོངས་རྒྱུན་གྲོན་འགྲོ་མཆར་དང༌། དམིགས་བསལ་འགྲོ་འཆར། འཆར་ལོའི་ཡོང་དམིགས། ལྷག་འཆར་བཅས་བཀའ་ཁྲོལ་གཏན་འབེབས་དང་བགྲོ་གླེང་གནང་རྒྱུ། ་                                         

གྲོས་ ཆོད།

དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཕྱི་ལོ་ ༢༠༠༩། ༢༠༡༠ སྔོན་རྩིས་འགྲོ་འཆར་དང༌། ཡོང་དམིགས་ལ་བགྲོ་གླེང་དང༌།བསྣོན་འཁྲི་སྤར་གཅོག་གང་འོས་གནང་སྟེ་རྩིས་ཤོག་ཟུར་གསལ་ལྟར་སྤྱི་མོས་ཀྱིས་གཏན་འབེབས་ཞུས།  

དོན་ཚན་བརྒྱད་པ།  གྲོས་གཞི། ཆུ་སྒང་ལྔ་བཅུའི་དུས་དྲན་མཇུག་བསྡོམས་གནང་ཕྱོགས་ཐད་བགྲོ་གླེང་གནང་ རྒྱུ།                                                                   

 གྲོས་ཆོད།                                                                     

མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ཀྱི་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་མི་ ལོ་ཧྲིལ་པོ་ ༥༠ འཁོར་བའི་མཇུག་བསྡོམས་མཛད་སྒོ་ལྡི་ལིར་ཚུགས་རྒྱུ་དང༌། འགྲོ་གྲོན་ཇི་དགོས་གོ་སྒྲིག་ཚོགས་ཆུང་གིས་ལས་འཆར་བཀོད་སྒྲིག་ལྟར་གཏོང་འཐུས་ཆོག་པའི་སྤྱི་མོས་གྲོས་ཆོད་དུ།  གོང་གསལ་གྲོས་ཆོད་དོན་ཚན་བརྒྱད་འགན་ལྷན་ཚོགས་མི་ཡོངས་ཀྱིས་བགྲོ་གླེང་ཞིབ་ བསྡུར་ལྷུག་པོར་གནང་སྟེ་མདོ་ཁམས་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་ ༣༩ ཚོགས་ཐོག་ནས་སྤྱི་མོས་གཏན་འབེབས་ཞུས་པ་ཚད་འཛིན་བྱེད།
འགན་འཛིན་ལྷན་ཚོགས་ཐེངས་ ༣༩ པའི་ཚོགས་ཐོག་ནས་ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༤ ཚེས་ ༤ ལ།།