དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།68
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།300
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1192
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96085

Online (20 minutes ago): 11
Your IP: 38.107.179.237
,
Today: Feb 07, 2012

ཆུ་སྒང་འགན་ལྷན་ཚོགས་ཆེན་ཐེངས་༣༩ པ་དང་དྲ་རྒྱ་དབུ་འབྱེད།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༠༨ ལོའི་ཟླ་ ༡༢  ཚེས་ ༢༥ ཉིན་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཡོངས་ཁྱབ་གསལ་བསྒྲགས་ནང་འགན་འཛིན་ལྷན་ཚོགས་ཐེངས་ ༣༩ པའི་ཚོགས་ཆེན་སྒྲིག་དོན་གཞིར་བཟུང་བསྐོང་འཚོགས་གནང་རྒྱུའི་ས་གནས་སྒྲིག་འཛུགས་སོ་སོར་ཚོགས་བརྡ་སྔོན་བཏང་ནང་གྲོས་གཞི་རགས་ཟིན་ས་བོན་བོད་བསྟན་པ་ཆབ་སྲིད་དང་འབྲེལ་བའི་སྐོར་དང༌། ཆུ་སྒང་དབུས་ས་གཉིས་ཀྱི་འཛིན་སྐྱོང་ཚགས་ཚུད་གནང་ཕྱོགས། དབུས་སའི་ལས་བསྡོམས་སྙན་སྒྲོན་གནང་རྒྱུ་དང་དེའི་སྐོར་བགྲོ་གླེང༌། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྔོན་རྩིས་གཏན་འབེབས་གནང་རྒྱུ་བཅས་སྐ྄བས་མཚམས་སུ་གྲོས་གཞི་འཕར་མ་དགོས་རིགས་ཉིན་རེའི་ལས་རིམ་ནང་འགོད་འབུལ་བྱ་རྒྱུ་ཡིན་ལུགས་དང༌། ཕྱི་ལོ་ ༢༠༠༩ ལོའི་ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་དབུས་སའི་གཞུང་གི་དཔོན་རིགས་དང༌། བཙན་བྱོལ་གཞུང་གི་མཛད་གཙོ་རྣམ་པ་གདན་ཞུས་ཀྱིས་ཁང་སྟོན་མཛད་སྒོ་ཟབ་རྒྱས་ཤིག་གནང་རྒྱུ། ཚེས་ ༢ ནས་ ༤ བར་འགན་ལྷན་ཐེངས་ ༣༩ པའི་ཚོགས་འདུ་ཡིན་པ་མ་ཟད་ ༢༠༠༩ ལོའི་ཟླ་ ༣ ཚེས་ ༣༡ ཞོགས་པ་ཆུ་ཚོད་ ༩ པའི་ཐོག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་འབྱོར་ཐོ་འགོད་འབུལ་ཐུབ་པ་དགོས་ཞེས་འཁོད་ཡོད་པ་རེད། འོན་ཀྱང་བོད་ནང་གི་ཛ་དྲག་གི་དཀའ་ངལ་མུ་མཐུད་དེ་གནས་བཞིན་ཡོད་པ་དང༌། སྔ་འགྱུར་རྙིང་མའི་བསྟན་པའི་གསལ་བྱེད་སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་སྐུ་མྱ་ངན་ལས་འདས་པ་བཅས་ལ་བརྟེན་ཚོགས་པས་ཁང་སྟོན་མཛད་སྒོ་ཕྱི་འཐེན་གནང་ཡོད་པ་དང༌། ཟླ་འདིའི་ཚེས་  ༡ ཉིན་ས་ཁུལ་ཁག་ ༣༦ ནས་མདོ་ཁམས་ཆུ་སྒང་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ཡོངས་རྫོགས་འདུ་འཛོམས་ཀྱིས་སྐུ་མགྲོན་གཙོ་བོ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གིས་༢༠༠༩ ལོའི་ཟླ་ ༣ ཚེས་ ༣༠ ཉིན་མདོ་ཁམས་ཆུ་སྒང་ཚོགས་པའི་དྲྭ་རྒྱ www.dhokhamchushigangdrug.com  ཞེས་པ་དེ་སྒོ་འབྱེད་གནང་ཡོད་པ་རེད། དྲ་རྒྱ་གསར་བཟོ་གནང་མཁན་གེ་བ་ཚང་ངག་དབང་ཐར་པ་ལགས་ཀྱིས་དྲ་རྒྱའི་དཀར་ཆགས་ངོ་སྤྲོད་བྱས་མ་ཟད་།  དྲྭ་རྒྱ་འདིའི་ངོ་བོ་བོད་དབྱིན་གཉིས་ཐོག་དེང་དུས་དང་མཐུན་པའི་འཆར་འགོད་ཚད་ལྡན་བྱས་ཡོད་པས། སླད་ཕྱིན་ཚོགས་པ་རང་དང༌། ཁམས་པའི་མཁས་དབང༌། དྲྭ་རྒྱ་དོན་གཉེར་ཅན་ཚང་མས་ཕྱར་གྲུ་མཉམ་འདེགས་ཀྱིས་རྒྱ་བསྐྱེད་གཏོང་རྒྱུ་ནི་ང་ཚོའི་འོས་འགན་ཞིག་རེད་ཅེས་གསུངས།   གེ་བ་ཚང་ངག་དབང་ཐར་པས་ཆུ་སྒང་དྲ་རྒྱ་ངོ་སྤྲོད་གནང་བཞིན་པ།དེ་བཞིན་སྐུ་མགྲོན་དུ་བོད་མི་མང་མདོ་སྟོད་སྤྱི་འཐུས་རྣམ་པ། མདོ་ཁམས་ཆུ་སྒང་དབུས་རྒྱུན་ཟུར་རྣམ་པ། ཟུར་ཉན་པ་བཅས་རྒྱ་ཆེ་འདུ་འཛོམས་ཀྱིས་དྲ་རྒྱ་དགྱེས་གཟིགས་གནང་ཡོད་པ་རེད། དེ་བཞིན་ཕྱི་ཚེས་ ༢ ནས་ ༤ བར་སྔོན་བརྡ་གྲོས་གཞི་དོན་ཚན་བཞི་དང༌། འཕར་མ་དོན་ཚན་བཞི་བཅས་ཁག་བརྒྱད་ཐོག་བགྲོ་གླེངས་ཞིབ་ལྷུག་གནང་སྟེ་གྲོས་ཆོད་ཁག་བརྒྱད་འཇོག་ཐུབ་པ་བྱུང་བ་གཤམ་གསལ་ལྟར་ཡིན།