དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།68
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།300
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1192
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96085

Online (20 minutes ago): 10
Your IP: 38.107.179.238
,
Today: Feb 07, 2012

ལྔ་བཅུའི་དུས་དྲན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

Article Index
ལྔ་བཅུའི་དུས་དྲན་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
ཚོགས་གཙོ་ཀརྨ་ཆོས་འཕེལ་མཆོག་གི་སྒེར་ངོས་ཀྱི་གསུང་བཤད།
All Pages
བོད་ཁ་བ་གངས་ཅན་ལྗོངས་ལ་ཀུན་གྱིས་བལྟ་བཀློག་ཐུབ་པའི་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཀྱི་ཕུང་པོ་ཡིག་ཐོག་འདྲ་མིན་དུ་གསལ་བར་ཡོད་པའི་ནང་རྒྱལ་ཁབ་དང༌། མི་རིགས། བསྟན་པ། ཆབ་སྲིད་བཅས་ལ་དར་རྒུད་ཀྱི་གནས་སྟངས་འདྲ་མིན་བྱུང་ཡོད་ཅིང༌། གནའ་བོར་ཕྱི་ལོ་བརྒྱ་ཕྲག་བདུན་པ་དང༌། བརྒྱད་པའི་ནང་གྲགས་ཅན་བཙན་པོ་གསུམ་གཙོ་བོར་གྱུར་བའི་བོད་ཀྱི་མངའ་བདག་རྣམས་ནས་བོད་རྒྱ་རྒྱལ་ཁབ་གཉིས་དབར་ས་མཚམས་གསལ་དབྱེ་དང༌། རྟེན་འབྲེལ་ཉི་ཟླ་སྐར་གསུམ་སོགས་དཔང་པོར་བཙུགས་ཏེ་ཕན་ཚུན་དབར་དམག་འཐབ་དང༌། དབང་སྒྱུར་མི་བྱེད་པའི་དམ་བཅའ་བཞག་ཏེ་རྩ་དོན་དུ་རྒྱ་རྒྱ་ཡུལ་དུ་སྐྱིད་པ་དང༌། བོད་བོད་ཡུལ་དུ་སྐྱིད་པར་ངོས་འཛིན་ཁས་ལེན་གཙང་མ་བྱུང་ཡོད་པ་དེ་ལྟར་ཡང་དེ་དག་ལ་རྒྱ་དམར་གཞུང་གི་འགོ་འཛིན་པ་ཚོས་དམ་འཛིན་མེད་པར་ཕྱི་ལོ་༡༩༤༩ལོར་རྒྱལ་སྤྱིའི་ཁྲིམས་དང་རྩ་འགལ་གྱིས་བོད་ཆོས་ལྡན་རྒྱལ་ཁབ་ཐོག་དབང་སྒྱུར་བྱ་འགོ་བཙུགས་ཡོད། དེ་ནས་རྩིས་ཏེ་ད་ཆ་མི་ལོ་བཅུ་ཕྲག་དྲུག་ལ་ཉེ་བའི་དུས་ཡུན་འདི་དག་ནི་བོད་ལ་ཤིན་ཏུ་ཐབས་སྡུག་དང༌། འཁྲུག་ཆ་ཆེ་བའི་དུས་ངན་ཞིག་ཡིན་པས་གོང་ཞུས་དུས་ཡུན་རིང་པོའི་ལོ་རྒྱུས་ནང་འདི་དག་ལས་སྡུག་པ་བྱུང་མ་མྱོང་བར་ངོས་འཛིན་བྱས་ན་འགྲིགས་ངེས་སྙམ།
དེ་ལྟ་བུའི་བོད་ཆགས་འཇིག་ལ་ཐུག་པའི་གཉན་འཕྲང་དང༌། ཛ་དྲག་གི་དུས་སྐབས་སུ་ཕྱི་ལོ་༡༩༥༨ ཟླ་ ༦ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་དབུ་ཁྲིད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་མང་གཙོ་བོར་གྱུར་བས་བོད་དབུས་ལྷོ་བྲག་ལྕགས་ཚ་གྲུ་གུ་ཐང་དུ་བོད་ཀྱི་བསྟན་སྲུང་དྭང་བླང་དམག་གི་སྒྲིག་འཛུགས་ཐོག་མར་དབུ་བཙུགས་པས་དེ་དིང་ལོ་ངོ་ལྔ་བཅུ་ཧྲིལ་པོར་འཁོར་བའི་དུས་དྲན་ཁྱད་འཕགས་ཅན་གྱི་དམིགས་བསལ་ཟབ་རྒྱས་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་བའི་བཙན་བྱོལ་བོད་གཞུང་གི་མཛད་གཙོ་རྣམ་པ་དང་ཆོས་བརྒྱུད་ཁག་གི་བླ་སྤྲུལ་སྐུ་འཚབ་རྣམ་པས་དབུས་ཕྱི་ནང་གི་སྐུ་མགྲོན་རྣམས་དང༌། ལྷག་པར་ཆུ་སྒང་སྒྲིག་འཛུགས་ཀྱི་ཚོགས་གཙོ་མཆོག་དང༌། དབུས་རྒྱུན་ལས་ལས་ཟུར་རྣམ་པ། ཆུ་སྒང་ལྔ་བཅུ་དུས་དྲན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་དང་ཚོགས་མི་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་ས་གནས་སྒྲིག་འཛུག་ཁག་གི་དབུ་འཛིན་རྣམ་པ། ཚོགས་མི་དང༌། སེར་སྐྱ་མི་མང་བཅས་ཚང་མར་གུས་ནས་བོད་མི་སྤྱི་འཐུན་ལྷན་ཚོགས་དང༌། དེའི་རྒྱུན་ལས་ཚོགས་ཆུང་གི་སྐུ་འཚབ་ཞུས་ཏེ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། དེ་དང་ཆབས་ཅིག་བསྟན་སྲུང་དྭང་བླང་དམག་གི་སྒྲིག་འཛུགས་ཀྱི་ཚོགས་མི་རྣམས་ནས་བོད་བསྟན་སྲིད་མི་རིགས་ཀྱི་གནད་དོན་ཁོ་ནའི་ཆེད་དུ་རང་གི་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་ནང་མི་བཅས་པ་བློས་བཏང་གནང་བའི་དཔའ་བོ་དང༌། དཔའ་མོ་འདས་གསོན་ཡོངས་ལ་མྱ་ངན་གུས་བཏུད་དང༌། བཀའ་དྲིན་རྗེས་དྲན། སྙིང་ཐག་པ་ནས་ཞུ་རྒྱུ་ཡིན།
བོད་ཀྱི་སྣོད་བཅུད་ཡོངས་ལ་ལོ་རྒྱུས་ནང་མ་གྲགས་པའི་གོད་ཆགས་ཤིན་ཏུ་ཆེན་པོ་བྱུང་བའི་དུས་སྐབས་སུ་ཆུ་སྒང་བོད་ཀྱི་བསྟན་སྲུང་དྭང་བླང་དམག་གི་སྒྲིག་འཛུགས་ནས་རླབས་ཆེན་ཞབས་འདེགས་གྲུབ་པའི་ལོ་རྒྱུས་དག་དེབ་ཐེར་ཁག་གི་ནང་ཟིན་ཐོའི་ཚུལ་དུ་གསལ་བར་འཁོད་ཡོད། གཙོ་ཆེར་སྒྲིག་འཛུགས་འདི་ཐོག་ནས་བསྟན་དགྲ་རྒྱ་དམར་ལ་ཁ་གཏད་བཅོག་སླད་ཆོལ་གསུམ་གཅིག་ཏུ་བསྡོམས་ནས་རྡོག་རྩ་ཆིག་བསྒྲིག་གྱིས་ལས་འགུལ་མཉམ་དུ་བརྩམ་གལ་གྱི་མིག་དཔེ་བཟང་པོ་བསྟན་ཡོད། དེ་ནི་ཉམས་མྱོང་གི་ཐོག་ནས་ཐོག་མར་རྒྱ་དམག་གིས་བོད་ཤར་ཕྱོགས་ས་མཚམས་ནས་བཙན་འཛུལ་བྱ་འགོ་བཙུགས་སྐབས་སོ་སོའི་ས་གནས་སུ་མ་འབྱོར་བར་ཉེ་འདབ་ས་གནས་གཞན་ལ་རྒོལ་འཛིངས་བྱེད་སྐབས་མཉམ་རུབ་མ་བྱས་པར་བསྡད་པའི་རྐྱེན་གྱིས་རིམ་བཞིན་བོད་ས་རྣམས་རྒྱ་ལག་ཏུ་ཤོར་ཏེ་མི་མང་དག་ཞིག་དབུས་ཕྱོགས་སུ་འགྲོ་དགོས་བྱུང་ཡོད། ཐོག་མ་ཉིད་ནས་བོད་གཞུང་གི་དམག་མི་དང༌། ས་གནས་མི་མང་བཅས་ནས་ཆིག་བསྒྲིལ་གྱིས་རྒྱ་དམར་གདོང་ལེན་བྱས་ཡོད་ན་གནས་སྟངས་མི་འདྲ་བ་བ་ཞིག་འབྱུང་ངེས་པའི་འགྱོད་སེམས་ནས་བསླབ་བྱ་ལེན་པ་ཞིག་ཡིན་པར་ངོས་འཛིན་ཞུ་ཡི་ཡོད།
དེ་བཞིན་རྒྱ་དམར་གྱི་དམག་དཔུང་དང༌། དཔོན་རིགས་རྒྱལ་ས་ལྷ་སར་འབྱོར་ཟིན་པས་མ་ཚད་ཁོ་ཚོས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ལུགས་གཉིས་སྐུ་དབང་ལའང་ཇི་མི་སྙམ་པའི་ཐེ་བྱུས་བྱེད་སྐབས་ཆུ་སྒང་སྒྲིག་འཛུགས་ནས་གསེར་ཁྲི་གསར་སྐྲུན་གྱིས་ྋགོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་དང༌། གསར་གྱི་ཁྲི་དཔང་མཐོན་པོར་མངའ་གསོལ་ཞུས་པའང་དུས་སྐབས་དང་མཚུངས་པའི་ཆོས་སྲིད་གཉིས་ཀྱི་ལས་འགུལ་རྨད་དུ་བྱུང་བ་ཞིག་དང༌། དེས་བོད་མི་ཚོར་རྒྱལ་གཅེས་དང༌། ཆིག་བསྒྲིལ་གྱི་སེམས་འགུལ་ཆེན་པོ་ཐེབས་པའི་རྒྱུར་གྱུར་ཡོད།
ཕྱི་ལོ་༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་བོད་མིའི་རང་དབང་སྒེར་ལང་གི་ལས་འགུལ་རྗེས་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་སྐྱབས་བཅོལ་ཕེབས་དགོས་བྱུང་སྐབས་གསང་ཐབས་དང༌། སྐུ་ཕྱྭའི་ཉེན་སྲུང་ཞུ་སྒོ་ཐ་དག་འཐུས་ཤོར་མེད་པར་ཞུས་ཏེ་རྒྱ་གར་ས་མཚམས་བར་ཕེབས་བསྐྱེལ་ཞུ་ཐུབ་པ་ནི་སྒྲིག་འཛུགས་འདིའི་མཛད་རྗེས་ཆེ་བའི་གྲས་ཞིག་ཡིན། ས་མཚམས་སུ་བདེ་བར་ཕེབས་བསྐྱེལ་ཞུས་ཟིན་རྗེས་སྒྲིག་འཛུགས་ཀྱི་ཚོགས་མི་རྣམས་བོད་དུ་ཕྱིར་ལོག་གིས་རྒྱ་དམར་ལ་མུ་མཐུད་དམག་འཐབ་ཆེ་ཆུང་འདྲ་མིན་སྤེལ་ཡོད།
མི་ལོ་སྟོང་ཕྲག་མང་པོའི་རིང་དམག་འཐབ་བཞག་སྟེ་སངས་རྒྱས་ཀྱི་གསུང་ལ་ཉམས་ལེན་སྦྱང་བརྩོན་ཆེད་གཙོ་བོར་དུས་འདའ་བར་བྱས་པར་བརྟེན་དྲག་ལས་ཐད་ཉམས་མྱོང་དང་སྦྱོང་བདར་གྱིས་ཕོངས་པ་དང༌། མི་ཆ་ཆེས་མང་ཉུང་ཤོར་བ། གོ་ལག་མཚོན་ཆའི་ནུས་པར་གནམ་སའི་ཁྱད་པར་གྱུར་བ། གཙོ་ཆེ་དཀར་མིན་ལས་དབང་གིས་མཐར་རང་རེ་ཕམ་ཉེས་བྱུང་བ་དེ་ལྟར་ཡང་སེམས་ཤུགས་མ་ཆགས་པར་དེ་དག་ཕྲལ་སེལ་གྱི་གནས་ཚུལ་ལ་རྩིས་ཏེ་མཐར་དོན་རང་ཡུལ་རང་ལག་ཏུ་སོན་སླད་ཕྱི་རྒྱལ་བཙན་རྒྱལ་དུ་གྱར་དགོས་བྱུང་ཡང༌། འགོ་སྟོད་དུ་ཨ་རིའི་གསང་བའི་ལས་ཁང་ནས་མཐུན་སྦྱོར་གནང་བ་ལྟར་ཨ་རི་སོགས་ལ་འཇབ་དམག་དང་གསང་ཐབས་ཀྱི་སྦྱོང་བདར་ནང་ཞུགས་པ་ཙམ་དུ་མ་ཟད་ཚོགས་མི་གང་ཙམ་བོད་དུ་བཏང་སྟེ་ལས་འགུལ་སྤེལ་བ་དང༌། རྒྱ་གར་ནང་དྭང་སློབ་དམག་སྒར་འཛུགས་པ་དང༌། རྒྱ་གར་གཞུང་གི་ས་མཚམས་སྲུང་སྐྱོབ་དམག་ཞབས་ནང་འཛུལ་བ་དང༌། དེ་བཞིན་བལ་ཡུལ་དུ་གློ་སྒྲིག་ནང་ཆོལ་གསུམ་བོད་མི་མང་པོས་སྒྲིག་འཛུགས་འདིའི་དམིགས་ཡུལ་མཚུངས་པའི་རླབས་ཆེན་གྱི་ཕྱག་ལས་གནང་ཡོད་པ་སོགས་ནི་སྒྲིག་འཛུགས་འདིའི་འདས་པའི་མཛད་རྗེས་མང་དག་ཡོད་པའི་དཔེ་མཚོན་ཙམ་ཡིན།
ད་ལྟའི་ཆར་ཆུ་སྒང་འདི་བཞིན་བཙན་བྱོལ་བོད་མིའི་སྤྱི་མཚུངས་གཞུང་འབྲེལ་མ་ཡིན་པའི་ཁོངས་བཙན་བྱོལ་བོད་གཞུང་ནས་ངོས་བཞེས་ཡོད་པའི་སྒྲིག་འཛུགས་ཤིག་ཡིན་པར་བརྟེན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་རྣམས་གཞིར་བཞག་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་བླ་ན་མ་མཆིས་པ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། གང་གི་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་ལ་བློ་སྙིང་བྲང་གསུམ་གཡོ་མེད་དུ་གཏད་དེ་སོ་སོའི་ཆོལ་ཁའི་མི་མང་ཙམ་མིན་པར་རྒྱ་ཆེ་མང་ཚོགས་ནང་བསམ་ཚུལ་ངན་པ་མེད་པ་ཞིག་དགོས་རྒྱུ་གལ་ཆེ། གང་ལགས་ཞེ་ན། རང་རེའི་ཆབ་སྲིད་ཀྱི་རང་བཞིན་མང་གཙོའི་ལམ་བཟང་ལ་གཞི་བཅོལ་བ་ཞིག་ལ་སོང་ཚོགས་པ་གང་ཞིག་སྤྱི་ཚོགས་ཀྱི་སྤྱན་ལམ་ལ་འཇུག་པོ་ཞིག་དགོས་པ་གལ་ཆེན་པོ་ཡིན། ལྷག་པར་ད་ལྟའི་ཆར་བོད་ནང་གཞིས་ལུས་སྤུན་ཟླ་རྣམས་ནས་མི་ལོ་༤༩ རིང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་ནོར་འཁྲུལ་གྱི་སྲིད་བྱུས་སྡུག་རྩུབ་དྲག་གནོན་ལ་བཟོད་སྒོམ་མ་ཐུབ་པར་ཞི་བའི་རང་དབང་སྒེར་ལང་རླབས་ཆེན་སྤེལ་དང་སྤེལ་བཞིན་པའི་སྐབས་འདིར་བྱེས་འཁོད་བོད་མི་ཚང་མས་རྡོག་རྩ་ཆིག་བསྒྲིལ་གྱིས་གདུང་སེམས་མཉམ་བསྐྱེད་དང༌། དེ་དང་མཚུངས་པའི་རྒྱབ་བསྐྱོར་གྱི་ལས་འགུལ་སྤེལ་དགོས་པ་ལས་དེ་ལས་ལྡོག་སྟེ་རང་རེ་ནང་ཁུལ་འཆམ་མཐུན་ཆིག་བསྒྲིལ་མེད་པའི་གནས་ཚུལ་མི་སྙན་པ་བོད་ནང་ཁྱབ་ཚེ་ཁོང་ཚོར་ཐུགས་ཕམས་ཚད་མེད་ཡོང་གྱུ་མ་ཟད་བོད་དོན་བདེན་མཐའ་གསལ་ཏེ། གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ཚེས་སྐབས་འགལ་འཛོལ་གྱི་ཕུག་རྩ་སུར་ཐུག་རྩད་གཅོད་བྱ་དགོས་པར་འགྱུར་མི་སྲིད་པ་མིན། དེར་བརྟེན་ད་ལྟའི་བོད་ནང་གི་གནས་སྟངས་ཛ་དྲག་སྐབས་མདོ་ཁམས་ཀྱི་ས་ཁུལ་མང་དག་ནང་དཔའ་འཛངས་གཟི་བརྗིད་ལྡན་པའི་རྒྱལ་གཅེས་ལས་འགུལ་སྤེལ་བཞིན་པ་ལྟར་ཆུ་སྒང་སྒྲིག་འཛུགས་ནས་ཀྱང་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་རྩི་ཞུ་སྒོའི་ལས་རིམ་ནང་སྤུན་ཟླ་ཁོང་རྣམས་ཀྱི་མཛད་རྗེས་དང་མཚན་མཐོང་ལ་སྨན་ངེས་ཀྱི་མཛད་ཕྱོགས་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།
མཐའ་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པ་དང༌། མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལས་དོན་གང་ཅིར་ལམ་ལྷོངས་ཡོང་བའི་སྨོན་འདུན་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷག་ཚོགས་ནས་ཕྱི་ལོ་ ༢༠༠༨ ཟླ་ ༨ ཚེས་ ༡༦ ལ།།