Regd. no. s.23417 of 1992
Skip to Content
Jump to Main Navigation and Login
Jump to additional Information
Search, View and Navigation
མདུན་ངོས།
ང་ཚོའི་སྐོར།
མི་སྣ།
ཡུལ་ལུང༌།
ཆུ་སྒང་ལོ་རྒྱུས།
པར་མཛོད།
རྩོམ་ཡིག
འབྲེལ་གཏུགས།
ཁྱེད་རང་ང་ཚོའི་དྲ་གནས་སུ་་ཕེབས་པར་དགའ་བསུ་ཞུ།
མདུན་ངོས།
གསར་འགྱུར།
དུས་དྲན་གྱི་གསུང་བཤད་ཁག
གསར་འགོད་གསལ་བསྒྲཌ།
འབྲེལ་མཐུད།
དྲ་རྒྱ་གཟིགས་མཁན།
དེ་རིང་།
22
ཁ་སང།
118
བདུན་ཕྲག་འདི།
140
བདུན་ཕྲག་སྔོན་མ།
580
འདི་ཟླ།
527
ཟླ་བ་སྔོན་མ།
3103
གཟིགས་མཁན་བསྡོམས།
28265
Online (20 minutes ago): 7
Your IP: 38.107.191.91
,
Today: Sep 06, 2010
Visitors Counter
སྦེལ་ལྗམ་ས་གནས་མདོ་ཁམས་ཆུ་སྒང་གིས་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་བསྒྲགས་མཛད་སྒོ་ཟབ་རྒྱས་ཞིག་འཚོགས་པ།
སྦེལ་ལྗེམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གནས་ཚུལ་བཏང་གསལ་ལྟར་ན། ཕྱི་ལོ་ ༢༠༡༠ ཟླ ༧ ཚེས་ ༡༧ ཉིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཡི་འཁྲུངས་སྐར་དང་བསྟུན། ས་གནས་དེ་གའི་ཆེས་མཐོའི་གནད་ཡོད་མི་སྣ་ཁག་དང་། ས་གནས་དེར་ཡོད་པའི་ཁམས་རིགས་མི་མང་ཉིས་བརྒྱ་ལྷག་རྒྱས་འཛོམས་ཐོག་ས་གནས་ཆུ་སྒང་གི་ཚོགས་གཙོ་མཆོག་ནས་སྐུ་ཡི་འཁྲུངས་སྐར་གྱི་ངོ་སྤྲོད་དང་བསྒྲགས། དོན་ཚན་གསུམ་ཅན་གྱི་གཏམ་བཤད་ཞིག་གནང་ཡོད་ལ། དོན་ཚན་དང་པོའི་ནང་༸གོང་ས་མཆོག་གི་མཛད་འཕྲིན་གྱི་སྐོར་དང། དོན་ཚན་གཉིས་པ་དང་གསུམ་པར་མདོ་ཁམས་ཆུ་བཞི་སྒང་དྲུག་འདི་ཉིད་ཐོག་མར་དབུ་བརྙེས་པ་ནས་བཟུང་ཐོག་མའི་དམིགས་ཡུལ་དང་མཐུན་པར། གཞོན་སྐྱེས་རྣམས་ནས་འདས་པའི་དཔའ་བོ་དཔའ་མོ་རྣམས་ཀྱི་བྱས་རྗེས་རླབས་ཆེན་དེ་དག་རྗེས་དྲན་ཞུ་དགོས་པའི་སྐོར་དང་། བོད་མི་ཕན་ཚུན་བསམ་པ་གཅིག་སྒྲིལ་དང་རོགས་རམ་གང་ཐུབ་ཞུ་དགོས་པ་དང། མ་འོངས་པར་དགོས་ངེས་ཀྱི་ཆ་རྐྱེན་ཁག་ཚང་ཚེ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་མི་རྒྱུ་གཉིས་ཀ་བཏང་སྟེ་རླབས་ཆེན་གྱི་བྱ་བཞག་བསྒྲུབས་ཡོད་པ་རྣམས་དེང་དུས་དང་འཚམས་པར་བརྙན་འཕྲིན་གྱི་ལམ་ནས་འཛམ་གླིང་རྒྱ་ཆེའི་མང་ཚོགས་ཀྱི་མདུན་དུ་འབུལ་ཐབས་བྱ་དགོས་པ་སོགས་ཀྱི་གཏམ་བཤད་གནང་ཡོད་པ་དང། དེ་རྗེས་འགོ་མངས་ལྷན་འཛོམས་ཐོག་ཐུགས་སྤྲོ་ཟབ་རྒྱས་ཞིག་ཀྱང་བཏང་ནས་མཐར་མཛད་སྒོ་རྒྱལ་ཁའི་ངང་གྲོལ་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
Additional Information
བརྙན་དཔར།
Video ID missing!