དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།26
mod_vvisit_counterཁ་སང།118
mod_vvisit_counterབདུན་ཕྲག་འདི།144
mod_vvisit_counterབདུན་ཕྲག་སྔོན་མ།580
mod_vvisit_counterའདི་ཟླ།531
mod_vvisit_counterཟླ་བ་སྔོན་མ།3103
mod_vvisit_counterགཟིགས་མཁན་བསྡོམས།28269

Online (20 minutes ago): 7
Your IP: 38.107.191.94
,
Today: Sep 06, 2010

མདོ་ཁམས་དབུས་ཆུ་སྒང་གི་མཛད་གཙོ་རྣམ་པ་ས་གནས་ཁག་ཏུ་འཚམས་གཟིགས་ཕེབས་པ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཕྱོགས་སྐྱོད་ལས་བསྡོམས། །

བཀྲིས་ལྗོངས་ས་གནས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ ནས་འགྲུལ་འཁོར་རྒྱུད་ཐོན་ནས་ཕྱི་ཟླ་ ༦ ཚེས་ ༦ ཉིན་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་བཀྲིས་ལྗོངས་གཞིས་ཆགས་སུ་འབྱོར་སྐབས། ས་གནས་ཆུ་སྒང་ཚོགས་གཙོ་དང་རྒྱུན་ལས། ས་གནས་འགོ་འཛིན་བཅས་ཀྱིས་ཕེབས་བསུ་གནང་རྗེས་ཞོགས་པའི་ཆུ་ཚོད་ ༡༠ ཐོག་ཚོགས་འདུ་དངོས་སུ་འགོ་འཛུགས་ཞུས། ཚོགས་འདུར་ས་གནས་ཆུ་སྒང་ཚོགས་གཙོ་དང་རྒྱུན་ལས། ས་གནས་འགོ་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། བཀྲིས་ལྗོངས་དགོན་པའི་མཁན་རིན་པོ་ཆེ་དབུས་པའི་དགེ་འདུན་པ་རྣམས་དང༌། སེར་སྐྱ་མི་མང་རྒྱས་འཛོམས་ཐོག་ཆུ་སྒང་དབུས་རྒྱུན་དྲུང་གཞོན་ངག་དབང་བསྟན་པ་དང༌། དབུས་རྒྱུན་ཀརྨ་མཁས་གྲུབ་རྣམ་གཉིས་ཀྱིས་དབུས་ཆུ་སྒང་གི་གཏན་འབེབ་ཡོད་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང༌། མི་མང་ངོས་ནས་མངོན་འདོད་ཡོད་པའི་དྲི་བ་ཁག་ལ་ལན་འདེབས་གསལ་པོར་ཞུས་ནས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ།
དེ་རྗེས་བཀྲིས་ལྗོངས་དགོན་པའི་ཕྱག་མཛོད་དང་མཇལ་འཕྲད་ཀྱིས་ཉེ་ཆར་བོད་ནང་ས་ཡོམ་གྱི་རྐྱེན་ངན་བྱུང་བ་རྣམས་དང༌། ཆུ་སྒང་གི་སྒྲིག་འཛུགས་ནང་ཡོད་དཔའ་བོ་དཔའ་མོ་གྲངས་ལས་འདས་པ། བོད་རྒྱལ་ཁབ་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་བ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་སྐྱབས་འཇུག་ཞུ་རྟེན་ཧིན་སྒོར་ ༡༠༠༠ དང་སྐྱབས་ཐོ་བཅས་འབུལ་ལམ་ཞུས་པ་དང་ཆུ་སྒང་དབུས་རྒྱུན་གྱི་གནས་སྟངས་སྐོར་བཀའ་མོལ་ཞིབ་ཕྲ་ཞུས།
དེ་ཉིན་ཉིན་རྒྱབ་ཆུ་ཚོད་ ༥ པའི་ཐོག་བཀྲིས་ལྗོངས་ས་གནས་ཆུ་སྒང་ཚོགས་གཙོ་མཆོག་ནས་ཕེབས་སྐྱེལ་གནང་རྗེས་ཕྱི་ཚེས་ ༦ གི་དགོང་མོའི་ཆུ་ཚོད་ ༧ ཐོག་སྦིར་ནང་ཆེན་གཞིས་ཆགས་སུ་འབྱོར། །

སྦིར་ནང་ཆེན་ས་གནས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་སྦིར་ནང་ཆེན་ཚོགས་ཁང་དུ་ནང་ཆེན་ས་གནས་འཛིན་སྐྱོང་ཚོགས་གཙོ་སྲས་འཇམས་དབྱངས་རྒྱལ་མཚན་མཆོག་དང༌། ས་གནས་འགོ་འཛིན། ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ས་གཞོན་ཚོགས་གཙོ། ས་གནས་ཆུ་སྒང་ཚོགས་གཙོ་དང་ཚོགས་མི་རྣམ་པ། ས་གནས་ཆུ་སྒང་རྒྱུན་ཟུར་རྣམ་པ་བཅས་མི་གྲངས་ ༡༥༠ རྩམ་འདུ་འཛོམས་ཐོག་དབུས་རྒྱུན་རྣམ་གཉིས་ནས་གཏན་འབེབ་ཡཽད་པའི་རྗོད་གཞིའི་ཐོག་ལ་གཏམ་བཤད་ཆུ་ཚོད་ ༢ རིང་གནང་བ་དང༌། ཆུ་ཚོད་ཕྱེད་ཀའི་རིང་དྲི་བ་དྲིས་ལན་གྱི་གོ་སྐབས་ཕུལ། དབུས་རྒྱུན་རྣམ་གཉིས་ནས་མདོ་ཁམས་ཆུ་སྒང་གི་འདས་མ་འོངས་ད་ལྟ་གསུམ་གྱི་སྐོར་དང༌། བར་སྐབས་ཆུ་སྒང་སྒྲིག་འཛུགས་ནང་དཀའ་ངལ་ཇི་འཕྲད། ཕྱི་ལོ་ ༢༠༠༠ ལོར་ྋགོང་ས་མཆོག་ལྷ་དགོངས་དངས་གསལ་བྱུང་བ་དང༌། ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་གིས་ངོས་ལེན་ཡོད་པའི་ཚོགས་པ་ཞིག་ཆགས་ཡོད་པའི་སྐོར་དང༌། དེང་གི་ཆར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གནས་སྟངས་དང་མ་འོངས་བྱ་འཆར་སྐོར་སོགས་ལ་བཀའ་སློབ་ཟབ་ཅིང་ཟབ་པ་གསུངས་པ་རྣམས་ལ། ནང་ཆེན་གཞིས་ཁོངས་སུ་ཆུ་སྒང་གི་འཛིན་སྐྱོང་དང་གནས་སྟངས་ལ་དོགས་པ་རྣམ་རྟོག་ཕྲན་བུ་ཡོད་པ་རྣམས་ནམ་མཁའ་གཡའ་དག་པ་ལྟར་ཕན་རླབས་ཆེན་པོ་བྱུང་སོང༌། མ་ཟད་ཆུ་སྒང་སྒྲིག་འཛུགས་ནང་འདས་པའི་རྒན་ཁོག་རྣམས་ཤི་ན་བླ་བདེ་གསོན་ན་བློ་བདེ་བ་བྱུང་སོང༌། ཞེས་དགའ་ཚོལ་དཔག་མེད་ཀྱི་རྣམ་འགྱུར་སྟོན་མཁན་ཡང་མང་པོ་བྱུང་བ་སོགས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ།
དེ་ནས་ཉིན་གུང་ཆུ་ཚོད ༡༢ ཐོག་ཆུ་སྒང་ས་གནས་རྒྱུན་ལས་ནས་གསོལ་ཚིག་གོ་སྒྲིག་ཞུས་འདུག་པར་གྲུབ་རྗེས། ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་རྫོང་གསར་བཤད་གྲྭའི་མཁན་ཆེན་མཆོག་དང་མཇལ་བཅར་ཞུས་ཏེ། ཆུ་སྒང་སྒྲིག་འཛུགས་ཀྱི་གནས་སྟངས་སྐོར་བཀའ་མོལ་ཞིབ་ཕྲ་ཞུས་རྗེས་ཉེ་ཆར་བོད་ནང་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་པ་དང༌། མདོ་ཁམས་ཆུ་སྒང་གི་སྒྲིག་འཛུགས་ཁོངས་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་འདས་གྲོངས་སུ་སོང་བ་བཅས་ལ་བསྔོ་སྨོན་གསུང་རྟེན་ཧིན་སྒོར་ ༡༠༠༠ དང་སྐྱབས་ཐོ་བཅས་འབུལ་ལམ་ཞུས་པར། མཁན་ཆེན་ནས་ཐུགས་དགྱེས་ཚོར་ཆེན་པོའི་བསྔོ་སྨོན་གསོལ་འདེབས་གང་འགབ་ཞུ་ཆོག་པའི་ཞལ་བཞེས་གནང༌། དེ་རྗེས་ཆུ་ཚོད་ ༣ པའི་ཐོག་ཤེས་རབ་གླིང་དགོན་པའི་ཕྱག་མཛོད་དང་དང་མཇལ་བཅར་ཞུས་ཏེ། ཆུ་སྒང་སྒྲིག་འཛུགས་ཀྱི་འདས་པའི་བྱུང་རིམ་དང༌། བར་སྐབས་ཀྱི་གནས་སྟངས། དེང་གི་ཆར་ཡར་རྒྱས་ཀྱི་རྣམ་པ་འགྲོ་བཞིན་པ་སོགས་ཀྱི་གནས་སྟངས་ཞིབ་ཕྲ་ཞུས་པ་དང༌། ཉེ་ཆར་བོད་ནང་ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་སོང་བ་རྣམས་དང༌། དེ་བཞིན་གྲངས་ལས་འདས་པ་སྨས་སྐྱོན་བྱུང་བ། ལྷག་པར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ནང་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ཁམས་རིགས་ཀྱི་དཔའ་བོ་དཔའ་མོ་ཁྲི་ཕྲག་མང་པོའི་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་བསྔོ་སྨོན་སྐྱབས་འཇུག་ཞུ་ཆེད། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་མ་དགོན་རྣམས་ལ་ཧིན་སྒོར་ ༡༠༠༠༠ རེ་འབུལ་རྒྱུའི་གཏན་འབེབ་ཡོད་པ་ལྟར་ཧིན་སྒོར་ ༡༠༠༠༠ དང་སྐྱབས་ཐོ་བཅས་འབུལ་ལམ་ཞུས་པ་དང༌། ཕྱག་མཛོད་མཆོག་ནས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་གནད་སྨིན་ཡོང་བའི་ཞལ་བཞེས་གནང༌། དེ་བཞིན་མདོ་ཁམས་ཆུ་སྒང་དབུས་རྒྱུན་རྣམ་གཉིས་དང་ས་རྒྱུན་བཅས་པར་གསོལ་ཇ་དང་བཞེས་ཏོག་འདེགས་འབུལ་གནང་བ་དང་སྟབས་བསྟུན། ཆུ་སྒང་གི་གནས་སྟངས་སྐོར་དོགས་འདྲི་དང་བཀའ་མོལ་ཆུ་ཚོད་ཕྱེད་ཙམ་རིང་ཞུས། དེ་ནས་རི་མགོ་དགོན་དང༌། མཆོག་གླིང་དགོན། བི་རི་དགོན་བཅས་ཀྱི་གཉེར་ལས་རྣམས་ལྷན་དུ་མདོ་ཁམས་ཆུ་སྒང་སྒྲིག་འཛུགས་ཀྱིས་འདས་མ་འོངས་ད་ལྟ་གསུམ་གྱི་སྐོར་དང༌། གཞན་ཡང་ཉེ་ཆར་བོད་ནང་ས་ཡོམ་གྱི་རྐྱེན་ངན་འོག་འདས་གྲོངས་སུ་སོང་བ་རྣམས་དང༌། དེ་བཞིན་ཆུ་སྒང་སྒྲིག་འཛུགས་ནང་བོད་བསྟན་སྲིད་དང་མི་རིགས་ཀྱི་དོན་དུ་འདས་གྲོངས་སུ་གྱུར་པ་རྣམས་ལ་བསྔོ་སྨོན་གསུང་རྟེན་ཧིན་སྒོར་ ༡༠༠༠ རེ་དང་སྐྱབས་ཐོ་བཅས་འབུལ་ལམ་ཞུས། དེ་ནས་དགོང་མོའི་སྦིར་ནང་ཆེན་ས་གནས་འགོ་འཛིན་སྲས་དོན་ཡོད་ཀྱི་སྐུ་མདུན་དུ་མཇལ་བཅར་གྱིས་མདོ་ཁམས་ཆུ་སྒང་གི་གནས་སྟངས་སྐོར་ལ་བཀའ་མོལ་ཞིབ་ཕྲ་ཞུས།
ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༨ ཉིན་ཉིན་གུང་དུ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་མཆོག་གི་སྐུ་མདུན་དུ་མཇལ་བཅར་གྱིས་མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས་ ༤༠ པའི་གྲོས་ཆོད་ཀྱི་དགོངས་དོན་རྒྱུན་ལས་རྣམས་ཁག་བགོས་ཀྱིས་འཚམས་གཟིགས་ཕེབས་བཞིན་པའི་སྐོར་དང༌། ཞོར་དུ་ཉེ་ཆར་ས་ཡོམ་གྱི་གོད་ཆག་འོག་འདས་གྲོངས་སུ་གྱུར་པ་རྣམས་ལ་བསྔོ་སྨོན་སྐྱབས་འཇུག་ཆེད། ཆོས་རྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་མ་དགོན་ཁག་ལ་ཧིན་སྒོར་ ༡༠༠༠༠ རེ་དང༌། གཞན་དགོན་ཁག་རྣམས་ལ་ཧིན་སྒོར་ ༡༠༠༠ རེ་འབུལ་རྒྱུའི་རྒྱུན་ལས་སུ་གྲོས་ཆོད་བྱུང་སོགས་བཀའ་མོལ་ཞིབ་ཕྲ་ཞུས། །

སུམ་མཚོ་མན་གསུམ་ས་གནས་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༨ ཀྱི་ཉིན་གུང་ཆུ་ཚོད་ ༡༢ ཐོག་ཅོན་ཏ་ར་ནས་མཚོ་པདྨ་ཕྱོགས་སུ་ཐོན། གོང་ཚེས་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་མཚོ་པདྨ་རུ་འབྱོར་སྐབས། སུམ་མཚོ་མན་གསུམ་གཞིས་ཁོངས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ཚོགས་གཙོ་དང་རྒྱུན་ལས་རྣམས་ནས་ཕེབས་བསུ་ཟབ་རྒྱས་ཞུས། ཕྱི་ཟླ་ ༦ ཚེས་ ༩ ཉིན་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་སུམ་མཚོ་མན་གསུམ་གྱི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དང་ལས་སྣེ། དགོན་སྡེ་ཁག་གི་སྐུ་འཚབ། ས་གནས་ཆུ་སྒང་གི་ཚོགས་གཙོ་དང་རྒྱུན་ལས་རྣམ་པ། གཞན་ཡང་མདོ་ཁམས་ཀྱི་སེར་སྐྱ་མི་གྲངས་ ༦༠ ལྷག་ཞིག་ལ་མདོ་ཁམས་ཆུ་སྒང་གི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སྐོར་དང༌། བཀའ་བློན་ཁྲི་པ་སྐབས་གསུམ་པའི་འོས་བསྡུ་དང༌། སྐབས་ ༡༥ པའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་བསྡུ། གཞན་ཡང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་སྐབས་ ༡༩ པ་བཅས་ཀྱི་འོས་བསྡུ་རྣམས་གལ་ཆེ་དོན་ཆེན་ཡིན་པས་དེའི་ནང་ངེས་པར་དུ་ཆ་ཤས་ལེན་དགོས་ཚུལ། ཁམས་རིགས་མི་མང་ཚང་ལས་རྡོག་རྩ་ཆིག་སྒྲིལ་གྱི་ནུས་པའི་ཐོག་འོས་ཤོག་འཕེན་དགོས་སྐོར་བཅས་ཀྱི་གསུང་བཤད་ཆུ་ཚོད་ ༢ རིང་གནང་མཐར་དྲི་བ་དྲིས་ལེན་གྱི་དུས་ཚོད་ཕུལ་བ་སོགས་ཀྱིས་མཚོན། མི་མང་རྣམས་དགའ་ཚོར་ཆེན་པོ་དང་ཡིད་རངས་གནང་གི་འདུག །

བོན་གཞིས་ས་གནས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ པའི་ཐོག་སོ་ལན་བོན་གཞིས་ཕྱོགས་སུ་ཕེབས་ཐོན་གནང་བ་དང༌། དགོང་མོའི་ཆུ་ཚོད་ ༦ པའི་ཐོག་བོན་གཞིས་ས་གནས་ཆུ་སྒང་ཚོགས་གཙོ་མཆོག་ནས་སོ་ལན་གྲོང་ཁྱེར་རླངས་འཁོར་འབབ་ཚུགས་སུ་ཕེབས་བསུ་བཅར་གནང་འདུག་པ་དང༌། དེ་ནས་སྣུམ་འཁོར་ཆུང་བ་ཞིག་ནང་བོན་གཞིས་ས་གནས་སུ་ཆུ་ཚོད་ ༧ པའི་ཐོག་རྒྱུན་ལས་རྣམས་ཕེབས་སྒུག་གནང་འདུག་པར་ཕན་ཚུན་ངོ་སྤྲོད་ཞུས་རྗེས་དགོང་མོའི་ཞལ་ལག་མཉམ་ཞུ་གནང༌། ཕྱི་ཟླ་ ༦ ཚེས་ ༡༡ ཉིན་གྱི་སྔ་དྲོར་གཡུང་དྲུང་བོན་གྱི་དཔེ་མཛོད་ཀྱི་ཚོགས་ཁང་ཆེན་མོའི་ནང་ྋདཔལ་ལྡན་བཤད་སྒྲུབ་འདུས་སྡེའི་མཁན་པོ་མཆོག་དང༌། བཤད་སྒྲུབ་འདུས་སྡེའི་སློབ་དཔོན་མཆོག དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་གཞོན། གཞན་ཡང་དགོན་པའི་ལས་སྣེ་བ་རྣམས་དང༌། ས་གནས་ཆུ་སྒང་ཚོགས་གཙོ་དང་རྒྱུན་ལས་རྣམ་པ་དང་དགེ་འདུན་པ་བཅས་སྐྱ་སེར་གྲངས་ ༢༠༠ ལྷག་ལྷན་འཛོམས་ཐོག དབུས་རྒྱུན་རྣམ་གཉིས་ཀྱིས་མདོ་ཁམས་ཆུ་སྒང་གི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སྐོར་དང༌། དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐབས་ ༡༩ པའི་འོས་འགྲོ་དང༌། མདོ་སྟོད་སྤྱི་འཐུས་སྐབས་ ༡༥ པའི་སྐོར༌། ད་དུང་བཀའ་བློན་ཁྲི་པ་བཅས་ཀྱི་འོས་བསྡུ་བྱ་ཕྱོགས་བཅས་ཀྱི་སྐོར་ལ་ཆུ་ཚོད་ ༢ ཙམ་རིང་གཏམ་བཤད་བྱས་རྗེས། དྲི་བ་ཁག་ལ་ལན་འདེབས་དང་གསལ་བཤད་སོགས་རྒྱས་པར་ཞུས་པ་དང་ཆབས་ཅིག་དགེ་འདུན་པ་ཡོངས་ནས་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་སོགས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ། དེ་ནས་ཉིན་རྒྱབ་ཆུ་ཚོད་ ༢ ཐོག་བོན་གཞིས་ཐོབ་རྒྱལ་གསར་པའི་ཚོགས་ཁང་ཆེན་མོར་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་དབུས་པའི་གནད་ཡོད་མི་སྣ་ཁག་དང༌། གཞིས་ཁོངས་སུ་ཡོད་པའི་ཆོལ་ཁ་གསུམ་གྱི་མི་མང་དང་སློབ་ཕྲུག་བཅས་མི་གྲངས་ ༢༢༠ ལྷག་ལ་གོང་གསལ་གྱི་རྗོད་གཞི་ཁག་ལ་ཆུ་ཚོད་ ༢ རིང་གཏམ་བཤད་དང༌། ཆུ་ཚོད་ཕྱེད་ལ་དྲི་བ་དྲིས་ལན་གནང་བ་སོགས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ། དེ་ནས་བཙུན་དགོན་རདྣ་སྨན་གླིང་དང༌། བོན་གཞིས་སློབ་གྲྭ་བཅས་སུ་འཚམས་གཟིགས་ཕེབས་པ་སོགས་ལེགས་གྲུབ་བྱུང༌། །

ཀམ་རའོ་གཞིས་ཆགས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༢ སྔ་དྲོའི་ཆུ་ཚོད་ ༦ ཐོག་བོན་གཞིས་ས་གནས་ཆུ་སྒང་ཚོགས་གཙོ་མཆོག་ནས་སོ་ལན་རླངས་འཁོར་འབབ་ཚུགས་བར་ཕེབས་སྐྱེལ་གྱིས་འགྲུལ་སྐྱེལ་རླངས་འཁོེར་རྒྱུད་པོམ་ཊ་ས་ཧིབ་ཕྱོགས་ནས་ཆུ་ཚོད་ ༥ པའི་ཐོག་ཀམ་རའོ་གཞིས་ཆགས་སུ་འབྱོར་སྐབས་རྒྱུན་ལས་རྣམས་ནས་ཕེབས་བསུ་དང་བཅས། ཀམ་རའོ་མཉམ་འབྲེལ་ལས་ཁུངས་སུ་གསོལ་ཇ་དང་བཞེས་ཏོག་འདེགས་འབུལ་ཞུས་འདུག་པ་དང་ཆབས་ཅིག་བཀའ་མོལ་ཆུ་ཚོད་གཅིག་རིང་ཞུས། ཕྱི་ ༦ ཚེས་ ༡༣ སྔ་དྲོའི་ཆུ་ཚོད་ ༡༠ ཐོག་སྒ་པ་གཞིས་ཆགས་ཀྱི་གྲོས་ཚོགས་ཚོགས་གཞོན། དགོན་པའི་སྐུ་འཚབ། རང་བཙན་ཚོགས་གཙོ། སྒ་པ་བདེ་དོན་ལྷན་ཚོགས་ཀྱི་འགོ་འཛིན་རྣམས་དང་ཆུ་སྒང་ས་རྒྱུན་བཅས་མི་གྲངས་ ༣༠ སྐོར་ལ་གཏམ་བཤད་བྱས་རྗེས། དྲི་བར་ལན་འདེབས་ཀྱང་གང་འགབ་ཞུས་རྗེས་ཚོགས་འདུ་རྒྱལ་ཁའི་གྲོལ།
དེའི་ཉིན་གུང་སྒ་པ་གཞིས་ཆགས་ཀྱི་སྣེ་ལེན་མི་སྣ་དང་མཉམ་དུ་ཉིན་གུང་གསོལ་ཚིགས་གྲ་སྒྲིག་ཞུས་འདུག  ཉིན་གུང་ཆུ་ཚོད་ ༢ པར་ཆུ་སྒང་རྒྱུན་ལས་རྣམས་ནས་ཕེབས་སྐྱེལ་དང་བཅས་ཀ་ལ་མན་ཊོན་ཕྱོགས་སུ་ཐོན། །

གླིང་ཚང་གཞིས་ཆགས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༤ ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་གླིང་ཚང་གཞིས་ཆགས་སུ་འབྱོར་སྐབས་གླིང་ཚང་ས་གནས་འགོ་འཛིན་དང༌། ས་གནས་ཆུ་སྒང་རྒྱུན་ལས་རྣམས་ནས་ཕེབས་བསུ་ཐོག་ཆུ་ཚོད་ ༡༠ པར་ཚོགས་འདུ་དབུ་འཛུགས་གནང༌། ཚོགས་འདུའི་ཐོག་ས་གནས་འགོ་འཛིན་དང་ལས་སྣེ་བ་རྣམས། དེ་བཞིན་ས་གནས་རྒྱུན་ལས་མི་མང་བཅས་མི་གྲངས་ ༥༥ སྐོར་ལ་ཆུ་ཚོད་ ༡།༣༠ བར་གཏམ་བཤད་བྱས་རྗེས་དྲི་བ་དྲིས་ལན་གང་འགབ་ཞུས་ནས་ཚོགས་འདུ་གྲོལ།

ར་ཇ་པུར་ས་གནས་སུ་འཚམས་གཟིགས།

ཕྱི་ཟླ་ ༦ ཚེས་ ༡༥ ཉིན་ཞོགས་པའི་ཆུ་ཚོད་ ༩ ཐོག་ས་གཞིས་སྒར་དུ་འབྱོར་མཚམས་ར་ཇ་པུར་ས་གནས་རྒྱུན་ལས་རྣམས་དང་ལྷན་དུ་དགོན་པའི་གཉེར་པའི་མདུན་མཇལ་བཅར་ཞུས་ཏེ། མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐོར་བཀའ་མོལ་ཞིབ་ཕྲ་ཞུས། ད་དུང་ཉེ་ཆར་བོད་ནང་ས་ཡོམ་གྱིས་གོད་ཆགས་འོག་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་དུ་བསྔོ་སྨོན་གསུང་རྟེན་ཧིན་སྒོར་ ༡༠༠༠༠ ཕུལ་བ་དང༌། ལྷག་པར་ྋགོང་མ་རིན་པོ་ཆེ་མཆོག་གི་སྐུ་མདུན་དུ་བསྔོ་སྨོན་གསུང་རྟེན་ཧིན་སྒོར་ ༥༠༠ ཐམས་པ་འབུལ་ལམ་ཞུས། །

བདེ་སྐྱིད་གླིང་གཞིས་ཆགས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༦ ཉིན་བདེ་སྐྱིད་གླིང་དང་ར་ཇ་པུར་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་མཉམ་འབྲེལ་གྱིས་གོ་སྒྲིག་འོག མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་དང་སྟབས་བསྟུན་བདེ་སྐྱིད་གླིང་གི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་སྣེ་བ་རྣམས་དང༌། རང་བཙན་ཚོགས་གཙོ་དང་ས་གནས་མདོ་ཁམས་ཆུ་སྒང་གི་རྒྱུན་ལས་རྣམ་པ་དང༌། ས་གནས་ཁག་གཉིས་ཀྱི་ནས་ཕེབས་པའི་མི་གྲངས་ ༡༠༠ ལྷག་འདུ་འཛོམས་སར་དབུས་རྒྱུན་རྣམ་གཉིས་ཀྱིས་གཏམ་བཤད་གནང༌། དེ་ནས་ཉིན་གུང་རྒྱབ་འབྲི་གུང་དགོན་དང་ས་སྐྱ་བཙུན་དགོན་སོགས་ལ་མཇལ་བཅར་ཞུས་ནས་ཆུ་སྒང་གི་གནས་སྟངས་ཆ་ཚང་ཞུས་རྗེས་སྨོན་ལམ་གསུང་རྟེན་གཏན་འབེབ་ཡོད་པ་ཇི་བཞིན་ཕུལ།

དོན་འགྲུབ་གླིང་ས་གནས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༧ ཉིན་སྔ་དྲོའི་ཆུ་ཚོད་ ༩ ཐོག་འཁོར་ཆེན་རིན་པོ་ཆེ་མཇལ་བཅར་གྱིས་སྔོ་རྟེན་འབུལ་ལམ་ཞུས་རྗེས། ཆུ་ཚོད་ ༡༠ ཐོག་དོན་འགྲུབ་གླིང་ས་གནས་རྒྱུན་ལས་རྣམས་དང་མི་མང་གྲངས་ ༡༠༠ ལྷག་འདུ་འཛོམས་ཀྱིས་གོང་སོང་རྗོད་གཞི་གཏན་འབེབ་ཡོད་པའི་ཐོག་ཆུ་ཚོད་ ༢ རིང་གཏམ་བཤད་གནང་ནས་རྒྱལ་ཁའི་ངང་གྲོལ། །

པུ་རུ་ཝ་ལའི་ས་གནས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༡༨ ཉིན་པུ་རུ་ཝ་ལ་གཞིས་ཆགས་སུ་འབྱོར་བ་དང༌། ས་གནས་དེར་གནས་སྡོད་ཁམས་རིགས་མི་མང་རྣམས་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་སྐོར་དང༌། འདས་མ་འོངས་ད་ལྟ་གསུམ་གྱི་ཆུ་སྒང་གི་ལོང་ཕྱོགས་སོགས་ཀྱི་སྐོར་ལ་འབྲེལ་རྗོད་ཞུས་རྗེས། ཕྱི་ཚེས་ ༡༩ ཉིན་ལྡི་ལིའི་ཕྱོགས་སུ་ཕེབས་ཐོན་གནང་བ་བཅས་ཀྱི་ལས་བསྡོམས་སུ། །

ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༡ ཉིན་ཕུལ།།

རྒྱ་གར་ལྷོ་ཕྱོགས་ཁུལ་སོགས་ཀྱི་འཚམས་གཟིགས་ཀྱི་ལས་བསྡོམས།

ཧུན་སུར་རབ་རྒྱས་གླིང་དུ་མདོ་ཁམས་དབུས་ཆུ་སྒང་གི་མཛད་གཙོ་རྣམ་པའི་འཚམས་གཟིགས།

མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དབུས་རྒྱུན་ལས་རྣམ་པ་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ པའི་ནང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ས་གནས་རྒྱུན་ལས་ཁག་དང་མདོ་ཁམས་སེར་སྐྱ་མི་མང་ཡོངས་ལ་འཚམས་འདྲི་གཟིགས་སྐོར་ཕེབས་རྒྱུའི་འཆར་གཞི་ཡོད་པ་ལྟར་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༦ ཚེས ༡༠ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་དང་། ཚོགས་གཞོན་སྨར་ཁམས་ཆོས་འཕེལ། དབུས་རྒྱུན་ནང་ཆེན་ཨ་རྡོ་བཅས་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་ཕེབས་ཡོད་པ་རེད། ཧོན་སུར་རབ་རྒྱས་གླིང་གི་ཚོགས་གཙོ་ཟླ་བ་སྒྲོལ་མའི་གཙོའི་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་ གསང་ཆེན་སྔགས་ཀྱི་རྒྱུད་སྡེའི་སྲོལ་འབྱེད་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གསོལ་མགྲོན་ཁང་དུ་ཕེབས་བསུའི་གོ་སྒྲིག་དང་བཅས་ཏེ་ཚོགས་ཆེན་གྱི་མཛད་རིམ་སྙན་ སྒྲོན་གནང་བ་དང་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ཧོན་སུར་རབ་རྒྱས་གླིང་གི་མི་མང་ཚོགས་ཁང་ཆེན་མོར་ཚོགས་ཆེན་གྱི་མཛད་རིམ་ཟུར་གསལ་ལྟར་དབུ་འཛུགས་གནང་ནས་ཉིན་རྒྱབ་ཆུ་ཚོད་ ༡།༣༠ བར་བརྗོད་གཞི་གཤམ་གསལ་ལྟར་གསུང་བཤད་ གནང་ཡོད་པ་རེད། ༡༽མདོ་ཁམས་ཆུ་བཞི་སྒང་དྲུག་བོད་ནང་ཇི་ ལྟར་དབུ་བརྙེས་པའི་ཚུལ་དང་། དེའི་དམིགས་ ཡུལ། སྒྲིག་འཛུགས་ཀྱི་ངོ་བོ། བོད་ཕྱི་ནང་གཉིས་སུ་བསྟན་སྲིད་སྲུང་སྐྱོབ་ཐད་བྱས་རྗེས། ༢༽བར་སྐབས་ཆུ་སྒང་ཚོགས་པར་དཀའ་ངལ་ཇི་ལྟར་འཕྲད་པའི་སྐོར་དང་གཙང་སེལ། ད་ལྟའི་མདོ་ཁམས་ཆུ་སྒང་ཚོགས་པའི་དཔལ་འབྱོར་གྱི་གནས་བབས་དང་ད་ལྟའི་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས། དེ་བཞིན་མ་འོངས་པའི་བྱེད་འཆར། ༤༽སླད་ཕྱིན་ཆུ་སྒང་ཚོགས་པ་འདི་བཞིན་མུ་མཐུད་རྒྱུན་འཁྱོངས་ཚགས་ཚུད་ཇི་ལྟར་ཡོང་མིན་རྗེས་འཛིན་ལོ་གཞོན་ཚོར་འགན་འཁྲི་ཡོད་ལུགས། ༥༽ཁམས་རིགས་ཕོ་མོ་རྒན་གཞོན་ཚང་མ་གོང་བུ་རྡོག་རྩ་ཆིག་བསྒྲིལ་དུ་གནས་ཐབས་ཐད་ཁམས་པ་མི་རེ་ངོ་རེའི་འགན་ཁུར་དགོས་པ་དང་། རྡོག་རྩ་ཆིག་སྒྲིལ་གྱི་ལམ་ཕྱོགས་སུ་ཤར་བསྐྱོད་ཐུབ་པ་བྱུང་ཚེ་བོད་བསྟན་སྲིད་སྤྱི་ཡི་ཞབས་འདེགས་འགྲུབ་ཀྱི་ཡོད་པའི་སྐོར། ༦༽མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་གལ་གནད་ཇི་ལྟར་ཆེ་བའི་སྐོར་དང་དེའི་འོས་བསྡུ་བྱ་ཕྱོགས། དབུས་སྤྱི་ཁྱབ་རྒྱུན་ལས་སྤུས་ཚད་དང་ལྡན་པ་ཞིག་འོས་འདེམས་བྱ་ཐུབ་པ་བྱུང་ ཚེ་རྒྱལ་བའི་དགོངས་གཞི་འགྲུབ་ཀྱི་ཡོད་པ་མ་ཟད་བསྟན་སྲིད་ཐད་ཞབས་འདེགས་ཚད་ལྡན་ཞུ་ཐུབ་ཀྱི་ཡོད་སྐོར་གསུང་བཤད་གནང་ཡོད་པ་རེད། དེ་བཞིན་སླད་ཕྱིན་མདོ་ཁམས་མི་མང་གིས་ཡིད་གཟབ་ཆེན་པོས་དབུས་རྒྱུན་དང་ས་གནས་རྒྱུན་ལས་ནི་བཟང་ངན་ཡས་མར་གང་དུ་ཕྱོགས་མིན་གྱི་ ཁ་ལོ་བ་ལྟ་བུ་དེ་ཡིན་སྟབས་འོས་འདེམས་གནང་སྐབས་གཡས་ཁག་གཡོན་དཀྲི་མེད་པར་མང་གཙོའི་འགན་དབང་ཆ་ཚང་ལག་ལེན་བསྟར་ཏེ་ཚུལ་མཐུན་ཚད་ལྡན་ཞིག་བསྐོ་བཞག་ཐུབ་དགོས་པ་ནི་ཀམས་པ་མི་རེ་ངོ་རེའི་འགན་ཡིན་པའི་ཚུལ་སོགས་ཟབ་རྒྱས་གསུང་ཡོད་པ་རེད།
༧༽བོད་བསྟན་སྲིད་སླར་གསོའི་བྱ་རིམ་ནང་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་དང་། སྐབས་བཅུ་བཞི་པའི་བཀའ་ཁྲིའི་འོས་བསྡུའི་ཐད་དོ་སྣང་ཇི་ལྟར་གནང་དགོས་པའི་ཚུལ། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་འདོན་ཕྱོགས་ཀྱི་བྱུང་རིམ། མཐའ་མའི་གཏན་འབེབས་གནང་ཕྱོགས། གཏན་འབེབས་གནང་བའི་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞི་རྣམས་ལ་རྒྱབ་སྐྱོར་གནང་ཕྱོགས་ཐད་གསུང་བཤད་ཀྱང་གནང་ཡོད་འདུག
༨༽མདོར་ན་མདོ་སྟོད་སྤྱི་འཐུས་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་སྤུས་ཚད་མཐོན་པོ་ཞིག་སླེབས་ཐུབ་པ་དགོས་ཚེ་མདོ་སྟོད་སྐྱ་སེར་གཉིས་ཀྱིས་དོ་སྣང་ཤུགས་ཆེན་གནང་དགོས་པའི་འབོད་བསྐུལ་དང་གཏམ་བཤད་རིམ་པར་གྲུབ་རྗེས་དྲི་བར་དྲིས་ལན་མཐིལ་ཕྱིན་པར་བྱས་ཏེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད། དེ་རྗེས་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་མཛོད་རྣམ་པ་དང་ལྷན་དུ་བོད་བསྟན་ སྲིད་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ད་ལྟའི་གནས་ཚུལ་སོགས་ཞིབ་ཕྲ་ནང་མོལ་ཞུས་པ་མ་ཟད། རྒྱལ་གཅེས་དཔའ་བོ་མདོ་ཁམས་ཆུ་བཞི་སྒང་དྲུག་ཤི་གསོན་གཉིས་དང་། ཉེ་ཆར་སྐྱེ་རྒུར་གོད་ཆགས་འོག་རྐྱེན་འདས་སུ་གྱུར་པ་དེ་དག་གི་གཙོས་མ་གྱུར་ནམ་མཁའ་མཐའ་དང་མནམ་པའི་སེམས་ཅན་ཐམས་འཁོར་བ་དང་ངན་སོང་གི་གནས་སུ་མི་གཏོང་བའི་གསོལ་འདེབས་མཆོད་འབྲེལ་དང་བསྔོ་སྨོན་སྐྱབས་འཇུག་རྒྱ་མི་ཆུང་བ་ཞུས་ཡོད་པ་ རེད། ད་རེས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་འཚམས་འདྲི་དང་གཟིགས་སྐོར་ཕེབས་པ་འདི་བཞིན་ཧོན་སུར་རབ་རྒྱས་གླིང་དུ་ཐེངས་མ་དང་པོ་དེ་ཆགས་ཡོད་པ་རེད།

བྷེལ་ཀུབ་ས་གནས་སུ་འཚམས་གཟིགས།

དེ་རྗེས་མཛད་གཙོ་རྣམ་པ་གསུམ་གདན་ས་ཆེན་པོ་སེར་ར་ཐེག་ཆེན་ཆོས་གླིང་གི་སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། སེར་བྱེར་ཕྱག་མཛོད་རྣམ་པ། སེར་སྨད་ཐོས་བསམ་ནོར་གླིིང་གྲྭ་ཚང་གི་ཕྱག་མཛོད་རྣམ་པ། ཁང་ཚན་ཁག་དང་གནད་ཡོད་བླ་སྤྲུལ་མང་པོ་ཟུར་མཇལ་ཞུས་ཡོད་པ་རེད། དེ་མཚུངས་སྔ་འགྱུར་རྙིང་མའི་གདན་ས་ཐེག་ཆེན་རྣམ་གྲོལ་གླིང་གི་མཛོད་གཉེར་རྣམ་པ་དང་། དཔལ་ས་སྐྱ་དགོན་པའི་ཕྱག་མཛོད། བཀའ་བརྒྱུད་དགོན་ཁག་གཉིས་ཀྱི་བླ་སྤྲུལ་ཕྱག་མཛོད་རྣམ་པ། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་རིན་པོ་ཆེ་མཆོག་དང་། ཕྱག་མཛོད་རྣམ་པ་མཇལ་འཕྲད་ཞུས་པ་མ་ཟད་འདས་པའི་ཆུ་སྒང་རྒྱལ་གཅེས་དཔའ་བོ་ཕོ་མོ་དང་། ཉེ་ཆར་སྐྱེ་རྒུར་ས་ཡོམ་གྱིས་གོད་ཆགས་འོག་རྐྱེན་འདས་སུ་གྱུར་པ་རྣམས་ཀྱི་ཆེད་སྐྱབས་ཞུའི་མཆོད་འབུལ་གྱི་རྟེན་རྩ་རྒྱ་མི་ཆུང་བ་ཕུལ་བ་མ་ཟད་སྐྱབས་ཐོ་གྲ་རྒྱས་ཕུན་སུམ་ཚོགས་པ་ཕུལ་ཐུབ་པ་བྱུང་འདུག  ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས ༡༦ ཉིན་སྦེལ་ཀོབ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག་རྒྱལ་བའི་ཕོ་བྲང་མདུན་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་མཛད་སྒོ་དེ་ཞོགས་པ་ཆུ་ཚོད་ ༩ ཐོག་དབུ་འཛུགས་གནང་སྟེ་བསང་གསོལ་དར་འཛུགས་དང་ལྷ་རྒྱལ་ཀླུ་རྒྱས་ཀྱི་ཀྭི་སྒྲ་དང་ཕྱེ་མར་གྱིས་ནམ་མཁའ་གང་བར་བྱས་ཡོད་པ་རེད། དེ་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེངས་ཏེ་འདུས་མང་ཡོངས་ཀྱིས་སྐད་གསང་མཐོན་པོས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་ཡོད་པ་རེད། དེ་ནས་མཛད་རིམ་གཞིར་བཟུང་འདས་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་རྣམས་ལ་མྱ་ངན་གུས་འདུད་དང་དྲན་གསོའི་ཆེད་ངག་བཅད་སྐར་ཆ་གཅིག་རིང་གནང་གྲུབ་རྗེས་སྦེལ་ཀུབ་ས་གནས་ཆུ་སྒང་ཚོགས་གཙོ་ཟླ་ནོར་གྱིས་ཚོགས་ཆེན་དང་མཛད་སྒོའི་ངོ་སྤྲོད་གནང་ཡོད་པ་རེད། དེ་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་ཚོགས་ཆེན་དུ་ཕེབས་པའི་ཆེས་མཐོའི་སྐུ་མགྲོན་དགོན་སྡེ་ཁག་གི་ཕྱག་མཛོད་རྣམ་པ་དང་སྐུ་ཚབ་རྣམ་པ། དེ་བཞིན་ཚོགས་སྡེ་ཁག་གི་སྐུ་ཚབ་རྣམ་པ། གསར་འགོད་པ་རྣམ་པ། རྒྱ་ཆེའི་སེར་སྐྱ་མང་ཚོགས་ཡོངས་ལ་འཚམས་འདྲི་ཞུས་པ་དང་ཆབས་ཅིག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་འདས་མ་འོངས་ད་ལྟ་དུས་གསུམ་གྱི་བྱུང་རིམ་དང་ལོ་རྒྱུས། དེ་བཞིན་སྐབས་བཅོ་ལྔ་པའི་མདོ་སྟོད་སྤྱི་འཐུས་འོས་འདེམས་བྱ་ཕྱོགས། མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐབས་ ༡༩ པ་འོས་འདེམས་བྱ་ཕྱོགས་དང་མི་མང་གིས་འགན་ཁུར་ཇི་ལྟར་དགོས་པའི་གནད་དོན་ཁག་ལ་འགྲེལ་བཤད་མཐིལ་ཕྱིན་པ་ཞུས་རྗེས་ཚོགས་གཞོན་སྨར་ཁམས་ཆོས་འཕེལ་དང་། དབུས་རྒྱུན་ནང་ཆེན་ཨ་རྡོ་བཅས་ཀྱིས་གསུང་བཤད་གནང་བ་དང་དྲི་བར་ལན་འདེབས་བློ་ཡི་རྣམ་རྟོག་རྩ་བ་ནས་འཇོམས་དགོས་པ་དེ་ལྟར་གནང་རྗེས་ཚོགས་ཆེན་དང་མཛད་སྒོ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད། དེ་རྗེས་ས་གནས་སུ་ལས་དོན་འཕྲོ་སྐྱོང་དགོས་རིགས་དང་དམིགས་བསལ་གསོལ་ཚིགས་སུ་གདན་ཞུས་རིགས་བཅར་མ་ཐུབ་པ་རྣམས་ལ་དུས་ཚོད་ཕུལ་ཐུབ་པ་བྱུང་འདུག  

མོན་གྷོ་ས་གནས་སུ་འཚམས་གཟིགས།

ཕྱི་ལོ་ ༢༠༡༠ ཟླ ༦ ཚེས ༡༩ ཉིན་མཛད་གཙོ་རྣམ་པ་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནས་ཆེད་གཏོང་སྣུམ་འཁོར་ཁྲིད་དེ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་ཡོད་པ་རེད། ཕྱི་དྲོ་ཆུ་ཚོད་ ༥ པ་ཡས་མས་སུ་མོན་གྷོ་གཞིས་ཆགས་སུ་འབྱོར་བ་དང་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་ཕེབས་བསུའི་སྣེ་ལེན་དང་བཅས་ཏེ་དཔལ་ལྡན་རྭ་སྟོད་གྲྭ་ཚང་གི་བླ་བྲང་དུ་གདན་ཞུས་གནང་བ་དང་ས་གནས་རྒྱུན་ལས་རྣམ་པས་མཛད་གཙོ་རྣམ་པར་མཛད་རིམ་སྙན་གསན་ཞུས་ཡོད་འདུག  ཕྱི་ཚེས་ ༢༠ ཉིན་ས་གནས་ཆུ་སྒང་ཚོགས་པས་གནས་གཟིགས་ཕེབས་རྒྱུར་གོ་སྒྲིག་གནང་བ་ལྟར་གདན་ས་ཆེན་པོ་མཁས་མང་བློ་གསལ་བྱེ་བའི་གླིང་དང་། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་། དགའ་ལྡན་ཤར་རྩེ་ནོར་གླིང་གྲྭ་ཚང་། དགའ་ལྡན་བྱང་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་། རྭ་སྟོད་གྲྭ་ཚང་། མོན་གྷོ་བཙུན་དགོན་བྱང་ཆུབ་ཆོས་གླིང་། སྔ་འགྱུར་རྡོར་བྲག་གསང་སྔགས་ཆོས་གླིང་། ས་སྐྱ་དགོན་པ། བཀའ་བརྒྱུད་དགོན་པ་བཅས་གནས་མཇལ་དང་། ཕྱག་མཛོད་ཁང་རེ་རེ་བཞིན་ཆེད་བཅར་ཞུས་ཏེ་འདས་པའི་རྒྱལ་གཅེས་དཔའ་བོ་ཕོ་མོ་དང་། ས་ཡོམ་གྱི་གོད་ཆག་འོག་རྐྱེན་འདས་སུ་གྱུར་པ་དེ་དག་གི་གཙོས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་སྨོན་སྐྱབས་ཞུའི་རྟེན་རྩ་རྒྱ་མི་ཆུང་བ་ཞུ་ཐུབ་པ་བྱུང་ཡོད་པ་རེད། ཕྱི་ཚེས་ ༢༡ ཉིན་མོན་གྷོ་མི་མང་ཚོགས་ཁང་ཆེན་མོར་ཆུ་ཚོད་ ༡༠ པའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་ཆེན་བསྐོང་འཚོགས་གནང་སྐབས་ཚོགས་ཆེན་དུ་ཚོགས་བཞུགས་གནང་མཁན་གདན་ས་ཁག་གཉིས་ནས་སྤྲུལ་པའི་སྐུ་དང་། རབ་འབྱམས་དགེ་བའི་བཤེས་གཉེན་ཆེན་པོ། དགོན་སྡེ་གྲྭ་ཚང་ཁག་གི་ཕྱག་མཛོད་རྣམ་པ་དང་སྐུ་ཚབ་རྣམ་པ་བརྒྱ་ལ་ཉེ་བ་དབུ་ལ་བཞུགས་ཤིང་འདུས་མང་སེར་སྐྱ་སྟོང་ཕྲག་ལ་ཉེ་བའི་མི་མང་ཚོགས་ཁང་ཆེན་མོ་བྱུར་བུར་ཁེངས་ཏེ་ཚོགས་ཆེན་དབུ་འཛུགས་གནང་ཡོད་པ་རེད། ཐོག་མར་མོན་གྷོ་ཆུ་སྒང་རྒྱུན་ལས་བློ་བཟང་སྙན་གྲགས་ཀྱིས་མཚམས་སྦྱོར་དང་བཅས་ཏེ་ཚོགས་གཙོ་བསོད་ནམས་དཔལ་ལྡན་གྱིས་ཚོགས་འདུ་དབུ་འཛུགས་དང་མཛད་གཙོ་རྣམ་པའི་ངོ་སྤྲོད་གསུང་བཤད་གནང་བ་དང་། དེ་ནས་དབུས་རྒྱུན་ནང་ཆེན་ཨ་རྡོ་ནས་འདས་མ་འོངས་ད་ལྟ་དུས་གསུམ་གྱི་ཆུ་བཞི་སྒང་དྲུག་གི་ལོ་རྒྱུས་སོགས་གལ་ཆེའི་གསུང་བཤད་གནང་ཡོད་པ་རེད། དེ་རྗེས་ཚོགས་གཞོན་སྨར་ཁམས་ཆོས་འཕེལ་གྱིས་མདོ་སྟོད་སྤྱི་འཐུས་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་འོས་བསྡུ་བྱ་ཕྱོགས་ཀྱི་གལ་ཆེའི་གསུང་བཤད་གནང་འདུག  དེ་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་གྱིས་འདས་པའི་ནང་མདོ་ཁམས་ཆུ་བཞི་སྒང་དྲུག་ཇི་ལྟར་དབུ་བརྙེས་པ་དང་། བར་དུ་འཕེལ་འགྲིབ་དང་དར་གུད། མདོ་ཁམས་ཆུ་བཞི་སྒང་དྲུག་ཁྲིམས་སྒྲིག་གི་ལམ་ནས་ཇི་ལྟར་ཕེབས་པའི་ཚུལ། ད་ལྟའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་དང་འཛིན་སྐྱོང་གི་གནད་དོན། དེ་བཞིན་བདེ་དོན་ལྷན་ཚོགས་ཀྱི་ངོ་བོའི་ཐོག་ནས་ཤེས་ཡོན་དང་། འཕྲོད་བསྟེན། སློབ་ཡོན་རོགས་དངུལ་གནང་ཕྱོགས། རྒས་གསོ་ཁང་གི་གནས་བབས། མ་འོངས་མི་རབས་རྗེས་མས་འགན་ཁུར་ཇི་ལྟར་དགོས་མིན་གསུང་བཤད་ཟབ་རྒྱས་གནང་བ་དང་། ཕྱོགས་མཚུངས་ད་ལྟའི་ཆུ་སྒང་ཚོགས་པའི་དཔལ་འབྱོར་གྱི་གནས་བབ་ཐད། ཟ་ཁང་དང་། མགྲོན་ཁང་། ཚོང་ཁང་། བཟོ་གྲྭ་སོགས་ནས་བྱུང་བའི་དཔལ་འབྱོར་རྣམས་མིག་སྨན་མིག་ཐོག་ཏུ་སྨིན་ངེས་ཤིག་འགྲོ་བཞིན་པ་དང་། སླད་ཕྱིན་དེ་དག་དོན་ཕན་ལྡན་པ་ཞིག་གནང་དགོས་ན་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་སའི་རྒྱུན་ལས་སྤུས་ཚད་ལྡན་པ་དགོས་སྐོར་སོགས་ཞིབ་ཕྲ་གསུང་བཤད་གནང་གྲུབ་རྗེས་རྒྱ་ཆེའི་མི་མང་རྣམས་ཀྱིས་དགའ་བསུའི་ཐལ་སྒྲས་ཚོགས་ཁང་ཁེངས་པར་བྱས། དེ་ནས་རིམ་བཞིན་བླ་སྤྲུལ་རྣམ་པ་དང་དགེ་བཤེས་རྣམ་པ། ཕྱག་མཛོད་རྣམ་པའི་དབུ་ཁྲིད་པའི་ཚོགས་འདུ་བ་མང་པོས་བོད་བསྟན་སྲིད་དང་། མདོ་ཁམས་ཆུ་བཞི་སྒང་དྲུག་གི་མཛད་པ་འཕྲིན་ལས་སོགས་གལ་གནད་ཆེ་བའི་དྲི་བར་དྲིས་ལན་མཐིལ་ཕྱིན་པ་གནང་སྟེ་ཆུ་ཚོད་དྲུག་ལྷག་ཙམ་གྱི་རྗེས་སུ་ཚོགས་ཆེན་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད། ཡུན་རིང་བའི་ཚོགས་འདུའི་ནང་ཚོགས་བཞུགས་པ་རྣམས་རི་དྭགས་སྒྲ་ལ་ཉན་པ་ལྟར་ཐུགས་སྣང་ཆེན་པོ་གནང་བ་ཡིན་སྟབས་ཚོགས་འདུའི་དུས་ཚོད་ནི་ཧ་ཅང་གི་ཐུང་དྲགས་པའི་སྣང་བ་ཤར་འདུག  རྗེས་སུ་ཟུར་བཅར་བ་མང་པོ་དགའ་བའི་མིག་ནས་མཆིལ་མ་ཤོར་བཞིན་རྗེས་སུ་ཡིད་རངས་ཞུས་པ་མ་ཟད་། རྒྱ་ཆེའི་མང་ཚོགས་ཀྱིས་སྔར་ལས་ལྷག་པའི་དཔའ་འབྱོར་གྱི་འཕེལ་རྒྱས་དང་འཛིན་སྐྱོང་ཡར་རྒྱས་ཡོང་བའི་ཐུགས་རེ་གནང་ཡོད་པ་རེད། ཆུ་ཚོད་དྲུག་ལྷག་ཙམ་གྱི་རྗེས་མོན་གྷོ་ཆུ་སྒང་རྒྱུན་ལས་ཀྱི་དྲུང་ཆེ་སྐུ་ཞབས་ཨ་འབྲུག་ཚེ་བརྟན་གྱིས་ཚོགས་འདུའི་མཇུག་སྡོམ་དང་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མི་མང་ཚོགས་ཆེན་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད། ཕྱི་ཚེས་ ༢༢ ཉིན་མོན་གྷོ་རང་བདེན་ཚོགས་གཙོ་ངག་དབང་ཕན་བདེ་དང་། ཆུ་སྒང་ས་གནས་རྒྱུན་ལས་ཀྱི་དངུལ་གཉེར་རྒན་བྱམས་པ་ཡོན་ཏན་སོགས་ཆུ་སྒང་རྒྱུན་ལས་རྣམ་པས་དབུས་མདོ་ཁམས་ཆུ་སྒང་གི་ཚོགས་གཙོ་མོན་གྷོ་ནས་ཧབ་ལིས་བར་ཕེབས་བསྐྱེལ་གནང་བ་དང་མེ་འཁོར་བརྒྱུད་བྷེང་ལོར་དང་། བྷེང་ལོར་ནས་མཁའ་ལམ་བརྒྱུད་ཕྱི་ཚེས་ ༢༣་ཉིན་རྒྱལ་ས་ལྡི་ལིར་ཕེབས་ཏེ་ཆུ་ཚོད་བཞིའི་རིང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་བཞུགས་ཏེ་དགོང་མོ་ཆུ་ཚོད་ ༦ པའི་སྦིར་སྡེ་དགེ་གཞིས་ཆགས་སུ་དྲུང་གཞོན་ངག་དབང་བསྟན་པ་དང་བཅས་ཏེ་ཕེབས་ཡོད་འདུག  

སྦིར་སྡེ་དགེ་གཞིས་ཆགས་སུ་འཚམས་གཟིགས།

ཕྱི་ཚེས་ ༢༤ ཉིན་སྦིར་གཞིས་ཆགས་སུ་བཞུགས་པའི་གནད་ཡོད་མི་སྣ་མཇལ་འཕྲད་དང་། ཚོགས་ཆེན་གོ་སྒྲིག་གནང་ཕྱོགས་དང་མཛད་རིམ་བཅས་ལ་གཟིགས་ཞིབ་གནང་། ཕྱི་ཚེས་ ༢༥ ཉིན་སྔ་དྲོ་ཆུ་ཚོད་ ༡༠ སྦིར་སྡེ་དགེ་གཞིས་ཆགས་ཀྱི་དབུ་ཁྲིད་བྱ་རྒོད་སྲས་དོན་ཡོད་མཆོག་མགྲོན་ཁང་དུ་ཕེབས་བསུ་ཆེད་ཕེབས་གནང་སྟེ་སྡེ་དགེ་གཞིས་ཆགས་ཀྱི་མདུན་ཐང་ཆེན་མོར་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་དང་། ས་གནས་འགོ་འཛིན། དགོན་སྡེ་ཁག་གི་བླ་སྤྲུལ་རྣམ་པ་གཙོས་པའི་མདོ་ཁམས་སེར་སྐྱ་མི་མང་བརྒྱ་ཕྲག་གསུམ་ལ་ཉེ་བ་ཚོགས་པའི་དབུས་སུ་ཆུ་སྒང་མཛད་གཙོ་རྣམ་པ་གདན་འདྲེན་ཞུས་ཏེ་ཚོགས་ཆེན་དབུ་འཛུགས་གནང་ཡོད་པ་རེད། ཐོག་མར་སྡེ་དགེ་གཞིས་ཆགས་ཀྱི་དབུ་ཁྲིད་བྱ་རྒོད་ཚང་སྲས་དོན་ཡོད་མཆོག་ནས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་བ་མ་ཟད། ད་བར་སྡེ་དགེ་གཞིས་ཆགས་ལས་ཁང་གི་ངོས་ནས་མཛད་པ་ཇི་ལྟར་གནང་བའི་ལས་བསྡོམས་དང་སླད་ཕྱིན་གྱི་གནས་བབས་སོགས་ཀྱི་གསུང་བཤད་གནད་ལ་ཁེལ་བ་གནང་ཡོད་པ་དང་། དེ་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་མཆོག་དང་། དྲུང་གཞོན་རྣམ་པ་གཉིས་ཀྱིས་བརྗོད་གཞི་གོང་གསལ་ལྟར་གནང་རྗེས་དྲི་བར་དྲིས་ལན་མཐིལ་ཕྱིན་པ་གནང་སྟེ་ཉིན་རྒྱབ་ཆུ་ཚོད་གསུམ་པའི་ཐོག་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད། དགོང་མོ་སྡེ་དགེ་གཞིས་ཆགས་ཀྱིས་གཞུང་འབྲེལ་གྱི་གསོལ་ཚིགས་འདེགས་འབུལ་གནང་བ་ལྟར་ཆེད་བཅར་ཞུ་ཐུབ་པ་བྱུང་ཡོད།

རྡ་སར་ཆེད་ཕེབས་གནང་བ།

ཕྱི་ཚེས་ ༢༦ཉིན་ཚོགས་གཙོ་མཆོག་དང་། དྲུང་གཞོན་གཉིས་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཆུ་སྒང་ཏྭ་ར་སྤོས་བཟོ་གྲྭ་རྩིས་སྤྲོད་ལེན་དང་། རྡ་ས་ཆུ་སྒང་རྒྱུན་ལས་གསར་རྙིང་རྩིས་ལེན་གནང་སར་ཆེད་ཕེབས་གནང་ཡོད། ཕྱི་ཚེས་ ༢༧ ཉིན་བཞུགས་སྒར་དུ་ཆུ་སྒང་རྒྱུན་ལས་གསར་རྙིང་ལྷན་འཛོམས་ཐོག་གསར་དུ་ཕེབས་པའི་རྒྱུན་ལས་རྣམ་པའི་མཚན་གནས་བཀོད་སྒྲིག་གྲུབ་རྗེས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་མཆོག་གདན་ཞུས་ལྟར་ཚོགས་གཙོས་གཏམ་བཤད་དང་ལམ་སྟོན་གནད་ལ་ཁེལ་བ་གནང་ཡོད་པ་མ་ཟད་དོགས་གནད་ཡོད་རིགས་ལ་འགྲེལ་བཤད་དང་གསལ་བཤད་དོན་འབྲས་སོན་པ་གནང་སྟེ་ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ་ཡོད་པ་རེད། ཕྱི་ཚེས་ ༢༨ ཉིན་བཞུགས་སྒར་དུ་ཡོད་པའི་ཆུ་སྒང་ཏྭ་ར་སྤོས་བཟོ་གྲྭ་སྔ་ལོའི་བོགས་ལེན་པ་སྨར་ཁམས་བསོད་ནམས་སྟོབས་རྒྱལ་གྱི་བོགས་དུས་རྫོགས་པར་བརྟེན་རྩིས་བླངས་ཏེ་རྡ་ས་ཆུ་སྒང་རྒྱུན་ལས་ཀྱི་རྒྱུན་གྲོན་ཆེད་ས་གནས་རྒྱུན་ལས་ལ་བཟོ་གྲྭ་བོགས་མ་བཏང་བ་མ་ཟད་གན་རྒྱ་བཞག་སྟེ་ལས་དོན་མཇུག་སྐྱོང་ཕན་འབྲས་དང་ལྡན་པ་བྱུང་སྟེ་ཕྱི་ཚེས་ ༢༩ ཉིན་བཞུགས་སྒར་ནས་ལྡི་ལིར་ཕྱིར་ཕེབས་གནང་ཡོད་པ་རེད།