དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།23
mod_vvisit_counterཁ་སང།118
mod_vvisit_counterབདུན་ཕྲག་འདི།141
mod_vvisit_counterབདུན་ཕྲག་སྔོན་མ།580
mod_vvisit_counterའདི་ཟླ།528
mod_vvisit_counterཟླ་བ་སྔོན་མ།3103
mod_vvisit_counterགཟིགས་མཁན་བསྡོམས།28266

Online (20 minutes ago): 8
Your IP: 38.107.191.92
,
Today: Sep 06, 2010

ཁམས་སྐྱེ་རྒུར་ས་ཡོམ་གོད་ཆག་གི་འདས་པོ་རྣམས་ཀྱི་བདུན་ཚིག་བཞི་པའི་མཆོད་འབུལ་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ཞུས་པ།།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༠ ལོའི་ཟླ ༥ ཚེས ༡༡ རེས་གཟའ་མིག་དམར་ཉིན་སྔ་དྲོ་ཆུ་ཚོད་ ༧ པའི་ཐོག་དབུ་འཛུགས་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་བོད་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་རྐྱེན་ངན་འོག་བོད་མི་ཁྲི་ཕྲག་ལས་བརྒལ་བ་ཚེ་ལས་འདས་པ་དེ་དག་གི་གཙོས་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བདུན་ཚིགས་བཞི་པའི་དུས་གནད་དང་བསྟུན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་དཔལ་༸རྒྱལ་བ་ཀརྨ་པ་༸སྐུ་ཕྲེང་བདུན་པ་ཆེན་པོ་མཆོག་ཞབས་ཀྱི་པདྨོ་རྣམ་པར་བཀོད་པ་དང་། སྐྱབས་རྗེ་འདན་མ་བློ་ཆོས་རིན་པོ་ཆེ་མཆོག་རྣམ་པ་གཉིས་བཞུགས་ཁྲིར་འཁོད་པ་དང་མཚན་ཉིད་གྲྭ་ཚང་གིས་གསུང་འདོན་ཆོ་ག་དབུ་འཛུགས་གནང་སྟེ་རྡ་སར་རྟེན་གཞི་བྱས་པའི་དགོན་སྡེ་གྲྭ་ཚང་ཁག་གི་བླ་སྤྲུལ་ ༨༠༠ ལྷག་ཙམ་དང་། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་དཔོན་རྣམ་པ།

བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ས་གནས་འཐུས་མི་རྣམ་པ། རྡ་ས་ས་གནས་འགོ་འཛིན། གསར་འགོད་པ་རྣམ་པ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་རྣམ་པ་གཙོས་སེར་སྐྱ་མི་མང་སྟོང་ཕྲག་གཉིས་མ་ཟིན་ཙམ་འདུ་འཛོམས་ཀྱིས་སྨོན་ལམ་གསོལ་འདེབས་ཀྱི་མཆོད་འབུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་གནང་ཡོད་པ་རེད། སྐབས་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་གིས་སེམས་དཔའ་འདུས་སྡེ་རྒྱ་མཚོར་འདི་ཕྱིའི་རེ་གནས་ཀྱི་སྐྱབས་ཐོ་སྙན་སྒྲོན་གནང་བ་ནི།
༄༅། བོད་མདོ་ཁམས་སྐྱེ་རྒུ་མདོར་འགུལ་ཤུགས་ཆེ་བའི་ས་ཡོམ་གྱི་གོད་ཆགས་འོག་རྐྱེན་འདས་སུ་སོང་བ་གྲངས་ལས་འདས་པ་དང་། རྨས་སྐྱོན་ཕོག་པ་ཁྲི་ཕྲག་ལས་བརྒལ་བ་དེ་དག་གི་གཙོས་མ་གྱུར་ནམ་མཁའ་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་ཀྱི་ཞིང་མཆོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་གུས་འབངས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་འོག་སྨོན་ལམ་ཚོགས་བསག་བསྙེན་བཀུར་གྱི་ཚོགས་མགོན་དུ་བཀའ་དྲིན་ཆེ་བ་སྒྲུབ་བརྒྱུད་བསྟན་པའི་གཙུག་རྒྱན་ས་གསུམ་འགྲོ་བའི་མགོན་པོ་འདི་ཕྱི་གཏན་གྱི་སྐྱབས་ཡུལ་༸དཔལ་རྒྱལ་བ་༸ཀརྨ་པ་སྐུ་ཕྲེང་ ༡༧ པ་ཆེན་པོ་མཆོག་དང་། སྐྱབས་གནས་བླ་སྤྲུལ་འདུས་པ་རྒྱ་མཚོར་སྒོ་གསུམ་མི་ཕྱེད་དད་པས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ་ཞུ་གསོལ་འདེབས་དོན།    
                           ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས ༡༤ ཉིན་བོད་མདོ་ཁམས་སྐྱེ་རྒུ་མདོའི་ས་ཁུལ་དུ་འབྱུང་བའི་ནུས་པས་འཇིགས་སུ་རུང་བའི་ས་གཞི་གཡོ་འགུལ་ཤུགས་དྲག་ཆེན་པོ་ཐེབས་ཏེ་མི་འབོར་སྟོང་ཕྲག་མང་པོ་རྐྱེན་འདས་སུ་གྱུར་པ་དང་། ཁྲི་གཅིག་ལྷག་ཙམ་ལ་རྨས་སྐྱོན་ཚབ་ཆེན་པོ་ཕོག་སྟེ་མི་ཤི་རྒྱུ་གྱོང་གི་གོད་ཆགས་བསམ་ཡུལ་ལས་འདས་པ་བྱུང་བའི་གནས་ཚུལ་འདི་ལྟ་བུ་ལོ་རྒྱུས་ཐོག་བོད་ལ་འབྱུང་བའི་གོད་ཆགས་ཤུགས་ཆེ་ཤོས་བྱུང་བ་ནི། སྐྱེ་རྒུའི་གྲོང་ཁྱེར་སྤོས་རྒྱ་ཐང་ལ་གདབ་པ་ལྟར་གྲོང་དང་གྲོང་ཁྱེར་གྱི་ངོ་བོ་ངོས་འཛིན་མི་ཐུབ་པའི་འཐོར་ཞིག་སོང་བ་དང་། རང་རིགས་སྤུན་ཟླ་ཕུ་ནུ་རྣམས་ཀྱི་ཤ་ཡི་རི་བོ་བརྩེགས། ཁྲག་གི་རྒྱ་མཚོ་འཁྱིལ། རུས་པའི་གྲམ་མར་སྤུངས། ངུ་སྒྲས་འཛམ་གླིང་གང་བའི་སྡུག་བསྔལ་བཟོད་དུ་མེད་པ་དེ་ལྟར་བྱུང་ནའང་རང་རེ་བྱེས་སུ་འཁོད་པའི་མི་མང་རྣམས་དངོས་སུ་ཛ་དྲག་མྱུར་སྐྱོབ་ཀྱི་ལས་འགུལ་ནང་ཡུལ་དུས་གནས་སྟངས་དབང་གིས་ཞུགས་ཐབས་དབེན་ནའང་༸སྤྱི་ནོར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་གངས་ཅན་པའི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་བླ་ཆེན་བླ་སྤྲུལ་དགེ་འདུན་རྒྱ་མཚོར་སྐྱབས་ཞུ་བསྙེན་བཀུར་རིགས་ད་བར་བྱེས་འཁོད་མི་མང་གིས་གདུང་སེམས་བཉམ་བསྐྱེད་གནང་བ་དང་། བྱེ་བྲག་ཏུ་འཛམ་གླིང་གང་སར་གནས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཁག་ནས་གདུང་སེམས་མཉམ་བསྐྱེད་ཆེད་ལས་འགུལ་སྤེལ་རིགས་ནི།

༡༽བལ་ཡུལ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག་ཕྱི་ལོ་ ༢༠༡༠ ལོའི་ཟླ་ ༤ ཚེས ༡༨ ཉིན་བལ་ཡུལ་མཆོད་འཇོར་གཞིས་ལས་ཁང་དུ་སེར་སྐྱ་མི་མང་སྟོང་ཕྲག་ལྷག་གདན་ཞུས་ཀྱིས་ཉིན་འགྱངས་རིང་སྨོན་ལམ་གསོལ་འདེབས་དང་། མ་ཎི་གསོག་སྒྲུབ་ཀྱི་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་བ་དང་། དགོང་མོ་ཆུ་ཚོད་ ༥ པ་ནས་དབུ་བཙུགས་ཏེ་མཚན་མོ་ཆུ་ཚོད་ ༡༠།༣༠ བར་མཆོད་པའི་རྟེན་དང་བཀུར་བའི་ཞིང་མཆོག་བླ་ན་མེད་པ་བྱ་རུང་ཁ་ཤོར་གྱི་མདུན་དུ་འདས་པོ་དེ་དག་གྱི་ཆེད་དུ་འཇིག་རྐྱེན་འཁོར་བའི་མུན་པ་སེལ་བའི་གསལ་བའི་སྒྲོན་མེ་ཁྲི་ཕྲག་ལས་བརྒལ་བ་འདེགས་འབུལ་ཞུས་ཡོད་པ་མ་ཟད། མུ་འཐུད་དེ་གདུང་སེམས་མཉམ་བསྐྱེད་ཀྱི་དགེ་བསྐུལ་བསྔོ་སྨོན་ནུས་ལྡན་སྤེལ་ཡོད་ལ་སྐྱེ་རྒུར་ཁྱིམ་གཞིས་བསྐྱར་གསོའི་རོགས་དངུལ་གོ་སྒྲིག་བྱས་ཡོད་པ་རྣམས་བརྒྱུད་ལམ་བཟང་པོ་ཞིག་ནས་མིག་སྨན་མིག་ཐོག་ཏུ་སྨིན་ངེས་ཞུ་འཆར་ཡོད།
༢༽རྡ་ས་ས་གནས་ཆུ་སྒང་ཡན་ལག་ནོར་གླིང་ཟློས་གར་ཚོགས་པས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༡ ཉིན་རྡ་ས་ནོར་གླིང་དུ་སྒ་རྗེ་ཁམས་སྤྲུལ་འཇམས་དབྱངས་དོན་འགྲུབ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགོན་སྡེ་ཁག་གསུམ་གདན་ཞུས་ཀྱིས་བསྔོ་སྨོན་གསོལ་འདེབས་དང་མ་ཎི་བསགས་སྒྲུབ་ཀྱི་དགེ་བསགས་སྨོན་ལམ་གསོལ་འདེབས་ཞུས་ཡོད།
༣༽ དེ་བཞིན་ཨ་རིའི་ནེའུ་ཡོཀ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༨ ཉིན་གདུང་སེམས་མཉམ་སྐྱེད་ཀྱི་སྨོན་ལམ་འདུ་འཛོམས་ཆེན་མོར་བསྔོ་སྨོན་དང་མ་ཎི་བསགས་སྒྲུབ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་ཞུས་གནང་བ་དང་། སྐུ་ཚབ་དོན་གཅོད་བརྒྱུད་ཨ་སྒོར་ཆིག་ཁྲི་དྲུག་སྟོང་མ་ཟིན་ཙམ་སྐྱེ་རྒུར་མདོར་ཐད་བཏང་ཞུ་ཐུབ་པ་བྱུང་ཡོད།
༤༽ཁེ་ན་ཌའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ནས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༥ དང་། ཡང་དེ་བཞིན་ཁེ་ན་ཌའི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག་གངས་ལྗོངས་ཆོས་ལྡན་གླིང་དུ་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༦ ཉིན་དང། ཡང་ཕྱི་ལོ་ ༢༠༡༠ ཟླ་ ༥ ཚེས་ ༡ ཉིན་མཁན་པོ་བསོད་ནམས་སྟོམས་རྒྱལ་རིན་པོ་ཆེ་མཆོག་དང་། བླ་མ་བསྟན་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག་གསོལ་འདེབས་སྨོན་ལམ་གྱི་འདུས་འཚོགས་སྔ་རྗེས་ཉིན་གཉིས་རིང་གོ་སྒྲིག་ཞུས་པ་ཡིན།
༥༽ཨ་རི་ནིའུ་ཨིན་ལན་ཌ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཕྱི་ཟླ ༥ ཚེས་ ༨ སྟེ་རེས་གཟའ་པ་སངས་ཉིན་བདེ་ཆེན་སྤྲུལ་སྐུ་མཆོག་དང་། དགེ་བཤེས་བློ་བཟང་དབང་ཕྱུག་རྣམ་པ་སོགས་དབུ་བཞུགས་ཐོག་གནོད་སྐྱོན་ཐེབས་པའི་བོད་རིགས་སྤུན་ཟླ་གནས་ཁང་ཟས་གོས་བྲལ་བ་རྣམས་ཀྱི་ཆེད་ཞབས་འདེབས་བསྡུ་རུབ་དང་རྐྱེན་ལམ་དུ་ཤོར་བ་རྣམས་ཀྱི་ཆེད་སྨོན་ལམ་གསོལ་འདེབས་རྒྱ་ཆེ་ཞིག་འཚོགས་གནང་བ་དང་། དཔལ་འབྱོར་བསྡུ་འགོད་བྱུང་བ་རྣམས་བརྒྱུད་ལམ་བཟང་པོ་ཞིག་བྱུང་ཚེ་ཐད་གཏོང་ཞུ་རྒྱུ་ཡིན།
༦༽སྒང་ཏོག་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༨ ནས་ ༢༠ བར་ཉིན་གསུམ་རིང་ཆོལ་གསུམ་ཚོགས་ཁང་དུ་ཁམས་སྐྱེ་རྒུ་མདོའི་ས་ཡོམ་གོད་ཆགས་ལ་གདུང་སེམས་མཉམ་སྐྱེད་ཆེད་བསྔོ་སྨོན་གསོལ་འདེབས་རྒྱ་ཆེར་གནང་ཡོད་པ་དང་། སྨོན་ལམ་གསོལ་འདེབས་གནང་སྐབས་དགོན་གནས་མི་འདྲ་བ་ཁག་དྲུག་ཙམ་ནས་དགེ་འདུན་བླ་གྲྭ་གྲངས་ ༨༠ ལྷག་དང་། དེ་བཞིན་ས་གནས་མི་མང་མཉམ་ཞུགས་ཀྱིས་བསྔོ་སྨོན་རྒྱ་ཆེ་ཞུ་ཐུབ་པ་བྱུང་ཡོད།
༧༽ར་ཇུ་པུར་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་དང་། ས་གནས་ར་ཇུ་པུར་དཔལ་ལྡན་ས་སྐྱའི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་། དེ་བཞིན་དཔལ་ས་སྐྱའི་བཙུན་དགོན་རིན་ཆེན་ཆོས་གླིང་སོགས་སུ་བསྔོ་སྨོན་དང་མ་ཎི་བསག་སྒྲུབ་ཆེད་འཆོད་འབུལ་ཞལ་འདེབས་རྒྱ་ཆེ་ཞུས་ཡོད།
༨༽ཐེ་ཝན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་གོ་སྒྲིག་འོག་ས་གནས་སུ་བཞུགས་པའི་བླ་སྤྲུལ་སེར་སྐྱ་མི་མང་ལྷན་འཛོམས་ཐོག་མྱ་ངན་གུས་དུད་དང་སྨོན་ལམ་མཆོད་འབུལ་ཞིག་ཕྱི་ལོ་༢༠༡༠ ཟླ་ ༥ ཚེས་ ༨ གོ་སྒྲིག་ཞུ་ཐུབ་པ་བྱུང་ཡོད།
༩༽སྦིར་ཅོན་ཏ་ར་ནང་ཆེན་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་གོ་སྒྲིག་འོག་མཆོད་འབུལ་རྡོར་སེམས་ཀྱི་ཆོ་ག་དང་ཞི་དྲག་གཉིས་ཀྱི་སྦྱིན་བསྲེག་རྒྱས་པ་ཞིག་ཅོན་ཏ་ར་མྱུང་གནས་ལྷ་ཁང་དུ་ཕྱི་ཟླ་ ༥ ཚེ་ ༤ ཉིན་རི་མགོ་དགོན་པ་ནས་བླ་གྲྭ་རྣམ་པ་གདན་ཞུས་ཀྱིས་བསྔོ་སྨོན་གནད་སྨིན་གསུངས་གནང་བ་དང། དུས་མཚུངས་མི་མང་ཉིས་བརྒྱ་ལྷག་ཙམ་གྱིས་མ་ཎི་དང་བཛྲ་གུ་རུ་སོགས་བསགས་ཤིང་། སྔ་ཕྱིར་མ་ཎི་བྱེ་བ་གཅིག་དང་ཉིས་འབུམ་བདུན་ཁྲིའི་མཚོན་གཟུངས་སྔགས་རིགས་གང་མང་བསགས་བསྒྲུབས་ཞུས་ཡོད། ས་གནས་མདོ་ཁམས་ཆུ་སྒང་སྒྲིག་འཛུགས་གཞན་ཁག་གིས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་འགུལ་སྨོན་ལམ་གསོལ་འདེབས་གོ་སྒྲིག་དང་། དཔལ་འབྱོར་བསྡུ་འགོད་གང་འགབ་ཞུ་རིགས་རྣག་ཐོག་གཙག་ཁེལ་གྱི་སྐྱེ་རྒུར་གུད་སྐྱོབ་གནད་སྨིན་ཞུ་འཆར་ཡོད།  
༡༠༽མདོ་ཁམས་ཆུ་སྒང་རྡ་ས་ས་གནས་རྒྱུན་ལས་ཀྱིས་གོ་སྒྲིག་འོག་དཔལ་འབྱོར་འདུ་འགོད་བྱས་པ་ནས་ཧིན་སྒོར་ ༥༡༡༧༩། བྱུང་འདུག་པ་ཆ་ཚང་རྡ་ས་ས་གནས་འགོ་འཛིན་ལ་རྩིས་སྤྲད་བྱེད་ཐུབ་པ་བྱུང་ཡོད།
༡༡༽ད་རེས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་འདས་གསོན་དེ་དག་མངོན་མཐོ་དང་ངེས་ལེགས་ཀྱི་ལམ་མཆོག་ཡང་དག་ཏུ་ཕྱོགས་པའི་ཆེད་ཞེ་དགུའི་བདུན་ཚིགས་བཞི་པའི་ཐོག་དཔལ༸་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཆེན་པོ་མཆོག་དབུ་བཞུགས་ཐོག་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁོར་དུ་ཡོད་པའི་དགོན་སྡེ་གྲྭ་ཚང་ཡོངས་སུ་རྫོགས་པ་དང་། ཕྱོགས་མཐའ་ནས་ཕེབས་པའི་སྐྱབས་གནས་བླ་སྤྲུལ་དགེ་འདུན་གྱི་སྡེ་ཚོགས་འདུས་མང་ཡོངས་ཀྱིས་སེམས་ཅན་ཐམས་ཅད་སྐྱབས་འོག་ནས་དུས་ནམ་ཡང་མི་འདོར་བ་དང་། འཁོར་བ་དང་ངན་སོང་གི་གནས་སུ་དུས་ནམ་ཡང་མི་གཏོང་བའི་གསོལ་འདེབས་ཤུགས་དྲག་ཞུ་རྒྱུ་མ་ཟད། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེར་འདྲེན་སྟོན་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་དང་། གཞན་ཡང་གདུང་སེམས་མཉམ་བསྐྱེད་ཆེད་མཉམ་ཞུགས་གནང་བའི་བཙན་བྱོལ་གཞུང་གི་ཆེས་མཐོའི་མཛད་གཙོ་རྣམ་པའི་གཙོས་སྲི་ཞུ་བ་རྣམ་པ་དང་། འདིར་འདུས་མི་མང་ཡོངས་ཀྱིས་དགེ་སྦྱོར་བསྔོ་སྨོན་བཟང་པོའི་ནུས་མཐུས་སྐྱེ་འགྲོ་རྣམས་ཐར་པའི་གོ་འཕང་ཆེན་པོར་བརྙེས་པའི་རྒྱུ་རྐྱེན་བཟང་པོ་རུ་གྱུར་ཅིག་གུ      མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ཟླ ༤ ཚེས ༡༡ ལ།
ཞེས་བོད་མདོ་ཁམས་སྐྱེ་རྒུར་ས་ཡོམ་གྱི་གོད་ཆགས་འོག་རྐྱེན་འདས་སུ་སོང་བ་རྣམས་ཀྱི་ཆེད་དུ་ཞེ་དགུའི་བདུན་ཚིགས་བཞི་པ་གྲ་རྒྱས་ཕུན་སུམ་ཚོགས་པའི་ངང་ནས་བསྲུང་བརྩི་ཞུས་ཡོད་པ་རེད་ལ་སྐྱབས་གནས་དགེ་འདུན་རྒྱ་མཚོར་སྐུ་འགྱེད་སྒོར་ ༡༠༠ རེ་ཕུལ་ཏེ་རེ་ཞིག་སྨོན་ལམ་གསུང་འདོན་གྱི་ཆོ་ག་ཡོངས་སུ་གྲུབ་པར་གནང་ཡོད་པ་རེད།