དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།26
mod_vvisit_counterཁ་སང།118
mod_vvisit_counterབདུན་ཕྲག་འདི།144
mod_vvisit_counterབདུན་ཕྲག་སྔོན་མ།580
mod_vvisit_counterའདི་ཟླ།531
mod_vvisit_counterཟླ་བ་སྔོན་མ།3103
mod_vvisit_counterགཟིགས་མཁན་བསྡོམས།28269

Online (20 minutes ago): 7
Your IP: 38.107.191.92
,
Today: Sep 06, 2010

མདོ་ཁམས་ཆུ་སྒང་སློབ་མའི་སློབ་ཡོན་གསལ་བསྒྲགས་དང་བཏང་རག་ཞབས་བྲོ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ཕྱི་ལོ་ ༢༠༡༠ཟླ ༢ ཚེས་ ༢༨ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོམས་ཆེན་ཡོངས་སྟེང་དུ་སྐུ་མགྲོན་གཙོ་བོ་བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་དང་། སྤྱི་ཟུར་གྲའུ་དཔོན་རིན་ཆེན་ཚེ་རིང་སོགས་གཙོས་ཆེས་མཐོའི་དཔོན་རིགས་རྣམས་དང་། ས་གནས་ཁག་ནས་ཕེབས་པའི་དབུ་འཛིན་ལྷན་རྒྱས། དེ་བཞིན་ཁམས་རིགས་མི་མང་གཉིས་བརྒྱ་ལྷག་ཙམ་ཞིག་འདུ་འཛོམས་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་གཏོང་རགས་རྒྱས་པ་ཞིག་ཕུལ་ཡོད་པ་རེད། 
དེ་ཡང་འདུ་འཛོམས་དེའི་ཐོག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་བཀའ་སློབ་གསུང་དོན། 
དེ་རིང་འདུ་འཛོམས་འདི་ལྟ་བུ་ཞིག་འཚོགས་དགོས་དོན་གཙོ་བོ་ནི་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པའི་ཐོག་ཆེད་ཕེབས་གནང་བའི་དབུས་
ས་གཉིས་ཀྱི་དཔོན་རིགས་རྣམ་པ་དང་། དེ་བཞིན་ཁམས་རིགས་མི་མང་རྣམས་ལ་ད་ལན་མདོ་ཁམས་ཆུ་བཞི་སྒང་དྲུག་འགན་འཛིན་ལྷན་ཚོགས་ཐེངས་ ༤༠ པ་དེ་སྔར་ལས་ལྷག་པའི་རྒྱལ་ཁའི་ངང་གྲོལ་བ་དང་། དེ་བཞིན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་ད་ལྟའི་གཉན་འཕྲང་གི་དུས་འདིར་རང་རིགས་གཞོན་སྐྱེས་རྣམས་ལ་སློབ་སྦྱོང་གི་གོ་སྐབས་སྤྲོད་རྒྱུ་ནི་ཆེས་གལ་གནད་ཆེན་པོ་ཞིག་ཆགས་ཡོད་སྟབས། ཁམས་རིགས་ཀྱི་སློབ་མ་མཐོ་སློབ་ཏུ་འགྲིམས་བཞིན་པ་འགའ་ཞིག་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་དང་སྦྱོར་བཞིན་པ་ལྟར། འདི་ལོར་ཡང་མཐོ་སློབ་ལོ་རིམ་དང་པོར་འགྲིམས་བཞིན་པའི་ཁམས་རིགས་ཀྱི་སློབ་མ་གྲངས་ ༡༠ ལ་སློབ་ཡོན་གྱི་མཐུན་རྐྱེན་སྦྱར་རྒྱུའི་གཏན་
བེབས་ལྟར་དེ་རིང་རྒྱན་འདོན་བྱ་རྒྱུ་དང། དམིགས་བསལ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་
ཁྱབ་རྒྱུན་ལས་ཁང་གི་ཐོག་རྩེགས་ཁང་ཆེན་འདི་ཉིད་འཇུག་གྲུབ་པ་ནས་ད་བར་ཁང་སྟོན་གྱི་མཛད་སྒོ་ཚུགས་མེད་པས་དེ་ལུགས་དེ་རིང་མཛད་སྒོ་འདི་དང་སྟབས་བསྟུན་མདོ་ཁམས་ཆུ་སྒང་ནོར་གླིང་རིག་གཞུང་ཟློས་གར་ཚོགས་པ་གདན་ཞུས་ཐོག་གཏོང་རགས་འདི་ལྟ་བུ་ཞིག་ཕུལ་བ་ཡིན་གསུངས་སོང། 
དེ་རྗེས་མདོ་ཁམས་ཆུ་སྒང་ནོར་གླིང་རིག་གཞུང་ཟློས་གར་ཚོགས་པས་ཁམས་ཁུལ་གྱི་བྲོ་གླུ་གཙོ་བོར་བྱས་པའི་གནའ་དེང་གཉིས་ཀྱི་བྲོ་གར་གང་མང་ཞིག་འཁྲབ་གནང་སོང་བས། ལྟད་མོ་བ་བརྒྱ་ཕྲག་མང་པོས་དགའ་སྤྲོའི་ཐལ་མོ་འབྲུག་སྒྲ་ལྡིར་བ་ལྟར་བརྡབས་ནས་མིས་སྨོན་རང་སྐྱིད་ལྟ་བུའི་རེ་ཞིག་འཁོར་ཡུག་རྣམས་སྤྲོ་སྣང་གིས་ཁྱབ་པར་བྱས། དེ་བཞིན་ཁམས་རིགས་ཀྱི་གླུ་བ་གླུ་མ་མང་པོ་ཞིག་གིས་ཀྱང་རང་མོས་ཀྱི་གླུ་གཞས་སོགས་ཕུལ་ནས་མཚན་མོའི་ཆུ་ཚོད་ ༡༡ བར་ལྷན་འཛོམས་གནང་ཡོད་པ་རེད། 
 
 
 
 
བར་དེར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་མཆོག་ནས་འདི་ལོའི་མཐོ་སློབ་སློབ་མའི་སློབ་ཡོན་གྱི་ཆ་རྐྱེན་སྐོར་ལ་གསལ་བསྒྲགས་གནང་རྗེས་རྒྱན་ཤོག་འདོན་འགོ་བཙུགས་ནས་རིམ་པར་ཁམས་རིགས་ཀྱི་སློབ་མ་ ༡༠ ལ་གཏན་ཁེལ་གནང་ཡོད་པ་རེད། དེའང་རྒྱན་ཁོངས་སུ་ཚུད་པའི་སློབ་མ་གྲངས་ ༥༤ ནས་རྒྱན་ཐོབ་པ་གྲངས་ ༡༠ ཡི་མཚན་གཤམ་ནས་རྒྱན་ཤོག་གི་ཨང་རིམ་ལྟར་འགོད་ན། 
རྒྱན་ཤོག་ཨང་།  སློབ་མའི་མིང་། ཆུ་སྒང་ལག་དེབ་ཨང་། ཕ་མིང་། ས་གནས
༢༽  བསྟན་འཛིན་རྡོ་ཆོས། ༧༦༩། སྐལ་བཟང་རྡོ་རྗེ། ། ལ་དྭགས། 
༤༽ པ་སངས་གཡུ་སྒྲོན། ༧༦༤། དགེ་ལེགས་ཕུན་ཚོགས། ལ་དྭགས།
༥༽ ཀརྨ་ཕུན་ཚོགས་རྣམ་རྒྱལ། ༧༣༠། ཚེ་རིང་ཕུན་ཚོགས། ལ་དྭགས།
༡༡༽ བསྟན་འཛིན་འཕགས་སྒྲོན། ༡༠༦། པད་བློ། སྦིར།
༡༤༽ བསྟན་འཛིན་འགྱུར་མེད། ༩༣༢༡། སྤྲུལ་སྐུ་ཁྲོ་རྒྱལ། ཀམ་རའོ།
༡༧༽ བདེ་སྐྱིད་ཉིོ་མ། ༨༩༢༤༧། ཚེ་བརྟན་ནོར་བུ། མཚོ་པདྨ།
༢༣༽ སྒྲོལ་མ་ལྷ་མོ། ༥༥༧། བསོད་ནམས་ཚེ་རིང། བལ་ཡུལ། 
༢༤༽ ཉི་མ་ཚེ་དཔལ། ༢༦༦༨། མཐུ་སྟོབས་ཚོགས། བལ་ཡུལ།
༢༧༽ སྒྲོལ་དཀར་ལྷ་མོ། ༢༦༥༧། ཉི་མ། བལ་ཡུལ།
༢༨༽  འཆི་མེད་ལྷ་མོ། ༢༧༧༩། འབྱོར་རྒྱལ། བལ་ཡུལ།
 
བཅས་ལ་འདི་ལོའི་མཐོ་སློབ་ཀྱི་སློབ་ཡོན་གནང་རྒྱུའི་རྒྱན་ཐོབ་ཡོད་པ་ལྟར་དེ་ལུགས་དོ་བདག་རང་ཉིད་ཀྱིས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་དགོས་ངེས་ཀྱི་ཡིག་ཆ་ཆ་ཚང་ཕུལ་རྗེས་གཞི་ནས་སློབ་ཡོན་འབུལ་གྱི་ཡིན་པས་དེ་ལུགས་ལག་བསྟར་བྱ་དགོས་པའི་གསལ་བསྒྲགས་སུ།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༠ ཟླ ༢ ཚེས ༢༨ ཉིན།