མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་བོའི་ལོ་རྒྱུས། སྟོད་ཆ། 1༽
༈ དེ་ཡང་ད་ལན་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དམག་གི་སྒྲིག་ འཛུགས་དབུ་བརྙེས་ནས་བཟུང་གི་བྱུང་རབས་ལོ་རྒྱུས་དེབ་ཐེར་གཉིས་པ་འདི་བཞིན། རྒྱ་དམར་གུང་ཁྲན་བོད་ནང་བཙན་འཛུལ་བྱས་ཐོག བོད་རྒྱལ་ཁབ་ཀྱི་ཕྱི་སྣོད་ནང་བཅུད་བཅས་པ་བཙན་འཕྲོག་དང༌།བོད་ཀྱི་མངའ་ འབངས་བོད་མི་ཡོངས་ལ་བཙན་གནོན་མནར་གཅོད་དྲག་པོའི་ལས་འགུལ་བྱ་ སྤྱོད་མ་རུང་པ་ཇི་སྙེད་ཅིག་ལག་བསྟར་བྱས་དང་བྱེད་མུས་བཟོད་ཐབས་ཡེ་ནས་མེད་པ་ ལ་བརྟེན་ནས། རང་གི་སྲོག་ལུས་ལོངས་སྤྱོད་མཐའ་དག་བློས་ལིང་གིས་བཏང་སྟེ། བསྟན་དགྲ་རྒྱ་དམར་ལ་དགྲ་འཐབ་བྱེད་དགོས་པའི་རྒྱུ་མཚན་དུ་གྱུར་པ་ནི།
ཕྱི་ལོ་ ༡༩༤༩ ལོ་ནས་བོད་ཀྱི་བྱང་ཤར་ཨ་མདོའི་ཡུལ་དུ་དམར་དམག་དཔུང་འཛུལ་དང་པོ་བྱས་ཤིང༌། ཕྱི་ལོ་ ༡༩༥༠ ལོར་བོད་ཀྱི་ཤར་ཕྱོགས་ཁམས་ཁུལ་དུ་བཙན་འཛུལ་གྱིས་མུ་མཐུད་ལོ་དེ་རང་དུ་ཆབ་ མདོ་བར་བཙན་འཛུལ་སྐབས། བོད་མི་གཞུང་སྒེར་ཡོངས་ཀྱིས་དྲག་པོའི་དམག་འཐབ་བགྱིས་ཀྱང་གདོང་ལེན་མ་ཐུབ།
ཕྱི་ ལོ་ ༡༩༥༡ ལོར་རྒྱ་ནག་པེ་ཅིང་དུ་བོད་རྒྱ་དབར་ཆིངས་མོལ་བྱེད་ཁུལ་བྱས་ཀྱང༌། རྒྱ་དམག་གི་མེ་མདའི་འོག་གི་ཆིངས་ཡིག་དོན་ཚན་༡༧ ཟེར་བ་བསྣོལ་འཇོག་གིས། ལོ་དེར་རྒྱ་དམར་གྱི་དྲག་པོའི་དམག་དཔུང་བོད་ཀྱི་དབུས་རྒྱལ་ས་ལྷ་ས་བར་སླེབས།
དུས་དེ་ནས་བཟུང་བོད་རྒྱལ་ཁབ་ཀྱི་བསྟན་སྲིད་དང༌། སྣོད་བཅུད་བདག་དབང་ཡོངས་རྫོགས། རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་སྔ་ཡོད་རྩ་མེད་དང༌། མ་འོངས་བཟའ་ཐབས་ཆེད། བོད་ཡུལ་ན་བྱུང་མ་མྱོང་བའི་གུང་ཁྲན་རིང་ལུགས་དང་འབྲེལ་བའི་གཡོ་སྒྱུའི་ ཁྲིམས་ལུགས་སུ། ཆོས་དད་རང་མོས། རྒྱལ་ཁབ་ཤ་ཞེན། ཇག་ཉུལ་རྩ་མེད། རང་ལུགས་གོམས་པའི་གཤིས་ཀ་ལ་བརྩི་འཇོག
མི་རིགས་འདྲ་མཉམ་ཟེར་བའི་རྩ་དོན་ལ་ ལྟོས་པའི་ཁྲིམས་ལུགས་བཀོད་སྒྲིག་ལག་བསྟར་ རིམ་བཞིན་བྱས་པས། ཕྱི་ལོ་ ༡༩༥༦ ལོ་འགོ་དེར་ཁམས་ཤར་ཕྱོགས་ཡོངས་སུ་ཉིན་བརྒྱ་དུས་གཅིག་ཏུ། དམངས་གཙོ་བཅོས་བསྒྱུར་ཟེར་བའི་ལས་འགུལ་མ་རུང་པ་སྤེལ་ཏེ། ཁྲིམས་ལུགས་བཤད་དེ་ཁྲིམས་འགལ་ལག་བསྟར་གྱིས་གོང་གི་ཁྲིམས་ཀྱི་རྩ་ཚིག་དག་དང་ ཡོངས་སུ་འགལ་བའི་ལས་འགུལ་ལག་བསྟར་བྱས་པ།
དཔེར་ན། ཆོས་དད་རང་མོས་ཡིན་ཟེར་བའི་རྩ་ཁྲིམས་བཤད་པའི་འོག་ནས། བོད་ཀྱི་རྒྱལ་ཁམས་ཡོངས་སུ་དགོན་པ་སྟོང་ཕྲག་བདུན་ལ་ཉེ་བ་ཡོད་པ་དང༌། གཙུག་ལག་ཁང་ཁྲི་ཕྲག་མང་པོ་ཡོད་པ། སྐུ་གསུང་ཐུགས་རྟེན་གྲངས་ལས་འདས་པ། བསྟན་འཛིན་གྱི་སྐྱེས་ཆེན་དགེ་འདུན་འབུམ་ཕྲག་མང་པོ་ཡོད་པ་སོགས། རིམ་བཞིན་རྩ་གཏོར་ཤུལ་མེད་བཟོ་བའི་འགོ་བཙུགས།
དེ་མཚུངས་རང་ལུགས་གོམ་པའི་གཤིས་ལུགས་ལ་བརྩི་འཇོག་ཟེར་བ་དང༌། མི་རིགས་འདྲ་མཉམ་ཟེར་བའི་རྩ་ཁྲིམས་བཤད་པའི་འོག་ནས་བོད་སྲིད་པ་ཆགས་ནས་བཟུང་ གི་ལམ་ལུགས་ཡོངས་རྫོགས་རྩ་མེད་ཐོག མི་རིགས་ས་ཁུལ་དང༌། གྲལ་རིམ་དབྱེ་འབྱེད་སོགས་ཀྱིས་བོད་མི་འབུམ་ཕྲག་མང་པོར་མནར་གཅོད་དང༌།
དམར་ གསོད་བརྡུང་བརྡེགས་ཅི་རིགས་ཀྱི་འོག་ཏུ་ཤི་དགོས་པ་བཟོ་བའི་འགོ་བཙུགས་ པའི་སྐབས་ནས་ཁམས་ཤར་ཕྱོགས་ཀྱི་ས་གནས་སོ་སོ་ནས་སླར་ཡང་རྒྱ་དམར་གུང་ཁྲན་ལ་ཤི་ ལ་མི་མཚེར་བའི་དྲག་འཐབ་བྱས་པ་དང༌། ཨ་མདོའི་ཕྱོགས་སུའང་དེ་མཚུངས་བྱུང་བ་བཅས། མཐའ་མར་བོད་རྒྱ་དྲག་པོའི་སྟོབས་ཤུགས་ཆེ་ཆུང་གིས།
བོད་ཤར་ཕྱོགས་མདོ་ཁམས་གཉིས་པོ་དམག་ཕམ་ཉེས་ཀྱིས་སྲོག་དང་མ་བྲལ་བ་རྣམས། བོད་དབུས་ཀྱི་ལྷ་སའི་ཕྱོགས་སུ་ཡུལ་གྱར་དགོས་གྱུར་པ།
ད་དུང་གོང་གསལ་མདོ་ཁམས་ཡུལ་གྱར་བ་རྣམས་དང༌། དེ་བཞིན་ཁམས་ནུབ་ཕྱོགས་པ་དག་དང༌། རྒྱལ་ས་ལྷ་སའི་ཕྱོགས་སུ་མདོ་ཁམས་ཀྱི་ཚོང་རིགས་ཁག་བཅས་ཚང་མས་བསམ་གྲོས་ཀྱིས། བོད་ཀྱི་བསྟན་སྲིད་རང་དབང་བརྟན་གནས་ཡོང་ཐབས་ཁོ་ནའི་ཆེད། ཅི་དྲག་གང་དྲག་གི་ཐབས་ལམ་འཚོལ་བའི་སྐབས་སུ།
རང་གི་སྲོག་ལུས་ལོངས་སྤྱོད་དང་བཅས་པ་བློས་ཡོངས་སུ་བཏང་བའི་སྒོ་ནས་དྲག་པོ་དམག་གི་ལས་ཐབས་བྱ་རྒྱུ་དེ་རང་ལས་མེད་པ་ཐག་བཅད།
དེ་ ལའང་ད་དུང་མུ་མཐུད་སྡེ་པ་གཞུང་གི་སྲིད་དབང་ཡང༌། མེ་འོད་ཀྱི་སྦྲང་མ་ལྟ་བུར་གྱུར་ཡོད་པ་འདི་བཞིན། རྒྱུན་གནས་གང་ཐུབ་དགོས་གལ་ལ་བརྟེན། དྲག་པོ་དམག་གི་ལས་ཐབས་འདི་རིགས་ཀྱི་ལེ་ཁག་བོད་གཞུང་ལ་མི་འབྱུང་ཆེད་མདོ་ཁམས་ ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དམག་ཅེས་རྒྱ་དམར་གྱིས་བསྙད་འཛུགས་བྱ་ ཡུལ་ཆེད་དུ་བཟོས།
རྒྱ་དམར་གུང་ཁྲན་གྱི་སྲིད་དབང་འོག་བཟང་སྤྱོད་ཀྱི་ཐབས་ ལམ་ཇི་ལྟར་སྤྱད་ཀྱང་འབབ་ས་གཅིག་ལས་མེད་པ་ཤེས་གསལ་དང༌། ཤི་རྒྱུ་ལ་མི་སྐྲག་མཁན་སྲོག་ཆགས་གཅིག་ཀྱང་མེད་ཀྱང༌། རྒྱ་དམར་གྱི་འོག་ཏུ་མི་ཤི་བར་འགྲོ་ས་མེད་པ་མཐོང་བ། བོད་མིའི་ལྟ་བ་ནི་ཆེ་འདི་ལས་ཕྱི་མ་གལ་ཆེ་བརྩི་བས། བོད་བསྟན་སྲིད་ཀྱི་དོན་དུ་བསྟན་དགྲ་རྒྱ་དམར་གྱི་མཚོན་འོག་ཏུ་ཤི་ཐུབ་ན།
ཕྱི་ མར་འདྲེན་པའི་༧སྐྱབས་གནས་༧གོང་ས་མཆོག་ཡོད་བསམ་པའི་བློ་ཐག་ཆོད་པ། རྒྱ་དམར་གུང་ཁྲན་ལ་མགོ་སྒུར་བ་ལས་ཤི་ཐེངས་དགུ་ཆད་ན་དགའ་སྙམ་པ། ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང༌། བལ་པོ། དབྱིན་ཇི། དེ་བཞིན་ཨ་མི་རི་ཀ་དང༌། ནུབ་ཕྱོགས་དང༌། ཡོ་རོབ་སོགས་ཀྱིས་ཉམས་ཆུང་བོད་ཆོས་ལྡན་གྱི་རྒྱལ་ཁབ་འདི་བཞིན་གྲོགས་མེད་ གཅིག་པུར་མི་བཞག་པའི་རེ་བ་སྟོང་པ་ཞིག་ཀྱང་ཡོད་པ།
ད་དུང་འགའ་རེས་འཛམ་ གླིང་རྒྱལ་ཚོགས་ཟེར་བ་ཞིག་ཀྱང་ཡོད་སྐད། དེ་འདྲའི་བསམ་ཚུལ་སྣ་ཚོགས་ཀྱི་སྒོ་ནས་རྒྱ་དམར་གུང་ཁྲན་བོད་ནས་མཐར་སྐྲོད་ གཏོང་བསམ་པའི་དཔའ་ངར་བསྐྱེད།
གལ་སྲིད་བསམ་དོན་ཇི་བཞིན་སྒྲུབ་མ་ཐུབ་ནའང་ ཚེ་འདི་ཕྱི་གཉིས་ཀྱི་གཏད་ཡུལ། མགོ་ནག་འདྲེན་པའི་༧སྐྱབས་གནས་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ འགལ་རྐྱེན་ཕྲ་མོ་ཙམ་མི་འབྱུང་བའི་ཆེད་དུ་ལྐོག་གྱུར་གྱིས་མཐར་ཐུག་རྒྱབ་ བསྟེན་བཅོལ་ཡུལ་གང་དགེ་ཡང་བསམ་བློ་བཏང་བ་སོགས་མདོ་དོན་སྙིང་པོར་དྲག་པོ་དམག་ གི་ལས་ཐབས་བྱ་རྒྱུར་ཐག་བཅད།
ད་ནི་དབུ་རུ་ལྷ་སར་འཛོམས་པ་ཡོངས་ནས་དྲག་འཐབ་བྱ་རྒྱུར་ཐག་བཅད་པར་བརྟེན་ཡུལ་ གྱར་བ་རྣམས་ལ་བློས་བཏང་བྱ་རྒྱུ་ཅི་ཡང་ལྷགས་མེད་ན་ཡང༌། ཁམས་ནུབ་བརྒྱུད་པ་དག་དང༌། ཚོང་རིགས་ཁག་ལ་རྒྱུ་ནོར་ལོངས་སྤྱོད། ནང་མི་སྟོན་འཁོར་ཆ་ཚང་ད་དུང་བསྡད་ཡོད་པ་དེ་ལྟར་ན་ཡང༌།
ཁམས་ཤར་བརྒྱུད་ ཕྱོགས་ཀྱི་གནས་བབས་དངོས་ལ་ལྟོས་ནས་མུ་མཐུད་ལས་མཐའ་ཇི་ཡོང་ ཤེས་རྟོགས་གོ་བས་ཆོད་པ་ལྟར། ཡོངས་རྫོགས་བློས་བཏང་གིས་རྒྱ་དམར་གུང་ཁྲན་དང་འཐབ་འཛིངས་བྱ་རྒྱུ་ལས་མེད་པར་ བློ་ཐག་བཅད།
འོན་ཀྱང༌། བསྟན་དགྲ་རྒྱ་དམར་བོད་ནས་མཐར་སྐྲོད་ཐུབ་རྒྱུའི་རེ་བ་ཡོངས་སུ་རྫོགས་མེད་པའི་ ལྷ་ས་ཁུལ་ཡོད་ཚོང་རིགས་ཁག་གིས། མ་འོངས་དུས་བདེ་བྱུང་མཚམས་ཕྱིར་སློག་ཡོང་རེས། བོད་གཞུང་གི་གཏོང་སྒོ་མཆོད་རྒྱུན་ཁག་ལ་རང་གི་རྒྱུ་ནོར་རྩིས་སྤྲད་ནས་ཐོ་དེབ་ ཕུལ་ཏེ་བྱུང་འཛིན་སྤྲོད་ལེན་དང༌།
ལྷ་སའི་ཁུལ་གྱི་གནས་ཁག་རྣམས་ལ་རྒྱ་གར་ ནས་བཏོན་པའི་ཚོང་ཟོག་བཟང་དོས་ཚོང་ཆས་ བཅོལ་གཏམ་ཐོ་འགོད་བྱས་པ། དཔེར་ན། ཚོང་པ་རེ་རེས་རྒྱ་གར་གྱི་ཚོང་ཟོག་བཟང་དོས་བརྒྱ་ཕྲག་མང་པོ་དང༌། དངུལ་དོ་བརྒྱ་ཕྲག་བཅོལ་གཏམ་གྱིས་རྒྱ་དམར་མཐར་སྐྲོད་གཏོང་རེ་ཡང་བྱས་པ་རེད།
མང་ཆེ་བ་ཞིག་ནས་རྒྱ་གར་ས་གནས་ཀ་སྦུག་དང༌། འབྲས་ལྗོངས་ཕྱོགས་ནས་ལྷ་ས་བར་རྒྱ་གར་གྱི་ཚོང་ཟོག་དབོར་ལམ་གང་ས་དང༌། ལྷ་ས་ཁུལ་སོགས་སུ་བདག་པོ་སུ་ཡིན་མེད་པའི་ཚོང་ཟོག་དོ་པོ་བརྒྱ་ཕྲག་མང་པོ་ རྩེགས་ནས་བཞག་སྟེ་དམག་སར་བསྐྱོད་ཡོད་པ། དེ་འདྲའི་བློས་བཏང་གི་སྒོ་ནས་བོད་སྤྱིའི་བསྟན་དོན་ཉག་ཅིག་བསམ་ནས་བྱས་པ་ལས་ རང་ཉིད་སྒེར་དང༌།
ཆོས་བརྒྱུད་གྲུབ་མཐའ། ལུང་ཚན་སོགས་གང་ཞིག་གི་ཁེ་ཕན་ཕྲ་མོ་ཙམ་བསམ་ཡུལ་ན་འཆར་མ་མྱོང་བ་མ་ཚད་མས་ཡོངས་སུ་གྲུབ་ཡོད།
ཕྱི་ལོ་ ༡༩༥༧ ལོར་བོད་ཀྱི་རྒྱལ་ས་དབུ་རུ་ལྷ་སར་བོད་བསྟན་སྲིད་ཡོངས་ཀྱི་མངའ་བདག ༧གོང་ས་ཡིད་བཞིན་ནོར་བུ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོར་སྟོད་མངའ་རིས་སྐོར་ གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་བཅས་བོད་རྒྱལ་ཁབ་ཀྱི་མངའ་ཞབས་བོད་མི་ཡོངས་ཀྱི་ངོ་ཚབ་ བྱས་ཏེ།
མདོ་ཁམས་ཆུ་བཞི་སྒང་དྲུག་ཏུ་གནས་པ་རྣམས་ཀྱིས་གསེར་ཁྲི་གསར་ བཞེངས་དང་འབྲེལ་ མངའ་གསོལ་གཟིངས་སྟོད་དང༌། བརྟན་བཞུགས་བསྟར་འབུལ་ཞུས་ཏེ། སྲིད་པ་ཆགས་ནས་བཟུང་གི་བོད་རྒྱལ་ཁབ་ཀྱི་བསྟན་སྲིད་རང་དབང་རྒྱུན་གནས་ཡོང་བ་ དང༌། བསྟན་དགྲ་རྒྱ་དམར་མཐར་སྐྲོད་ཐུབ་པའི་གསོལ་བ་བཏབ།
ཕྱི་ལོ་ ༡༩༥༨ ཟླ་ ༣ པ་ནས་བཟུང་མདོ་ཁམས་ཀྱི་མི་རྣམས་བོད་དབུས་ཀྱི་ལྷོ་ཁུལ་གཡོ་རུ་ཡར་ལུང་ཕྱོགས་ སུ་རིམ་བཞིན་བསྐྱོད་ཅིང༌། ལོ་དེའི་ཟླ་ ༦ ཚེས་ ༡༦ ཉིན་ཡར་ཀླུང་ཕོ་བྲང་གི་གཡོན་ཕྱོགས། མཚོ་གྲི་གུ་འདྲ་བའི་གཡོན་ཟུར། བྱང་ཐང་ཡངས་པ་ལྕགས་ཚ་གྲི་གུ་ཐང་ཟེར་བའི་སྤང་ལྗོངས་ཆེན་པོ་དེར།
མདོ་ཁམས་ ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དམག་གི་སྒྲིག་འཛུགས་དབུ་བརྙེས་ པའི་མཛད་སྒོ་དང་སྦྲགས། འཇིག་རྟེན་བློས་བཏང་བྱས་པའི་བོད་ཀྱི་དཔའ་བོ་རྣམས་ཀྱི་བསམ་དོན། བསྟན་དགྲ་རྒྱ་དམར་བོད་ནས་མཐར་སྐྲོད་བཏང་སྟེ། བོད་རྒྱལ་ཁབ་ཀྱི་རང་དབང་རང་ལུགས་སྔར་བཞིན་རྒྱུན་གནས་ཡོང་བའི་ཆེད་ལྷ་དང་ སྲུང་མ་དག་དང༌། དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་སྤྱི་དང༌།
ལྷག་པར་ དུ་རྗེ་ཡི་འགུར་ལྷ་བཅུ་གསུམ། སྲིད་པའི་ལྷ་དགུ མགོ་བོའི་ལྷ་ལྔ་ལ་སོགས་པར་གསོལ་འདེབས་མཚན་འབོད་གདུང་ཤུགས་ཆེན་པོའི་སྒོ་ནས་ ལྷ་ཤིང་ཤུགས་པའི་བསང་བདུད་སྤྲིན་ལྟར་གཡོ་བ་དང་འབྲེལ། དཔའ་བོ་ཡོངས་ཀྱིས་ཀྭི་གསོ་ལྷ་རྒྱལ་གྱི་འུར་སྒྲས་ཁྱབ་པ་བྱས་ཏེ། གོ་མཚོན་དང་ལྡན་པའི་རྟ་པ་སྟོང་ཕྲག་མང་པོས་དུས་གཅིག་ཏུ་བསངས་སྐོར་བྱས་ཤིང༌།
དེ་ཉིན་ནས་བཟུང་དྲག་པོ་དམག་གི་ལས་ཐབས་སུ་འཇུག་པ་ཡོངས་གྲགས་བཟོས་པས། འགྲོ་སྤྱོད་འདུག་གནས་གང་ཅི་གནས་ངེས་མེད་དུ་གྱུར།
ད་ནི་ཡོངས་རྫོགས་བློས་བཏང་བྱས་པའི་མདོ་ཁམས་དཔའ་བོའི་ཁྱུ་ཚོགས་འདི་དག་ནི། མི་རེས་རྟ་རེ་འོག་ཏུ་ཞོན་ནས་རྒྱབ་ཏུ་མེ་མདའ་རེ་ཁུར། མི་རྐྱང་རྟ་རྐྱང་གི་དམག་དཔུང་ཞེ་ཅིག་ཡིན། འཛམ་གླིང་སྤྱིའི་དམག་དཔུང་ཞིག་ཡིན་ན། ཟ་རྒྱུ་ཙམ་མ་ཟད་དམག་མཁོའི་ཡོ་བྱད་དང༌། བསྐྱེལ་འདྲེན་རྒྱབ་གནོན་བཅས་ཡོད་མོད།
འོན་ ཀྱང་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དཔུང་དམག་འདི་ལ་ནི། དེ་འདྲའི་རིགས་ཅི་ཡང་མེད་པར་བརྟེན། གཙོ་བོར་གཡོ་རུ་ཡར་ལུང་ཕྱོགས་ཀྱི་རྫོང་གཞིས་ཁག་དང༌། དགོན་སྡེ་ཁག སྒེར་པ་མི་དྲག ལྷ་སྡེ་མི་སྡེ་ཆེ་ཕྲ་ཡོངས་ནས་རང་མི་རང་ཁྱིམ་དུ་སླེབས་པ་ལྟར། གང་དུ་སླེབས་ཀྱང་ཟ་རྒྱུ་བསྟེར་བ་དང༌། གནས་མལ་གཡར་བ། གཞན་ཡང་འོག་རྟ་དང༌།
དམག་ མཁོའི་དགོས་མཁོ་ཇི་དགོས་མཉམ་རུབ་བྱེད་པ། དམག་སྒར་གང་དུ་ཆགས་ན་དེའི་ཕྱོགས་ཀྱི་རྫོང་གཞིས་ཁག་དང༌། དགོན་སྡེ་གྲྭ་ཚང་ཁག་བཅས་ནས་ཟས་གོས་གནས་མལ་ཡོད་གང་དགོས་འགན་གཙང་ལེན་བྱས་པ་ དང་ཆབས་ཅིག་དགྲ་བོ་རྒྱ་དམར་མཐར་སྐྲོད་ཐུབ་རེ་དང༌། བོད་ཀྱི་བསྟན་སྲིད་རང་དབང་རྒྱུན་གནས་ཡོང་རེ་སོགས་གཅིག་གྱུར་མཉམ་རུབ་བྱས་ པའི་དྲིན་ངོ་ནི།
མི་རབས་རིམ་བརྒྱུད་དུ་བརྗེད་ཐབས་ཡེ་ནས་མེད་པ་ཞིག་བྱུང་ཡོད།
དེ་མཚུངས་སུ་ཤངས་དགའ་ལྡན་ཆོས་འཁོར་ནས་བཟུང༌། བྱང་བརྒྱུད་འབྲོག་ཁུལ་དང༌། འབྲི་གུང༌། དམར་གཞུང༌། བྱང་མེར་གཞུང༌། རྒྱ་ཤོད་བོན་དཀར། ཤོ་སྟར་ལྷོ་གསུམ། སྤོ་བོ། ཚ་བ་དཔའ་ཤོད་སོགས་དང༌། ནག་ཤོ་འབྲི་རུ། ཧོར་ཚོ་སོ་དགུ བྱང་འདམ་གཞུང་དམག་སྒར་བཅས་ཕྱོགས་གང་དུ་བསྐྱོད་ཀྱང༌། ཟས་གོས་གནས་མལ་སོགས་གང་ཅིའི་ཐད་ཡུལ་མི་ཚང་མས་དགྲ་ཕྱོགས་གཅིག་དང༌།
གཉེན་ ཕྱོགས་གཅིག་ལས་མེད་པའི་ངོས་འཛིན་གྱིས་གཉེན་ཕྱོགས་ལ་རྒྱལ་ཁ་ཐོབ་པའི་རེ་ བ་ཆེན་པོ་དང་བཅས་དངོས་དོན་ལ་མཉམ་རུབ་དྲིན་གྱིས་སྐྱོང་ཡོད་པ་རེད།
དྲག་པོ་ དམག་གི་དཔུང་རོགས་དང༌། རྒྱབ་རྟེན་བཅོལ་ཡུལ་ཇི་བཞིན་སུ་ཡང་མེད་ནའང༌། གཡོ་རུ་ལྷོ་ཁའི་ཁུལ་འདི་ནི། རྒྱབ་ཕྱོགས་རྒྱ་གར་ཡུལ་གྱི་ས་མཚམས་འབྲེལ་བ་དང༌། མདུན་ཕྱོགས་རྒྱ་ནག་ཡུལ་དང་ས་ཐག་རིང་ཞིང༌། ལྷ་སའི་སྐྱིད་ཆུ་དང༌། ཡར་ལུང་གཙང་པོ་གཉིས་ཀྱི་འགག་སྒོ་རང་བཞིན་ཅན་ལ། ཡུལ་མི་བཟང་བ་དང༌།
ཟས་ བཅུད་འཕེལ་བ་བཅས་ཀྱི་ཆ་རྐྱེན་ལ་ལྟོས་ཏེ་མདུན་ཕྱོགས་ཀྱི་དགྲ་བོར་གདོང་ གཏད་པའི་གནས་ས་བཟང་བ་དང༌། དགྲ་བོ་རྒྱ་དམར་བོད་ནས་མཐར་སྐྲོད་ཐུབ་ན་བསམ་དོན་འགྲུབ་པ་ཡིན་ཅིང༌། གལ་ཏེ་རྒྱ་དམར་གཞུང་གི་ཁྲིམས་འགལ་ལོག་སྤྱོད་དམག་དཔུང་གི་གནམ་སའི་དྲག་མཚོན་ སྟོབས་ཤུགས་ཀྱི་ཡ་ལན་མི་ཐུབ་པའི་གནས་ཚུལ་བྱུང་སྲིད་ཚེ།
རྒྱ་དམར་གྱི་བཙན་ འོག་གནས་ཐབས་མེད་སྟབས། བོད་ཀྱི་རྗེ་འབངས་ཆོས་དང་ཆབ་སྲིད་ཀྱི་བདག་པོ་གང་ན་ཅི་ཡོད་ཁྱིམ་མཚེས་རྒྱ་གར་ དང༌། བལ་འབྲུག་རྒྱལ་ཁབ་ཀྱིས་མཚོན་རང་དབང་འཐུས་མིའི་རྒྱལ་ཁབ་ལ་བདེན་པའི་རྒྱབ་ སྐྱོར་འཚོལ་ཆེད་སོགས། ཕེབས་ལམ་གཙང་སྲུང་ཐུབ་པ་དགོས་རྒྱུ་ཡང་བསམ་ཕུགས་སུ་འཛིན་པའི་ཆ་རྐྱེན་བཟང་ ཤོས་ཡིན་པའི་རྒྱུ་མཚན་ངོས་འཛིན་བྱས་ཡོད།
ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་སྒར་ དབུ་བརྙེས་མ་ཐག ལྷོ་ཁའི་ཁུལ་སོ་སོར་གསར་བསྡད་རྒྱ་དམག་ཁག་དང༌། རྒྱའི་ལས་བྱེད་ཁག་མང་ཡོད་པ་རྣམས་དམག་འཐབ་ཧ་ཅང་རྒྱ་ཆེ་མ་དགོས་པར་ཁུངས་སོ་ སོས་གནས་ས་བཏང་སྟེ་ཕྱིར་ལོག་བྱས་པས་ས་ཁུལ་གཙང་མར་ཆགས།
མཐའ་མར་རྩེ་ཐང་ གུང་པོ་རི་ཡི་ས་འོག་ཏུ་གནས་པའི་རྒྱ་དམར་དམག་དཔུང་རྣམས་རང་ དམག་གིས་ཕྱི་ནས་བཀའ་སྲུང་དགྲ་འཐབ་ཇི་བྱས་སྐོར་དེབ་ཐེར་ནང་གསལ་ལྟར་ཡིན།
དེབ་ཐེར་གཉིས་པ་འདིའི་ནང་དངོས་འབྲེལ་བྱས་ན། བོད་རང་དབང་རང་བཙན་གྱི་ཆེད་དུ། དཔའ་བོ་ཁྲི་ཕྲག་དུ་མ་རང་སྲོག་དོར་བའི་དམག་འཐབ་ཇི་བྱས་ཀྱི་བྱུང་རབས་ཆ་ཚང་ གསལ་བཀོད་ཐུབ་དགོས་པ་དེ་ལྟར་ནའང༌། འདས་པའི་མི་ལོ་ལྔ་བཅུའི་གོང་གི་བྱུང་རབས་ཡིན་སྟབས། ད་ལྟའི་ཆར་མི་རབས་གོང་མ་རྣམས་རྫོགས་ལ་ཉེ་བ་དང༌།
ད་བར་ལོ་རྒྱུས་རྩོལ་ སྒྲུབ་བྱས་པའི་གནས་ཚུལ་ཡོད་ཀྱང་ཆ་ཚང་བ་ཞིག་མེད་བསྡད་པ། བོད་རང་ནས་ཁུར་ཡོང་བའི་ཡིག་ཆ་འགའ་རེ་བོར་བརླགས་ཕྱིན་མེད་དམ་སྙམ་པའི་དྭོགས་ གནས་ཡོད་པ། མི་ལོ་ ༥༠ རིང་གི་ལས་དོན་བྱས་པ་ཐམས་ཅད་ནི། དགྲ་དམག་གི་ལས་ཐབས་སྣ་ཚོགས་འབད་པ་ལས་ཆབ་སྲིད་དང༌། འཛིན་སྐྱོང་གི་ལས་ཐབས་སུ་སྤྱད་པ་ཉུང་ཞིང༌།
དེ་ཡང་འཇིག་རྟེན་མིའི་རང་ བཞིན་གྱི་ང་རྒྱལ་དང༌། ཕྲག་དྭོགས་སྣ་ཚོགས་པའི་ཤུགས་རྐྱེན་འོག བོད་མི་ནང་ཕན་ཚུན་དགོས་མེད་རྙོག་གླེང་འདྲ་མིན་གྱི་དཀའ་གནད་འབར་འབུར་གཅིག་ མཇུག་གཉིས་མཐུད་དུ་བྱུང་བས། ལོ་རྒྱུས་འབྲི་བའི་སེམས་ལྷོད་པོ་རང་བྱུང་མེད་པ་སོགས། ལོ་རྒྱུས་ཀྱི་རྒྱུ་ཆ་བཟང་པོ་ཡོད་ནའང་གོང་གསལ་གྱི་གནས་ཚུལ་ལ་བརྟེན།
ཇི་ བཞིན་ཆ་ཚང་བ་ཞིག་ཡིག་ལམ་དུ་བཀོད་མ་ཐུབ་པའི་འཐུས་ཤོར་གྱིས། བྱས་པ་རྗེས་མེད་ལྟ་བུ་ཆགས་ཀྱི་ཡོད་པར། བློ་ཕམ་ཤིན་ཏུ་ཆེ་བའི་གནས་སུ་གྱུར་འདུག
འོན་ཀྱང་ད་ལན་གང་བྲིས་པ་འདི་རྣམས། གཙོ་བོར་བོད་ནས་ཁྱེར་བའི་ཡིག་རིགས་ཡོད་པ་རྣམས་གཞིར་བཞག་གིས། དེ་སྔ་རྩོལ་སྒྲུབ་བྱས་པའི་ཡིག་རིགས་འགའ་ཞིག ད་ཡོད་རྒན་རབས་འགའ་ཤས་ལ་འདྲི་བསྡུར་བགྱིས་པ་བཅས་ལས། གང་བྲིས་པ་འདི་རྣམས་ཁུངས་དག་ཚད་འཕེར་ཡིན་ངེས་དག་ལས། རང་བཞིན་ཚོད་རྩིས་སྒྲོ་བཏགས་རིགས་བྲིས་པ་གཏན་ནས་མེད་ངེས།
ད་དུང་དངོས་ དོན་ལོ་རྒྱུས་ཀྱི་སྔ་ཕྱིའི་འགོ་རྩ་འགྲིགས་མིན་ཡང་མང་པོ་ཆགས་ འདུག་པ་བཅས། བློ་འདོད་ཁེངས་པ་ཞིག་མེད་པ་དེ་ལྟར་ན་ཡང༌། གཞི་རྩའི་ཐོག་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དམག་གི་ལས་ ཐབས་བཟུང་བ་ནས་བསྟན་དགྲ་རྒྱ་དམར་དང་དགྲ་འཐབ་བྱས་པ་དང་དམག་ས་འཛིན་སྟངས། ཆོལ་གསུམ་བོད་མི་ཡོངས་ཀྱིས་མཉམ་རུབ་ཇི་ལྟར་བྱས་པ།
གཞུང་འབངས་དབར་གྱི་ འབྲེལ་བའི་གནས་བབ། ཨ་རིའི་གསང་ལས་དང་འབྲེལ་བའི་རོགས་རམ་ཇི་བྱས་སོགས་དངོས་བྱུང་གནས་ཚུལ་དང༌། ལྷ་སའི་སྐྱིད་ཆུའི་འགག་སྒོའི་མཚམས་ནས་ཁྱིམ་མཚེས་རྒྱ་གར་རྒྱལ་ཁབ་ཀྱི་ས་མཚམས་ བར་གཡོ་རུ་ཡར་ལུང་ས་ཁུལ་དག་གཙང་སྲུང་བྱ་ཐུབ་པའི་མཐའ་མའི་བྱས་རྗེས་གྲུབ་ འབྲས་བཅས་གསལ་ཤེས་ཐུབ་ངེས་སུ་ཡོད།
དཔེར་ན། བསམ་དོན་ཇི་བཞིན་སྒྲུབ་ཐུབ་པ་མ་བྱུང་ནའང༌། མཐའ་མའི་བསམ་ཕུགས་སུ་འཛིན་པར། རྗེ་འབངས་ཆོས་སྲིད་ཀྱི་བདག་པོ་གང་ན་ཅི་ཡོད། བོད་ཆོས་སྲིད་རང་དབང་གི་དོན་དུ་ཉེན་གཡོལ་གཞན་ཡུལ་རྒྱལ་ཁབ་ཁག་ལ་བདེན་རྒྱབ་ འཚོལ་བའི་ཕེབས་ལམ་གཙང་སྲུང་ཐུབ་པའི་དབང་གིས། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོས་དབུས་ཡོངས་འཛིན་རྣམ་གཉིས་དང༌།
རང་ གཞུང་བཀའ་ཤག་ལྷན་རྒྱས། གཞུང་ཞབས་ཁག་དང༌། མངའ་འབངས་ཆ་ཕྲ་བཅས་སྲིད་ཀྱི་བདག་པོ་དག་དང༌། ཆོས་ལུགས་ཆོས་བརྒྱུད་ཆེན་པོ་ལྔ་ཡི་དབུ་འཛིན་བླ་ཆེན་སྟོན་འཁོར་རྣམ་པ། དབུས་ཀྱི་གདན་ས་ཆེན་པོ་གསུམ་གྱི་སྐྱེས་ཆེན་མཁན་བླ་དགེ་འདུན་རྣམ་པ་དང༌། རིས་མེད་ཆོས་བརྒྱུད་གཞན་ཁག་གི་བླ་སྤྲུལ་སྐྱེས་ཆེན་དམ་པ་རྣམས་ཀྱིས་མཚོན།
དགེ་ འདུན་འདུས་ཚོགས་བཅས་མི་ཉུང་བ་ཞིག་རྒྱ་གར་འཕགས་ཡུལ་དུ་བདེ་ཕེབས་ཐུབ་པའི་ བྱས་འབྲས་སུ། དེང་གི་སྐབས། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་འཛམ་གླིང་ཡོངས་ལ་ ཁྱབ་སྟེ། འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོར་གྱུར་པ་དང༌། བོད་ཀྱི་ཆོས་དང་རིག་གཞུང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གང་ན་ཅི་མཆིས།
སྔར་ བས་དར་རྒྱས་སུ་བསྐྱོད་པས་བོད་དོན་རྒྱལ་སྤྱི་ཅན་དུ་འགྱུར་བཞིན་ཡོད་པ་ འདི་དག་གི་གཞི་རྩ་ངོ་མ་ནི། མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དངས་བླངས་དམག་གི་སྒྲིག་འཛུགས་འདིས་བསྟན་ དགྲ་རྒྱ་དམར་གུང་ཁྲན་དམག་ལ་དགྲ་འཐབ་བྱས་པའི་བྱས་རྗེས་ཀྱི་གྲུབ་འབྲས་ཡིན་པ་ རྩོད་མེད་ཚད་མས་གྲུབ་པ་ཞིག་ཡིན།
དངོས་ཡོད་དངོས་བྱུང་གི་རྒྱུ་མཚན་དེ་ལྟར་ལ་བརྟེན་ན། བོད་མི་སུ་ཞིག་གིས་སྒྲིག་འཛུགས་འདི་ལ་མི་དགའ་ཕྲག་དྭོགས་དང༌། མཐོ་གནོན་ངན་སྨྲས། སྟོར་བཤིག་བྱ་འདོད་སོགས་བྱེད་མི་རུང་བ་ཞིག་རེད། གལ་སྲིད་བསམ་སྤྱོད་དེ་ལྟར་མུ་མཐུད་ནས་སེམས་འཛིན་བྱས་ན། ལས་རྒྱུ་འབྲས་རང་ཐོག་ཏུ་སྨིན་རྒྱུར་གདོན་མི་ཟ་བ་བཅས་ལགས་སོ།
།ཞེས་དོན་གྱི་སྙིང་པོ་བསྡུས་ཙམ་ཞིག་བཀོད་པར་དགེའོ།།
སྐུ་ངོ་བཀའ་བློན་ཁྲི་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ་གྱིས།
རྩོམ་པ་པོའི་སྔོན་གླེང་ཚིག་གསུམ།
རང་རེ་བོད་ཆོས་ལྡན་གྱི་ཞིང་ཁམས་འདི་ཉིད། ཤར་ཕྱོགས་ཙི་ནའི་ཡུལ་ནས་གུང་ཁྲན་དམར་པོའི་སྲིད་གཞུང་གིས་བོད་ཤར་རྒྱུད་མདོ་ ཁམས་གཉིས་ནས་རིམ་པར་བཞིན་དྲག་པོས་བཙན་འཛུལ་བྱས་ནས་མདོ་དབུས་སྐོར་གསུམ་གྱི་ ས་ཕྱོགས་ཡོངས་རྫོགས་བཙན་བཟུང་གིས། བོད་ཀྱི་བསྟན་པ་ཆབ་སྲིད་གཉིས་ཀ་རླུང་ཁྲོད་ཀྱི་མར་མེ་ལྟར་ཆགས་འཇིག་གི་འགག་ འཕྲང་ལ་སླེབས་ཤིང༌།
ྋགོང་ས་རྒྱ་དབང་ཐམས་ཅད་མཁྱེན་པའི་སྐུ་ཕྱྭ་དང་སྐུ་ དབང་ཡང༌། རླུང་འཚུབ་དྲག་པོས་གཡོ་བའི་མཚོ་གྲུ་བཞིན་གྱུར་པ་སོགས། མདོར་ན་ལོ་རྒྱུས་ཐོག་དེ་སྔོན་བྱུང་མ་མྱོང་བའི་ཛ་དྲག་གི་གནས་སྟངས་ས་གཞི་གས་ ཤིང་རི་བོ་ཉུལ་བ་ལྟ་བུའི་འོག ལི་ཐང་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་པའི་ཁམས་རིགས་དཔའ་བོ་ཚོ་གཅིག་ གིས་ཨ་འབྲུག་ཚང་གི་མཆོད་ཁང་ནང༌།
བོད་བསྟན་སྲིད་ཀྱི་དོན་དུ་གནའ་གན་མཐུ་ བོ་ཆེ་བཞག་ནས། མ་སྐུལ་དྭངས་བླངས་ཀྱིས་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས། ས་ཁྱི་སྤྱི་ལོ་༡༩༥༨ལོ་ཟླ་ ༦ ཚེས་ ༡༦ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་གིས། རྒྱལ་སྲུང་དགྲ་འཐབ་ཀྱི་དྲག་པོའི་དམག་གི་སྒྲིག་འཛུག་གསར་དུ་ཚུགས་པ་ནས།
ཨ་ འབྲུག་ཚང་སྐུ་དངོས་ཀྱིས་སྣེ་འཁྲིད་དེ་སྙེ་མོ་མདོ་དཀར་སུམ་མདོ་ནས་བཟུང༌། ཁྱུང་པོ་བར་བྱང་བསྐྱོད་དམག་གིས་སྔ་ཕྱིར་དགྲ་འཐབ་བཅོ་བརྒྱད་དང༌། རྩེད་ཐང་ཁུལ་སྡོད་དམག་སྒར་ཨ་མའི་དྭངས་བླངས་དམག་མི་ཚོས། སྔ་ཕྱིར་ལྷོ་ཁ་དང་ཀོང་པོ་སོགས་སུ་དགྲ་ཐེངས་སོ་བཞི་རྒྱབ་པ་དང༌། དེ་བཞིན་ལི་ཐང་ཨ་ཐར་ནོར་བུ་སོགས་ཀྱིས་ཨ་རི་གསང་བའི་ལས་ཁུངས་དང་འབྲེལ་པ་བྱས་ ཏེ།
ཏར་འཕྲིན་ཚོགས་ཆུང་སྔ་ཕྱི་དུ་མ་རྩ་འཛུགས་བྱས་ནས། གནམ་མཆོང་ས་བབ་ཀྱིས་དམག་དོན་བཀོད་སྒྲིག་དང་གོ་མཚོན་རོགས་རམས། དེ་བཞིན་བོད་ས་སྟོད་སྨད་གང་སར་གནམ་ཐོག་ནས་མཆོངས་ཏེ། རྒྱལ་སྲུང་དགྲ་འཐབ་ཀྱི་ལས་འགུལ་རྒྱ་ཆེར་སྤེལ་བ་བཅས་ཀྱི་ནང་ནས། ཁམས་རིགས་གཙོ་བོར་བྱས་འི་དཔའ་བོ་སྟོང་ཕྲག་མང་པོའི་རྣམ་ཤེས་མཁའ་ལ་ཡལ༌། ཟུངས་ཁྲག་ས་ལ་ཐིམ།
ཚེ་སྲོག་གི་རིན་ཐང་ཡོངས་རྫོགས་བོད་བསྟན་སྲིད་ཀྱི་དོན་ དུ་ཕུལ་བའི་ཁྲག་རླབས་ ཕྱུར་པའི་ལོ་རྒྱུས་དང༌། ནམ་ཡང་ཟུབ་ཐབས་མེད་པའི་དཔའ་བོའི་མཚན་སྙན་མི་ཡུལ་གྱི་འཇིག་རྟེན་འདིར་བཞག་ནས་ གཤེགས་ཤིང༌། ལྷག་དོན་ས་ཕག༡༩༥༩ལོའི་རི་བོ་རལ་བ་དང་རྒྱ་མཚོ་འཁྲུག་པ་ལྟ་བུའི་དུས་ཟིངས་ སྐབས།
གུང་ཁྲན་གྱིས་གནམ་ས་གཉིས་ནས་མཚོན་ཆའི་ཐོག་སེར་དུས་གཅིག་ཏུ་འཁྲུག་ པའི་གསེབ་ ནས། ཤ་ཁྲག་གི་ཟམ་པ་དམར་པོའི་ཐོག་རི་ཁྲི་ཆུ་སྟོང་གི་འགག་འཕྲང་བརྒལ་ནས། ཁ་བ་གངས་ཅན་ལྗོངས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ། འཕགས་མཆོག་ཕྱག་ན་པདྨོ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུའི་བ་སྤུ་ཙམ་ལའང་ཉེས་པའི་ སྐྱོན་གྱིས་ཆ་ཙམ་མ་གོས་པར།
རྒྱ་གར་འཕགས་པའི་ཡུལ་དུ་གདན་འདྲེན་ཞུས་པ་དང༌། དེ་བཞིན་ས་ཆེན་གོང་མ་རིན་པོ་ཆེ་དང་རྒྱལ་དབང་ཀརྨ་པ་རིན་པོ་ཆེ། རྒྱལ་བའི་ཡོངས་འཛིན་རྣམ་གཉིས་སོགས་རེས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་ དང༌། གདན་ས་གསུམ་གྱིས་མཚོན་པའི་ས་དགེ་བཀའ་རྙིང་བོན་དང་བཅས་པའི་དགེ་འདུན་པ།
མདོར་ ན་ཆོལ་གསུམ་རེས་སུ་མ་ཆད་པའི་བོད་རིགས་ཁྲི་ཕྲག་ཁ་ཤས་ཤིག་རྒྱ་གར་འཕགས་ པའི་ཡུལ་དུ་ཐར་ཐབས་བྱས་པ་དང༌། བཙན་བྱོལ་དུ་སླེབས་པའི་རྗེས་སུའང་ཨ་རི་གསང་བའི་ལས་ཁུངས་དང་མུ་འཐུད་འབྲེལ་བ་ བྱས་ཏེ། གློ་སྒྲིག་འཛུགས་དང༌། རྒྱ་གར་གཞུང་གི་ཁོངས་གཏོགས་ཨང་གྲངས་ ༢༢ པའི་དམག་སྒར་སོགས་ཀྱིས་དྲག་པོའི་ལས་འགུལ་ཅི་རིགས་སྣ་ཚོགས་སྤེལ་ཏེ།
བོད་ བསྟན་སྲིད་ཀྱི་བདེན་མཐའ་སེལ་བའི་ཆེད། ཁམས་རིགས་དཔའ་བོ་བརྒྱ་ཕྲག་མང་པོས་ཚེ་སྲོག་གིས་འགྲོ་གྲོན་བཏང་པའི་ལོ་རྒྱུས་ རྣམས། ཨ་རིའི་གསང་བའི་ལས་ཁུངས་ནས་བཏོན་པའི་མེ་ཏོག་པདྨའི་མིག་ཆུ་དང༌། གསང་བའི་འཇབ་དམག་གི་སྒྲིག་འཛུགས། དེ་བཞིན་རྒྱ་ནག་ནས་བཏོན་པའི་ངོ་ལོག་ཇག་པ་ཞོད་འཇགས་བཏང་བའི་དངོས་བྱུང་གི་ལོ་ རྒྱུས། ཞེས་པའི་དེབ་དེ་དག་གི་ནང་དུ།
ཁམས་པའི་དཔའ་བོ་ཚོས་བོད་བསྟན་སྲིད་ ཀྱི་དོན་དུ་དྲག་པོའི་ལས་འགུལ་ཇི་ཙམ་སྤེལ་ ཡོད་ཚུལ་གསལ་པོ་འཁོད་འདུག་པ་དེ་དག འཇིག་རྟེན་གྱི་གཏམ་དཔེ་ལ། བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། །དགྲ་ནག་པོས་བསྟོད་ན་བསྟོད་དངོས་ཡིན། །ཞེས་པ་ལྟར་ལགས་པས་ང་ཚོས་སྔོན་གཤེགས་དྭངས་བླངས་དཔའ་བོ་ཚོའི་མཛད་རྗེས་བསྐྱར་ བཤད་མ་བྱས་ནའང་མཁྱེན་གསལ་རེད།
ལོ་རྒྱུས་ཀྱི་བརྒྱུད་རིམ་དེ་དག་གི་ཁྲོད་ནས། དེ་སྔོན་ཁོ་བོ་དང་ཆབ་མདོ་ཤེས་རབ་གཉིས་ཀྱིས་བྲིས་པའི། ནང༌། བོད་སྤྱིའི་ལོ་རྒྱུས་ཀྱི་བྱུང་རིམ་ནས་ལོ་རྒྱུས་ཐོག་རྒྱ་བོད་དབར་འགལ་བ་ཇི་ ལྟར་བྱུང་ཚུལ། དེའི་རྗེས་འབྲེལ་གྱིས་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཐོག་མར་འཛུགས་པའི་ རྒྱུ་མཚན་དང༌།
བར་དུ་ཇི་ལྟར་བཙུགས་པའི་ཚུལ། བཙུགས་ནས་ཐོག་མར་ཨ་འབྲུག་ཚང་གིས་སྣེ་ཁྲིད་དེ་ཤོངས་དགའ་ལྡན་ཆོས་འཁོར་གླིང་ དུ། གོ་ལག་ལེན་མཁན་སོང་བ་ནས་བཟུང༌། སྙེ་མོ་མདོ་དཀར་སུམ་མདོ་ནས་ཁྱུང་པོ་བར་སྔ་ཕྱིར་དགྲ་འཐབ་བཅོ་བརྒྱད་བརྒྱབ་ པའི་ལོ་རྒྱུས་སྐོར་ཡིན།
དེབ་ཕྲེང་གཉིས་པ་འདིའི་ནང་ལྷོ་ཁ་དམག་སྒར་ཨ་མ་འི་ནང་སྣེ་འཁྲིད་མི་སྣ་ཚོས་ དམག་ཇུས་སྟངས་འཛིན་ཇི་ལྟར་བྱས་པ་དང༌། རྩིས་ཐང་དང༌། ཀོང་པོ་སོགས་སུ་སྔ་ཕྱིར་གཞི་རྒྱ་ཆེ་ཆུང་ངེས་མེད་ཀྱི་དགྲ་འཐབ་སོ་བཞི་བརྒྱབ་ ཚུལ། ས་ཕག་དུས་འགྱུར་ནང་ྋགོང་ས་སྐྱབས་མགོན་ཆེན་པོ་བཙན་བྱོལ་དུ་ཕེབས་དགོས་བྱུང་ སྐབས།
ལྷོ་ལམ་གཙང་སེལ་གྱིས་ར་སྨད་གྲུ་ག་ནས་མོན་རྟ་དབང་བར། དྲག་པོའི་དམག་གིས་ཕེབས་བསུ་གྲ་རྒྱས་ཞུས་ཚུལ་བཅས་བཀོད་ཡོད།
ལོ་རྒྱུས་དེབ་ཕྲེང་འདིའི་ཐོག་ནས་གསོན་ན་རླབས་ཆེ་ཞིང་ཤི་ན་གཟི་བརྗིད་ཆེ་བའི་ ཞིང་གཤེགས་དྭངས་བླངས་དཔའ་བོ་དེ་དག་དང༌། ད་དུང་འཚོ་བཞུགས་ཡོད་པའི་ཁམས་རིགས་དཔའ་བོ་རྒན་གྲས་ཚོའི། ཟབ་རླིངས་ཐུགས་ཀྱི་དགོངས་པའི་ཀློང་ན། མཚོ་རླབས་ཀྱིས་གཡོ་བའི་གྲུ་རྫིངས་དང༌།
རླུང་ རླབས་ཀྱིས་བསྐྱོད་པའི་དར་ཆེན་བཞིན་ཀྱག་ཀྱོག་གཉན་འཕྲང་གི་འགྱུར་འགྲོས་ མང་པོའི་འཕྲང་སྣེ་ནས། བོད་ཀྱི་བསྟན་སྲིད་མི་རིགས་རིག་གཞུང་དང་བཅས་པའི་དོན་དུ། ལངས་ཕྱོགས་བརྟན་པོའི་སྒོ་ནས་བཙན་རྒོལ་རྒྱལ་སྐྱོབ་ཀྱིས་དགྲ་བོར་གདོང་ལེན་ བྱས་པའི་དངོས་བྱུང་གི་ལོ་རྒྱུས་རྣམས་མེ་ལོང་དང་གཟུགས་བརྙན་གྱི་དཔེ་ལྟར།
རང་གི་རིགས་ལ་ཞེན་པ་དཀར་བའི་རྒྱ་ཆེ་ཀློག་པ་པོ་ཚོའི་བསམ་བློའི་ཁང་བཟང་ནང་ཁྲ་ལྷམ་མེར་འཛུལ་ངེས་སྙམ།
ད་དུང་ལོ་རྒྱུས་འདི་བསྒྲིགས་དགོས་པའི་རྒྱུ་མཚན་གཞན་ཞིག་ནི། རྒྱ་མིས་བྲིས་པའི་ཉེ་རབས་བོད་རྒྱའི་དུས་འགྱུར་སྐབས་ཀྱི་ལོ་རྒྱུས་དུ་མའི་ ནང༌། ྋགོང་ས་མཆོག་དང་བོད་ཀྱི་མཐོ་རིམ་མི་སྣ་ཁག་གཅིག་མ་གཏོགས། གཞན་བོད་རིགས་ཡོངས་རྫོགས་རྒྱ་གཞུང་ལ་དགའ་ཞེན་དང་བཅོས་བསྒྱུར་ལ་དོན་གཉེར་ ཡོད་ལུགས་ཀྱི་རྣམ་པ་འབུར་དུ་བཏོན་ནས་བསྒྲིགས་འདུག་པ་དེ་དག་ལ།
དངོས་ཐོག་ བདེན་འཚོལ་གྱིས་ལོ་རྒྱུས་ངོ་མའི་བཞིན་རས་གསལ་པོར་བཟོ་བའི་ཆེད་དུ་ ཡིན་ལ། དེ་ཡང་མདོ་སྟོད་སྨད་དང་དབུས་གཙང་ཁུལ་གྱི་བོད་རིགས་མི་དམངས་ཀུན། མ་བགྲོས་བསམ་པ་གཅིག་མཐུན་གྱིས། བཙན་རྒོལ་རྒྱལ་སྲུང་གི་ལས་འགུལ་ལག་བསྟར་དང་རྒྱབ་སྐྱོར། ཆིག་སྒྲིལ་གྱི་ནུས་པ་འབུར་དུ་བཏོན་པའི་ཐབས་ལམ་དང༌། བོད་རིགས་ཡོངས་རྫོགས་བོད་ཀྱི་བསྟན་པ་ཆབ་སྲིད་དང༌།
མི་རིགས་ཀྱི་ལ་རྒྱ་ གསེར་གྱི་རི་བོ་དང་འོ་མའི་རྒྱ་མཚོ་ལྟར་བརྟན་ཅིང་བརླིང་བ་ དང༌། ལྷག་དོན་ྋགོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པ་ལ་འཆི་བ་སྲོག་ལ་གཏུགས་ཀྱང་ཟློག་ ཐབས་མེད་པའི་དད་པ་དང་དོ་སྣང་བརྟན་པོ་ལྡན་པ་བཅས་ཀྱི་ནུས་པ་ལ་བརྟེན་ནས། རྒྱ་མིས་ཞི་བས་བསླུ་བྲིད་ཀྱི་འཛུམ་མདངས་ཇི་ཙམ་བསྟན་ནའང༌། སྤྱང་ཀིས་ལུག་ཕྲུག་ལ་བྱམས་སྐྱོང་བྱས་པའི་དཔེ་བཞིན།
སྤྱང་གྲུང་ལྡན་ལ་དད་ པ་དམ་ཚིག་དང་མཐུན་ལམ་ཆིག་སྒྲིལ་ཟབ་པའི་ཉམ་ཆུང་བོད་རིགས་ ཚོ། བསླུ་བྲིད་ཀྱི་དྲ་རྒྱའི་འོག་མ་ཚུད་པས། དྲག་པོས་གནན་ཤུགས་སྤྲོད་དེ་གནམ་ས་གཉིས་ནས་དུས་རབས་ཀྱི་མཚོན་ཆ་འདྲ་མིན་བེད་ སྤྱོད་ཀྱིས། བོད་རིགས་མི་དམངས་ཁྲི་ཕྲག་མང་པོའི་ཚེ་སྲོག་ལ་གད་ཆག་བྱུང་བ་དང༌།
ྋགོང་ ས་མཆོག་གིས་དབུས་བོད་རིགས་ཁྲི་ཕྲག་དུ་མ་རང་ས་བཞག་ནས་མི་ཡུལ་སྐྱབས་ བཅོལ་ལ་བསྡད་དགོས་བྱུང་བ། གཞིས་བཞུགས་བོད་རིགས་ས་ཡ་མང་པོར་དམྱལ་ཁམས་ས་སྟེང་བུད་འདྲའི་དཀའ་སྡུག་ཅི་ ཆེར་བྱུང་བ་དེ་ཀུན་སུས་བྱས་པའི་གནས་སྟངས་གསལ་པོ་དེབ་འདིའི་ནང་ནས་ཤེས་ཐུབ་པ་ ཞིག་ཡིན་སྙམ། གཞན་ཡང་སྒྲིག་འཛུགས་འདི་ལ་ཆ་རྒྱུས་དེ་ཙམ་མེད་མཁན་དང༌།
ཡོད་ ཀྱང་གནས་སྟངས་གང་ཞིག་གི་རྐྱེན་པས་ཟུར་ཟ་དང་ངན་སྨྲས། སྡང་ཟུག་དང་འཆིལ་ཞགས། གནན་ཤུགས་དང་འབུར་འཇོམས་སོགས། མདོར་ན་གནས་ལུགས་དངོས་པོ་ལ་རིན་ཐང་མི་སྤྲོད་པར་གསེར་དང་རག་གི་གོ་ས་ག་ བསྒྱུར་བྱེད་པའི་ཕྱོགས་གཏོགས་དེ་དག་ལ་གདེན་པ་ར་སྤྲོད་ཀྱི་དཔང་རྟགས་ཤིག་རང་ བཞིན་གྱིས་འགྱུར་བའང་སྨོས་མེད་རེད་སྙམ།
དེབ་ཐེར་འདི་བཞིན་ཕྲན་གྱིས་སྤྱི་ལོ་ ༢༠༠༠ ཐམ་པའི་ལོ་ནས་བསྒྲིགས་ཤིང༌། ལོ་ལྟར་ཟླ་བ་གཉིས་རེའི་དུས་ཚོད་ཆ་བགོས་ཀྱིས་རྩོམ་བསྒྲིགས་བྱས་ཏེ། སྤྱོ་ལོ་ ༢༠༠༢ ལོའི་དབྱར་ཁར་མཇུག་སྒྲིལ་ནས་ལོ་རྒྱུས་འདི་དང་འབྲེལ་ཡོད་མི་སྣ་ཁག་ལ། འདྲ་བཤུས་སྤྱན་འབུལ་གྱིས་བསྣན་འཕྲི་དང་བཟོ་བཅོས་དགོས་རིགས་ལེགས་བཅོས་གནང་ རྒྱུའི་ཆེད་དུ་ཕྱོགས་བསྐུར་བྱས་པ་ཡིན།
སྤྱི་ལོ་ ༢༠༠༣ ལོ་མགོར་ཞུ་དག་གིས་དཔེ་སྐྲུན་བྱེད་འཆར་ཡོད་ནའང༌། འབྲེལ་ཡོད་ཁག་གིས་ཞུ་བཅོས་འདྲ་བཤུས་མ་འབྱོར་བའི་ཐོག ང་རང་ཡང་དེང་སང་མི་ཡུལ་གྱི་དག་ཞིང་བརྩི་ས་ནུབ་ཕྱོགས་ཨ་མེ་རི་ཁ་ཨི་ཌི་ཨ་ན་ ཆེས་མཐོའི་གཙུག་ལག་སློབ་གྲྭ་ཆེན་མོས(Indiana University adjunct lecturer)་ཨེ་ཤི་ཡ་ལོ་རྒྱུས་ཞིབ་འཇུག་རིག་པའི་ཕྱོགས་ཕེབས་དགེ་རྒན་ཆེན་མོར་ གདན་འདྲེན་ཞུས་པ་ལྟར།
ཕྱོགས་དེར་འགྲོ་དགོས་བྱུང་བ་དང༌། རྒྱ་གར་དུ་ཕྱིར་ཡོང་ནས་ཀྱང་གདན་ས་ཆེན་མོར་དགེ་བཤེས་དམ་བཅའ་བཞག་པ་དང༌། འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང་རྩོམ་སྒྲིག་བྱེད་བཞིན་པའི་ མུར། གཟིག་པགས་གོན་པའི་བོང་རྒན་བཞིན། དགེ་ལུགས་སྤྱི་འཐུས་ཀྱི་མིང་ཐོག་ནས་མི་ལོ་ཧྲིལ་པོ་གཅིག་གི་རིང་ལ། དྷ་སར་སྤྱི་འཐུས་རྒྱུན་ལས་བྱས་ནས་བསྡད་དགོས་བྱུང་བ་སོགས།
འདུ་འཛིའི་ གཡེངས་བ་ཆར་པའི་ཟེགས་མ་དང༌། རྒྱ་མཚོའི་རྦ་རླབས་ལྟར་འཛིངས་ཤིང་འཁྲུག་པའི་སྣེ་ནས་སྤྱི་ལོ་ ༢༠༠༥ ལོ་བར་དཔེ་སྐྲུན་བྱེད་མ་ཐུབ་པར་ལུས་སོང༌།
ལོ་དེར་སྐབས་དང་བསྟུན་ནས། ལས་ཀ་མང་པོ་ཞིག་ཆེ་བཞག་ཆུང་བསྐྱུར་གྱིས་ལྡི་ལི་ཚ་བའི་གྲོང་ཁྱེར་ནང་བསྡད་ནས། ལོ་རྒྱུས་ཚ་བོ་འདི་བཞིན་སྔོན་ཡོད་མ་ཕྱིའི་ཐོག ཁུངས་ལྡན་ཡིག་ཆ་དང་རྒྱུས་ཡོད་མི་སྣའི་ངག་རྒྱུན་འགའ་ཞིག་ལ་བརྟེན་ནས། སྣོན་འཕྲི་གང་འཚམ་དང་འབྲེལ། མཇུག་རྫོགས་པར་བྱས་ཏེ་རྩ་ཆེ་ཡིག་ཆ་ཁག་གཅིག་གི་པར་བཤུས་དང་པར་རིས།
འབྲེལ་ ཡོད་ས་ཁྲ་ཁག་གཅིག་བཅས་ཨ་ཆར་ན་པར་ཁང་དུ་བསྐྱལ་ཟིན་རྗེས། མི་རྗེ་སྐུ་ངོ་བཀའ་ཁྲི་ཟུར་པ་འཇུ་ཆེ་སྐུ་དངོས་ཀྱིས་ཞུ་དག་གནང་རྒྱུའི་ཞལ་ བཞེས་ལྟར་པར་རྩའི་འདྲ་བཤུས་འབུལ་ལམ་ཞུས།
སྤྱི་ལོ་ 2007 ལོར་ཆུ་སྒང་ཚོགས་ཆེན་ཐོག སྐུ་ངོ་འཇུ་ཆེན་མཆོག་དང༌། གྲའུ་བོ་དཔོན་ལགས། ཀོང་པོ་ཐུབ་བསྟན་ལགས་གསུམ་གྱིས་རྩོམ་སྒྲིག་འགན་ཁུར་དང་ཞུ་དག་གནང་ནས། མགྱོགས་མྱུར་པར་སྐྲུན་ཞུ་རྒྱུ་ཐག་གཅོད་གནང༌། སྤྱི་ལོ་2009་ཟླ་བ་2 པའི་ཚེས་ 20 ཉིན་ཞུ་དག་དང༌། སྣོན་འཕྲི་དགོས་རིགས་ཚར་ནས། པར་རྩའི་འདྲ་བཤུས་ཕྲན་གྱི་ལག་ཏུ་འབྱོར།
སློབ་སྟོན་དང་ཞུ་དག་པ་སྐུ་ངོ་ འཇུ་ཆེན་མཆོག་གི་བཀའ་བཞིན། གོང་འོག་བཀྲུགས་འཇུག་དང༌། བར་འཇུག་སྣོན་འཕྲི་དགོས་རིགས་གློག་ཀླད་ནང་སྒྲིག་འཇུག་གིས་མཇུག་སྒྲིལ་བར་ བྱས།
ལོ་རྒྱུས་འདི་ཉིད་གསར་སྒྲིག་གི་ཁུངས་འཚོལ་ས་ནི། དེ་སྔོན་རྡོ་རྗེ་གླིང་ནས་མགོ་འཛུགས་ཏེ། ཆུ་བཞི་སྒང་དྲུག་ལས་ཁུངས་སུ་བོད་རྒྱའི་དམག་འཁྲུགས་ནང་དངོས་སུ་ཞུགས་པའི་ཁམས་ རིགས་དཔའ་བོ་རྒན་གྲས་ཚོའི་ངག་རྒྱུན་བསྡུ་ལེན་བྱས་པའི་ཚིག་ཐོ་ཐ་ཐོར་དང༌། ཆུ་སྒང་དཔའ་བོ་རྒན་གྲས་ཁག་གཅིག་གི་རང་ཉིད་སྒེར་གྱི་མི་ཚེ་ལོ་རྒྱུས། ཕ་ལྷ། སྟག་ལྷ།
ལྷ་ཚེ་སོགས་ཀྱིས་བསྒྲིགས་པ་དང་བཤད་པའི་ཡིག་ཆ་ཁག དེ་བཞིན་རྒྱ་ནག་དང་ཨ་རི༌། ཐེ་ཝན་སོགས་རྒྱལ་ཁབ་དང་མི་རིགས་གཞན་གྱིས་བྲིས་པའི་ཡིག་ཆ་ཁག ད་དུང་ྋགོང་ས་མཆོག་གི་མཛད་རྣམ་ཁག རྒྱུས་ཡོད་མི་རྒན་དུ་མའི་ངག་སྒྲོས་སོགས། ལོ་རྒྱུས་འདི་དང་འབྲེལ་ཡིག་ངག་སྔ་ཕྱི་དུ་མར་ཞིབ་འཇུག་གང་ནུས་བྱས་ནས་ བསྒྲིགས་པ་ཡིན།
འོན་ཀྱང་དགོས་ངེས་པའི་དཔྱད་གཞི་འགའ་ཞིག་ལག་སོན་མ་བྱུང་བ་ དང༌། དམག་འཁྲུགས་ནང་དངོས་སུ་ཞུགས་མྱོང་པའི་དཔའ་བོ་དང༌། སྟངས་འཛིན་ཇུས་འགོད་གནང་མཁན་གྱི་མི་སྣ་གལ་ཆེ་མང་པོ་ཞིག་ལ། དྲི་གཏུགས་བྱེད་ས་མ་རྙེད་པ།
དཔའ་བོ་མང་པོ་ཞིག་གི་མཚན་དང་འདྲ་པར་མ་རག་ གོང་དུས་ཀྱི་ཁོམ་པས་གཏུགས་ནས་ཡིག་ འབྲུའི་དག་ཆ་ཚུན་ཆད་ལ་ཞུ་དག་ངེས་འབྲངས་བྱེད་ལོངས་མ་བྱུང་བར་དེབ་ཐེར་འདི་ ཉིད་མཇུག་སྡོམ་གྱིས་གློ་བུར་དུ་དཔེ་སྐྲུན་བྱེད་དགོས་བྱུང་བས༌། རྒྱ་ཆེ་ཀློག་པ་པོ་ཚོའི་ཐུགས་ཀྱི་བཞེད་པ་ཡོངས་སུ་བསྐང་པ་ཞིག་བྱུང་མ་སོང་བར་ དགོངས་སེལ་ཞུ་རྒྱུ་ཡིན།
དེབ་ཐེར་འདི་ཉིད་དེ་སྔོན་གསར་སྒྲིག་གི་མགོ་བཙུགས་པ་ནས། བཀའ་ཟུར་འཇུ་ཆེན་ཐུབ་བསྟན་རྣམ་རྣམ་རྒྱལ་གྱི་སློབ་སྟོན་འོག ཆུ་བཞི་སྒང་དྲུག་གི་སྔ་ཕྱི་རྒྱུན་ལས་ཀུན་གྱིས་གཟིགས་སྐྱོང་ཆེ་མཐོང་དཔེ་མེད་ ཀྱིས་གྲ་སྒྲིག་སྣེ་ལེན་དང༌། ལྷག་དོན་རྩོམ་སྒྲིག་ཁང་གི་འགན་ཁུར་པ་གྲ་འུར་དཔོན་རིན་ཆེན་ཚེ་རིང་དང༌།
སྐུ་ གཤེགས་ཆབ་དྲུང་བློ་བཟང་དབང་འདུས་གཉིས་ཀྱིས་ཆུ་སྒང་ཡིག་ཆ་དང་པར་རིས༌། དེ་བཞིན་ས་ཁྲ་སོགས་དེབ་ཐེར་འདི་ལ་དགོས་ངེས་ཀྱི་མཐུན་རྐྱེན་གལ་ཆེ་མང་པོ་ཞིག དུས་ཐོག་ཏུ་གནང་བ་དང༌། ཉེ་བའི་ཆར་སྐུ་ངོ་འཇུ་ཆེན་དང༌། གྲའུ་དཔོན། ཀོང་པོ་ཐུབ་བསྟན་གསུམ་གྱིས་རྩོམ་སྒྲིག་འགན་ཁུར་གནང་ནས་ཞུ་དག་ངེས་འབྲངས་སོང་ བ་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས།
དེབ་ཐེར་འདི་བཞིན་ལེགས་གྲུབ་བྱུང་བས་ཁོང་རྣམ་པར་བཅོས་མིན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མཐའ་དོན། ྋགོང་ས་ཕྱག་ན་པདྨོ་རྒྱལ་དབང་དོན་གྱི་བདག་པོའི་སྐུ་ཚེ་བསྐལ་པ་ཕྲག་རྒྱར་བརྟན་ ཅིང༌། ཐུགས་ཀྱྀ་བཞེད་པ་མཐའ་དག་ལྷུན་གྱིས་འགྲུབ་དང༌། གཞུང་ས་དགའ་ལྡན་ཕོ་བྲང་པའི་ཆོས་སྲིད་ལུགས་གཉིས་རྒྱལ་མཚན་མཐོན་པོའི་གྲིབ་ བསིལ་འོག ཡོངས་རྫོགས་བོད་ལྗོངས་རང་དབང་གཙང་མའི་དགའ་སྟོན་གྱི་དཔལ་ལ་སྤྱོད་ནས། གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་དགའ་སྟོན་ལ།
ཅི་དགར་སྤྱོད་པའི་སྐལ་བཟང་མངོན་དུ་གྱུར་པའི་སྨོན་འདུན་བཅས།
རྩོམ་པ་པོ་བེ་རི་འཇིགས་མེད་དབང་རྒྱལ་གྱིས།
སྤྱི་ལོ་ 2009 ལོ་ཟླ་བ་ 4 ཚེས་ 1 ཉིན་ལ་བྲིས།
༼༡༽
བོད་ཀྱི་རྒྱལ་ས་ལྷ་སའི་ལྷོ་ཁ་དམག་སྒར་ལྟེ་བའི་ལས་ཁུངས་
ཁག་དང་འགན་འཛིན་ལྷན་ཚོགས་ཀྱི་
ངོ་སྤྲོད་མདོར་བསྡུས།
ཉེ་རབས་ཀྱི་ལོ་རྒྱུས་ཁྲོད། ནམ་ཡང་བསུབ་ཐབས་མེད་པའི་མཚན་སྙན་གྱི་བ་དན། འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་གཡོ་བའི་བོད་ཤར་ཕྱོགས་མདོ་ཁམས་ཆུ་བཞི་སྒང་དྲུག་ གི་བོད་ཀྱི་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་ལོ་རྒྱུས་ཀྱི་སྐོར་ལ། རང་རེ་བོད་ནང་ཁུལ་ཙམ་དུ་མ་ཟད། ཨ་རིས་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་དུ་མར་ཡོངས་སུ་གྲགས་ཤིང༌།
ལྷག་དོན་ཉེ་ སྔོན་ཨ་རིའི་གསང་བའི་ལས་ཁུངས་ནས་བོད་འབྲེལ་སྡེ་ཚན་འགན་ཁུར་ལས་ བྱེད་རྙིང་པ་ཁག་གིས་བཏོན་པའི་དེབ་དང༌། རྒྱ་ནག་ནས་ཉམས་ཞིབ་པ་དང་རྩོམ་པ་པོ་མང་པོས་ངོ་ལོག་ཇག་པ་ཞོད་འཇགས་དང༌། ངོ་ལོག་ཇག་པའི་གཏོར་བཤིག ཁམས་པའི་ཇག་པ་སོགས། མིང་ངན་འདྲ་མིན་བེད་སྤྱོད་བྱས་ནས་རྩོམ་པའི་དེབ་ཕྲེང་དུ་མའི་ནང་དུ་འཇིག་ རྟེན་གྱི་གཏམ་དཔེར།
བུ་ཕ་ཡིས་མི་བསྟོད་དགྲ་ཡིས་བསྟོད། བུ་མོ་མ་ཡིས་མི་བསྟོད་གནས་ཀྱིས་བསྟོད། ཟེར་བ་ལྟར་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་ འཛུགས་དང་དམག་དོན་བཀོད་ཇུས། ཆིག་སྒྲིལ་ནུས་ཤུགས་གང་ཅིའི་ཐོག་ནས།
དམག་མི་ འབུམ་ཕྲག་མང་པོ་དང་གོ་ལག་མཚོན་ཆ་དཔེ་གསར་སྣ་ཚོགས་ཡོད་པའི་རྒྱ་ནག་ སྐམ་ས་ཆེན་པོའི་དམག་སྲིད་ལས་ཁུངས་ལྟེ་བ་ནས་ཀྱང་མི་བཟོད་པའི་སྐད་ངན་ཤོར་ དགོས་བྱུང་པའི་གནས་ཚུལ་འཁོད་ཡོད།
རང་རེ་བཙན་བྱོལ་དུ་ཡོད་པའི་ཆུ་བཞི་ སྒང་དྲུག་གི་སྒྲིག་བཙུགས་ནས་ཀྱང༌། ལོ་མང་པོ་ཞིག་ལ་རྩོམ་སྒྲིག་ལས་ཁུངས་མ་ལག་དང་བཅས་པ་བཙུགས་ནས། རྒྱལ་སྲུང་དམག་འཐབ་སྐབས་ཀྱི་གཞུང་དམངས་གཉིས་ནས་བཏང་བའི་ཡིག་འཕྲིན་ཁག་དང༌། གན་རྒྱའི་རིགས་སོགས་རྩ་ཆེན་ཡིག་ཆ་མང་པོ་བདག་ཉར་ཐོག དགྲ་འཐབ་བཙན་རྒོལ་གྱི་བཀོད་འདོམས་པ་དང༌།
རྒྱལ་སྲུང་དགྲ་འཐབ་ནང་དངོས་སུ་ ཞུགས་པའི་མདོ་དབུས་རིས་མེད་ཀྱི་བསྟན་སྲུང་དང་ བླངས་དཔའ་བོ་ཞལ་བཞུགས་ཡོད་རིགས་ཁག་སྔ་ཕྱིར་མི་ངོ་ལྷན་འཛོམས་ཀྱི་ཚོགས་འདུ་ བསྐོང་ནས། རྒྱལ་སྲུང་དམག་འཐབ་སྐབས་ཀྱི་དོ་བདག་སོ་སོས་དངོས་བྱུང་ལོ་རྒྱུས། ངག་ཐོག་ནས་གསུང་བ་ཟུར་བྲིས་ཕབ་པ་ཁག་དང༌། སྔ་ཕྱིའི་ཚོགས་འདུའི་ཐོག་ཞུགས་ཐུབ་མེད་པའི་གྲས་ནས།
མང་པོ་ཞིག་གིས་སྒྲ་ ཐག་དང་ཡིག་ངག་གཉིས་ཐོག་ནས་དབུས་རྩོམ་སྒྲིག་ལས་ཁུངས་ལ་ འབྲེལ་མཐུད་བྱས་པའི་ཟིན་ཐོ། དཔྱད་གཞིའི་ཡིག་ཆ་སྔ་ཕྱི་མང་པོ་ཞིག་ཡོད་ཀྱང་རྒྱ་ཆེ་མང་ཚོགས་ཀྱི་སྤྱན་ལམ་དུ་ བསྟར་རྒྱུར། ཡུལ་དུས་གནས་བབ་གང་ཞིག་གི་རྐྱེན་པས་ཕྱི་འགྱངས་སོང་སྟབས།
མང་ ཚོགས་ཁྲོད་ནས་མང་པོ་ཞིག་གིས་དངོས་བྱུང་རྒྱལ་སྲུང་དམག་འཐབ་ཀྱི་ལོ་རྒྱུས་ འདི་ལ་གཟིགས་འདོད་ཡོད་པ་མ་ཟད། སྐད་ཡིག་དང་མི་རིགས་གཞན་དང་གཞན་དག་གི་ཁྲོད་ནས་ཀྱང་ལོ་རྒྱུས་འདིར་དོ་སྣང་ཧ་ ཅང་ཆེ་རུ་འགྲོ་བའི་སྐབས་དང་བསྟུན་ནས། ཆུ་སྒང་དཔའ་བོའི་ལོ་རྒྱུས་ལས། ཆུ་སྒང་གཙོ་འཛིན་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་འཁྲིད་པའི་བྱང་བསྐྱོད་ དམག་དཔུང་གིས།
རྒྱལ་སྐྱོབ་བཙན་རྒོལ་གྱི་དགྲ་འཐབ་རབ་དང་རིམ་པར་བྱས་ཚུལ་རྣམས། ལོ་རྒྱུས་དེབ་ཕྲེང་སྔ་མའི་ཐོག་བཀོད་ཟིན་ནས།
ད་ནི་བྱང་བསྐྱོད་དམག་དཔུང་ཐོན་ཚར་བའི་རྗེས་ཤུལ་དུ། ལྷོ་ཁར་བཅའ་སྡོད་བསྟན་སྲུང་དྭངས་བླངས་དམག་གི་དགྲ་འཐབ་རྒྱལ་སྐྱོབ་ཀྱི་དངོས་ བྱུང་ལོ་རྒྱུས་རགས་ཙམ་འགོད་པར་འདོད་དེ། དེ་ཡང་དང་པོ་ལྷོ་ཁར་རྟེན་གཞིར་བྱས་ནས་ལྷོ་ཁའི་རྫོང་ཁག་ཡོངས་ཀྱི་ས་ཁུལ་གྱི་ དགྲ་བོ་འབུར་འཇོམས་དང་མཐའ་བསྐྲོད།
དེ་བཞིན་རྒྱ་དམག་ལྷོ་ཁའི་ཕྱོགས་སུ་རྩ་ མེད་ས་གཙང་བཏང་བ་བཅས་ཀྱི་དགྲ་འཐབ་དང༌། ༧གོང་ས་མཆོག་གིས་དབུས་རིས་མེད་ཆོས་སྡེ་ཁག་གི་བླ་ཆེན་དང༌། དགེ་འདུན་འདུས་སྡེ། གྲྭ་བཙུན་སེར་སྐྱ་རིས་མེད་ཕེབས་ལམ་གཙང་སེལ་ཐོག ༧གོང་ས་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་བསྐྱེལ་གྲ་རྒྱས་ཞུས་པ། རྒྱ་ཆེའི་བོད་རིགས་ཀུན་གྱི་བྲོས་ལམ་བསལ་བ་དང༌།
ཕྱི་འདེད་རྒྱ་དམག་ཁྲི་ ཕྲག་ལངས་པར་འཐབ་རྒོལ་དྲག་པོ་བྱས་པ་བཅས་ཡིན་ལ། བྱང་བསྐྱོད་དམག་མིའི་གཙོ་འཛིན་དང༌། དམག་སྤྱི་བརྒྱ་དཔོན་སོགས་ཀྱི་ཐོ་གཞུང་དང་ཐོག་མར་རྒྱ་རྒོལ་འཐབ་འཛིངས་ཀྱི་ དམག་དོན་ལོ་རྒྱུས་འདིའི་ནང་གསལ་མེད་པ་དང༌། ད་ལན་གྱི་ལོ་རྒྱུས་འདིའི་ནང་ལྷོ་ཁ་ཁུལ་དུ་ཡོད་པའི་གཙོ་འཛིན་དང་དམག་སྤྱི་ བརྒྱ་དཔོན་སོགས་དང༌།
དམག་འཐབ་ཀྱི་ལོ་རྒྱུས་ཀྱི་ངོ་སྤྲོད་མདོར་བསྡུས་ཙམ་བཀོད་ན།
(1)དང་པོར་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་ཤུལ་སྡོད་དམག་སྒར་གྱི་གཙོ་འཛིན་དངོས་སུ་ཡོད་པ་ཁག་གི་མཚན་གཞུང༌།
༡༽ ཀ་དང་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་འཛིན་གསུམ་ནི།
སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ།
ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ།
ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ།
༢༽ ཁ་དང་འབའ་པ་གཙོ་འཛིན་ཕྱག་མཛོད་བཀྲ་ཤིས
༣༽ ག་དང་ཀོང་རག་གཙོ་འཛིན་ཀླུ་སྒྲུབ་ཕྱག་མཛོད།
༤༽ ང་དང་ཆ་ཕྲེང་གཙོ་འཛིན་སྲས་དགེ་སློང་དང༌། ཐུབ་བསྟན།
༥༽ ཅ་དང་ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ།
༦༽ ཆ་དང་འཇོལ་པ་ཟམ་གདོང་ཕྱག་མཛོད།
༧༽ ཇ་དང་ལི་ཐང་གཙོ་འཛིན་འཇང་ཚ་ཆོས་མཛད།
༨༽ ཉ་དང་ཉག་རོང་གཙོ་འཛིན་སྐལ་བཟང་རྡོ་རྗེ།
༩༽ ཏ་དང་ཚ་རོང་གཙོ་འཛིན་དམ་པ་བློ་གྲོས།
༡༠༽ ཐ་དང་རྒྱལ་ཐང་གཙོ་འཛིན་མཁར་ཆེན་ཕྱག་མཛོད།
༡༡༽ད་དང་དཀར་མཛེས་གཙོ་འཛིན་སྐྱབས་མགོན་ཕྱག་མཛོད་ཚུལ་ཁྲིམས། ལམ་གྲགས་ཕྱག་མཛོད།
༡༢༽ པ་དང་དར་དགོན་གཙོ་འཛིན་སྐལ་བཟང་དབང་ལྡན་དང༌། པད་རྡོར་རྒྱ་བོ།
༡༣༽ ཕ་དང་རྟའུ་གཙོ་འཛིན་ནོར་བུ།
༡༤༽ བ་དང་གོ་འཇོ་གཙོ་འཛིན་ཆོས་དྲུག་དོན་འགྲུབ་ཕུན་ཚོགས།
༡༥༽ མ་དང་ཞི་ཚེ་མཁའ་འགྲོ་དར་རྒྱས།
༡༦༽ ཙ་དང་བྲག་འགོ་གཙོ་འཛིན་སེམས་ཉིད་རྡོ་རྗེ།
༡༧༽ ཚ་དང་ཆབ་མདོ་གཙོ་འཛིན་རྡོ་ཚེ།
༡༨༽ ཛ་དང་སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ།
༡༩༽ ཝ་དང་བྲག་གཡབ་གཙོ་འཛིན་ཨ་ཕྲུག་བླ་མ། བཀྲ་རྣམ།
༢༠༽ ཞ་དང་རྒྱལ་རོང་གཙོ་འཛིན་ཤེས་རབ་དང༌། ཐུབ་བསྟན་ཡར་འཕེལ།
༢༡༽ ཟ་དང་སྒ་བ་གཙོ་འཛིན་དབང་ཆེན་ལྷ་མགོན་དང༌། གྲའུ་དཔོན་རིན་ཆེན་ཚེ་རིང༌།
༢༢༽ འ་དང་སྟོང་སྐོར།
༢༣༽ ཡ་དང་སྨར་ཁམས་གཙོ་འཛིན་གྲགས་པ་བླ་བྲང་ཕྱག་མཛོད་བསྟན་པ་འཕྲིན་ལས་དང༌། གུ་གྲགས།
༢༤༽ ར་དང་མི་ཉག་གཙོ་འཛིན་ཨ་ཕོ་ཡོན་ཏན།
༢༥༽ལ་དང་གླིང་ཚང་གཙོ་འཛིན་སྲས་འཇིགས་མེད་༼མཚོ་སྣ་ནས་གཙོ་འཛིན་བྱས༽ དམག་སྤྱི་ཡར་གླིང་དབང་རྒྱལ།
༢༦༽ ཤ་དང་ཀོང་པོ་གཙོ་འཛིན་ཀོང་སྟོད་དྲི་མེད་སྟེང་དཀར་པད་མ་ཀུན་བཟང༌།
༢༧༽ ས་དང་ས་འདུ་གཙོ་འཛིན་བློ་བཟང་སྙན་གྲགས།༼ལྷ་རྒྱ་རི་ནས་གཙོ་འཛིན་ལ་བསྐོས༽
༢༨༽ ཧ་དང་དགའ་ལྡན་གཙོ་འཛིན་བཅས།
གོང་ གསལ་འདི་དག་ཆུ་སྒང་མ་ཡིག་དང༌། དང་བླངས་དཔའ་བོ་འཚོ་བཞུགས་ཡོད་པའི་རྒན་རབས་ཚོར་དྲིས་ནས་བཀོད་པ་ཡིན་ཞིང༌། ད་དུང་ལྷོ་ཁའི་ཁུལ་ཡོད་གཙོ་འཛིན་གྲས་ཀྱི་མིང་གཞུང་མ་འཁོད་པ་ཡོད་ན་མཚམས་ འདིར་འཇུག་དགོས།
(2)ལྷོ་ཁ་ཁུལ་དུ་ཡོད་པའི་དམག་སྤྱིའི་གོ་གནས་ཡོད་པ་ཁག
དེ་འོག་ལྷོ་ཁ་ཁུལ་ཡོད་བསྟན་སྲུང་དང་བླངས་དཔའ་བོའི་ཁྲོད་ནས་དམག་སྤྱི་ཇི་ཡོད་ཀྱི་མིང་གཞུང་གཤམ་གསལ།
ཁ་དང་འབའ་པ་དམག་སྤྱི་རྒན་ཡེ་ཤེས་དང༌། རྒན་རྣམ་ལེགས།
ང་དང་ཆ་ཕྲེང་དམག་སྤྱི་ཟླ་བ། ཀུན་བཟང་ཆོས་འཛིན།
ཅ་དང་ཨ་མདོ་དམག་སྤྱི་ཆོས་གྲགས། བླ་བྲང་ལེགས་བཤད། ཁྲ་མོ།
ཇ་དང་ལི་ཐང་དམག་སྤྱི་ཨ་ལོ་ཟླ་བ་དང༌། དབྲ་ཕྲུག་ངག་དབང༌། ངག་དབང་བསྟན་པ།
ཉ་དང་ཉག་རོང་དམག་སྤྱི་སྐལ་བཟང་རྡོ་རྗེ།
ཏ་དང་ཚ་རོང་དམག་སྤྱི་ཨ་དཔག
ཐ་དང་རྒྱལ་ཐང་དམག་སྤྱི་ཨ་ཡང་སྟེང་པ།
ད་དང་དཀར་མཛེས་དམག་སྤྱི་ལྷག་པ་ཚེ་དབང༌། ཀོང་པོ་རྒྱ་ཞིང་དུ་དམག་འཐབ་སྐབས་དཔའ་བོའི་བྱས་རྗེས་སུ་དམག་སྤྱིར་བསྐོས།
པ་དང་དར་དགོན་དམག་སྤྱི་གསེ་གསེ་དང༌། དཔལ་ཆེན།
ཕ་དང་རྟའུ་དམག་སྤྱི་མཁས་གྲུབ། དབང་ཆེན་དར་རྒྱས། རིན་ཆེན་དརརྒྱས།
བ་དང་གོ་འཇོ་དམག་སྤྱི་ཆོ་དྲུག་དོན་ལྷ།
མ་དང་ཞི་ཚེ་དམག་སྤྱི་ཡ་སྐྱབས།
ཙ་དང་བྲག་མགོ་དམག་སྤྱི་སེམས་ཉིད་རྡོ་རྗེ།
ཚ་དང་ཆབ་མདོ་དམག་སྤྱི་བྱང་རི་ལྷ་རྒྱལ། བློ་ཉི། པདྨ་དབང་འདུས།
ཛ་དང་སྡེ་དགེ་དམག་སྤྱི་ཕུ་མ་རིན་རྣམ། འབའ་ཆུང་དཔོན་མཐུ་སྟོབས་མགོན་པོ། ཀ༔ཐོག་ཕུར་པ་འཕྲིན་ལས། ཆུ་རྡོ་བུ་དབང་ཕྱུག་ཚེ་རིང༌།
ཝ་དང་བྲག་གཡབ་དམག་སྤྱི་ཨ་ཕྲུག་བླ་མ་དང༌། ངག་དབང་ཡོན་ཏན།
ཞ་དང་རྒྱལ་རོང་དམག་སྤྱི་ལྷ་རྒྱལ།
ཟ་དང་སྒ་པ་དམག་སྤྱི་བུ་བཀྲ་ཡག་དང༌། ཚེ་རྒྱལ། བེ་ཅང་རིན་འཛིན་ཚེ་དབང༌།
འ་དང་སྟོང་སྐོར།
ཡ་དང་སྨར་ཁམས་དམག་སྤྱི་བསྟན་འཕེལ།
ལ་དང་གླིང་ཚང་དམག་སྤྱི་ཡར་གླིང་དབང་རྒྱལ།
ཤ་དང་ཀོང་པོ་དམག་སྤྱི་བྱམས་པ། ཀོང་པོ་ཉིང་ཁྲི་དབང་ར་ལྷ་དབང་ཚེ་རིང༌། ཀོང་སྨད་དེ་མོ་བདེ་སྐྱིད་ཁང་གསར་པད་མ་ཚེ་དབང༌།
ས་དང་ས་འདུ་དམག་སྤྱི་གཤོང་གཉེར་བསོད་ནམས་དབང་རྒྱལ།
ཧ་དང་དགའ་ལྡན་དམག་སྤྱི་རྒན་བུ་སྡིག
ཨ་དང་གཙང་པ་དམག་སྤྱི་སྤེལ་ཟུར་རྡོ་རྗེ་ནོར་བུ་བཅས་ཡིན།
དམག་ སྤྱིའི་མིང་གཞུང་འདི་དག་ནི་ཆུ་སྒང་ཡིག་ཚང་དང་རྒྱུས་ཡོད་འཚོ་བཞུགས་དྭངས་ བླངས་དཔའ་བོ་རྒན་པོ་ཁག་གཅིག་ལ་བཅར་འདྲི་བྱས་ནས་བཀོད་པ་ཡིན་ལ། མིང་གཞུང་འདིའི་ནང་མ་ཚུད་པའི་ལྷོ་ཁའི་དམག་སྤྱི་གང་རྙེད་མཚན་གཞུང་འདིའི་ནང་ འཇུག་དགོས། ཕྱོགས་མཐར་བཞུགས་པའི་ཆོལ་གསུམ་རིས་མེད་ཀྱི་དང་བླངས་དཔའ་བོའི་དམག་སྤྱིའི་ མཚན་ཐོ་གང་ཞིག་མཁྱེན་ན།
འདི་གར་བསྐུར་གནང་མཛད་རྒྱུའི་འབོད་སྐུལ་ཞུ་རྒྱུ་ ཡིན། ང་ཚོས་ཤ་ཁྲག་གི་རིན་ཐང་བོད་དོན་དུ་བཏང་བའི་དཔའ་བོ་དེ་དག་གི་མཚན་སྙན་ནམ་ཡང་ མི་བརྗེད་པའི་དྲན་རྟེན་གྱི་ཆེད་དུ་དེབ་ཕྲེང་རྗེས་མ་རྣམས་སུ་འགོད་རྒྱུ་ཡིན།
གོང་ གསལ་གཙོ་འཛིན་དང་དམག་སྤྱི་གཅིག་ལྕོག་ཡིན་པའང་འགའ་ཞིག་ཡོད་པ་ནི། སྐབས་དེར་ལུང་ཚན་སོ་སོའི་འཐུས་ཚབ་ལྟ་བུ་འདང་མིན་ཐོག་ནས་ཡིན་པ་དང༌། ཡང་བཤད་སྲོལ་གཅིག་ལ་འགན་འཛིན་ཚོགས་འདུ་ནང་ཞུགས་མཁན་ཚོ་ལ་གཙོ་འཛིན་དང༌། འགན་འཛིན་ཚོགས་མི་ཡིན་པར་མ་ཟད། དྲག་པོའི་གཡུལ་སར་དམག་འཐབ་འགྲོ་མཁན་ཡང་ཡིན་པ་ཚོ་དམག་སྤྱི་ཡང་ཡིན་པ་རེད་ཟེར།
ད་ དུང་གྲི་གུ་དམག་སྒར་ཐོག་མར་ཆགས་དུས་མེད་ཀྱང་ཕྱིས་སུ་མཚོ་སྣ་དང་ལྷ་རྒྱལ་ རི་སོགས་ནས་གཙོ་འཛིན་དང་དམག་སྤྱི་བསྐོ་བཞག་བྱས་པ་དང༌། འགའ་ཞིག་བྱང་དམག་ཁ་འཐོར་ནས་ལྷོ་ཁའི་ཁུལ་དུ་ལོག་པ་དང༌། ཡང་དམག་སར་དགྲ་འཐབ་བཙན་རྒོལ་གྱི་བྱས་རྗེས་གཞག་མཁན་ཁག་ལ་དམག་སྤྱིའི་གོ་གནས་ གནང་བ་སོགས་ཅི་རིགས་ཚུད་ཡོད།
(3)ལྷོ་ཁའི་དམག་སྒར་གྱི་བརྒྱ་དཔོན་ཁག་གི་མཚན་གཞུང་གང་རྙེད་བཀོད་པ།
ལྷོ་ཁའི་དམག་སྒར་གྱི་བརྒྱ་དཔོན་ཁག་གི་མཚན་གཞུང་གང་རྙེད་བཀོད་ན།
ཁ་དང་འབའ་བ་བརྒྱ་དཔོན་རྫིང་ཞབས་ཆོས་མཛད།འབའ་པ་ལེ་རྒྱ་ཆོས་འཕེལ།
ག་དང་ཀོང་རག་བརྒྱ་དཔོན་ཨ་བཟང༌། བློ་བཟང་ཕུན་ཚོགས། ངག་དབང་སྦྱིན་པ། བློ་བཟང་བསྟན་པ། རྟ་མགྲིན།
ང་ དང་ཆ་ཕྲེང་བརྒྱ་དཔོན་བློ་བཟང་ཤེས་རབ། ཡེ་ཤེས་ཉི་མ། ཟླ་བ། བསྟན་པ་ཤེས་རབ། ཆོས་འཕེལ། བློ་བཟང་རྒྱལ་མཚན། ཨ་རྒྱལ་སྐལ་ལྡན། ཀོ་བ་བསྟན་པ་རྒྱ་མཚན། བསྟན་པ་རབ་རྒྱས།
ཅ་དང་ཨ་མདོ་བརྒྱ་དཔོན་ཚེ་བཟང༌། ཝེ་མ་རྒྱལ། བླ་ཁོ། བསོད་ནམས་ཚེ་རིང༌། འཇིགས་མེད། རྡོ་སྦོས་སྒྲོལ་མ་སྐྱབས། བསོད་ནམས་རྒྱལ། བློ་གྲོས།
ཆ་དང་འཇོལ་པ་བརྒྱ་དཔོན་ཀརྨ་བསྟན་འཛིན། དབང་གྲགས། གེ་སར། སྐལ་བཟང་བསྟན་པ།
ཇ་ དང་ལི་ཐང་བརྒྱ་དཔོན་བློ་བཟང་ནོར་བུ། རག་ར་རྒྱས་དར། སྐྱ་ལི་ཚེ་འཕེལ། བློ་བཟང་བཀྲ་ཤིས། ཆོས་གྲགས། ཕུན་ཚོགས་སེ་སྦེ༌། སྐལ་ལྡན། ངག་དབང་བསྟན་འཛིན། རུ་དཔོན་ཀུན་དགའ་བསམ་གཏན། ཨ་མཁྱེན།
ཉ་དང་ཉག་རོང་བརྒྱ་དཔོན་ཨ་ཚེ། ཨ་རྡོ།
ཏ་དང་ཚ་རོང་བརྒྱ་་དཔོན་བཀྲ་ཤིས་རབ་བརྟན། ཨ་བརྟན། བསོད་ནམས་རབ་བརྟན། དར་རྒྱས། ཚ་བ་སྒང་པ་ནོར་བུ།
ཐ་ དང་རྒྱལ་ཐང་བརྒྱ་དཔོན་རྒྱལ་མཚན། དམ་ཆོས་རྒྱལ་མཚན། འབྲོག་ཆུང༌། ཆབ་རྫོང་བློ་བཟང༌། ཨ་དཔོན། ཚུལ་ཁྲིམས། ཁྱིམ་གསར་བསྟན་པ་ཡར་འཕེལ། ཡང་ཐང་པ་ངག་དབང་བསྟན་འཕེལ།
ད་དང་དཀར་མཛེས་བརྒྱ་དཔོན་དཔལ་ལྡན་བཟང་པོ། དཀར་མཛེས་ཚེ་དབང་མགོན་པོ། ཕུན་རྒྱལ། སྐལ་རྒྱན། ཚེ་དཔག་དར་རྒྱས། བརྒྱ་དཔོན་སྒྲོལ་མ། བློ་བཟང་འཕྲིན་ལས། སྡེ་ར་ཤག་རི་ཚང་གསེར་དགའ།
པ་དང་དར་དགོན་བརྒྱ་དཔོན་ངག་དབང་ཕུན་ཚོགས། བློ་ཚེ། བློ་བཟང་ཤེས་རབ། ཚེ་རིང༌།
ཕ་དང་རྟའུ་བརྒྱ་དཔོན་འགྱུར་མེད་དབང་ལྡན། དབང་ཆེན་དར་རྒྱས།
བ་དང་གོ་འཇོ་བརྒྱ་དཔོན་འཇམ་དབྱངས། རྡོ་ཚ་མགོན་པོ་བསམ་འགྲུབ།
མ་དང་ཞི་སེ་བརྒྱ་དཔོན་གསེར་དགའ།
ཙ་དང་བྲག་མགོ་བརྒྱ་དཔོན་གཡུང་དྲུང༌།
ཚ་དང་ཆབ་མདོ་བརྒྱ་དཔོན་ཁམས་ཕྲུག་ཚེ་རིང༌། ཕུན་ཚོགས་དབང་འདུས། བསོད་ནམས། ཆབ་མདོ་བུ་ལགས་སམ། ཕུན་ཚོགས་དབང་འདུས།
ཛ་ དང་སྡེ་དགེ་བརྒྱ་དཔོན་དཔལ་ཚ་ཁྲ་རིང༌། རིན་ཆེན་དར་རྒྱས། སྤམ་ཁ་མགོན་པོ། གནས་ར་དགེ་ལེགས། ཚེ་དབང་མགོན་པོ། སྦ་ལུག། འཛི་སྒ་ཨ་འཇིགས། བདུན་པ་ཨ་རྡོ། བུ་ཡེ་རྣམ་རྒྱལ། ནོར་བུ། འཇུ་ཆེན་བསོད་ནམས་ཕུན་ཚོགས། བླ་མ་ཆོས་གྲགས་རྒྱ་མཚོ།
ཝ་དང་བྲག་གཡབ་བརྒྱ་དཔོན་རིན་ཆེན་དར་རྒྱས། བསྟན་པ་བློ་བཟང༌། ངག་དབང་བསྟན་པ། ལོ་འདོད། འཇམ་དབྱངས།
ཞ་དང་རྒྱལ་རོང་བརྒྱ་དཔོན་བསྟན་པ། རྒྱལ་རོང་བསྟན་འཛིན། རྒྱལ་རོང་ལྷ་རྒྱལ།
ཟ་ དང་སྒ་བ་བརྒྱ་དཔོན་ཡོན་ཏན་ཚུལ་ཁྲིམས། ཨེ་ཅུང༌། རྡོ་རྐོ་སྒ་པ་སྟོབས་ལྡན། གུ་ཤུ་འཇམ་དགའ། བསོད་ནམས། པ་སངས། ཀུན་བཟང་འཕྲིན་ལས། ཨུ་རྒྱན་ལྷ་སྐྱབས། དབྱངས་ཚེ་རིང༌།
འ་དང་སྟོང་སྐོརབརྒྱ་དཔོན་ཀརྨ།
ཡ་དང་སྨར་ཁམས་བརྒྱ་ དཔོན་རབ་རྒྱས། བློ་གྲོས་རྒྱ་མཚོ། དགེ་འདུན་བྱང་ཆུབ། བྱང་ཆུབ་རྒྱལ་མཚན། རྒྱལ་མཚན་ཆོས་གྲགས། བྱང་དམར་བློ་བཟང་ཚེ་རིང༌། དཀར་ཚང་ངག་དབང་བློ་བཟང༌། ངག་དབང་ཟླ་བ། ངག་དབང་བློ་བཟང༌། དགའ་གཡང༌། ཆོས་མཛོད། ལྡིང་དཔོན་དཔལ་རྒྱལ། ལྡིང་དཔོན་དགེ་འདུན་ཡེ་ཤེས། ལྡིང་དཔོན་བློ་གྲོས་རྒྱལ་མཚན། ལ་དང་གླིང་ཚང་བརྒྱ་དཔོན་རྡོ་རྗེ། ནོར་བུ་ཚེ་རིང༌།
ས་དང་ས་འདུ་བརྒྱ་དཔོན་གཙང་ཁ་བསྟན་པ་དར་རྒྱས། བདག་པོ་ཚེ་དབང་འཕྲིན་ལས། ས་འདུ་བསོད་ནམས།
ཧ་ དང་དགའ་ལྡན་བརྒྱ་དཔོན་འགའ་ཞིག་ཡོད་ཅེས་པ་ལས། མིང་འཁོད་གསལ་པོ་མི་འདུག (གཞན་ཡང་རྒྱ་ཤོད་བན་དཀར་བ་རྨར་ཚ་ཚང་རབ་འབྱོར། སྲ་སྟེང་རྒྱལ་སྟོན་རྫོང་དམག་སྤྱི་ཤོག་བཅུ་ལྡེང་དཔོན་དངོས་གྲུབ་རྡོ་རྗེ། ཁྱུང་པོ་དཀར་རུ་དཔོན་ཚེ་དབང་སྟོབས་རྒྱལ། ཧོར་སྦྲ་ཆེན་དཔོན་སོག་སྲས་སངས་རྒྱས་རྣམ་རྒྱལ།) དབུས་པ་དྭངས་བླངས་བརྒྱ་དཔོན་རྡོབ་རྡོབ།
རྒྱལ་རྩེ་བརྒྱ་དཔོན་ལྷ་དར། གྲྭ་བཞི་དང་རྒྱལ་རྩེའི་གཞུང་དམག་བསྟན་སྲུང་དང་བླང་དམག་ཁོངས་སུ་ཞུགས་པའི་ གྲས་ནས། གྲྭ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ། ཆུ་ཤུལ་བར་སྨད་ཀུན་བཟང༌། ཞལ་ཟུར་བློ་བཟང་ཡེ་ཤེས། རྒྱལ་རྩེ་ལྡིང་དཔོན་རྣམ་རྒྱལ་དབང་འདུས། ལྡིང་དཔོན་པད་མ་རྒྱལ་པོ། གཙང་པ་པད་ཟུར་རྡོ་རྗེ་ནོར་བུ། རྗེས་སུ་དམག་སྤྱིའི་གོ་གནས་སྤྲད།
ཆུ་སྒང་ཕོག་དཔོན་འབྲི་གུང་བ་བསོད་ནམས་ བག་བྲོ། (ཀོང་པོ་བརྒྱ་དཔོན་གྲ་མདའ་དབང་ཕྱུག ཀོང་པོ་བརྒྱ་དཔོན་ལྕང་ར་རྡོ་རྗེ། ཀོང་པོ་བརྒྱ་དཔོན་གཏམ་སྙན་སངས་རྒྱས་རྡོ་རྗེ། ཀོང་པོ་བརྒྱ་དཔོན་གྲས་མ་སྒང་ཨ་དར་དབང་ཕྱུག ཀོང་པོ་བརྒྱ་དཔོན་གནས་སྤར་རྒྱ་ར་གཞིས་ཀ་ཟླ་བ་རྡོ་རྗེ། ཀོང་པོ་བརྒྱ་དཔོན་ཕན་མཁར་བློ་བཟང་བསྟན་འཛིན། འདི་ཚོ་ལྷོ་ཁའི་དམག་སྒར་ནང་ཞུགས་མེད)།
དེ་དག་ལ་སོགས་པའི་ལྷོ་ཁའི་དམག་ སྒར་(ཀོང་པོ་དང་ལྕགས་ར་དཔའ་འབར་)ནང་གི་དགྲ་འཐབ་དཔའ་རྩལ་གཟེངས་སུ་འཐོན་པ་ དང༌། དཔའ་མཛངས་རྟུལ་ཕོད་གཞན་དྲིང་མི་འཇོག་པའི་བརྒྱ་དཔོན་མང་པོ་ཞིག་ཡོད་ནའང༌། ཆུ་སྒང་མ་ཟིན་ཡིག་ཚང་དུ་མིང་གཞུང་ལོགས་སུ་མེད་སྟབས་འགོད་རྒྱུ་མ་རྙེད། རྒྱ་ཆེ་ཀློག་པ་པོ་ཚོའི་ངོས་ནས།
བསྟན་སྲུང་དང་བླང་དམག་ཁོངས་ཀྱི་བརྒྱ་དཔོན་གང་དང་གང་གི་མཚན་གཞུང་མཁྱེན་ན། འདི་ག་རྩོམ་སྒྲིག་ཁང་དུ་འབྲེལ་མཐུད་གནང་རོགས།
འཛམ་གླིང་གོ་ལ་ཟླུམ་པོའི་ཡང་རྩེ་ན།།
སྟག་སེང་ཁྱུང་འབྲུག་ཚོགས་པའི་དཔའ་བོའི་སྡེ།།
ལྕགས་ཚ་གྲི་གུ་ཐང་དུ་འཛོམས་པ་ཡི།།
སྙན་པོའི་གཏམ་རྒྱུད་འཛམ་གླིང་ཡོངས་ལ་ཁྱབ།།
༼༢༽
དམག་གི་སྒྲིག་འཛུག་སྲ་བརྟན་གྱི་ཁྲིམས་སྒྲིག་གཏན་འབེབས་ནན་པོ་གནང་བ།
མདོ་ ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་འདོམས་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲིས་ཀྱིས་ དབུ་ཁྲིད་པའི་དྭངས་བླངས་དཔའ་བོའི་དམག་སྒར་འདི་ཉིད་ཐོག་མར་ལྷ་བླའི་ལུང་སྟོན་ དང༌། ས་བབ་གནས་སྟངས་གང་ཅི་ལ་བརྟེན་ནས། སྤྱི་ལོ་ ༡༩༥༨ ཟླ་བ ༦་ ཚེས ༡༦་ ཉིན་ལྷོ་ཁ་ལྕགས་ཚ་གྲི་གུ་ཐང་དུ་བརྟེན་གཞིར་བྱས་ནས།
རྒྱལ་སྲུང་དགྲ་འཐབ་ ཀྱི་ལས་འགུལ་རྒྱ་ཆེར་སྤེལ་བའི་ལོ་རྒྱུས་ཤིན་ཏུ་འགོང་ཆེ་ ཞིང། བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་མ་ཚུགས་གོང༌། ཨ་འབྲུག་ཚང་གི་མཆོད་ཁང་དུ་སྤྱི་ལོ་ ༡༩༥༨ བོད་ཟླ ༢ ཚེས ༡༨ ཉིན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དཔང་དུ་བཙུགས་ནས། བོད་ཀྱི་བསྟན་སྲིད་དོན་དུ་གནའ་གན་མཐུ་མོ་ཆེ་བཞག་པ་ནས། མིག་སྔར་གསེར་ཁྲི་ཆེན་པོ་གསར་བཞེངས་དང༌།
རྟེན་གཙོ་ཁག་གི་སྤྱན་སྔར་གསེར་ ཀོང་སོགས་གསར་བསྐྲུན་བྱས་པ། ༧གོང་ས་ཆེན་པོ་མཆོག་ལ་བརྟན་བཞུགས་དང༌། ལྷ་སྲུང་ཁག་ལ་ལུང་ཞུ། བློ་ཐག་རྦད་གཅོད་ཀྱིས་དྲག་པོའི་དམག་གི་བརྟེན་གཞི་གསར་འཛུགས་བྱེད་རྒྱུ་བཅས་ ཐག་གཅོད་དང་ལག་བསྟར་དངོས་སུ་བྱས་ཏེ། བསྟན་སྲུང་དང་བླངས་དཔའ་བོའི་ནང་ཁུལ་རྡོག་རྩ་ཆིག་བསྒྲིལ་དང༌། ས་གནས་མི་དམངས་དང་མཐུན་ལམ།
རྒྱལ་སྲུང་དམག་འཐབ་ཀྱི་ལས་འགུལ་སོགས་ཚགས་ཚུད་ ཡོང་ཆེད། གཏན་འབེབས་བྱས་པའི་དམག་ཁྲིམས་དོན་ཚན་ཉི་ཤུ་རྩ་བདུན་བཞག་པ་དང༌། དེ་རྗེས་སླར་ཡང། ས་ཁྱི་བོད་ཟླ ༥ ཚེས ༡༩ ལ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མགོ་འཛིན་མི་འཐུས་ཉེར་གསུམ་གྱིས་མ་བསྐུལ་དང་ བླངས་ཀྱི་ཐོག་ནས་གལ་ཆེའི་སྤང་བླང་ཞུ་གན་ཞིག་བཞག་པ་དེའི་ནང༌།
ས་ཁྱི་ ༥ ཚེས་ ༡༩ ལ་མདོ་ཁམས་ཆུ་བཞི་སྒང་དྲུག་དང༌། ཨ་མདོ་བཅས་མི་རིགས་ཐུན་མོང་ནས་གསར་དུ་གལ་ཆེའི་སྤང་བླངས་ཞུ་གན་དགེ་ཞེས་པའི་ ཁ་བྱང་འོག
༈ ས་ཁྱི་ཟླ་ ༥ ཚེས་ ༡༤ ལ། ཕན་བདེའི་འབྱུང་གནས་ལུགས་གཉིས་གོང་མ་ཁྲིམས་བདག་རིན་པོ་ཆེའི་ཞབས་དྲུང་དུ། ཞུ་བ།
མིང་ རྟགས་གཤམ་གསལ་དོ་བདག་རྣམས་ནས་བློས་བླངས་སྔ་ཚིག་ཕྱི་འགལ་མི་ཞུ་བའི་གན་རྒྱ་ གཙང་འབུལ་ཞུ་སྙིང༌། དོན་རྩ། བསྟན་པ་རྒྱས་པ་དང༌། འགྲོ་བ་བདེ་ཐབས་ཀྱི་སྐོར་མདོ་སྨད་ཆུ་བཞི་སྒང་དྲུག་དང༌།
ཨ་མདོ་བཅས་པ་བསམ་ པ་གཅིག་འཐུན་གྱི་བླངས་དོར་ཞུ་སྒོའི་སྤྱི་གན་འཐུ་མོ་ཆེ་ འཛུགས་འཇོག་ཞུས་ཟིན་པའི་འབྲུ་དོན་དེ་ལྟར་ལས་ཟུར་དུ་དགོས་གནས་མ་ཡོད་ཀྱང་དྲག་ ཞན་ཚང་མ་ནས་མ་བགྲོས་བསམ་པ་གཅིག་འཐུན་གྱིས་གལ་ཆེ་ནན་དཔེའི་ནང་གན་ཞིག་ངེས་ འཇོག་དགོས་ལུགས་སྤྱི་མོས་བྱུང་དོན་བཞིན།
གཙོ་བོར་རང་གི་སྲོག་ལས་གཅེས་པར་ འཛིན་པའི་གངས་ལྗོངས༧རྒྱལ་བསྟན་ཆབ་སྲིད་རིན་ པོ་ཆེ་འདི་ཉིད་དང༌། ལྷག་པར་དུ་ཡང་བོད་དང་བོད་ཆེན་པོའི་ཁོངས་སུ་རྟོགས་པའི་ནང་པ་སངས་རྒྱས་པའི་ སྐྱེ་འགྲོ་སྤྱིའི་མགོན་༧སྐྱབས་དམ་པ་བསྟན་པ་དེ་འཛིན་ཀུན་གྱི་གཙུག་ནོར། ༧གོང་ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གི་༧སྐུའི་ མཚན་དབང་མཛད་འཕྲིན་བཅས་ལ།
སྔར་བཞིན་སོར་གནས་མི་ཡོང་བའི་ཁ་འཇམ་ཞེ་ནག་ སོགས། ཕ་རོལ་བསྟན་དགྲ་སྨོན་ལོག་ཕྱི་ནང་སུ་ཐད་ནས། བསམ་སྦྱོར་ངན་གཤམས་གྱི་བོད་མི་དམངས་ཀྱི་བློ་དང་མི་མཚམས་པའི་བྱ་སྤྱོད་སྣེ་ བཏགས་ཅན་དངོས་ཤུགས་བརྒྱུད་གསུམ་དུ་གཏམ་གླེང་བྱ་རིགས་བྱུང་ཕྱིན་རང་དོན་ འགྲིགས་གཙོའི་སྡུག་འཁུར་ཞུ་ཐབས་རྩ་བ་ནས་མེད་ན། བསྟན་དོན་དུ་འཆི་བ་དོན་དང་ལྡན་ཞིང༌།
རང་སྲོག་བློས་བཏང་གིས་ཞི་དྲག་ཐབས་ སྒོ་གང་དགོས་ཀྱི་ཡ་ལེན་ཞུ་རྒྱུ་སྤྱི་དང༌། དེ་འབྲེལ་རང་ཁ་རང་གསོ་ཐུབ་ཐབས་ཀྱི་མཆོད་རྒྱུན་མ་འཁྱེར་གྱིས། རང་འཁོས་ལ་གཞིག་པའི་ཚོང་འཁོས་ཐབས་ཤེས་ལ་གནས་སྟེ། རང་གཞུང་ཆེན་པོའི་བཀྲིན་སྙིང་བཅངས་ཀྱི་ཉམས་ཆུང་འགྲོ་བཟོ་སྡོད་མཁས་ཞུ་བཞིན་ པར།
བཀའ་དྲིན་ཆོག་ཤེས་ཞུས་མི་ཆོག་པའི་ནག་མེད་ཉེས་དཀྲིའི་ལེ་འདོགས་ཀྱི་ ཉམས་ཆུང་ འགྲོ་སྡོད་མི་ཤེས་པའི་སྤྱི་དོན་སྒེར་ལྷུངས་ཀྱི་རང་ཁོངས་མི་དྲག་གཞན་ཆེུང་སུ་ འདྲ་ཞིག་ལ་ལག་བརྒྱག་འཛིན་བཟུངས་སོགས་ཀྱི་བཙན་དབང་རིགས་བྱུང་ཕྱིན་ཚང་མ་བདེ་ སྡུག་གཅིག་གྱུར་ལ་བརྟེན་སྦྲང་མ་མེ་འོད་དུ་ཆག་རེ་བྲལ་དོན་རང་ཟོན་ངོ་ལྐོག་ སྤང་པའི་གཅིག་རྒྱབ་གཉིས་གནོན་གྱི་དེ་ལེན་
དེ་མཇལ་ཐུབ་ངེས་ཀྱི་ཚང་མས་རང་ སྲོག་འཕངས་པ་མེད་པའི་གདུང་ཤུགས་གཅིག་བསྒྲིལ་གྱི་རྒྱག་གཅིག་མཆོངས་གཅིག་ཞུ་ རྒྱུ་སྨོས་མེད་ཁར་དམག་སྒར་འདུས་འཛོམས་ཟིན་པའི་རྩ་ཚིག་དོན་ཚན་ལྔ་པོ་འགལ་མེད་ ཐོག འབྱུང་འགྱུར་དགྲ་ཚོད་དགྲ་དང་འདྲེ་ཚོད་འདྲེ་ལ་སོང་བའི་དཔེ་དོན་ལྟར་གློ་བུར་ དུ་ལས་ལམ་ཡོང་མིན་གྱི་དགེ་སྐྱོན་ངན་དྭོག་ཇི་ཡོངས་ངེས་མེད་ལ་བརྟེན།
དེ་ མཚམས་དགྲ་གྲོགས་ལེགས་ཉེས་ཇི་ལྟར་བྱུང་ཡང་སྔོན་ལས་བཟློགས་མེད་ཀྱི་བབས་ བསྐོས་ལ་རྟེན་ཐེ་ཚོམ་ཕྱིར་བགྲོས་གོམ་གང་མེད་པའི་མེ་རླུང་ཕྱོགས་གཅིག་གི་སྒོ་ ནས། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་ཁོ་ནས་ཚང་མ་དམ་ཚིག་ཟོང་ཁ་ཆིག་བསྒྲིལ་གྱིས་ བསྟན་དོན་དུ་རང་སྲོག་འདོར་ནུས་་ཀྱི་དགྲ་་བྱུང་ན་གྲི་གུ་མཉམ་འདོན་དང༌།
གྲོགས་ བྱུང་ན་ཕོར་བ་མཉམ་འཛུགས་ཞུ་རྒྱུར་ཚང་མ་སྤྱི་མོས་ཀྱི་བློས་བླངས་བྱུང་ དོན་རྣམས། ལག་ལེན་འཁེལ་མིན་རིགས་ག་ལ་ཡོང་སྲིད་ཀྱང༌། ཡིན་རུང་སླད་བབས་བཀོད་བྱེད་བདེའི་ཉེས་ཆད་ཁ་གསལ་ཞིག་དགོས་གནས་ཆེ་བར་བརྟེན་ གསང་བ་གལ་ཆེའི་ནང་བགྲོས་གྲ་སྒྲིགས་བྱ་དགོས་རིགས་དོན་མེད་ཕྱི་འཆར་བྱུང་ན།
ཉེས་ ཆད་དངུལ་སྲང་ཉིས་སྟོང་ལྔ་བརྒྱ་ཐམ་པ་སྤྱི་ཕན་རྒྱག་སྤྲོད་བྱ་དགོས་དང༌། དེ་འབྲེལ་མི་རྟ་གོ་ལག་བཅས་པའི་ཐོ་གཞུང་ཟུར་ཡོད་ནང་གསལ་ནས་བསྟན་དོན་དགོས་གལ་ གྱི་ཆུ་བཞི་སྒང་དྲུག་ནས་ལེན་བརྡ་བྱུང་འཕྲལ་ས་གནས་དེར་དུས་འབྱོར་མ་བྱུང་ཚེ་ ཉེས་ཆད་དངུལ་སྲང་ལྔ་སྟོང་ཐམ་པ་སྤྱི་ཕན་རྒྱག་སྤྲོད་བྱ་རྒྱུ།
ལྷག་པར་གན་ རྒྱ་འདི་བཞིན་རང་མོས་བློས་བླངས་ཀྱི་རྟགས་འཛུགས་བྱས་པ་ལས། བཙན་ཐེལ་བླངས་པ་སོགས་རྩ་བ་ནས་མིན་པར་རང་དྲིན་རང་ལ་ཆུང་པའི་ཁ་བཤད་ལག་ལེན་ རྒྱབ་འགལ་གྱི་ནང་གཏམ་ཕྱི་བསྐྱེལ་མི་གཅིག་མགོ་གཉིས་ཀྱི་ཚུལ་མིན་རིགས་བྱ་མི་ སུ་འདྲ་ཞིག་བྱུང་ཡང༌།
མིག་ན་ལག་བཟོས་དེ་དག་ལ་ཉེས་པ་སྲོག་ཐོག་དུ་གཏོང་ རྒྱུ་བཅས་ལ་ཚང་མ་བློ་མཐུན་ གྱི་ཁ་དན་གཙང་ཆོད་ཟིན་པ་འདི་དོན་ལས་དུས་ནམ་ཡང་མི་འགལ་ཞིང༌། གལ་སྲིད་གོང་དོན་རང་མོས་ཀྱི་བློས་བླངས་ཞུས་པར་མི་གནས་པའི་འགལ་འགྲོའི་རིགས་ སྦྲང་སྒྲ་ཙམ་དྲགས་ཞན་སུ་ཐད་ནས་ཞུས་གླེང་ཤར་ཚེ་གོང་གསལ་འགལ་ཆད་སྒྲུབས་འབུལ་ ཞུ་དགོས་སྨྲོས་མེད་ཁར།
ཁྲིམས་ཞབས་རིན་པོ་ཆེ་ནས་དེ་ཐོག་འགལ་ཉེས་༧བླ་དཔོན་ཆེན་པོས་བཀའ་ཇི་སྩལ་སྡིག་བསགས་རང་འཁུར་ཞུ་རྒྱུུའི་རྟགས་རིམ་འབུལ་གྲས།
ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ་གྱི་རྟགས།༴
ཆ་ཕྲེང་གཙོ་འཛིན་འོ་སྲོབ་ཐུབ་བསྟན་གྱི་རྟགས།
འབའ་པ་གཙོ་འཛིན་ཕྱག་མཛོད་བཀྲིས་ཀྱིས་རྟགས།༴
རྒྱལ་ཐང་གཙོ་འཛིན་བསོད་ནམས་ཀྱི་རྟགས།༴
འཇོལ་ཀོང་གཉིས་ཀྱི་གཙོ་འཛིན་ཕྱག་མཛོད་བློ་བཟང་ཕུན་ཚོགས་ཀྱི་རྟགས།༴
རྟའུ་གཙོ་འཛིན་ནོར་བུའི་རྟགས།༴
དཀར་མཛེས་གཙོ་འཛིན་ཕྱག་མཛོད་ཚུལ་ཁྲིམས་ཀྱི་རྟགས།༴
རྫ་ཁོག་གཙོ་འཛིན་ཨ་དཀར་གྱི་རྟགས།༴
སྒར་པ་གཙོ་འཛིན་དབང་ཆེན་ལྷ་མགོན་གྱི་རྟགས།༴
སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེའི་རྟགས།༴
གོ་འཇོ་གཙོ་འཛིན་ཆོས་སྲུབ་ཨ་རྐག་ཀྱི་རྟགས།༴
སྨར་ཁམས་གཙོ་འཛིན་འགུ་གྲགས་ཀྱི་རྟགས།༴
བྲག་གཡབ་གཙོ་འཛིན་བཀྲ་རྣམ་གྱི་རྟགས།༴
ཆབ་མདོ་གཙོ་འཛིན་བློ་ཉིའི་རྟགས།༴
ཚ་བ་རོང་གཙོ་འཛིན་དམ་པ་བློ་གྲོས་ཀྱི་རྟགས།༴
རྒྱལ་རོང་གཙོ་འཛིན་ཐུབ་བརྟན་ཡར་འཕེལ་གྱི་རྟགས།༴
བྲག་འགོ་གཙོ་འཛིན་སེམས་ཉིད་རྡོ་རྗེའི་རྟགས།༴
དར་དགོན་གཙོ་འཛིན་པད་རྡོའི་རྟགས།༴
མེ་ཉག་གཙོ་འཛིན་ཡོན་ཏན་རྒྱ་མཚོའི་རྟགས།༴
ཨ་མདོ་གཙོ་འཛིན་ལེགས་བཤད་ཀྱི་རྟགས།༴
ཉག་རོང་གཙོ་འཛིན་སྐལ་བཟང་རྡོ་རྗེའི་རྟགས།༴
ཨ་མདོ་སྤྱི་འཐུས་སྦྱིན་པ་རྒྱ་མཚོའི་རྟགས།༴
སྤྱི་འཐུས་གཞིས་རྩེ་ལས་གཙོས་སྤེན་ཟུར་རྡོ་ནོར་གྱི་རྟགས།༴
ཞེས་ འཁོད་ཡོད་པ་རེད། དེ་རྗེས་སླར་ཡང་དམག་ཤོག་སོ་སོའི་བརྒྱ་དཔོན་དང༌། རང་འོག་དཔུང་དམག་ཁག་གི་དམག་སྒྲིག་དམ་འཛིན་གྱིས། གན་རྒྱ་གལ་ཆེན་ཞིག་བཞག་པ་དེའི་ནང་འཁོད་དོན།
ཤོག་སོ་སོའི་བརྒྱ་དཔོན་སོ་ སོའི་འོག་ནས་སྤང་བླངས་ཞུ་རྒྱུའི་གན་རྒྱ་ཞེས་པའི་ཁ་བྱང་འོག ༈ ས་ཁྱི་ཟླ་ ༧ ཚེས་ ༢༠ ལ། ལུགས་གཉིས་༧གོང་མ་ཁྲིམས་བདག་རིན་པོ་ཆེའི་༧ཞབས་དྲུང་དུ། ཞུ་བ། མིང་རྟགས་གཤམ་གསལ་དོ་བདག་རྣམས་ནས་བློས་བླངས་འགྱུར་མེད་གན་རྒྱ་གཙང་འབུལ་ཞུ་ སྙིང༌། ན་རྩ་མདོ་སྨད་ཆུ་བཞི་སྒངས་དྲུག་དང༌།
ཨ་མདོ་བཅས་བསྟན་དོན་དུ་དྭངས་ ལེན་ཕྱིར་ཐོན་བྱས་པ་ཡིན་ན་སྒྲིགས་ཁྲིམས་སྔོན་ འཇོགས་ཀྱི་འབྲུ་དོན་ལྟར་ཤོག་སོ་སོའི་བརྒྱ་དཔོན། བཅུ་དཔོན་ནས་མགོ་འོག་ལུས་ཕྱུར་གྱི་མི་སེར་འབྲོག་པ་སོགས་ལ་འཕྲོགས་བཅོམས་བྱས་ མི་ཆོག་པ་དམག་སྤྱི་ཁང་ནས་བཀའ་འདམས་མ་གོ་མ་ཐོས་མེད་པ་གནང་རུང༌།
ལམ་བར་མི་ ངན་དཀྲུགས་བཤིགས་འགའ་ཞིག་ནས་འཕྲོགས་བཅམས་ཆེ་བཟོས་བཏང་བ་དེ་ནི་རྩ་ བ་ནས་མི་ལེགས་པ་ཡིན་གཤིས་ད་ཚེས་ ༢༠ ནས་བཟུངས་བརྒྱ་དཔོན་རྣམས། སྒྲིགས་ཁྲིམས་སྐོར་གསར་དུ་བཀོད་པ་ཉམས་ལེན་ཞུ་རྒྱུ་དམག་མི་དྲགས་ཞན་སུ་ཐད་ནས། རང་བསྟན་བཤིགས་བསམ་གྱི་མི་སེར་ཐོག་ལམ་བར་འཕྲོགས་བཅམས་མི་ཆོག་པ་དང༌། གཙོ་བོ་ཤོག་སོ་སོའི་བརྒྱ་དཔོན་མིང་རྟགས་རྣམས་ནས།
བསྟན་པ་མགོ་བཤིག་མིན་ པའི་ཐོག་ནས་སྒྲིགས་ཁྲིམས་འགྲོ་འདུག་གི་སྐོར་བཀོད་བཤད་ ལ། དམག་མི་ནས་ཡ་ལན་ཚིག་གཅིག་ཙམ་ཞུ་རྒྱུ་མེད་པ་ལས། གལ་སྟེ་མི་ངན་དཀྲུགས་བཤིགས་འགའ་ཞིག་ནས། ཁྲིམས་མེད་ཀྱི་ཡ་ལན་ཚིག་རྩ་ཙམ་ཞུས་གླེང་ཤར་ན། ཤོག་ཚང་མའི་བརྒྱ་དཔོན་བཀའ་གྲོས་ཐོག་ནས། འགལ་འཛོལ་ཆེ་ཆུང་ལ་གཞིགས་པས་འཕྲལ་འཕྲལ་རྟ་ལྕགས་ཉིས་བརྒྱ་ནས།
ལྔ་བརྒྱ་བར་ ལུས་སྟེང་དུ་ཚ་གཏོང་བྱེད་རྒྱུབརྒྱ་དཔོན་ཚང་མ་བསམ་གྲོས་གཅིག་ མཐུན་ཐོག ཐག་གཙང་བཅད་ཟིན་པ་འདི་ལ་ཉམས་ལེན་བྱ་རྒྱུ་བྱས་པའི་གྲས།
གོང་དོན་ལྟར་ཁ་དང་འབའ་བ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ག་དང་ཀོང་རག་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ང་དང་ཆ་ཕྲེང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཅ་དང་ཨ་མདོ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཆ་དང་འཇོལ་པ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཇ་དང་ལི་ཐང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཉ་དང་ཉག་རོང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཏ་དང་ཚ་རོང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཐ་དང་རྒྱལ་ཐང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ད་དང་དཀར་མཛེས་བརྒྱ་དཔོན་ལག་སྐོར་གྱི་རྟགས།
པ་དང་དར་དགོན་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཕ་དང་རྟའུ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
བ་དང་གོ་འཇོ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
མ་དང་བེ་རི་ཞིང་སེ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཚ་དང་ཆབ་མདོ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཛ་དང་བདེ་དགེ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཝ་དང་བྲག་གཡབ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཞ་དང་རྒྱལ་རོང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཟ་དང་སྒ་བ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཡ་དང་སྨར་ཁམས་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཀ་སྦུག་བརྒྱ་དཔོན་ལག་སྐོར་གྱི་རྟགས།
རྒྱལ་རྩེ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
སྟོང་སྐོར་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཞེས་འཁོད་ཡོད་པ་རེད།
གོང་ གསལ་ཡིག་ཆ་དེ་དག་གིས། བསྟན་སྲུང་དང་བླང་དཔའ་བོའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་དང༌། རེ་བ། འཆར་གཞི། ལག་ལེན་བཅས་ཀྱི་ལངས་ཕྱོགས་གང་ཞིག་གཟུང་ཡོད་པ་དེ། གསལ་པོར་མཚོན་ཡོད་པ་རེད།
ད་དུང་དམག་མི་བྱེ་བྲག་པ་འགའ་ཞིག་གིས། ཆུ་སྒང་དམག་ཁྲིམས་དང་འགལ་བ་བྱུང་རིགས་ཚོར་ཡང༌། ཕྱི་ཆད་སྤང་བླང་ཐད་ཁག་ཁུར་དང་དོ་བདག་གིས་མཛུབ་ཐེལ་ལམ་མིང་རྟགས་བཀོད་པ་ཡང་ དུ་མ་བྱུང་སྣང་ཞིང༌། ཆུ་སྒང་མ་ཡིག་ནང་ཡོད་པའི་དཔེ་མཚོན་ཙམ་ཞིག་བགྲང་ན།
༈ ས་ཁྱི་ཟླ་ཚེས་ལ་ཨ་མདོ་པདྨ་རྣམ་རྒྱལ་གྱི་སྤང་བླངས་ཞུ་གསལ།
༈ ས་ཁྱི་ཟླ་ཚེས་ལ། ལུགས་གཉིས་༧གོང་མ་ཁྲིམས་བདག་རིན་པོ་ཆེ་ཞབས་དྲུང་དུ།
ཞུ་ བ། མིང་རྟགས་གཤམ་གསལ་རྣམས་ནས་བློས་བླང་ཕྱིར་འགྱུར་མེད་པའི་གན་རྒྱ་གཙང་འབུལ་ཞུ་ སྙིང། དོན་རྩ། གུས་འབང་ཨ་མདོ་བ་པདྨ་རྣམ་རྒྱལ་འདི་པས་ཆུ་བཞི་སྒང་དྲུག་གི་དམག་ཁོངས་ཡིན་ཚུལ་ མཚོ་སྣ་ཕྱོགས་ནས་མི་སེར་བཅོམ་འཕྲོག་དང་འབྲེལ་བའི་རྟའུ་སྐུར་འདེད་ཚོད་མེད་ བཏང་སྟེ་གནོད་འགལ་བྱས་པའི་སྐབས་དེར།
ས་ཤེར་དཔོན་དམག་ལྷན་རྒྱས་ནས་འཛིན་ བཟུང་དོ་དམ་གྱིས་དམག་སྒར་དུ་རྩིས་འབུལ་ ཞུས་ནས་རྒྱ་མི་སོགས་མ་ཡིན་པའི་ངེས་པ་མེད་ན་ཁྲིམས་བཅོད་དྲག་པོ་བཏང་འདོད་མཐར་ ཕྱིན་གནང་རྒྱུ་ཉག་གཅིག་ཁར། ཨ་མདོ་བ་ཐོུང་ནས་ཁྲིམས་བཅོད་མ་དགོས་པ་ཞུས་སྟབས་སླད་ཕྱིན། རྒྱ་ཕྱོགས་སུ་དམག་སྒར་འདི་གའི་གནས་ཚུལ་དང༌། ནང་གཏམ་ཕྱིར་བསྐྱེལ་སོགས་ཀྱི་འགལ་རིགས་ཕྲ་མོ་མི་བྱེད་རྒྱུ་དང༌།
དམག་སྒར་ སྤྱི་དང༌། ཨ་མདོ་ནང་ཁུལ་སོགས་ཀྱི་བཀོད་ངག་ཇི་བྱུང་བཀའ་གསུང་དྭང་ལེན་ཞུ་རྒྱུ་ལས། གལ་སྲིད་འགལ་རིགས་ཤར་ཚེ་བཀའ་ཉེས་ཇི་རྩལ་སྡིགས་བསགས་རང་ཁུར་ཞུ་རྒྱུ་ཞུས་པ་ དོ་བདག་གོང་མིང་གྱི་རྟགས།
ཁག་ཐེག་འགན་ལེན་ང་ཡིན་ཞུས་པ་ཨ་མདོ་གཙོ་དྲགས་ཁྲ་མོ་དང༌། ཆོས་དྲག་བཅས་ལག་བསྐོར་གྱི་རྟགས།
༈ ས་ཕག ཆ་ཕྲེང་མི་བཅུའི་གན་རྒྱ་དགེ ཞེས་པའི་འོག ༈ ས་ཕག་ཟླ་ཚེས་ལ། ལུགས་གཉིས་༧གོང་མ་༧ཁྲིམས་བདག་རིན་པོ་ཆེ་༧ཞབས་དྲུང་དུ།
ཞུ་ བ། བདག་མིང་རྟགས་འཁོད་གཤམས་གསལ་རྣམས་ནས་བློས་བླངས་འགྱུར་མེད་ཀྱི་གན་ཚིག་གཙང་ མར་འབུལ་སྙིང༌། དོན་རྩ། མདོ་ཁམས་ཆུ་བཞི་སྒང་དྲུག་༧རྒྱལ་ཁབ་ཉི་ཤུ་རྩ་གསུམ་གྱིས་ཁོངས་སུ་ཞུག་རིགས་ཚང་ མ། ཉམ་ལེན་སྙིང་པོ་ཞུ་སྒོ། དོན་ཚན་ཉི་ཤུ་རྩ་བདུན་འགལ་འཆར་ཁྲ་མོ་ཙམ་དངོས་ཤུག་གང་སར་སུ་ཐད་ནས་ཁྲ་མོ་ཙམ་ འགྲོ་རིགས་ཤར་ཚེད་འབའ་༧བླ་དཔོན་བཀའ་ཇི་རྩ་ཐོག
ཁ་དབང་ཕྱིར་བཞེས་དང་འབྲེལ་ ལུས་སྟེང་སུ་ཉེས་ཆད་དྲག་པོར་སྤྱོད་པ་ཞུ་ཞུ། དོ་བདག་སོ་སོའི་མིང་འཁོད་ཀྱི་ཆ་ཕྲེང་ཚོང་བློ་བཟང་སྦྱིན་པའི་ཁོངས་མི་གྲངས་ བཅུ་ཡོད་པ་སྤྱིའི་ལག་སྐོར་བའི་རྟགས།
ཁག་ཐེག་འགན་ལེན་ལི་ཐང་ཨ་འབྲུག་ཁོངས་བསོད་ནམས་མགོན་པོའི་རྟགས།
རྗོད་དོན་གོང་བཞིན་ཞུ་བ་ཆ་ཕྲེང་ཁོངས་ངག་དབང་ཕྲིན་ལས་ཀྱི་རྟགས།
ཁག་ཐེག་འགན་ལེན་ལི་ཐང་ཨ་འབྲུག་ཁོངས་བསོད་ནམས་མགོན་པོའི་རྟགས།
ས་ཁྱི་ལྷ་རི་བདེ་ཆེན་དགོན་དང༌། སྡེ་དགེ་གཉིས་དབར་མི་བསད་སྒོར་གྱི་འདུན་གན་འདྲ་ཡ་དཔོན་པད་སྟོབ་དང༌། དཔོན་ཨ་ནོར་གཉིས་ནས།
༈ ས་ཁྱི་ཟླ་ ༡༡ ཚེས་ ༢༨ ལ། ཕན་བདེའི་འབྱུང་གནས་ལུགས་གཉིས་༧གོང་མ་ཁྲིམས་བདག་རིན་པོ་ཆེའི་ཞབས་དྲུང་དུ།
ཞུ་བ། མིང་རྟགས་གཤམ་གསལ་ལྷ་རི་བདེ་ཆེན་དགོན་དང༌། སྡེ་དགེ་བ་ཕན་ཚུན་གྱོད་འཕྲུལ་བར་འདུམ་དཔོན་འགོ་བཅས་ནས་འདི་ཕྱི་མི་འགྱུར་ བའི་གན་རྒྱ་འདྲ་གཉིས་གཙང་མར་འབུལ་འཇོག་ཞུ་ཤིང༌། དོན་རྩ། ཟླ་ ༡༠ ཚེས་ ༢༦
ཉིན་སྡེ་དགེ་ཤོག་ནས་སྐྱ་མི་ལྔ་ཨོ་སོག་རོང་ལྷ་རི་དགོན་གྱི་མཆོད་རྟ་ འཇོག་སར་ རྟ་ཆག་རྒྱག་པའི་ཆེད་འབྱོར་བྱུང་བར་བརྟེན་ལྷ་དགོན་གྲྭ་དམངས་ཁྱུ་གཅིག་ནས་ མཆོད་རྒྱུན་ཉོ་ཆག་འགྲོ་གཞི་བློ་དོགས་དཔུང་བསྒྲིལ་ཨོ་རོང་ཞ་ཆུང་སྟེང་འགག་ བསྒུགས་སོང་རྗེས་དགོན་གྱི་ལས་སྣེ་རྣམས་ནས་ས་རྫོང་དུ་༧སྙན་སེང་ཞུས་འཕྲད་ཕན་ ཚུན་གཉིས་ཀར་འཐབ་འཛིངས་མི་འབྱུང་ཆེད་གམ་གཡོག་
ཆེད་བཏང་མཛད་པར་སྡེ་དགེ་ རྟ་ཆག་རྒྱབ་སྟེ་ཡར་སོང༌། གྲྭ་དམངས་བསྒུགས་ར་ཕན་ཚུན་གདོང་ཕྲད་དབར་གམ་གཡོག་ནས་བར་མོལ་བྱས་འདུག་རུང་ སྔོན་ལ་བསྟད་རྐྱེན་ཇི་དབང་ཉན་འཇོག་མེད་པས་འཐབ་འཛིངས་ཀྱི་ཚུན་ལྷ་དགོན་གྱི་ རྟ་གཅིག་མེ་འཕེན་དམར་བསད། ཕར་སྡེ་དགེ་མི་གཉིས་དམར་བསད་བཏང་བ་སོགས་དཀྲོགས་རིན་ཆེན་བཟོད་ཁེ་ཉེན་ཅི་ཆེར་ བརྟེན་ལྷ་རི་རྫོང་ལྡིང་གཉིས་དང༌།
སྡེ་དགེ་དཔོན་འགོ་ལྷན་བཅས་ནས་གཞུང་སའི་ ཆབ་འབངས་གཅིག་གྱུར་ཀླད་ལར་འཕྲོག་ལོང་ མི་འབྱུང་བའི་བདེ་འཇགས་ཡོང་ཆེད་ཡིག་འཕྲིན་ཐོག་ནས་གྱོད་དུས་ཟླ་ ༡༡ ཚེས་ ༡༩ ཉིན་ལྷ་རི་རྫོང་ལྡིང་གཉིས་དང༌། སྡེ་དགེ་མཁར་མདོ་དཔོན་པད་སྟོབས། གོང་གསལ་མི་འཆི་གཉིས་ཀྱི་འགོ་དཔོན་སྡེ་དགེ་འཇུ་ཆུང་དཔོན་པད་སྟོབས་དང༌། སྟོ་རུ་དཔོན་ཨ་ནོར། དམག་སྤྱི།
སྤྱི་འཐུས་བཅས་བསམ་མདའ་བོན་དགོན་དུ་ལྷན་ འཛོམས་ཐོག་ནས་ལྷ་རི་མངའ་ཁུལ་སེར་ སྐྱི་སུ་ཐད་ཀྱི་ཁྲིམས་འགལ་བྱེད་འཛོལ་རྣམས་ལྷ་རྫོང་ཁྲིམས་ས་རང་ནས་དཀར་ནག་ ཞིབ་བཤེར་མཛད་རྒྱུ་ཕུད། ལྷ་དགོན་དང༌། སྡེ་དགེ་གཉིས་དབར་ལེགས་སྤེལ་ཉེས་འགོག་གི་བཀའ་མོལ་གནང་བས་རྡོ་དོན་སྙིང་པོར།
སྡེ་ དགེའི་དཔོན་འབངས་རྣམས་ནས་རྒྱ་དམར་གུང་ཁྲན་ཏང་ལ་ངོ་རྒོལ་རང་ཡུལ་སྤངས་ཏེ་ ཆོས་ལྡན་གྱི་ཞིང་སར་བློ་ལྟས་ལྷ་རི་འགོ་སྔ་འབྱོར་དང༌། མདོ་སྨད་ཆུ་སྒང་བསྟན་སྲིད་དྭངས་བླངས་དམག་ཕྱིར་འབྱོར་བཅས་ཀྱི་མཉམ་སྡུག་གཅིག་ གི་བསྟན་དགྲ་མཐར་སྐྲོད་གཏོང་ཕྱོགས་ཆེད་རྟ་ཤ་རམ་ཡོད་མེད་བརྗེ་འཕྲུལ་བྱེད་པར་ ལྷ་དགོན་གྲྭ་རིགས་ནས་རྗེས་ཡོང་སྔོན་དྲན་མེད་པས་གདོང་བཀག
སྡེ་དགེ་མར་ཡོང་ ནས་ཀྱང་རང་དྲན་གང་ཤར་བཅས་དབར་ལྷ་རྫོང་གམ་གཡོག་ཆེད་འབྱོར་ནས་ དོ་བདག་ཕན་ཚུན་གཉིས་ཀར་གོ་བཀྲོལ་བྱེད་པར་ཉན་འཇོག་མེད་པའི་ལག་སྔ་འགྱོད་སུ་ ཡིན་སོགས་ཀྱི་ཁྲིམས་གསོལ་བརྡ་འདེད་ཞིག་ངེས་པར་བྱ་རྒྱུ་ཡོད་ངེས་ཀྱང༌།
དུས་ བབས་བསྟན་ལར་ཕན་ཚུན་ངལ་བ་རྒྱུན་ཆུ་བརྒྱ་ཟམ་འོག་ཏུ་བཏང་སྟེ་སྡེ་དགེ་མི་ རྐྱེན་འཆི་གཉིས་ལ་མི་རེར་མི་སྟོང་སྲང་རྡོ་དགུ་བརྒྱ་རེ་ཆ་བཞག་ཐོག་ནས་ཊམ་རྡོ་ སུམ་བརྒྱ་ཐམ་པ་རེ་རྐྱེན་འདས་གཉིས་ཀྱི་རྗེས་ཤུས་དགེ་རྩ་ལྷ་རི་བདེ་ཆེན་དགོན་ དུ་ཕྱིར་འབུལ་གྱི་༧རྒྱལ་བསྟན་ཇི་སྲིད་བར་ལོ་ལྟར་སྨོན་ལམ་ཉིན་གསུམ་དང༌།
ཚེ་ བསྒྲུབ་བཅས་ཀྱི་ཚོགས་ཐེབ་དུ་དད་ལུས་ཞུས་པ་ལྟར་འདས་སོན་དད་རྫས་ཆུ་བཟོས་ སུ་མི་འགྲོ་བ་གནང་དགོས་རྒྱུ། འཕྲོས་མི་གཉིས་ཀྱི་སྟོང་ཊམ་རྡོ་ཆིག་སྟོང་ཉིས་བརྒྱ་ཐམ་པ་ལྷ་དགོན་པས་བསྒྲུབས་ འཇལ་གཙང་མ་ཟིན་པ་དང༌། སྡེ་དགེ་ནས་བརྩོད་འཛིང་མི་འབྱུང་ཐབས་ལྷ་རྫོང་གམ་གཡོག་ཆེད་བཏང་ཅན་མེད་ཞུས་ པའི་དཔོན་བཤགས་འཕར་ཊ་གཅིག་དང༌། དངུལ་རྡལ་བརྒྱ་ཐམ་པ།
ལྷ་དགོན་ནས་བསྟན་ལར་ བསམ་ཞིབ་མེད་པའི་སྡེ་དགེ་བསྟན་སྲུང་དམག་གཉིས་བསད་པས་ དཔོན་ཁག་བདུན་ལ་བཤགས་པ་ཁ་བར་ཊ་གཅིག་དང༌། གཡག་གཅིག ཆུ་སྒང་བསྟན་སྲིད་དམག་སྤྱི་ཁང་དུ་ཕྱོགས་རེ་ནས་ཁ་བཏགས་རེ་དང༌། དངུལ་སྟང་ཉིས་བརྒྱ་ལྔ་བཅུ་ཐམ་པ་རེ་འགྲིགས་རྟགས་ཕུལ་བ་བཅས།
ད་ནས་བཟུང་ཕན་ ཚུན་གྱོད་འཕྲུན་གཙང་མཆོད་ཟིན་དོན་ད་ཕྱིན་འབྱུང་འགྱུར་གཅིག་ཕན་ གཅིག་གྲོགས་འཆར་བ་གྲུ་འདེགས་བྱེད་པ་མ་རྟོགས་འདྲ་དཔེ་རྒྱས་འདེབས་བསམ་བཏང་ དྲན་སྐྱེད་གླེང་ངན་སྦྲང་སྒྲ་ཙམ་མི་འབྱུང་བའི་འཁོན་མེད་ཉི་མ་སྤྲིན་བྲལ་གྱི་ གནས་འཇགས་སུ་འདི་དུས་འདི་མིན་སོགས་དུས་ནམ་ཡང་མི་ཞུ་བ་འདི་ལས་མི་འགལ་ཞིང༌།
གལ་ སྲིད་འགལ་བའི་གན་ཚིག་འདིར་བརྟན་བཤིགས་ཕྲ་མོ་ཙམ་སུ་ཐད་ནས་ཞུ་གླེང་ཤར་ཚེ་ ཁྲིམས་ཞབས་རིན་པོ་ཆེར་འབའ་གཉེར་དང་བརྒྱ་དང་ལྔ་བཅུ་བར་འགལ་བ་པོ་ནས་སྒྲུབ་ འབུལ་ཞུ་རྒྱུའི་ཐོག སླར་ཡང་གན་ཚིག་འབྲུ་དོན་འདི་རང་ལ་སོར་གནས་རྒྱུན་འཁྱོངས་ཡོད་པ་ཞུ་རྒྱུའི་དོ་ བདག་ལྷ་རི་བདེ་ཆེན་དགོན་གྱི་སྤྱི་ཐམ་སུ་ཕུལ་བའི་རྟགས།
དོ་བདག་སྡེ་དགེ་ རྐྱེན་འདས་ཀྱི་ཁྱིམ་ཚང་ཀྲི་ལུང་ཚང་དང༌། འགོ་ལོག་ཚང་གཉིས་ཀྱི་རྟགས། ལྷ་རི་བདེ་ཆེན་དགོན་གྱི་བར་དཔང་ལྷ་རི་རྫོང་ལྡིང་གཉིས་ཀྱི་ལས་ཐམ། སྡེ་དགེ་རྐྱེན་འདས་ཁྱིམ་ཚང་གཉིས་ཀྱི་བར་དཔང་རང་དཔོན་འཇུ་ཆུང་དཔོན་པད་མ་ སྟོབས་ཆེན་དང༌། སྟོ་རུ་དཔོན་ཨ་རྣམ་གཉིས་ཀྱི་ཐམ་ཁ།
ཕྱོགས་ཕན་ཚུན་གཉིས་ཀྱི་བར་དཔང་མཁར་མདོ་དཔོན་སྐལ་བཟང་སྟོབས་རྒྱལ་གྱི་དཔང་ཐེའུ།
༈ ས་ཕག་ཟླ་ ༢ ཚེས་ ༢༧ ལ། ལུགས་གཉིས་༧གོང་མ་ཁྲིམས་བདག་རིན་པོ་ཆེའི་༧ཞབས་དྲུང་དུ། ཞུ་བ། མིང་རྟགས་བཤམ་གསལ་དོ་ཁག་རྣམས་ནས་བློས་བླངས་མི་འགྱུར་བའི་གན་རྒྱ་གཙང་འབུལ་ ཞུ་སྙིང།
དོན་རྩ་བོད་གཞུང་ཞི་དྲག་ལས་ཁུངས་ནས་ཆེད་རྩལ་ཕོགས་བརྒྱ་ངོ་འཁོས་ སྐེ་ཁུལ་དོན་ སྤྱོད་བསྐྱོད་པའི་དོན་ཚན་གཉིས་པར་འདི་གའི་སྔ་ཞུས་སྒེར་སེར་སྐྱ་མཆོག་དམན་ཚང་ མ་ཁུངས་གཏོགས་སུ་དྲག་ཆས་དང༌། ལྡེའུ་སོགས་གང་ན་ཅི་ཡོད་བསྟན་དོན་གལ་ཆེར་བསམ་སྟེ། ལྷག་བསམ་རྣམ་དག་གི་དངས་བླངས་འབུལ་ལམ་ཞུ་དགོས་སྤྱི་ཕེབས་དོན་བཞིན།
རང་ སྣོང་ངོས་བླངས་ཀྱིས་འབུལ་ལམ་ཞུ་མི་རྣམས་གཞུང་ཁྲར་བཀོད་འབུལ་དང་འབྲེལ། སླད་ཕྱིན་བསྟན་པ་རང་ཟིན་སྐབས་ལ་ཕྱིར་སྤྲོད་ཆོག་རྒྱུ་ལས། བསྟན་དོན་གལ་ཆེ་ཕན་མེད་སྣོད་འགྱུར་བྱ་གལ་མེད་སྟབས། དོན་མེད་བློ་རྩེ་གཉིས་འཛིན་དང༌། བསྟན་དགྲའི་ངོན་ཕྱོགས་བཅས་ཀྱི་ད་སྐབས་རྩིས་འབུལ་མ་བྱུང་ཕྱིན་སླད་ནས།
ཡོད་ ཚུལ་ཐོན་རིགས་སོགས་ཤར་ཚེ་བསྟན་དགྲའི་ཕྱོགས་གཏོགས་དངོས་སྒྲུབ་ཡིན་སྟབས་ སྲོག་ཐོག་བཏང་འོས་དང༌། དུད་མེད་རྩ་རླག་བཏང་རྒྱུ་ཉག་ཅིག་ཡིན་པ་བཅས་མེ་ཆུང་གསོད་ཐབས་དང༌། རང་འདོད་སྦུག་ཚངས་དུ་མི་འགྲོ་བའི་ཁས་ལེན་གཙང་ཟིན་འདི་ལས་མི་འགལ་ཞིང༌། གལ་སྲིད་འགལ་གཡོའི་རིགས་སུས་ཀྱང་ཞུས་རིགས་ཤར་ཚེ། དྲག་པོ་མཛད་ངེས་རྟགས་རིམ་འབུལ་ཞུས་གྲས།
བརྗོད་དོན་གོང་ཞུ་སེ་ར་ཀོང་པོ་ ཁང་ཚན་གྲྭ་གྲགས་པ་ལྷུན་གྲུབ་བཅས། མི་གསུམ་འདི་ག་ནང་དུ་སྡོད་རྒྱུ་ཡིན་ཞུ། མདའ་རྫས་གཏན་ནས་མེད་ཞུའི་དོ་བདག་གོང་གསལ་གྱི་འགན་ལེན་ཤལ་གྲའི་མི་སེར་རྒྱ་ ལམ་སྒང་ཟླ་བ་ཚེ་རིང་གི་ས་རྟགས། ཞེས་འཁོད་ཡོད་པ་རེད།
སྐབས་དེར་ལྷར་ སྡོད་རྒྱ་དམག་གིས་ལྷོ་ཁ་བསྟན་སྲུང་དྭངས་བླངས་དམག་སྒར་ལ་ཕྱི་གླིང་པ་དང་ འབྲེལ་བ་ཡོད་པའི་དྭོགས་གཞི་ཐོག ལྷོ་ཁ་བོད་རིགས་མི་དམངས་ལྷ་སྡེ་མི་སྡེ། ཡུལ་དགོན་སྡེ་གསུམ་གྱིས་མཉམ་རུབ་ནུས་པ་གཅིག་ཏུ་སྒྲིལ་བའི་གནས་ཚུལ་ཤེས་རྟགས་ བྱུང་བ་དང༌།
བློ་མི་བདེ་བ་ཆེན་པོས་དྭངས་དམང་དང་ཡུལ་མིའི་དབར་བཀྲུགས་ཤིང་ གི་ཀྱོག་ལམ་ འཚོལ་རྒྱུའི་ངན་ཇུས་གདིང༌། ཁམས་བརྫུས་ཀྱིས་ཡུལ་མི་ལམ་འགྲོ་བ་དང་ཡུལ་འབྲོག་གང་ས་ནས་འཕྲོག་བཅོམ་གྱི་ གླེང་རྙོག་འདྲ་མིན་བྱསཔས། རེ་ཞིག་དྭངས་དམག་གི་མཚན་ལར་དོ་ཕོག་གང་འཚམ་བྱུང་བ་དང་སྟབས་བསྟུན། རང་གཞུང་ལ་ལྷར་སྡོད་རྒྱ་སྒར་ནས་ལྷོ་ཁའི་བདེ་འཇགས་ཐོག
བཀའ་ཤག་སྲིད་གཞུང་ གིས་བཀའ་བཀོད་ནན་པོ་རྒྱ་གཞུང་གི་འདོད་པ་ལྟར་གཏོང་དགོས་ ཚུལ་བརྗོད་པས། རང་གཞུང་ནས་གནས་དུས་སྟབས་བསྟུན་གྱིས། ལྷོ་ཁའི་དྭངས་བླངས་དམག་སྒར་ཕྱི་ཚུལ་གྱི་བཀའ་ཡིག་ཅིག་ཀྱང་གནང་དགོས་བྱུང་འདུག བཀའ་རྒྱ་ཡི་གེ་དེའི་ནང་འདི་ལྟར་འཁོད་ཡོད་པ་རེད།
(བོད་ཀྱི་རྒྱལ་ས་དབུ་ རུ་ལྷ་ས་ནས་དགའ་ལྡན་ཕོ་བྲང་སྲིད་གཞུང་གི་བཀའ་ཤག་ནས། ལྷོ་ཁ་གཡོ་རུ་ཡར་ལུང་ཁུལ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭངས་བླངས་ དམག་སྒར་ལ་གནང་བའི་བཀའ་ཐམ་སྦྱར་མའི་བཀའ་རྒྱ།)
༈ ཐོ་དོན། འདི་ལོ་ཟླ་ ༢ ནང་རྒྱ་རིགས་ཕྱིར་སློག་ལ་སྒྲོ་བཏགས་ཁམས་པ་དང༌། ཨ་མདོ་སོགས་ཀྱང་རིམ་སློག་བྱེད་རྒྱུའི་དཀྲོགས་གཏམ་གྱིས་རྐྱེན་པས་ལྷ་ཡུལ་མི་ དམངས་སྡོད་བཟོད་མི་བདེ་བ་བྱུང་སྐོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་སློབ་ སྤྱི་ཕེབས་དགོངས་དོན།
ཀྲུང་དབྱངས་ལ་གནས་ལུགས་ཞིབ་གསོལ་དང་འབྲེལ་ཀྲུང་ དབྱངས་ནས་ཀྱང་དགོངས་བཞེས་ ཀྱིས་གནས་ལུགས་ཞིབ་གསུང་བཞིན་གདན་ས་གསུམ་དང༌། དམག་སྒར་ཁག ལྷ་ཞོལ་གཉེར་མི་དཔོན་བཅས་ཚང་མར་དྲིལ་བསྒྲགས་བཀའ་ཁྱབ་གནང་བ་ནས་བཟུངས་ཞི་འཇམ་ བག་ཕེབས་ཀྱི་གནས་བཞིན་དེ་ལྟར་ཡང༌། ཉེ་དུས་བོད་ཟླ་ ༤
ནང་ཁྱེད་ཚོ་ ཁམས་པ་རྣམས་ནས་རྒྱུ་མཚན་གང་ཡང་མེད་པར་གློ་བུར་མི་རྟ་གོ་ཧྲག་གིས་ ལྷོ་ཁུལ་དང༌། བྱང་ཁུལ་སོགས་ལ་མངོན་སུམ་འཛེམས་མེད་ཀྱིས་རིམ་ཐོན་བྱས་འདུག་ན་དེ་ནི་ཧ་ཅང་ཐལ་ ཆ་ཆེན་པོའི་བྱ་བར་གྱུར་དགོས་དང༌། རྒྱ་བོད་ཚང་མར་དོགས་དྲོགས་ཆེད་བཟོས། བོད་མི་དམངས་བདེ་བར་འཁོས་སུ་མི་ཕེབས་པའི་གནས་ལུགས་ཐབས་སྡུག་ཐོག
ལྷག་པར་༧ གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་དམ་སང་གཞི་དང༌། འདི་ལོ་གྲ་བསྐོར་དམ་བཅའ་ཆེན་མོའི་མཛད་ཆེན་དུས་བསྟུགས་བཅས་ལ་བརྟེན་སྒོ་ཀུན་ ནས་མི་ལེགས་པས་དོན་སྙིང་ད་ལམ་གློ་བུར་དེ་འདྲ་བྱེད་དགོས་པའི་རྒྱུ་མཚན་གང་ བྱུང་སོ་སོའི་བདེ་སྡུག་དངོས་འབྲེལ་གང་ཡིན་ལྷུག་པོར་ཞུས་ཆོག་རྒྱུར། རང་རེ་བོད་རིགས་གོམས་གཤིས་ཕྱོགས་མཐུན་ཐོག
སྤྱི་དོན་༧རྒྱལ་བསྟན་གཅེས་ འཛིན་གྱིས་བྱ་བར་འདི་ནས་དམ་དོན་བྱས་འཐུས་མ་ཟད། ཕྱིན་ཆད་ཁྱོད་ཚོ་སྡོད་བཟོད་བདེ་ཞིང༌། རང་ཅག་ནང་པ་སངས་རྒྱས་པའི་ཆོས་དང༌། བོད་རིགས་གཅིག་གྱུར་ལ་བསམ་འཚོ་ཐབས་ཀྱི་ལམ་སྟོན་དགོངས་བཞེས་གནང་འོས་རིགས་ ཆོག་འཐུས་བཅས་ཁྱོད་རང་ཁམས་རིགས་དང༌།
ཨ་མདོའི་རིགས་བཅས་ཚང་མས་དགེ་སྐྱོན་བསམ་ཞིབ་འཛོལ་མེད་ཀྱིས་གནས་སྐྱེལ་འདི་གདོང་བདེ་སྡུག་༧སྙན་ཞུ་འཕྲལ་འབུལ་དགོས་རྒྱུ་དང༌།
དེ་ མཚུངས་རྒྱ་བོད་མཐུན་བསྒྲིལ་བསྟོས་བཤིགས་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་ཇི་ མི་སྙམ་པས་འདི་མུར་གྲོང་གསེབ་ཡུལ་ཚན་ཁག་ཏུ་སྡེབས་འཛོམས་མི་རྟའི་ཟ་ཆས་སོགས་ གང་ས་ནས་ཆབ་འབངས་མི་སེར་ཐོག་འཕྲོག་བཅོམ་བརྡབས་བསིགས་བཏང་གླེང་ཕྲ་མོ་ཙམ་མེད་ པ་དགོས་རྒྱུ་ལས།
ཚུལ་མིན་འཕྲོག་བཅོམས་སོགས་ཁྲིམས་འགལ་རིགས་ཤར་ཚེ་ཁྲིམས་ འདོམས་མ་བགྱིས་ཐུན་ མོང་ཡོང་གནས་ལ་ད་ལམ་འདི་ནས་དགེ་སྐྱོན་ཟོལ་མེད་དུ་བཤད་པར་ཡིད་འཆེས་གོ་ཤེས་ དང༌། འཕྲལ་ཕུགས་ཁེ་ཉེན་གང་སར་བསམ་ཞིབ་ཕྱིན་ཅི་མ་ལོག་པ་དགོས་རྒྱུ་དེ་དོན་ཡིད་ འདོམས་གྱིས། ས་ཁྱི་ཟླ་ ༥ ཚེས་ ༢ ལ།
ཞེས་འཁོད་ཡོད་པ་རེད། བཀའ་ཡིག་དེ་འབྱོར་བ་དང༌། ཆུ་སྒང་དམག་སྒར་ལྟེ་བ་ནས་ཕྱོགས་གཅིག་ནས་ཡུལ་མི་ཚོར་མཐུན་ལམ་མཇུག་སྐྱོང་གི་ ལག་བསྟར་ཐོག་སྔར་བས་ཤུགས་སྣོན་ཆེ་བ་གཏོང་རྒྱུ་དང༌། རང་ཕྱོགས་ཀྱི་དམག་ཁྲིམས་ཀྱང་ཇེ་དམ་དུ་གཏོང་པ་དང་ཆབས་གཅིག རང་གཞུང་ལ་བསྲེལ་བཀྲོལ་གྱི་གནས་ལུགས་བདེན་བརྗོད་དང༌།
དགྲ་བོ་རྒྱ་དམར་ལ་ མུ་མཐུད་རྒོལ་འཛིངས་བྱེད་འཆར་གྱི་ལས་འཆར་མཚོན་པའི་ཞུ་ཡིག་ གཅིག་ཀྱང་བའབུལ་ལམ་ཞུས་འདུག ཞུ་ཡིག་རེའི་ནང༌། (བོད་ཀྱི་རྒྱལ་ས་གཡོ་རུ་ཡར་ལུང་ཕྱོགས་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་ སྲུང་དྭངས་བླངས་དམག་སྒར་ནས་བོད་ཀྱི་རྒྱལ་ས་དབུ་རུ་ལྷ་སར་གཞུང་ས་དགའ་ལྡན་ཕོ་ བྲང་གི་བཀའ་ཤག་ལྷན་རྒྱས་མདུན་ཕུལ་བའི་ཞུ་ཡིག)
༈ དཔལ་ལྡན་ས་སྐྱོང་༧མི་དབང་ཆོས་རྒྱལ་ཆེན་པོ་ལྷན་མཆོག་གི་༧ཞབས་པད་མངོན་མཐོའི་ དྲུང་དུ། གུས་འབངས་མདོ་སྨད་ཆུ་བཞི་སྒང་དྲུག་དང་ཨ་མདོ་བཅས་མགྲིན་གཅིག་ནས་ཁུངས་སོལ་ འདེབས་སྙིང༌།
བོད་ཁྲི་སྐོར་བཅུ་གསུམ་རང་དབང་རང་བདག་བོད་རིགས་རྩམ་པ་ཟ་མི་ འདོད་པ་ཆིག་ བསྒྲིལ་ཡིན་མུས་ཀྱི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་འདི་ཕྱི་བར་གསུམ་ གྱི་སྐྱབས་འོག་ཡིན་པ་ཚང་མའི་བློ་གསལ་ཡིན་ཡང༌། བར་སྐབས་རྒྱ་ངན་གཡོ་འཕྲུལ་ཅན་གྱིས་གཡོ་ཁོངས་མི་ངན་བསམ་ལོག་རེ་ཟུང་ནས།
བོད་ ཁམས་གཙང་གསུམ་དབྱེར་འབྱེད་ཁ་འཕྲལ་བཏང་བ་རང་འོད་ཕུགས་བཅུག་དམྱལ་བའི་ རྟིང་རྡོ་ཁོ་ན་ལས་འགྲོ་ས་མེད་པ་ཡིན་སྟབས། རྒྱ་དམར་གུང་ཁྲན་ཏང་ཞེས་པ་དང་པོར་བྱ་རྒྱལ་ཁུ་བྱུག་འདྲ་བ་སྐད་སྙན་མཆོད་པ་ འབུལ་རྒྱུར། གཉིས་པ་ཨ་ཡུ་ནེ་ཙོ་འདྲ་བ་ཕ་མར་གླེང་ངན་མང་བ། གསུམ་པ་འོལ་བ་སྤི་ཤུང་འདྲ་བ་གཞན་ནོར་གཤོག་པས་འཕྲོག་པ།
སྲིན་བྱ་འུག་པ་ལྟ་ བུའི་ལྟོས་ངན་དངོས་སུ་འདོན་པ་སོགས་དམའ་འབྱིན་བསྟན་དགྲ་དེ་ བཞིན་སྤྱང་ཀིས་ར་ལུག་རྫི་བོ་མི་ཉན་ཐག་ཆོད་ལགས། བཙན་དབང་རང་གི་བྱས་ནས། གཞན་ལ་བཙན་རྒྱལ་བརྗོད་པ་ངོ་ཚ་ཞེ་ཁྲེལ་མེད་པའི་རང་རྟགས་དངོས་སུ་བསྟན་པ་རི་ བོ་ཟོས་པས་མི་འགྲངས། རྒྱ་མཚོ་འཐུང་པས་མི་ངོམ་ཇག་པ་ལ་ཤོར་ཡིན་མིན་དགོངས་ཆེད་ལྟར།
རྒྱ་མི་བོད་ ལ་འབྱོར་ནས་༧གོང་ས་ཡིད་བཞིན་ནོར་བུའི་བསྐོ་བཞག་གནང་བའི་བསྟན་ སྲིད་སྐྱེ་འགྲོ་ཡོངས་ལ་ཤ་ཞེན་ཆེ་བའི་སྲིད་ཚབ་རྣམ་གཉིས་ལ་བསྙད་མེད་བསྙད་ བཏགས་ཀྱི་བཙན་འཐེན་བྱས་སོང་བར་༧གོང་ས་མཆོག་ལ་སྐུ་དབང་ཡོད་མེད་རྒྱུ་མཚན་དེ་ ཐོག་ནས་ངེས་གསལ་ལགས་ཤིང༌།
དེ་རྗེས་མི་དམངས་སྤྱི་འཐུས་གཞིས་རྩེ་ལྷ་ཕྱུགས་ ཞེས་པ་དོན་མེད་བཙོན་བཅུག་ རྐྱེན་ངན་རླུང་ཤི་སོང་ཡང་ནང་མི་བཟའ་ཚང་དང༌། གཞུང་ས་མཆོག་གཉིས་ལ་མི་སྟོང་སྐར་ལི་ཙམ་སྤྲད་པའི་གླེང་ལྷག་མི་འདུག་པ་མི་ དམངས་བློ་ཕམ་ཆེ་ཞིང༌། རྒྱ་ངན་ནས་བོད་ས་མ་དག་དག་ཚུལ་གྱི་བཙན་དབང་བྱས་པས་མི་ཆོག། ད་དུང་ཡང་རྒྱལ་བསྟན་སྲིད་དང༌།
༧གོང་ས་ཡིད་བཞིན་ནོར་བུའི་སྐུ་དབང་ལ་བཙན་ གནོན། ཆབ་འབངས་མི་སེར་ལ་མནར་གཅོད། གཞུང་ཞབས་སེར་སྐྱ་རྣམས་བྲན་གཡོག་དང༌། ཐོང་སི་ཁྱད་མེད་གནང་དགོས་པ་བཅས་དོན་གནད་ཅི་ལ་ཐུག་པ་མ་ཟད། ཁོ་པ་གུང་ཁྲན་འདི་བཞིན་ཆོས་ལྡན་ཞིང་འདིར་ལག་རིང་བརྐྱངས་དགོས་པ་ཁོ་པའི་ཕ་ཟོག མ་ཟོག་ཇི་ཡོད་དྲི་ཞིབ་འཐབ་འཛིངས་ཀྱི་སྟེང་ནས་བྱ་རྒྱུ་ངེས་ཅན་ཡིན་པ་དང༌།
ཁོ་ པ་མ་སླེབས་གོང་དུ་ཁྲིམས་འགལ་ཉེས་ཅན་རྣམས་ས་འཛིན་རྒྱང་འཕུད་གནང་རིགས་དེ་ དག་གོ་བ་ནས་ཟད་དེ་འབྲུ་ཁང་ལས་ཁུངས་བཙུག་སྟེ། རང་དང་སྤུན་ཉེ་བཅས་པའི་ཨར་རྒྱག་ལག་སྣེ་དང་ཅི་བྱུང་གང་བྱུང་བྱས་ནས་གཞུང་སའི་ འདོན་ཕ་གཞིས་ཟོས་པའི་མི་ཆོག་རྡ་སྒོར་ལ་བལྟས་ནས། བསྟན་སྲིད་རྒྱབ་བསྐུར་དགོས་ལུགས་ལྷ་ལྡན་རྒྱངས་བསྒྲགས་དང༌།
གྲོང་གསེབ་ཁག་ ཏུ་བསམ་འཆར་ལེགས་སྦྱར་འབྲས་བཤད་ལྟར་བྱས་པ་དེ་དག འཆི་ཡང་སླར་འདྲེ་ལ་རྫུས་ནས་ཐལ་བའི་རྡུལ་ཕྲན་བཞིན་དུ་བརླག་ནུས་པའི་སྨོན་ འདུན་ཤུགས་དྲག་བྱེད་རྒྱུ་ཁོ་ན་ལས། རང་འདོད་ཕུག་བཅུག་རང་རྒྱུ་རང་སྲུང་ཡོང་རེ་རྒྱས་བསྟན་ཆབ་སྲིད་ཆང་ཕོར་གང་དང་ རྗེ་མི་ཕོད་པ་ཡིན་ན།
ཁོ་པའི་ལག་སྦྲེལ་བོད་རིགས་རྣམས་ནས་སྔར་འགྱོད་ཕྱི་ བསྡོམས་ཀྱི་རྒྱལ་བསྟན་ཆབ་ སྲིད་དང༌། སྤྱི་ནོར་ཡིད་བཞིན་ནོར་བུའི་བསྟན་སྲིད་༧ཞབས་འདེགས་ལུས་སེམས་རྒྱུ་ནོར་གང་ས་ ནས་འཕོས་དཔགས་ཀྱིས་དངས་བླངས་ཧུར་བརྩོན་བྱུང་ན་སྨོས་མེད་དང༌།
དེ་མིན་རྒྱ་ ངན་གྱི་ངག་རྗེས་དཱ་སྒོར་གྱི་རྗེས་སུ་འབྲངས་ཏེ་མཆོག་གསུམ་ལ་བློ་ ལོག་བྱས་པ་སོགས་ལམ་ནོར་བཟློག་ཤེས་བྱ་རྒྱུ་མེད་ཚེ་རིམ་པས་བཀའ་མོལ་ཟུར་དུ་ཞུ་ འཐུས་ཆོག་པའི་མ་གོ་མ་ཐོས་མེད་པའི་བཀའ་ཁྱབ་ཟབ་ནན་ཁྱབ་བསྒྲགས་གནང་འོས་ཅི་ནས་ ཡོད་པ་དང༌། ༧བླ་དཔོན་ཆེན་པོས་ཟོལ་མེད་སློབ་སྟོན་གྱི་བཀའ་ཡིག་ཐུགས་རྗེ་ཆེ་རྒྱུ།
ཀྲུང་ དབྱང་གི་ལས་ལུགས་ངན་སྤྱོད་བྱས་རིགས་ས་རྡོས་མ་བཟོས་པ་ཡིན་ངེས་ཀྱི་གནས་ ཚུལ་ཁམས་རིགས་ཨ་མདོ་བཅས་པའི་ཞུ་ཤོག་ཧེ་མེད་རྟགས་འབྱར་རེ་ཟུར་འབུལ་ལྟར་ལ་ ཐུགས་ཞིབ་གནང་ན་ལྷ་དགོངས་དྭངས་ངེས་ལགས་ཤིང༌། ཁ་སྔོན་ཟླ་ ༤ ཚེས་ ༧
ལ་ རྒྱ་མི་རྐང་འཁོར་བཞོན་པ་ཞིག་གིས་ཁམས་པ་དང་ཨ་མདོ་བཅས་ལ་སྤག་སེ་མེད་ན་ལྷ་ ལྡན་དུ་བསྡད་མི་ཆོག་བརྗོད་བྱུང་བ་བརྟེན་བཙན་དབང་གི་འོག་ཏུ་སྡོད་ཐབས་བྲལ་ གཤིས།
ས་འཐར་འཐོན་དགོས་བྱུང་བས། ཕྱི་རྒྱལ་གྱི་རོགས་དན་ཡོད་མེད་དོགས་གཞི་གནང་མ་དགོས་ཤིང༌། གུས་རྣམས་མི་གྲངས་བརྒྱ་ནས་གཅིག་བར་མ་ལུས་ནའང་རང་སྲོག་འཕངས་མེད་ཀྱི་འཐབས་ འཛིངས་བྱ་རྒྱུའི་བློ་ཐག་གཙང་བཅད་ཟིན་ཚུལ་གྱི་༧སྙན་ཞུ་སྔོན་ཨ་དྲུང་གདོང་ འབུལ་ཟིན་དོན་ལྟར་ལས་ཡང་ཡང་སྙན་བསུན་ཞུ་མ་དགོས་པ་དང༌། ད་ལམ་གཞུང་སའི་སྐུ་ཚབ་ཆེད་ཕེབས་མཛད་མཁན་དང༌།
གདན་སའི་མཁན་པོ་༧གོང་ས་ཆེན་ པོ་སྐུ་ཚེ་ཞབས་པད་བརྟན་པའི་ལྷ་༧སྙན་སྒྲོན་འབུལ་ ཟུར་ཕུལ་ཞུས་པ་ལགས་ཤིང༌། བཀའ་རྒྱ་སྤྱི་ཕེབས་དགོངས་དོན། སྡེ་འབངས་མི་སེར་ཐོག་འཕྲོག་བཅོམ་ད་ངབརྡབ་བསིག་བཏང་ལུགས་སྐོར་ལ་རྒྱ་ངན་གཡོ་ འཕྲུལ་ཅན་དང༌། བོད་རིགས་བློ་ལོག་ཅན་འགའ་ཤས་ནས་གུས་ཚོའི་ཁོངས་གཏོགས་ཡིན་ཚུལ་གྱི་འཕྲོག་ བཅོམ་བརྡ་བསིག་བཏང་བ་ལས།
གུས་ཚོའི་ཁོངས་ནས་ཚུལ་མིན་བྱས་པ་གཏན་ནས་མེད་ གཤིས། མ་ཉེས་ཁ་གཡོག་རྒྱབ་པ་འདི་ཐད་འགན་བློ་མ་བཟོད་པར་ས་གནས་ཁག་སོ་སོར་ཧུར་བརྩོན་ མཐར་བསྐྲོད་བྱེད་སར་རྟ་མི་ཉིས་བརྒྱ་སྐོར་ཆེད་མངགས་ཞུས་པས།
གཉལ་ཁུལ་དུ་ འཕྲོག་བཅོམ་བྱེད་མཁན་ཡུལ་དེའི་གྲ་རིགས་ཁ་ཤས་ཀྱི་གཙོས་སེར་སྐྱ་ རྐུན་པོ་བཅུ་གསུམ་ཡོད་ཐོག་ནས་ནག་ཅན་གཉིས་ས་གནས་སྡེ་དྲུག་བླ་བྲང་དུ་རྩིས་ སྤྲད་ཐོག་ནས་ཁྲིམས་འགལ་ཤི་རྐྱེན་བྱུང་བ་དང༌། ཕྱོགས་མཚུངས་དག་གི་ཕུལ་མི་ངན་རྐུན་པོ་མིག་ཞར་ཅན་མི་ ༦
ནས་རྒྱ་ཚྭ་ལྷ་ གསོལ་གཉིས་ཀྱི་ཁོངས་སུ་འཕྲོག་བཅོམ་ཉེས་བརྡུང་གི་ཁྲིམས་འགལ་ བྱས་གཏེ་རྣམས་འཛིན་བཟུང་བྱེད་སར་རྟ་མི་༣༢བཏང་བར། ཟླ་ ༥ ཚེས་ ༢༦ དག་པོ་བྷུམ་དུ་རྐུན་པོ་འབྱོར་འདུག་པར་མི་སེར་གྱིས་འགོ་བསྐོར་བཏང་སྐབས་གོང་ དཀར་བླ་ཚང་ཁོངས་གྲ་གཉིས་བསད་འདུག་པར་ཤ་ལེན་རྐུན་པོ་གཙོ་བོ་གཉིས་རྐྱེན་བསད་ ཀྱི་འཕྲོས་ལྷག་རྐུན་པོ་མི་ ༤ དང༌།
ངན་བསླབ་པ་ཀུན་གླིང་མི་ཁོངས་འོ་ཁ་ བ་མགོ་རིལ་རྒྱ་བོ་ཞིག་བཅས་རི་ཤོར་གྱི་འོལ་ ཁ་ཁུལ་དུ་སོང་དྭོགས་འདུག་པ་དང༌། དེ་འབྲེལ་ལྷོ་ཡུལ་རྫོང་གཞིས་ཁག་ལ་ཆུ་བཞི་སྒང་དྲུག་རྫུས་འཐོག་འཕྲོག་བཅོམ་ བྱུང་རིགས་དངོས་ཟོག་རྟ་དྲེལ་གོ་ལག་དངོས་མདོག་རྭ་འཕྲོད་བྱུང་རིགས་ཕྱིར་སློག་ བྱས་ཏེ་རྫོང་གཞིས་སོ་སོར་རྐུན་པོ་རྩིས་སྤྲད་ཞུས་ཟིན་པ།
སླར་མི་ངན་དེ་རིགས་བཀག་འགོག་དམ་གཉེར་ཞུ་མུས་ཀྱི་དེ་དག་རྒྱལ་ཁབ་ནས་བཀའ་ཞིབ་མཐིལ་ཕྱིན་ཡོང་བ་ཞུ་རྒྱུ།
གུས་ འབངས་ཆུ་བཞི་སྒང་དྲུག་དང་ཨ་མདོ་བཅས་རྒྱ་ནག་བཙན་འོག་ཏུ་མི་ཆགས་པར་ཕྱོགས་ འཐོན་ངེས་མེད་འཛིན་བཟུངས་ཀྱིས་ལམ་བར་བྲུལ་རྡ་འཕྲོག་བཅོམ་བྱས་འདུག་པར་ཕྱིར་ སྤྲད་ཟིན་པ་དང༌། ལར་རྒྱ་ངན་ཕུག་འཛུལ་གྱིས། སོ་པ་སྐྱ་སེར་མི་ལྔ་བཅུ་སྐོར་ཆེད་བཏང་བྱས་འདུག་ཁོངས་ནས་ད་ལམ་འདི་གར་མི་ ༥ ཁོ་པའི་མགྲིན་གསལ་གནས་སྐབས་ལག་སྣེ་དྭ་སྒོར་ ༥༠ ཐམ་པ་དང༌།
སྤྱིར་ འཕོར་མཚམས་སྟོང་སྒམ་རེ་སྤྲོད་རྒྱུ་བྱས་ལུགས་བརྗོད་འདུག་པར། བོད་མི་བོད་སར་འགྲོ་བ་ལ་སོ་པ་གཏོང་དགོས་ཀྱི་གནད་དོན་ཇི་ཡིན་རྒྱ་མིར་བཀའ་ རྩད་འཕྲལ་དུ་ཡོད་པ་ཞུ་རྒྱུ་དང༌། ཉེ་ལམ་བཀྲས་ལྷུན་བླ་བྲང་དུ་ཞུ་རྒྱ་ཕུལ་བའི་ཟིན་བཤུས་༧སྙན་ཁོངས་ཟུར་འབུལ་ ཞུས་པ་ལ་ཐུགས་ཞིབ་ཡོད་པ་ཞུ་རྒྱུ་བཅས་རྣམ་མཁྱེན་ཆོས་ཀློང་ཆེན་པོར་ཡུད་ཙམ་ མངའ་བ་མཁྱེན། མཁྱེན།
མཁྱེན། ཞེས་གསོལ་བ་འདེབས་པ་ལགས། ཞེས་འཁོད་ཡོད་པ་རེད།
སྐབས་ དེར་ཁམས་བརྫུས་ཀུན་ཇག་གི་རྐྱེན་པས་ཡུལ་མི་དང་དྭངས་དམག་དབར་ཁ་རྩོད་སྣ་ཐུག་ ཙམ་དུ་མ་ཟད། མི་བསད་ཁྲག་སྦྱོར་གྱི་དོན་སྐྱོན་ཡང་ཚབ་ཆེར་བྱུང་མཐར། ཡུལ་དུས་གནས་ཤེས་ཀྱིས་ཕྱོགས་གཉིས་ཀས་ཞིབ་འཇུག་འཐུལ་ནན་བྱས་འབྲས་སུ། འཁོན་སེལ་ཅིག་སྒྲིལ་གྱི་ནུས་པ་བསྐྱར་གསོ་བྱུང་འདུག
དེ་དག་གི་བྱུང་རིམ་ དང་འབྲེལ་བའི་གནས་ཚུལ་ལོ་རྒྱུས་ཡུལ་མི་ཁག་གཅིག་གིས་ཆུ་ སྒང་ལས་ཁུངས་ལ་ཕུལ་བའི་སྙན་ཞུ་ཡིག་ཆ་ད་ལྟར་ངོ་ཡོད་དཔེ་མཚོན་དུ་བཀོད་ན། དྭགས་པོ་ལྷ་གསོལ་རྫོང་གིས་ཆུ་སྒང་ལ་ཕུལ་བའི་སྙན་ཞུ་ཞིག་གི་ནང༌། (ཆུ་སྒང་དམག་སྒར་ལ་ཁ་གཡར་ཏེ། ཡུལ་ལུང་ཕུང་དཀྲུག་ཇག་བཅོམས་བྱེད་པོ་ཁམས་བརྫུན་འགའ་ཞིག་བྱུང་བའི་གནས་ཚུལ་ ཁག་གཅིག་གཤམ་གསལ།)༈
གུས་འབངས་ལྷ་གསོལ་མངའ་ཁུལ་དུ་ས་ཁྱི་ ༥ ཚེས་ ༢༤ ཉི་དྲོས་ཙམ་ལ་ལྷ་གསོལ་རྫོང་ནང་ཁམས་བརྫུས་ཇག་པ་མི་གསུམ་མེ་མདའ་རིང་ཐུང་སྐེ་ གྲི་སོགས་རང་འགྲིགས་ཀྱི་ཧོབ་རྫུན་གུས་པ་ལྷ་རྫོང་རྩེ་ཕྱག་ནང་བློ་བཟང་ཕུན་ ཚོགས་ཀྱི་འཕྲུལ་མདའ་པཱ་མེ་ལི་སྤ་ཕྲ་ལས་འཕར་མ་ཨང་ ༣༢༢༠༥ སྤོར་ཨང་འཁོད་ཁ་གསར་སྐྱོན་མེད་མདེལ་ཉི་ཤུ་ཐམ་པ་འབྱོར་བ་གཅིག་འཕྲོག་འཁྱེར་ དང༌།
གཞུང་རྒྱུགས་དགོས་བསྟན་དོན་ཆེའི་ཁྲལ་ཁང་ནང་འཆང་རྫུལ་འཕྲུལ་མདའ་མོ་ གསར་རིང་ མདའ་ཨང་ ༡༩༣༤ སྤོར་ཨང་ ༤༤༨ འཕྲོད་སྐྱོན་མེད་ཁ་གསར་མདེལ་བརྒྱད་ཅུ་བརྒྱ་ལྔ་འབྱར་བ་གཅིག སྐུ་དངོས་ཕྱག་སོག་ཁོངས་པཱ་ལི་ལུང་བཞི་ཕྱིར་རྩལ་བྱུང་བས་མདེལ་ཉི་ཤུ་རྩ་ལྔ། གཞུང་རྒྱུགས་གཙོ་དྲག་གཡུ་རྒྱལ་ཁྲལ་ཁང་ནང་རྫུལ་ཆང་གི་འཕྲུལ་མདའ་མོ་གསར་མ་ ཨང་ ༧༢༢
འཁོད་སྐྱོན་མེད་ཁ་གསར་མདེལ་བརྒྱད་ཅུ་བརྒྱ་ལྔ་འབྱར་བ་གཅིག གཞུང་རྒྱུགས་ཨ་གོང་དབང་ནོར་གྱི་ཁྲལ་ཁང་ནང་རྫུལ་ཆང་གི་དལ་གོའི་ལན་ཁྲུའུ་ཁ་ གསར་ཕོ་བྲང་གཡས་ངོས་ལྕགས་རྩི་འཁོད་ཆག་ཕྲན་ཡོད་ཤིང་ཤུབ་རྒྱ་ཀོ་འཇམ་སེང་འཐུམ་ ལྡན་མདེལ་བཞི་བཅུ་ཐམ་པ་མདེལ་ཤལ་རང་འགྲིགས་གཅིག གུས་འབངས་ཞོར་ཞབས་བདེ་ཁང་ཁྱིམ་ནང་དུ་ཟླ་ ༥ ཚེས་ ༢༥ ། ༢༦
སྔ་ ཕྱིར་ཇག་པ་གོང་གསལ་རྣམས་ཡོང་སྟེ་བྱུ་རུའི་བརྒྱ་ཕྲེང་གཅིག ཀོ་སྒའི་དམག་ཕྲན་དམག་ཞོལ་ཞེ་མ་མཆུང་ཁ་བབ་ཆ་གཉིས། རྒྱ་རུམ་སྔོ་ནག་གི་ཚོན་ཁྲ་བོད་པའི་དམག་བྲན་ཁ་གསར་གཅིག སི་ཤན་པང་གདན་ཁ་གསར་སྤུས་ལེགས་གཅིག གོའོ་ལ་ཊིའི་པང་གདན་ཁ་གསར་གཅིག དཱ་ཀུང་སི་དཀར་པོའི་སྟོད་ཐུང་གཉིས་དང༌། དཱ་ཀུང་སི་ལྗང་སེའི་འོག་འཇུག་གཅིག དཱ་ཀུང་སི་ཟིང་ཀྱའི་འོག་འཇུག་གཅིག
དབུས་ཀྱང་གསུམ་སྒོར་མོ་ལྔ་བརྒྱ་ཙམ། བོད་པའི་དམག་བྲན་སེར་ཤས་ཆེ་བ་བྱིང་སྔོན་རྒྱབ་ཤ་བྱས་པ་གཅིག དབུས་ཀྱི་ཕོ་བསྟེགས་འཇམ་འཚགས་བྱས་ཆ་གཅིག འགོ་སྣམ་རྒྱ་དམར་གྱི་མོ་ཕྱུག་ཕུ་ཡོད་གཅིག གོས་སེར་མ་རྒྱ་མུག་མོ་ཕྱུག་ཕུ་ཡོད་གཅིག གོས་རྒྱ་མུག་ནང་ཤ་མུ་བྱི་རྒྱ་མུག་རི་མོ་གྲུ་བཞི་མོ་ཕྱུག་ཕུ་ཡོད་གཅིག གོས་ལྗང་མུ་མེད་གཅིག གཟི་རིལ་ཆུ་རིས་ཅན་ཆ་གཅིག
གཟི་གནམ་ས་ཁ་སྤྲོད་ཆེ་ ལེགས་ཡ་གཅིག གཟི་མིག་གཉིས་པ་ཆ་གཅིག གཟི་མིག་གཉིས་པ་སྐྱོན་ཡོད་ཆ་གཅིག གཟི་མིག་གསུམ་པ་སྐྱོན་མེད་ཡ་གཅིག གཡུ་རིལ་ཆ་གཅིག སྐྱབས་འབྱར་ཆེ་བ་ཆ་གཉིས། བྱུ་རུ་བཅོ་ལྔ་སྐོར། འབུ་རས་སྟོད་ཐུང་གསུམ། སྤུ་མའི་ལྷམ་ཤུལ་ཡུ་རིང་ཆ་གཅིག གཞུང་རྒྱུགས་སྡིང་མཁར་གཡུ་བཀྲས་ཀྱི་ཕོ་རྟ་གྲའོ་ཡས་གཉིས་མས་གཉིས་གཅིག
རྟ་ སྒ་བོད་སྒ་དམག་ཕྲན་དམག་བཤོས་སྲབ་སྨད་ཡབ་བཅས་ཆ་ཚང་གཉིས་དང༌། སྒ་མ་རྟས་སྒ་འབོད་རང་འགྲིགས་གཅིག རྟ་གྲོ་རྙིང་སོང་གཅིག དཀར་ཡོལ་ཇ་དཀར་གཅིག དུས་ཕལ་ཆེར་གྱི་རྟ་སྒ་སྲབ་སྨད་དམག་ཕྲན་དམག་ཤོལ་ཆ་ཚང་གཅིག
བསོད་རྒྱལ་ བཀྲས་དབང་གི་ཕོ་རྟ་གྲའོ་ན་གསུམ་སླེབས་གཅིག་བཅོམ་འཕྲོག་བྱུང་ངེས་ ལ་ཧེ་བག་རིགས་གཏན་ནས་མེད་ཞུའི་དྭགས་པོ་ལྷ་གསོལ་རྫོང་འདུ་མཐུན་མོང་ནས་དངོས་ ཐོ་རྟགས་འབྱར་དུ་ཕུལ། ཞེས་འཁོད་འདུག
སྔར་ཡོད་དྭངས་བླང་དཔའ་བོའི་དམག་ཁྲིམས་ཐོག།
ད་དུང་ཞིབ་ཏུ་བསྣན་པའི་སྤང་བླངས་ལ།།
ཤོག་ཁག་སོ་སོས་མིང་བཏགས་བཀོད་བྱས་ཏེ།།
དཔའ་བོའི་མཛད་རྗེས་བཞག་པའི་རྩ་བ་ཚུགས།།
༼༣༽
ལྷོ་ཁ་རྒྱ་ཆེ་མང་ཚོགས་ཀྱི་མཐུན་འགྱུར་འོག་བསྟན་སྲུང་དྭང་བླངས་དམག་གི་མི་རྟའི་འཚོ་རྟེན་གོ་སྒྲིག་བྱས་པ།
གོང་གསལ་ནང་མཐུན་སྒྲིག་སྤྱོད་དང་དམག་དོན་འཆར་འགོད་དེ་དག་གཞི་བཟུང་གི་ཐོག་ ནས། ཨ་འབྲུག་ཚང་གིས་སྣེ་ཁྲིད་པའི་བྱང་བསྐྱོད་དམག་དཔུང་ཤོངས་དགའ་ལྡན་ཆོས་གླིང་ལ། དམག་འཐབ་ཀྱི་ཆ་རྐྱེན་དུ་སྐུ་ངོ་ཕ་ལྷ་མགྲོན་གཉེར་ཆེན་མོ་བརྒྱུད་ནས་རང་གཞུང་ དང་ཕན་ཚུན་གསང་བའི་ཡིག་འབྲེལ་གཏོང་ལེན་བྱས་དོན་ལྟར། གཞུང་གི་གོ་ལག་ལེན་པར་ཕེབས་ཏེ།
ཤངས་ནས་གོ་ལག་རྩིས་ལེན་བྱས་པ་དང། སྙེ་མོ་རྡོ་དཀར་གསུམ་མདོ་དང༌། འོད་ཡུག་འཛོམ་ཐང༌། སྙེ་མོ་སྟག་གྲུ་ཁ། བཀར་ཁོངས་རི་བརྒྱུད། ཡངས་པ་ཅན། འདམ་གཞུང༌། འབྲི་གུང་མཁའ་སྒང་ལ། རྨ་གཞུང༌། ཨ་ཕུར། ཨ་ཙ་མཚོ་འགྲམ། རྨེ་གཞུང་བྱང་ཐང༌། སྤོ་བོ་སྤྲ་མོག རོང་པོ་ཁུལ།
ཁྱུང་ པོ་སོགས་སུ་སྔ་ཕྱི་རིམ་བརྒྱུད་ཀྱིས་རྒྱ་དམག་དང་དམར་འཛིང་དྲག་པོས་སྙན་ གྲགས་འཛམ་གླིང་ཐོག་བསུབ་ཐབས་མེད་པ་ཞིག་བཞག་པ་དང༌། ཕ་ལྷ་མགྲོན་གཉེར་ཆེན་མོ་དང༌། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གཉིས་ཀྱིས་གསང་བའི་བཀའ་ཁྲོལ་བཞིན། ཚ་བ་དཔའ་ཤོད་ཀྱི་གོ་ལག་ལེན་མཁན་ཕེབས་པ་སོགས་ཀྱི་སྐབས་སུ༌།
གཞིས་ སྡོད་ལྷོ་ཁ་དམག་སྒར་ཨ་མའི་ནང་ལྷའི་ལུང་བསྟན་དང་ཨ་འབྲུག་སྦྱིན་བདག་གི་ བཀོད་འདོམས་ལྟར། འབའ་པ་གཙོ་འཛིན་ཕྱག་མཛོད་བཀྲ་ཤིས ཆ་ཕྲེང་གཙོ་འཛིན་སྲས་དགེ་སློང༌། ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ། ཀོང་རག་གཙོ་འཛིན་ཀླུ་སྒྲུབ་ཕྱག་མཛོད། ལི་ཐང་གཙོ་འཛིན་འཇང་ཚ་ཆོས་མཛད་ཚེ་རིང་མགོན་པོ། ཚ་རོང་གཙོ་འཛིན་དམ་པ་བློ་གྲོས། གོ་འཇོ་གཙོ་འཛིན་ཆོས་དྲུག་བུ།
ཆབ་མདོ་ གཙོ་འཛིན་རྡོ་ཚེ། ཆབ་མདོ་གཙོ་འཛིན་བློ་ཉི། སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ། སྒ་པ་གཙོ་འཛིན་དབང་ཆེན་ལྷ་མགོན། བྲག་གཡབ་གཙོ་འཛིན་ཨ་ཕྲུག་བླ་མ། མི་ཉག་གཙོ་འཛིན་ཨ་ཕོ་ཡོན་ཏན་དང༌། ཨ་མདོ་དམག་སྤྱི་ལེགས་བཤད། ཆ་ཕྲེང་དམག་སྤྱི་སྲས་དགེ་སློང༌། དར་དགོན་དམག་སྤྱི་གསེ་གསེ། ལི་ཐང་དམག་སྤྱི་ཨ་ལོ་ཟླ་བ། སྡེ་དགེ་དམག་སྤྱི་ཕུར་མ་རི་རྣམ།
སྡེ་དགེ་དམག་སྤྱི་འབའ་ཆུང་དཔོན་མཐུ་སྟོབས་མགོན་པོ་སོགས་འདུ་འཛོམ་གྱིས།
ལྷོ་ཁུལ་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་ནང་ཞུགས་མཁན། ཉིན་རེ་ནས་ཉིན་རེར་ཇེ་མང་དུ་སོང་སྟེ་ད་ཆར་དམག་འབོར་ཧ་ལམ་ཁྲི་ཕྲག་ལ་ཉེ་བར་ གྱུར་ནའང༌། དྭངས་བླངས་དམག་མི་མང་ཆེ་བ་ནི་གོ་མཚོན་དང་གྱོན་གོས་མ་གཏོགས། གཞན་ཤ་མར་རྩམ་པ་སོགས་ཟ་ཆས་རིགས་གཏོས་ཆེན་ཁུར་མཁན་ཕལ་ཆེར་མེད་ལ།
ལྟོ་ཆས་ མེད་པའི་དམག་སྒར་ནི་ལྟག་ཆུ་མེད་པའི་ཆུ་འཁྱིལ་ལྟ་བུ་ཡིན་པས། ཐོག་མར་དམག་འཐབ་ཀྱི་ཆ་རྐྱེན་དུ་དམག་ཕོགས་ཆེད། ལྷོ་ཁུལ་འབྱོར་ལྡན་ཁག་ནས་འབྲུ་རིགས་དང་ཤ་མར་སོགས་ཐོ་འཛིན་ཐོག་བླངས་ནས། རྗེས་སུ་དུས་བདེ་གནས་འཇགས་བྱུང་མཚམས་སུ། ཐོ་འཛིན་ཐོག་ནས་བུ་ལོན་གཙང་སེལ་ཆོག་པའི་བླང་བྱ་འདོན་རྒྱུའི་ཐག་བཅད་བྱུང༌།
གོང་གསལ་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་ལྟར། ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ་དང༌། ཆབ་མདོ་གཙོ་འཛིན་བློ་ཉི་གཉིས་ཀྱིས་འབོད་བསྐུལ་ཞུས་དོན་ལྟར། ལྷོ་ཁུལ་འབྱོར་ལྡན་ཁག་ནས་འབྲུ་རིགས་དང༌། ཤ་མར་སོགས་དང་འབུལ་བྱུང་རིགས་ཐོ་འཛིན་ཐོག་བླངས་ནས།
རྗེས་སུ་དུས་བདེ་གནས་འཇགས་བྱུང་མཚམས་སུ་ཐོ་འཛིན་ཐོག་ནས་བུ་ལོན་གཙང་སེལ་ཆོག་པའི་བླང་བྱའི་བཀའ་མངགས་གནང་དོན་ལྟར།
ལྷོ་ ཁ་ཁུལ་གྱི་སྒེར་གཞིས་དང༌། མི་དམངས། དགོན་སྡེ་ཁག་བཅས་ཀྱིས་དང་བ་ཆེན་པོའི་ཐོག་ནས༌། གྲོ་ནས་སྲན་གསུམ་དང༌། ཤ་མར་རྩམ་པ་སོགས་རིམ་འབུལ་ཞུ་ཆོག་པའི་སྙན་ཞུའི་ནང་གསལ་སྙིང་དོན།
༡༽ ཐོན་པ་ངོ་བོ་ནས་གྲོ་ཁལ་ ༤༥༠ འདོན་ཁོངས་མི་སེར་འཁྱེར་དྲག་སྤྱི་ནས་གྲོ་ནས་ཁལ་ ༢༠༠
༢༽ གཟིམ་བལྟ་ངོ་འཕངས་དས་གྲོ་ནས་སྲན་གསུམ་ཁལ་ ༦༠༠ འདོན་ཁོངས་མི་སེར་འཁྱེར་བཟངས་སྤྱི་དས་འབྲུ་ཁལ་ ༤༠༠
༣༽ སྙེ་ཆོས་མི་སྣ་ནས་འབྲུ་ཁལ་ ༥༠
༤༽ རྡེ་དགོན་ངོ་བོ་དས་འབྲུ་ཁལ་ ༥༠ འདོན་ཁོངས་མི་སེར་དས་འབྲུ་ཁལ་ ༣༠
༥༽ སྒེར་མདོ་མཁར་ངོ་བོ་ནས་འབྲུ་ཁལ་ ༡༠ མི་སེར་འདོན་ཁོངས་ནས་འབྲུ་ཁལ་ ༥
༦༽ བརྒྱུགས་ཕུག་པ་སྤྱི་ནས་འབྲུ་ཁལ་ ༡༥
༧༽ བདེ་གླིང་ངོ་བོ་ནས་འབྲུ་ཁལ་ ༣༠༠ གཞིས་སྡོད་ནས་འབྲུ་ཁལ་ ༥༠
༨༽ རི་དགོན་འདུས་སྤྱི་ནས་འབྲུ་ཁལ་ ༥ གྲྭ་བློ་རྒྱན་ནས་འབྲུ་ཁལ་ ༥
༩༽ རྡོ་བྲག་ཆོས་གཞིས་ནས་འབྲུ་ཁལ་ ༥༠
༡༠༽ གཞུ་བསྲོད་པ་ཤོང་གཞིས་དས་འབྲུ་ཁལ་ ༡༥༠ མི་དམངས་ནས་འབྲུ་ཁལ་ ༢༠
༡༡༽ སྒེར་ཧོར་ཟུར་ངོ་བོ་ནས་འབྲུ་ཁལ་ ༥
༡༢༽ མཚུར་ཆོས་འདོན་ཁངས་བྲག་ཕག་གཞི་འོག་ནས་འབྲུ་ཁལ་ ༡༠
༡༣༽ སྙེམ་མོ་རྒྱལ་བྱེད་དགོན་ནས་འབྲུ་ཁལ་ ༥༠ འཇུན་གཞིས་ནས་འབྲུ་ཁལ་ ༣༠ མི་སེར་སྤྱི་ནས་འབྲུ་ཁལ་ ༡༠
༡༤ ༽མཚུར་ཆོས་འདོན་ཁོངས་བྲངས་ཕག་གཞིས་འོག་ནས། གཞིས་ཀྱི་སྟོན་འབབ་ཐོག་ནས་དགེ་འདུན་རྣམས་ཀྱི་གསོལ་ཕོགས་དང་མི་སེར་ངན་ཁྲུལ་ གྱི་བུན་འབྲུ་བལྟོ་སོན་བཏང་འཕྲོ་འབྲུ་ཁལ་བཅུ་ནམ་ཕེབས་སྙན་འབུལ་ཞུས
༡༥༽ རྟ་འུ་དགོན་གྲྭ་ནས་འབྲུ་ཁལ་ ༥
༡༦༽ བསམ་བློ་གཞིས་འབངས་ནས་ལུག་ ༥
༡༧༽ མཚུར་སྒར་འདོན་ཁོངས་ནས་གཡག་ ༡
༡༨༽ མཚུར་ཆོས་འདོན་ཁོངས་འོག་གླིང་གཞིས་འོག་ནས་རྗེས་འབུལ་དམ་བཅའ་བྱས།
༡༩༽ སྐྱིད་རྒྱུ་བ་ནས་འབྲུ་ཁལ་ ༡༣༦༠
༢༠༽ ཆུ་ཤུར་གཞིས་ནས་འབྲུ་ཁལ་ ༥
༢༡༽ ལྷ་ཁོངས་ཤག་རམ་གཞིས་འོག་ནས་འབྲུ་ཁལ་ ༦
༢༢༽ འབྲི་ཆོས་ཤག་རམ་པ་ནས་འབྲུ་ཁལ་ ༥
༢༣༽ གཞུང་རབ་གླིང་དགོན་ནས་འབྲུ་ཁལ་ ༤
༢༤༽ སྒེར་རྨ་ལམ་གཞིས་ནས་འབྲུ་ཁལ་ ༡༠༠༠
༢༥༽ གཟིམས་ཐོག་བསྐྱིད་འཚངས་ངོ་འབངས་ནས་འབྲུ་ཁལ་ ༦༠
༢༦༽ གཡུ་ཐོག་དཀྱིལ་ཚལ་བཀྲས་རབ་ནས་འབྲུ་ཁལ་ ༡༠
༢༧༽ ལྕང་ཇི་འདོན་ཁོངས་ནས་བདེ་སྐྱིད་གླིང་པས་འབྲུ་ཁལ་ ༢ ཁང་ཞེལ་ནས་འབྲུ་ཁལ་ ༡ དོན་འགྲུབ་གླིང་ནས་འབྲུ་ཁལ་ ༡
དེ་བཞིན་ལྷུན་གྲུབ་རྩེ་རྫོང་གཞིས་ནས་ངག་དབང་ཆོས་བཟང་གི་རོགས་སྐྱོར་འོག་འབྲུ་ཁལ་ ༦༠༠
གཉལ་ཁུལ་བསམ་ཕོ་འབྲུ་ཁང་དྲུག་བདུན་ཙམ་ལ་སྒོ་ཐེལ་བརྒྱབ་སྟེ་རིན་གོང་རྗེས་སུ་གཙང་འབུལ་ཞུ་ཆོག་པའི་ཤོག་འཛིན་སྤྲད།
གོང་ གསལ་ཤོག་འཛིན་ཐོག་ནས་སྔ་བུན་བྱས་པའི་འབྲུ་ཁལ་སྤྲོད་ལེན་བྱས་པ་རྣམས་གཞིས་ཀ་ དང་རྫོང་གཞིས་མི་སེར་དེ་དང་དེ་དག་གིས་རྒྱལ་སྲུང་བཙན་རྒོལ་གྱི་ཆེད་དུ་དང་བ་ ཆེན་པོས་སྤྲོད་རྒྱུ་ཁས་ལེན་བྱས་པ་མ་གཏོགས་དྲག་གནོན་དང་བཙན་དབང་གིས་འཕྲོག་ བཅོམ་བྱས་པ་མ་ཡིན་པའི་དཔང་རྟགས་ལྟ་བུར་དོ་བདག་སོ་སོས་ཕུལ་བའི་སྙན་ཞུ་ཡིག་ཆ་ ཁག་རིམ་པ་བཞིན་བཀོད་ན།
༡༽
༈ ཞི་དྲག་ལས་ཁུངས་ཀྱི་བཀའ་དོན་གུས་འབངས་ཐོན་པ་ངོ་འབངས་ནས་དམག་ཕོགས་མཐུན་ རྐྱེན་འབྲུ་ཁ་ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་ཞུ་དགོས་ཕེབས་དོན། ཐོན་པ་ངོ་བོ་ནས་གྲོ་ཁལ་བཞི་བརྒྱ་ལྔ་བཅུ་ཐམ་པ་དང༌། འདོན་ཁོངས་མི་སེར་འཁྱེར་དྲག་སྤྱི་ནས་གྲོ་ནས་ཁལ་བརྒྱ་ཐམ་པ་བཅས་ནམ་བཞཻས་མཚམས་ འབུལ་ལམ་ཞུས་ཆོག་པ་མ་ཟད།
ད་དུང་ངོ་འབངས་རྣམས་ཀྱི་སྟོན་སོན་དགོས་མཁོ་བཏང་ལྷག་བསྡད་ཚེ་རིམ་བཞིན་༧སྙན་འབུལ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༽
༈ ཞི་དྲག་བསྟན་སྲུང་དམག་སྒར་གྱི་བཀའ་དགོངས། གུས་འབངས་གཟིམ་བཤད་ངོ་འབངས་ནས་དམག་སྒར་གསོལ་ཕོགས་མཐུན་རྐྱེན་འབྲུ་འབབ་ཁ་ ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་དགོས་རྒྱུ་ཕེབས་དོན། བྱང་སྒོ་ངོ་བོ་ནས་གྲོ་ནས་སྲན་གསུམ་ཁྱོན་འབྲུ་ཁལ་དྲུག་བརྒྱ་ཐམ་པ་དང༌། འདོན་ཁོངས་མི་སེར་འཁྱེར་བཟང་སྤྱི་ནས་འབྲུ་ཁལ་བཞི་བརྒྱ་ཐམ་པ་བཅས་ནམ་བཞེས་ མཚམས་འབུལ་ལམ་ཞུས་ཆོག་པ་དང༌།
སྐྱེལ་འདྲེན་ཁལ་མའི་ཐད་སྙེ་འདུ་ཁལ་ཡོད་ སྤྱི་མཚུངས་ཞུས་འཐུས་མ་ཟད། ད་དུང་ངོ་འབངས་ཁོངས་ལྟོ་སོན་དགོས་མཁོ་ཕུད་པས་ཁ་ལྷག་བསྡད་ཚེ་རིམ་བཞིན་༧སྙན་ གསན་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༣༽
༈ བསྟན་བསྲུང་དམག་སྒར་གྱི་བཀའ་དགོངས་སྙེ་འདུ་སྒེར་ཆོས་ཁག་ནས་ལོ་འཁོར་ལྟོ་སོན་ དང༌། མི་སེར་འཁྱེར་དམན་ཁག་ལ་ལྟོ་སོན་བཏང་ལྷགས་ཇི་ཡོད་དམག་སྒར་གསོལ་ཕོགས་མཐུན་ རྐྱེན་དུ་འབུལ་དགོས་སྤྱི་ཕེབས་བཞིན་གུས་འབངས་སྙེ་ཆོས་མི་སྣ་ནས་འབྲུ་ཁལ་ལྔ་ བཅུ་ཐམ་པ་གཤོས་འབུལ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༤༽
༈ བསྟན་སྲུངས་དམག་སྒར་གྱི་གསོལ་ཕོགས་ཐོག གུས་འབངས་རྡོ་དགོན་ངོ་བོ་ནས་འབྲུ་ཁལ་ལྔ་བཅུ་ཐམ་པ་དང༌། མི་སེར་འཁྱེར་བཟང་སྤྱི་ནས་འབྲུ་ཁལ་སུམ་ཅུ་ཐམ་པ་ནམ་བཞེས་མཚམས་འབུལ་ལམ་ཞུས་ ཆོག་པ་དང༌། ད་དུང་ངོ་འབངས་བཟའ་སོན་ཁ་ལྷག་བསྡད་ཚེ་རིམ་བཞིན་སྙན་སེང་འབུལ་ལམ་ཞུས་ཆོག་པ་ ཞུ་ཤོག་ཏུ་ཕུལ།
༧༽
༈ བཀའ་དགོངས། གུས་འབངས་སྙེར་མདོ་མཁར་ངོ་བོ་ནས་འབྲུ་ཁལ་བཅུ་ཐམ་པ་དང༌། མི་སེར་འཁྱེར་དྲག་ཐེམས་གཉིས་ནས་འབྲུ་ཁལ་ལྔ་ནམ་བཞེས་མཚམས་འབུལ་ལམ་ཞུས་ཆོག་པ་ དང༌། ད་དུང་བཟའ་སོན་བཏང་ལྷགས་བསྡད་ཚེ་རིམ་གསོལ་འབུལ་ལམ་ཞུས་ཆོག་ཞུ་ཤོག་ཏུ་ཕུལ།
༨༽
༈ བསྟན་དོན་སྲུང་དམག་ཀྱི་བཀའ་དགོངས། གཞུང་བརྒྱུག་ཕུག་པ་སྤྱི་ནས་ལྟོ་སོན་ཁ་ལྷག་གཏོན་གཏེང་འབྲུ་ཁལ་བཅོ་ལྔ་འབུལ་ ལམ་ཞུས་མཆོག་པ་བཅས་ཀྱི་ཤོག་ལྷེར་གུས་ཕུལ།
༩༽
༈ ཞི་དྲག་བསྟན་བསྲུང་དམག་སྒར་གི་བཀའ་དགོངས། གུས་འབངས་གཟིམ་གཡུ་ངོ་འབངས་ནས་དམག་གསོལ་ཕོགས་མཐུན་རྐྱེན་འབྲུ་འབབ་ཁ་ལྷག་ཇི་ ཡོད་ཤོག་ལྷེ་བཀོད་འབུལ་དགོས་རྒྱུ་ཕེབས་དོན། བདེ་གླིང་ངོ་བོ་ནས་འབྲུ་རྒྱུའི་ཁལ་གསུམ་བརྒྱ་ཐམ་པ་དང༌། གཞིས་སྡོད་ནས་འབྲུ་རྒྱུའི་ཁལ་ལྔ་བཅུ་ཐམ་པ་བཅས་ནམ་བཞེས་མཚམས་འབུལ་ལམ་ཞུས་ ཆོག་པ་དང༌།
སྐྱེལ་འདྲེན་ཁལ་མའི་ཐད་སྙེ་འདུ་ཁལ་ཡོད་སྤྱི་མཚུངས་ཞུས་འཐུས་ མ་ཟད། ད་དུང་ངོ་འབངས་ཁོངས་ནས་ལྟོ་སོན་དགོས་མཁོ་ཕུད་པའི་ཁ་ལྷག་བསྡད་ཚེ་རིམ་བཞིན་༧ སྙན་སེང་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༡༠༽
༈ བཀའ་དགོངས། བསྟན་ཁག་གསོལ་ཕོགས་ཐོག་གུས་རུ་དགོན་སྤྱི་སྟངས་ནས་འབྲུ་ཁལ་ལྔ་དང༌། གྲྭ་བློ་རྒྱན་ནས་འབྲུ་ཁལ་ལྔ་ནམ་བཞེས་འཚམས་འབུལ་ལམ་ཞུས་ཆོག་པ་དང༌། ད་དུང་ཁ་ལྷག་བྱུང་ཚེ་རིམ་བཞིན་༧སྙན་སེང་ཆོག་པ་ཞུ་ཤོག་ཏུ་ཕུལ།
༡༡༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག་གུས་འབངས་རྡོ་བྲག་ཆོས་གཞིས་ནས་འབྲུ་ ཁལ་ལྔ་བཅུ་ཐམ་པ་ནམ་ཕེབས་མཚམས་འབུལ་ལམ་ཞུས་ཆོག་པ། ད་དུང་མི་སེར་ངན་གྲུལ་གྱི་ལྟོ་སོན་བཏང་ལྷག་ནས་ལྷག་འཕྲོས་བྱུང་མཚམས་༧སྙན་ སེང་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་རྟགས་འབྱར་དུ་ཕུལ།
༡༢༽
༈ གུས་འབངས་བཞུ་བཀྲས་ཤོད་གཞིས་ནས་འབྲུ་ཁལ་བརྒྱ་དང་ལྔ་བཅུ་ཐམ་པ་དང༌། མི་སྤྱི་ནས་འབྲུ་ཁལ་ཉི་ཤུ་ཐམ་པ་བཅས་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༡༣༽
༈ བཀའ་དགོངས། གུས་འབང་སྒེར་ཧོ་འུར་ངོ་བོ་ནས་འབྲུ་ཁལ་ལྔ་ལས་ཕུལ་རྒྱུ་མེད་ངེས་དང༌། མི་སེར་འཁྱེར་དམན་ཉམ་དག་རྣམས་ནས་ཁ་ལྷག་འབྲུ་འབུལ་ཞུ་རྒྱུ་རྟེན་ནས་མེད་ངེས་ བཅས་ལ་ཧེ་བག་མེད་ཞུ་བའི་ཤོག་ལྷེ་རྟགས་ཕུལ།
༡༤༽
༈ ཞི་དྲག་ལས་ཁུངས་ཀྱི་བསྟན་དོན་གསོལ་ཕོགས་འབུལ་དགོས་བཞིན། གུས་འབངས་མཚུར་ཆོས་འདོན་ཁོངས་བྲག་ཕག་གཞིས་འོག་ནས། གཞིས་ཀྱི་སྟོན་འབབ་ཐོག་ནས་དགེ་འདུན་རྣམས་ཀྱི་གསོལ་ཕོགས་དང་མི་སེར་ངན་ཧྲུལ་ གྱི་བུན་འབྲུ་ལྟོ་སོན་བཏང་འཕྲོ་འབྲུ་ཁལ་བཅུ་ནམ་ཕེབས་སྙན་འབུལ་ལམ་ཞུས་ཆོག་པ་ དང༌། མི་སེར་ངན་ཧྲུལ་ཞེ་ཅིག་ལ་ཧེ་བགས་མེད་ངེས་ཀྱི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༡༥༽
༈ བཀའ་དགོངས། གུས་རྒྱལ་བྱེས་དགོན་ནས་ཕོགས་འབྲུ་ཐོག་འབྲུ་ཁལ་ལྔ་བཅུ་ཐམ་པ་འབུལ་ལམ་ཞུས་ཆོག་ པ་དང། ད་དུང་ལྷག་འཕྲོས་བྱུང་ཚེ་རིམ་བཞིན་སྙན་གསེང་དང་སྦྲགས་འབུལ་ཞུས་ཆོག་པས་ཞུ་ ཤོག་ཏུ་ཕུལ།
༡༦༽
༈ ཞི་དྲག་ལས་ཁུངས་ཕོགས་བརྒྱ་ལྷན་རྒྱས་ནས་བཀའ་བསྒྱུར་ཤོག་སྤྱི་ཕེབས་དགོངས་དོན། གཏན་བཞུགས་དམག་སྒར་གྱི་ཐུགས་མཁོ་གུས་འབངས་འཇུན་གཞིས་ནས་འབྲུ་ཁལ་སུམ་བཅུ་ཐམ་ པ་དང༌། ལུག་གཅིག མི་སེར་སྤྱི་ནས་འབྲུ་ཁལ་བཅུ་ཐམ་པ་ཕུལ། བཅས་ཕུལ་ཁྲོལ་གཏང་ལྷགས་བྱུང་ཚེ་རྗེས་སུ་སྐབས་མཚམས་འབུལ་ལམ་ཞུས་ཆོག་པ་བཅས་ ཀྱི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༡༧༽
༈ ཞི་དྲག་ལས་ཁུངས་ཕོགས་བརྒྱ་ལྷན་རྒྱས་ནས་བཀའ་བསྒྱུར་ཤོགས་ལྷེ་སྤྱི་ཕེབས་དོན་ ཚན་ལྔ་སོ་སོའི་གནས་ལུགས་གྲྭ་མང་ཚང་མར་ནན་ཏན་འདྲི་ཞིབས་ཀྱིས་རྟ་འུ་དགོན་གྲྭ་ སྤྱི་ནས་སྨོན་འདུན་བཅས་དང༌། གཏོང་ལྷག་བྱུང་ཚེ་རྗེས་སུ་སྐབས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། སྟོན་སྟོང་ལུག་གི་འབུལ་ལམ་ཞུས་ཆོག་པ་བཅས་ཀྱི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༡༨༽
༈ བསྟན་དོན་བསྲུངས་ནས་བཀའ་དོན། གུས་འབངས་བསམ་བློ་གཞིས་འབངས་ནས་ལུག་ལྔ་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་གུས་ཕུལ།
༡༩༽
༈ བསྟན་བསྲུངས་དམག་སྒར་ཀྱི་བཀའ་དོན། གུས་འབངས་མཚུར་སྒར་འདོན་ཁོངས་གཞིས་གྲྭ་བཟུར་གསུམ་ནས་སྟོན་གཏོང་ཚག་གཡག་གཅིག་ འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་གུས་ཕུལ།
༢༠༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག་གུས་འབངས་མཚུར་ཆོག་འདོན་ཁོངས་འོད་ གླིང་གཞིས་འོག་ནས་འདི་ལོའི་སྟོན་འབབ་གང་ཡོད་མཚུར་དགོན་དགེ་འདུན་རྣམས་ཀྱི་ གསོལ་ཕོགས་སུ་ཕུལ་ལྷག་མི་སེར་ངན་ཧྲུལ་གྱིས་བུན་འབྲུ་ལྟོ་སོན་ཐོག་ཕྲན་ཡོད་མ་ མཏོགས་མེད་ངེས་ཡང༌། ད་དུང་སོན་ལྷག་ནས་ལྷག་འཕྲོས་བྱུང་མཚམས་སྙན་སེང་ཞུས་ཆོག་པ་དང༌།
མི་སེར་ངན་ཧྲུལ་ཞེ་གཅིག་ལ་ཧེ་བགས་མེད་ངེས་ཀྱི་ཤོག་ལྷེར་རྟགས་འབྱར་དུ་ཕུལ།
༢༡༽
༈ ད་ལམ་གོང་དཀར་བསྟན་བསྲུང་ཕོགས་བརྒྱ་ལྷན་ནས་བཀའ་བསྒྱུར་སྤྱི་ཕེབས་དགོངས་དོན། ཁ་སྔོན་སྐྱིད་རྒྱུ་བ་ནས་བསྟན་བསྲུང་དམག་སྒར་དུ་ཕུལ་ལུགས་འབྲུ་ཁལ་ ༡༣༦༠
ཐམ་ པ་གཟིགས་སྐྱབས་པར་གཤོར་སྤྲོད་རིན་འདུག་པ་ད་ཆ་དམག་སྒར་དུ་ཕུལ་འཛིན་སྤྱན་ ལྟར་དགོས་ལུགས་བཀའ་ཕེབས་ལ་བརྟེན་གུས་འབངས་སྐྱིད་གཡོག་སྟོབས་རྒྱས་ལ་བཀའ་ འཛིན་འབུལ་ལམ་ཞུ་རྒྱུ་མེད་རྐྱེན་དམག་སྒར་དུ་ལྷན་བཅར་ཞུ་དགོས་ཕེབས་པ་གུས་པར་ གནས་དོན་གང་ཡང་ཞུ་རྒྱུ་མེད་སྟབས་དམག་སྒར་དུ་ཞབས་བཅར་ཞུ་མ་དགོས་པའི་ཐོག་ འབྲུ་ཁལ་ཆིག་སྟོང་ཐམ་པ་འབུལ་ལམ་ཞུ་རྒྱུ་དོན་ས
ོན་བཀྲིན་ཆེ་བྱུང་བ་བར་ལམ་ འབྲུ་ལག་ཡོད་གྲོ་ཁལ་གསུམ་བརྒྱ་ཐམ་པ་གཤོར་འུལ་ཞུས་འཕྲོལ་འདི་ལོ་སྟོན་སྟེང་ རིམ་འབུལ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༢༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག་གུས་འབངས་མཚུར་ཆོས་འདོན་ཁོངས་ཆུ་ཤུར་ གཞིས་ནས་འབྲུ་ཁལ་ལྔ་བཀའ་ནམ་ཕེབས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། ད་དུང་སོན་ལྷག་ནས་ལྷག་འཕྲོས་བྱུང་མཚམས་སྙན་སེང་ཞུས་ཆོག་པ་དང༌། མི་སེར་ངན་ཧྲུལ་ཞེས་ཅིག་ཡིན་ངེས་ལ་ཧེ་བགས་མེད་པའི་ཤོག་ལྷེ་རྟགས་འབྱར་དུ་ ཕུལ།
༢༣༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག གུས་འབངས་ལྷ་ཁོངས་ཤག་རམ་གཞིས་འོག་ནས་འབྲུ་ཁལ་དྲུག་ནམ་བཞེས་མཚམས་འབུལ་ལམ་ ཞུས་མཆོག་པ་ནས། ད་དུང་སོན་རྩ་སོང་ལྷག་བྱུང་མཚམས་༧སྙན་སེང་ཞུས་མཆོག་པ་ཞུ་རྒྱུ་ཤོག་ལྷེ་རྟགས་ འབྱར་དུ་ཕུལ།
ལྷ་གཞུང་གི་བཀར་འབྲུ་དམ་འབྱར་ཡོད་ཁོངས་ལ་ཇི་ཡོད་ཞུ་རྒྱུ་མེད་ངེས་བཅས་ཤོག་ལྷེར་ཕུལ།
༢༤༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག གུས་འབངས་འབྲི་ཆོས་ཤག་རམ་པ་ནས་འབྲུ་ཁལ་ལྔ་བཀའ་ནམ་ཕེབས་མཚམས་འབུལ་ལམ་ཞུས་ ཆོག་པ་ཞུ་རྒྱུའི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༢༥༽
༈ བསྟན་སྲུང་སྒར་གྱི་གསོལ་ཕོགས་དགོས་མཁོར་གུས་འབངས་གཞུང་རབ་གླིང་དགོན་ནས་འབྲུ་ཁལ་བཞི་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༦༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་དགོས་མཁོར་གུས་འབངས་སྒེར་སྨར་ཁམས་གཞིས་ནས་ འབྲུ་ཁལ་ཆིག་སྟོང་ཐམ་པ་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༢༧༽
༈ ཞི་དྲག་བསྟན་བསྲུང་དམག་སྒར་གི་བཀའ་དགོངས་གཟིམ་ཐོག་བསྐྱིལ་འཚལ་ངོ་འབངས་ནས་ དམག་ཕོགས་མཐུན་རྐྱེན་འབྲུ་འབབ་ཁ་ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་དགོས་རྒྱུ་ ཕེབས་དོན་ངོ་བོ་ནས་འབྲུ་གྲོ་ནས་སྲན་གསུམ་ཁལ་ ༦༠ ཐམ་པ་ནམ་ཞེས་མཚམས་ཞུས་ཆོག་པ་དང༌། སྐྱེལ་འདྲེན་ཁལ་མའི་ཐད་སྙེ་འདུ་ཁལ་ཡོད་སྤྱི་མཚུངས་ཞུས་འཐུས་མ་ཟད།
ད་དུང་ངོ་འབངས་ཁོང་ལྟོ་སོན་དགོས་མཁོ་ཕུད་པའི་ཁ་ལྷག་བསྡད་ཚེ་རིམ་བཞིན་༧སྙན་སེང་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༨༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག གཡུ་ཐོག་དཀྱིལ་ཚལ་བཀྲས་རབ་ནས་འབྲུ་ཁལ་བཅུ་ཐམ་པ་འབུལ་ལམ་ཞུས་ཆོག་ཞུ་ཤོག་ཏུ་ཕུལ།
༢༩༽
༈ གུས་འབངས་གཞུང་རྒྱུག་ལྕང་ཇི་འདོན་ཁོངས་ནས་ཞི་དྲག་ལས་ཁུངས་ཀྱི་བསྟན་དོན་ གསོལ་ཕོགས་འབུལ་དགོས་ཐད། བདེ་སྐྱིད་གླིང་པ་ནས་ཞལ་འདེབས་འབྲུ་ཁལ་གཉིས་དང༌། ཁང་ཞོར་ནས་འབྲུ་ཁལ་གཅིག་དང༌། དོན་གྲུབ་གླིང་པ་ནས་འབྲུ་ཁལ་གཅིག་དང༌། དེ་བྱིངས་མི་སེར་འཁྱེར་དམན་ངན་ཧྲུལ་ཞེ་གཅིག་པ་ཧེ་བགས་མེད་ངེས་ཀྱི། ཤོག་ལེན་རྟགས་འབྱར་དུ་ཕུལ། ཞེས་འཁོད་ཡོད་པ་རེད།
གོང་གསལ་ཡིག་ཆ་དེ་དག་གི་ཁོངས་ནས། བསྟན་སྲུང་དང་བླངས་དཔའ་བོའི་སྒྲིག་འཛུགས་ཀྱིས་ལྷོ་ཁའི་སྒེར་གཞིས་དང༌། ཡུལ་མི། དགོན་སྡེ་བཅས་པར་ཡིད་ཆེས་བློ་འགེལ་གྱི་ཐོག་ནས་རྒྱལ་སྐྱོབ་བཙན་རྒོལ་དང༌། དགྲ་འཐབ་བསྟན་སྲུང་གི་ལས་རིམ་འཆར་འགོད་ཐོག རང་ཁོངས་མི་སེར་ནང་ཁུལ་བརྡབ་སིགས་མི་གཏང་བའི་སྒོ་ནས། དམག་འཁྲུག་གི་མཐུན་རྐྱེན་མཁོ་སྒྲུབ་བྱས་པ་དང༌།
ལྷོ་ཁའི་ཁུལ་གྱི་ཡུལ་ དགོན་སྡེ་གསུམ་གྱིས་དང་བ་ཆེན་པོའི་སྒོ་ནས་རང་འཁོས་དང་ བསྟུན་ཏེ་འབྲུ་རིགས་དང༌། གཡག་ལུག་སོགས། དམག་སའི་ལྟོ་ཆས་ཐོག་གང་ནུས་ཅི་ནུས་ཀྱིས་རོགས་རམ་གནང་ཞིང༌། གནས་སྐབས་ཆ་རྐྱེན་ཞན་པའི་སྒེར་གཞིས་མི་དམངས་དགོན་སྡེ་དང་བཅས་པས་ཀྱང༌། གནས་ལུགས་གསལ་བཤད་ཀྱི་སྙན་ཞུ་འབུལ་བ་སོགས། མདོར་ན།
སྐབས་དེར་བསྟན་སྲུང་ དང་བླངས་དམག་དང་ལྷོ་ཁའི་ས་ཁུལ་གྱི་མི་དམངས་གཉིས་པོ་བསམ་ པ་གཅིག་མཐུན་གྱིས་དགྲ་ཕྱོགས་ལ་སྡང་ཟུག་དང༌། ནང་ཁུལ་ལ་མཐུན་འབྲེལ་ཇི་ལྟར་ཡོད་པ་དེ་གསལ་པོར་མཚོན་ཡོད་པ་རེད། །
དེ་ལྟར་རེ་ཞིག་དམག་རྒྱགས་འབྲུ་ཕོགས་ཀྱི་འཆར་འགོད་ལེགས་གྲུབ་བྱུང་བ་དང༌། གོང་གསལ་ལས་ཁུངས་ཁག་དང་འགན་འཛིན་ལྷན་ཚོགས་ཀྱིས་གལ་ཆེའི་ཚོགས་འདུ་ཞིག་སྐོང་ པ་དེའི་ནང༌།
༡ རྒྱ་རྒོལ་དམག་དོན་དང༌། ལྷོ་ལམ་གཙང་སེལ་དགོས་པའི་གྲོས་འཆར་ལྷུག་པོར་གནང་བས་མཐའ་མའི་ཐག་གཅོད་དུ། རྒྱ་རྒོལ་གཏན་ལྷིང་ཡོང་བ་དང༌། དམག་འཐབ་ནང་རང་ཕྱོགས་བཙན་ས་བཟུང་ཆེད་དམག་སྒར་ཨ་མ་མཚོ་སྣར་སྤོ་རྒྱུ་དང༌།
༢ དེ་ནས་དུ་བ་རྫོང་དང༌། ལྷུན་རྩེ་རྫོང༌། དཔལ་སྡེ། གྲ་ནང༌། བསམ་ཡས། གོང་དཀར། རྩེད་ཐང༌། ཁྲ་འབྲུག སྣར་དཀར། ཆུ་ཤུལ། འོལ་ཁ། དྭགསཔོ་རྒྱ་ཚ། ཀླུ་གོང་གྲུ་ཁ། བན་རྩ་གྲུ་ཁ་སོགས་སུ་ཡོད་པའི་རྒྱ་དམག་གི་དམག་སྒར་མཐར་བསྐྲོད་དང༌།
རྫོང་ སྡོད་དཔོན་རིགས་ཁག་དང་ལས་བྱེད་ཁག་ལ་རྒྱུས་ལོན་འབྲེལ་བ་བྱེད་ཆེད་དམག་ སྒར་ཨ་མ་ནས་འགོ་དམག་རྣམས་ཁག་བགོས་ཀྱི་དཔུང་སྐྱོད་བྱེད་རྒྱུ།
༣ གོ་ལག་འཚོལ་སྒྲུབ་བྱེད་རྒྱུ།
༤ རྒྱ་མིས་མངགས་པའི་སོ་པ་དང་ཉུལ་མ་སོགས་ལ་དྭོགས་ཟོན་ཉུལ་ཞིབ་བྱེད་རྒྱུ།
༥ ཡུལ་མི་ལ་དམག་མིས་འཁྲུག་རྩོད་རྡབ་སིག་མི་འབྱུང་བའི་ཆེད་རྐུ་ཇག་འཕྲོག་བཅོམ་ སོགས་མི་ཆོག་པར་ཆུ་སྒང་དམག་ཁྲིམས་དོན་ཚན་ཉེར་བདུན་ཅན་ལ་མུ་མཐུད་ནས་གཅེས་ སྲུང་བྱ་རྒྱུ་བཅས་གཏན་འབེབས་བྱས།
ལྷོ་ཁའི་ཁུལ་དུ་བསྟན་སྲུང་དང་བླང་དམག་གིས་བོད་སྐྱོབ་རྒྱ་རྒོལ་གྱི་དམག་འཐབ་ སྐོར། རྒྱ་དམར་གྱིས་ལོ་རྒྱུས་ཕྱོགས་སྡོམ་ཙམ་བཀོད་པ། ལྷོ་ཁ་རྩོ་སྒྲིག་པུའུ་ཞེས་པས་བསྒྲིགས་པ། ཞེས་པའི་ ཆེད་རྩོམ་དེའི་ནང༌།༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས།
མངོན་གསལ་ དོད་པོས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ ཚན་བཅུ་བདུན་བརྩིས་མེད་དུ་བཏང་ཞིང༌། ལྷ་སར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་མ་བསླང་གོང་ཨ་འབྲུག་ཚང་ མགོན་པོ་བཀྲ་ཤིས་དང༌། ལི་ཐང་རྒྱ་མ་ཚང་བསམ་འཕེལ། སྡེ་དགེ་བྱ་རྒོད་ཚང་རྣམ་རྒྱལ་རྡོ་རྗེས་གཙོ་བྱས་པའི་ངོ་ལོག་ཟིང་འཁྲུག་པ་ཁ་ ཅིག
ལྷོ་ཁར་བྱང་ངོས་ཀྱི་ཡར་ཀླུང་གཙང་པོས་རང་བྱུང་སྲུང་ཡོལ་དང༌། ལྷོ་ངོས་ཕྱི་རྒྱལ་ས་མཚམས་འབྲེལ་བས་རོགས་སྐྱོར་ཐོབ་བདེ་བ། དེ་བཞིན་ས་རྒྱ་ལེགས་ཤིང་ཐོན་རྫས་ཕུན་སུམ་ཚོགས་པ་སོགས་ཆ་རྐྱེན་ལེགས་པོར་ བརྟེན་ཏེ། མངོན་གསལ་དོད་པོས་ལྷོ་ཁ་འདི་བཞིན་བོད་ཡོངས་ཀྱི་གསར་བརྗེར་ངོ་རྒོལ་བྱེད་པའི་ དྲག་པོའི་ངོ་ལོག་ཟིང་འཁྲུག་གི་ཇུས་འགོད་དང༌། ངན་སྐུལ།
བཀོད་འདོམས་བཅས་ ཀྱི་རྟེན་གཞིར་བཟུང་ཞིང༌། ཁོ་ཚོ་གང་དུ་སླེབས་ཀྱང་དེ་གར་འཕྲོག་བཅོམ་བྱེད་པ་དང༌། བཙན་གཡེམ་བྱེད་པ། གསོད་བསྲེགས་བྱེད་པ་བཅས་ངལ་རྩོལ་མི་དམངས་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད།
༡༩༥༨ ལོའི་ཟླ་ ༦ པར་ངོ་ལོག་ཟིང་འཁྲུག་པས་ད་ལྟའི་ལྷོ་ཁ་མཚོ་སྨད་རྫོང་གྲི་གུ་ཤང་དུ། ཆུ་བཞི་སྒང་དྲུག་སྒྲིག་འཛུགས་ཀྱི་མིང་ཐོག་ནས་ངོ་ལོག་ཟིང་འཁྲུག་གི་བྱེད་ གཏེའི་ཚོགས་འདུ་སྐོང་འཚོགས་བྱས་ཏེ། བསྟན་སྲུང་དམག་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་དང༌། བཙན་རྒྱལ་རིང་ལུགས་དང་ངན་པ་ལག་འབྲེལ་བྱས་ནས། ཕྱི་རྒྱལ་བས་ནང་སྐྱེལ་བྱས་པའི་མཚོན་ཆ་དང༌།
གནམ་གྲུ་ལས་འཕངས་པའི་དངོས་ རྫས་མུ་མཐུད་བསྡུ་ལེན་བྱས་ཐོག་འཆར་གཞི་ཡོད་པ་དང༌། རྩ་འཛུགས་ཡོད་པའི་སྒོ་ནས་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ཕྱོགས་ཡོངས་ ནས་ངོ་ལོག་ཟིང་འཁྲུག་སློང་རྒྱུའི་ནང་གྲོས་དང་བཀོད་སྒྲིག་བྱས་པ་རེད། ཅེས་བྲིས་འདུག
རྒྱལ་གཅེས་ལྷོ་ཁའི་ཡུལ་དགོན་སྡེ་གསུམ་གྱིས།།
ཕྱ་གྲུ་མཉམ་འདེགས་བྱས་པའི་མཐུན་འགྱུར་འོག།
རྒྱ་སྟག་ངར་མ་འདྲ་བའི་ཕོ་རྒོད་ཚོས།།
དགྲ་བོ་འབུར་འཇོམས་བྱེད་པའི་དམག་ཇུས་གཏིང༌།།
༼4༽
དམག་སྒར་ལྟེ་བ་གྲུ་གུ་ཐང་ནས་མཚོ་སྣར་སྤོས་ནས་ལྷོ་ཁུལ་རྫོང་ཁག་སོ་སོར་དམག་གི་རྟེན་གཞི་དང་དམག་བྱུས་བཀོད་སྒྲིག་བྱས་ཚུལ།
གོང་གསལ་གྲོས་ཚོགས་དེའི་ནང་ཐག་གཅོད་ཇི་ལྟར་བྱུང་དོན་ལྟར། དམག་སྒར་ལྟེ་བ་ལྕགས་ཚ་གྲུ་གུ་ཐང་ནས་མཚོ་སྣར་སྤོས། མཚོ་སྣ་ནི་རྒྱལ་ས་ལྷ་སའི་ལྷོ་བརྒྱུད་དུ་ཡོད་ཅིང། རྒྱ་གར་གྱི་ས་མཚམས་དང་ཉེ་བར་ཡོད། ས་གནས་དེར་དམག་སྒར་ཨ་མའི་རྟེན་གཞིར་བྱས།
དེ་ ནས་ལྷོ་བྲག་དུ་བ་རྫོང་དང༌། ལྷུན་རྩེ་རྫོང༌། དཔལ་སྡེ། གྲ་ནང༌། བསམ་ཡས། གོང་དཀར། རྩེད་ཐང༌། ཁྲ་འབྲུག སྣང་དཀར། ཆུ་ཤུལ། འོལ་ཁ། དྭགས་པོ་རྒྱ་ཚ། ཀླུ་ཁང་གྲུ་ཁ། བན་རྩ་གྲུ་ཁ། ཉ་སོག་གྲུ་ཁ་སོགས་ལ་འགོ་དམག་ཁག་བགོས་ཀྱིས་དཔུང་འཇུག་བྱས་ཏེ། རྒྱ་དམག་རྩ་གཏོར་ཕྱིར་འབུད་ཀྱིས་བསྟན་སྲུང་དྭང་བླངས་དམག་གིས་སྒར་ས་བཟུང༌།
ཡང་ རྩེ་ཐང་དུ། བྲག་གཡབ་གཙོ་འཛིན་ཨ་ཕྲུུག་བླ་མ་དང༌། ལི་ཐང་ཇ་མ་བསམ་འཕེལ། ལི་ཐང་ཨ་ལོ་ཟླ་བ། སྡེ་དགེ་འབའ་ཆུང་དཔོན། དར་དགོན་གསེ་གསེ། ཆབ་མདོ་བློ་ཉི་སོགས་ཀྱིས་སྣེ་འཁྲིད་པའི་བྲག་གཡབ་རུ་ཤོག་དང༌། དེ་བཞིན་ལི་ཐང། སྡེ་དགེ། དར་དགོན། ཆབ་མདོ། སྨར་ཁམས་སོགས་ཀྱིས་དཔུང་འཇུག་འཐབ་འཛིངས་བྱས་ཤིང།
འདི་ནི་ལྷོ་ཁའི་དམག་ སྒར་ལྟེ་བ་ལྷ་རྒྱལ་རིར་མ་སྤོས་བའི་གོང་དུ་ཡིན་ལ། དམག་སྒར་ལྟེ་བ་ལྷ་རྒྱལ་རིར་སྤོས་ཟིན་པའི་རྗེས་སུ། སླར་ཡང་རྩེད་ཐང་དུ་མུ་མཐུད་ནས་དམག་སྣོན་དཔུང་འཇུག་སྔ་ཕྱི་རིམ་མཐུད་བྱས་པའི་ ལོ་རྒྱུས་ནི་འོག་ནས་རིམ་པར་བཞིན་ཤེས་པར་འགྱུར་རོ།།
གྲ་ནང་དུ། སྒ་པ་དམག་སྤྱི་དགེ་ལེགས་ཕུན་ཚོགས་དང༌། གུ་ཤི་འཇམ་དགའ། ཆ་ཕྲེང་ཀོ་བ་བསྟན་པ་རྒྱལ་མཚན་ཅན་གྱིས་སྣེ་འཁྲིད་པའི་འགོ་དམག་ཁག་གཅིག་དཔུང་ འཇུག་བྱས། གྲ་ནང་ནི་ལྷ་སའི་ལྷོ་རྒྱུད་དང་ཡར་ཀླུང་གཙང་པོའི་སྐེད་རྒྱུད་ན་ཡོད།
གོང་ དཀར་རྫོང་དུ། ཆབ་མདོ་དམག་སྤྱི་བྱང་རི་ལྷ་རྒྱལ་དང༌། སྡེ་དགེ་ཆུ་རྡོ་བུ་དབང་ཕྱུག་ཚེ་རིང༌། ལི་ཐང་ཀུན་དགའ་བསམ་གཏན། ས་འདུ་བརྒྱ་དཔོན་བསྟན་པ་དར་རྒྱས། སྡེ་དགེ་བརྒྱ་དཔོན་འཇུ་ཆེན་བསོད་ནམས་ཕུན་ཚོགས་སོགས་ཀྱིས་སྣེ་འཁྲིད་པའི་རང་ དམག་ཁག་གིས་དཔུང་འཇུག་བྱས་ཏེ་སྒར་ས་བཟུང༌།
གོང་དཀར་རྫོང་ནི་ཡར་ཀྱུང་གཙང་པོའི་སྐེད་རྒྱུད་དང་ཡར་འབྲོག་གཡུ་མཚོའི་བྱང་ངོས་སུ་ཡོད།
ལྷོ་བྲག་དུ་བ་རྫོང་དུ། ཨ་མདོ་དམག་སྤྱི་ལེགས་བཤད་དང༌། མི་ཉག་གཙོ་འཛིན་ཨ་ཕོ་ཡོན་ཏན་ཅན་གྱིས་སྣེ་འཁྲིད་པའི་དམག་དཔུང་ཁག་གཅིག་གིས་ དཔུང་འཇུག་བྱས་ཏེ་དམག་ས་བཟུང༌།
བསམ་ཡས་ཕྱོགས་སུ། ལི་ཐང་ཨ་ལོ་ཟླ་བ་(རྩེད་ཐང་ནས་ཕྱིར་འོང་རྗེས་)སོགས་ཀྱིས་སྣེ་འཁྲིད་པའི་རང་ དམག་ཁག་གཅིག་གི་དཔུང་འཇུག་བྱས་ཏེ་དམག་ས་བཟུང༌། དྭགས་པོ་རྒྱ་ཚར་སྡེ་དགེ་བརྒྱ་དཔོན་སྦ་ལུག་གིས་སྣེ་འཁྲིད་པའི་རང་ཕྱོགས་དམག་ ཤོག་ཁག་གཅིག་གིས་དཔུང་འཇུག་བྱས་ཏེ་དམག་ས་བཟུང༌།
འོལ་ཁ། གོ་འཇོ་ཆོས་དྲུག་དོན་འགྲུབ་ཕུན་ཚོགས་སོགས་ཀྱིས་སྣེ་འཁྲིད་པའི་རང་དམག་ཁག་གཅིག་གིས་དཔུང་འཇུག་བྱས་ཏེ་དམག་ས་བཟུང༌།
ལྕེ་ལྡེ་ཞོལ་དུ། དཀར་མཛེས་བརྒྱ་དཔོན་བློ་འཕྲིན་ལས་དང༌། ལི་ཐང་བརྒྱ་དཔོན་བླ་མ་བརྒྱུད་པ། ཆ་ཕྲེང་ཀོ་བ་རྒྱལ་མཚན་སོགས་རང་དམག་ཁག་གཅིག་གིས་དཔུང་འཇུག་བྱས།
ལྷུན་རྩེ་རྫོང་ནི། ལྷོ་ཁུལ་རྫོང་ཁག་རྣམས་ཀྱི་དབུས་སུ་ཡོད་པ་དང༌། རྫོང་གཞིས་ཁག་གཞན་དག་རྣམས་སུ་བསྟན་སྲུང་དྭངས་བླང་དམག་དཔུང་གིས་བཙན་ས་དང་ འཐབ་ར་བཟུང་ཡོད་པས། རེ་ཞིག་ལྷིང་འཇགས་ཡིན་སྟབས། ཨ་རིའི་གསང་བའི་ལས་བྱེད་པ་ལི་ཐང་ཨ་ཐར་དང༌།
ལི་ཐང་བློ་ཚེ་གཉིས་ཀྱིས་གསང་བའི་ཏར་འཕྲིན་གྱི་ལས་ཁུངས་བཙུགས་ཏེ་ཨ་རི་དང་གསང་བའི་འབྲེལ་ལམ་མུ་མཐུད་ནས་སྤེལ།
ཁྲ་འབྲུག་ཀྱང་ལྷོ་ཁུལ་གྱི་དབུས་སུ་འཁེལ་སྟབས་དགྲ་ཕྱོགས་ཀྱི་ཉེན་ཁ་དེ་ཙམ་ མེད་པས། དབུས་ཆུ་སྒང་དམག་སྒར་གྱི་ཕོགས་ཁང་བྱས་ཤིང༌། རྗེས་སུ་བྲག་གཡབ་ཨ་ཕྲུག་བླ་མ་རྩེད་ཐང་དམག་སྒར་ནས་ཕྱིར་བསྐྱོད་པ་དང༌། ཨ་མདོ་སྐལ་བཟང་གཉིས་ཀྱིས་ཕོགས་ཁང་འགན་འཛིན་བྱས། ལྷོ་ཁུལ་གཙོ་དྲག་གྲས་སྒེར་ཟུར་ཁང་པའི་ཞབས་དབང་འདུས་རྡོ་རྗེ་ལས་དྲུང་བྱས།
ཀླུ་ ཁང་གྲུ་ཁར། དར་དགོན་གཙོ་འཛིན་སྐལ་བཟང་དབང་ལྡན་དང༌། ཆ་ཕྲེང་བརྒྱ་དཔོན་ཤེས་རབ། སྨར་ཁམས་གཙོ་འཛིན་འགུ་གྲགས་སོགས་ཀྱིས་སྣེ་འཁྲིད་པའི་རང་དམག་ཁག་གིས་དཔུང་ འཇུག་བྱས་ཏེ་དམག་ས་བཟུང༌།
སྤལ་སྡེར། སྒ་བ་དམག་སྤྱི་བུ་བཀྲ་ཡག སྨར་ཁམས་བརྒྱ་དཔོན་དགེ་འདུན་བྱང་ཆུབ་དང༌། འདན་མ་རྟག་རྟག སྨར་ཁམས་ཆོས་མཛད། སྒ་པ་གཡང་ཚེ་རིང་སོགས་ཀྱིས་སྣེ་འཁྲིད་པའི་བརྒྱ་ཤོག་བཞིའི་རང་དམག་གིས་དཔུང་ འཇུག་བྱས་ཏེ་དམག་ས་བཟུང༌།
འཕྱོངས་རྒྱས་སུ་དར་དགོན་དམག་སྤྱི་གསེ་གསེ་ དང༌། རྟའུ་གཙོ་འཛིན་ནོར་བུ། གླིང་ཚང་ཡར་གླིང་དབང་རྒྱལ་བཅས་ཀྱིས་སྣེ་འཁྲིད་པའི་རྟ་དམག་གོ་ཧྲག་དཔུང་ཁག་ གཅིག་དཔུང་འཇུག་བྱས་ཏེ་དམག་ས་བཟུང༌།
ཡར་ཀླུང་ཕྱོགས་སུ་སྨར་ཁམས་བསྟན་འཕེལ་སོགས་ཀྱིས་སྣེ་འཁྲིད་པའི་རྟ་དམག་གོ་ཧྲག་ཁག་གཅིག་དཔུང་འཇུག་བྱས་ཏེ་དམག་ས་བཟུང༌།
དེ་ ལྟར་ཁག་བགོས་ཏེ་སྔ་ཕྱིར་དཔུང་འཇུག་བྱས་པ་ལས་ས་གནས་འགའ་ཞིག་ཏུ་གཡུལ་འཐབ་དྲག་ པོས་རྒྱ་དམག་ཤི་བསད་གྲངས་མེད་བཏང་བ་དང༌། རྒྱ་དམར་གྱི་ལས་ཁུངས་རྩ་གཏོར་བྱས་ཏེ་མཐའ་བསྐྲོད་བཏང་བས། ས་གནས་འགའ་ཞིག་ནི་ཆུ་སྒང་དམག་དཔུང་གི་ཟིལ་ཤུགས་ཙམ་གྱིས་ར་བཤའ་ས་ར་ལུག་འདར་ ཟེར་བའི་དཔེ་ལྟར།
རྒྱ་དམག་གིས་ལས་ཁུངས་དང་དམག་སྒར་བཞག་ནས་རྒྱ་དམག་རྣམས་ རང་བཞིན་གྱིས་ལྷ་སར་ བྲོས་བྱོལ་དང༌། ཕྱིར་འཐེན་བྱེད་དགོས་བཟོས་པ་སོགས་ལྷོ་ཁའི་ས་ཁུལ་གཙང་མ་བཟོས་པའི་ལོ་རྒྱུས་ དངོས་བྱུང་ཤིན་ཏུ་མང་བ་རྣམས་འོག་ནས་རིམ་བཞིན་དགོད་པར་བྱའོ།།
ཆུ་སྒང་དམག་སྒར་ལྟེ་བ་མཚོ་སྣར་སྤོ་དགོས་པའི་རྒྱུ་མཚན་དང་དེའི་བྱུང་རིམ་ཐད། ནང༌། དུས་སྐབས་དེ་དག་གི་ཚེ་ལྷོ་ཁ་གྲི་གུ་ཐང་དུ་ཡོད་པའི་ཆུ་སྒང་གི་དམག་སྒར་ལྟེ་བ་ ཐོག་མར་འཛུགས་ཡུལ་ཡིན་ཀྱང༌། ས་ཆ་དེ་བཞིན་བྱང་ཐང་འབྲོག་ས་ལྟ་བུར་གནས་ཡུལ་གྱི་ཆ་རྐྱེན་ཐམས་ཅད་ལ་དཀའ་ངལ་ ཡོད་པ་དང༌།
རིམ་བཞིན་དམག་མི་རྒྱ་བསྐྱེད་ཇེ་ཆེར་སོང་བ་སོགས་གང་ཅིའི་ཐད་ དང༌། དམག་སྒར་མཚོ་སྣར་སྤོ་རྒྱུའི་གྲོས་མཐུན་བྱུང་དོན་ལྟར། དམག་སྒར་ཨ་མ་མཚོ་སྣ་རྫོང་རྒྱབ་མལ་ལེ་གཉིས་ཙམ་རྒྱང་བསྲིངས་ཏེ་སྤང་གཤོངས་སུ་ སྤོས་རྗེས་ལས་ཁུངས་ལྟེ་བའི་ནང་གི་དམག་སྤྱི་ཕལ་ཆེ་བ་ཨ་འབྲུག་སྦྱིན་བདག་དང་ ལྷན་དུ་དཔུང་སྐྱོད་བྱས་ཟིན་པ་དང༌།
ཕྱོགས་མཚུངས་གཙོ་འཛིན་རྣམས་ཀྱང་འགའ་ རེ་ཁག་བགོས་ཀྱིས་ལྷོ་ཁུལ་རྫོང་གཞིས་ཁག་ ལ་དམག་ཕོགས་བཟའ་བཅའི་མཐུན་རྐྱེན་རྒྱབ་སྐྱོར་རོགས་རམ་འབོད་སྐུལ་ཞུ་བར་ཕྱིན་ ཟིན་སྟབས།
མཚོ་སྣའི་ལས་ཁུངས་ཨ་མའི་ཞི་དྲག་ལས་དོན་འཛིན་སྐྱོང་བྱེད་པོ་ དམག་སྤྱི་དང་གཙོ་ འཛིན་རེ་ཟུང་ལས་མེད་པས་གང་ཅིའི་ལས་དོན་འཐུས་ཤོར་འབྱུང་ཉེན་ལ་བརྟེན་བྱེས་ ཕེབས་འགོ་དམག་རྣམས་ཕྱིར་འཁོར་མ་བྱུང་རིང༌། ཡིག་ཚང་ལས་ཁུངས་ཟུར་ཚུགས་མ་དགོས་པར་དེ་ཁོངས་ལི་ཐང་འཇང་ཚ་ཆོས་མཛད་དང༌།
ཆབ་ མདོ་རྡོ་ཚེ་གཉིས་ཀྱིས་དམག་སྤྱི་དང་གཙོ་འཛིན་གྱི་ལས་རོགས་འགན་ཁུར་མི་བྱ་ ཀ་མེད་གྱུར་ཅིང༌། ཡིག་ཚང་གི་རྒྱུན་ལས་པ་ཆབ་མདོ་དཀོན་མཆོག་རྡོ་རྗེས་རྐང་འགན་ཁྱེར་ནས། ཡིག་འབྲིའི་བྱེད་སྒོ་ཆེ་ཕྲ་མཐའ་དག་འཐུས་ཚང་རྒྱུན་འཁྱོངས་བྱས། དེའི་ཚེ་ཆུ་སྒང་དམག་མིར་ཞུགས་མི་རིམ་འབྱོར་བྱུང་བ་རྣམས་ཁུངས་སོ་སོར་ཞུགས་ སུ་འཇུག་པ་སོགས།
དམག་གྲབས་ཀྱི་དུས་འདའ་བའི་མུར། སྙེ་མོ་ནས་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་བང་མི་སྡེ་དགེ་འབར་ཆུང་བླ་མ་དང༌། ལྷོ་བ་བློ་བཟང་གཉིས་བཏང་སྟེ། ང་ཚོ་འགོ་དམག་ཤངས་དགའ་ཆོས་སུ་བསྐྱོད་པའི་ལམ་འཁེལ། རྡོ་དཀར་སུམ་མདོར་རྒྱ་དམག་དང་གདོང་ཐུག་གིས་རྒོལ་འཛིངས་རིམ་པ་བྱས་པས། འཐབ་འཛིང་སྐབས་རྒྱ་དམག་ཁྱོན་ཆེ་བསད་རྨས་བཏང་ཡང༌།
རང་དམག་མང་པོ་ཞིག་ཀྱང་ རྐྱེན་འདས་ཤོར་སོང་ཞིང༌། དེ་གའི་འགོ་དམག་རྣམས་ནས་ཕྱོགས་སོ་སོར་ས་སྲུང་དང་སོ་པ་བཙུགས་ཏེ། དམག་སྒར་བརྟན་སྲུང་ཐུབ་པ་དགོས་གལ་ཆེ་ཞིང༌། དེ་གའི་དམག་སྒར་ལྟེ་བ་འཐོར་ཞིག་གྱུར་ཚེ། སླར་བསྐྱར་འཛུགས་བྱེད་རྒྱུར་དཀའ་ངལ་ཡོང་གནས་ལ་བརྟེན། དེ་ལུགས་འགོ་དམག་ཚང་མས་གཟབ་ནན་དགོས་པའི་བཀའ་ཡིག་དང་གསུང་འཕྲིན་ནན་པོ་གནང་ འདུག་པས།
ཚང་མས་དེ་བཞིན་ཞུ་རྒྱུ་བྱས། ཞེས་བཀོད་པ་ཡོད་པ་རེད།
གནམ་འོག་ཕོ་རྒོད་དཔའ་བོའི་འདུ་འཛོམས་ཀྱིས།།
གངས་རིའི་ཕ་ནོར་སྲུང་སྐྱོབ་བྱེད་པའི་སླད།།
དྲག་པོའི་དམག་གི་བཀོད་སྒྲིག་བརྟན་པོའི་འོག།
རྫོང་ཁག་བཅོ་བརྒྱད་བཟུང་བའི་གཏམ་བརྒྱུད་རིང༌།
















