དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།61
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།293
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1185
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96078

Online (20 minutes ago): 11
Your IP: 38.107.179.240
,
Today: Feb 07, 2012

དབུས་རྒྱུན་རིམ་བྱུང།

དབུས་རྒྱུན་རིམ་བྱུང་གི་ལོ་རྒྱུས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ཁྱུང་དཀར་དགེ་བཤེས་ཕག་མགོན་ཚང་གཡུང་དྲུང་རྒྱལ་མཚན་གྱི་ལོ་རྒྱུས་མདོར་བསྡུས།
ཕྱི་ལོ་ ༡༩༦༧ ལོར་ཁྱུང་དཀར་ཕག་མགོན་ཚང་དུ་ཕ་རིན་ཆེན་དཔལ་ལྡན་དང་། མ་ཨ་རྡོ་དཔལ་གཡང་གཉིས་ཀྱི་རིགས་རྒྱུད་དུ་སྐྱེས། རང་ལོ་བརྒྱད་ཐོག་དམངས་བཙུགས་སློབ་གྲྭའི་ནང་འཛིན་རིམ་ལྔ་པ་བར་བོད་ཡིག་འབྲི་ཀློག་དང་ཨང་རྩིས་སྦྱོང་བརྡར་བྱས་པ་དང་། ལོ་གསུམ་རིང་ཟློས་གར་འཁྲབ་སྟོན་པའི་ཁོངས་སུ་བསྡད། རང་ལོ་ ༡༣ ནས་ ༡༥ བར་ང་ཚོའི་སྡེ་ཤོག་གི་རུ་ཁག་དང་པོའི་རྩིས་དྲུང་གི་ལས་འགན་ཁུར། ཕྱི་ལོ་ ༡༩༨༦ ལོར་ཆོས་དད་རང་དབང་ཟེར་བའི་སྲིད་བྱུས་ལྷོད་ཙམ་བྱུང་སྐབས་སྟེང་ཆེན་དགོན་པའི་གཉེར་པའི་འགན་ཁུར་ཟླ་ཤས་ཙམ་ཁུར་རྗེས་ ༡༩༨༧ ལོར་གཡུང་དྲུང་བོན་གྱི་གདན་ས་གོང་འོག་གཉིས་སུ་ཕྱིན་ཏེ་རབ་ཏུ་བྱུང༌། ལོ་དེའི་ཟླ་ ༥ བའི་ ཟླ་མཇུག་ཙམ་ནས་བལ་ཡུལ་བརྒྱུད་ནས་དཔལ་ལྡན་ཁྲི་བརྟན་ནོར་བུ་རྩེར་སླེབས་པ་དང་། དེ་ནས་རྒྱ་གར་དུ་༸དཔལ་གཤེན་བསྟན་སྨན་རིའི་གླིང་གི་བཤད་གྲྭའི་ཁོངས་སུ་ཞུགས་ ཏེ་མདོ་སྔགས་སེམས་གསུམ་རིག་གནས་དང་བཅས་པར་སྦྱོང་བརྩོན་བྱས་ཏེ། 

ཕྱི་ལོ་ ༡༩༩༦ ལོར་དགེ་བའི་བཤེས་གཉེན་ཆེན་པོའི་མཚན་རྟགས་ཐོབ་པ་དང་། ལོ་དེར་ཁྱུང་དཀར་གཡུང་དྲུང་བསྟན་རྒྱས་གླིང་གི་བསྟན་བདག་བླ་མར་ཁྲི་གསོལ་གནང༌། དེ་ ནས་བལ་ཡུལ་དུ་དཔལ་ལྡན་ཁྲི་བསྟན་ནོར་བུ་རྩེར་༸སྐྱབས་རྗེ་ཡོངས་འཛིན་སྨྲ་བའི་ དབང་པོ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་དྲུང་དུ་སླར་ཡང་སྔགས་སེམས་ ཀྱི་བོན་ལ་སྦྱོང་བརྩོན་བྱས་པ་དང་། རྩ་བའི་བླ་མའི་བཀའ་མངགས་ལྟར་དགོན་པའི་ཕྱི་ནང་བྱ་བ་ལས་ཀྱི་འཁོར་ལོའི་དུས་ འདའ་བར་བྱས།
ཕྱི་ལོ་ ༢༠༠༠ ལོ་ནས་དབུ་བཙུགས་ཏེ་ཡོ་རོབ་དང་ཨ་རི་སོགས་ཕྱི་རྒྱལ་ཡུལ་གྲུ་དུ་མར་བསྟན་པ་དང་དགོན་པའི་དོན་དུ་ཕྱོགས་བསྐྱོད་ཞུས། ༢༠༠༣ ལོར་ རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་འདུས་ཚོགས་དབྱིན་ལན་ཨོག་སི་ཕོར་ཌི་མཐོ་ རིམ་སློབ་གྲྭ་ཆེན་མོར་བསྐོང་འཚོགས་གནང་སྐབས་གདན་ཞུས་ལྟར་ཆེད་བཅར་ཞུས། ༢༠༠༧ལོར་སླར་ཡང་དབྱིན་ལན་གྲོས་ཚོགས་སུ་གྲོས་ཚོགས་ཀྱི་རིག་གཞུང་བརྗེ་ལེན་ཆེད་ཚོགས་འདུར་གཞུང་འབྲེལ་གྱི་གདན་ཞུས་ལྟར་སྐུ་འཅར་ཞུས།
ཕྱི་ལོ་ ༢༠༠༢ ལོའི་ལོ་འཇུག་ནས་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར་སྐབས་བཅུ་གསུམ་པའི་སྤྱི་འཐུས་དང་དེའི་རྒྱུན་ལས་ལོ་བཞིའི་རིང་བྱས། དེ་བཞིན་སླར་ཡང་སྐབས་བཅུ་བཞི་པའི་གཡུང་དྲུང་བོན་གྱི་སྤྱི་འཐུས་སུ་འདེམས་ཐོན་བྱུང་བ་ལྟར་སྤྱི་འཐུས་ཀྱི་ལས་ཁུར་འགྲོ་བཞིན་པ་དང༌། མདོ་ ཁམས་ཆུ་བཞི་སྒང་དྲུག་སྐབས་བཅུ་བདུན་པའི་ཚོགས་གཙོ་གཞོན་པ་དང་སྐབས་བཅོ་བརྒྱད་ པའི་ཚོགས་གཙོ། དེ་བཞིན་ཤེས་རིག་ཕུན་ཚོགས་གླིང་གི་དྲུང་ཆེའི་འགན་ཁུར་ཞུས་དང་ཞུ་མུས་སུ་ལགས་ པ་བཅས་ལོ་རྒྱུས་སྙིང་བསྡུས་སུ།
 
མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་སྨར་ཁམས་ཆོས་འཕེལ་གྱི་ངོ་སྤྲོད་མདོར་བསྡུས།

ཕྱི་ལོ་ ༡༩༦༧ ཟླ་ ༡༠ ཚེས་ ༡༠ ཉིན་སྨར་ཁམས་ཧོ་ལ་གྲོང་ཚོ་འཐབ་ར་ཚང་དུ་ཕ་ཕྱག་རྡོར་དང༌། མ་ལྷ་སྐྱིད་གཉིས་སུ་སྐྱེས་ཏེ། ཞིང་པའི་ལས་དོན་བྱས། ཕྱི་ལོ་ ༡༩༨༦ ལོར་ལྷ་སར་འབྱོར།
༡༩༨༧ ལོའི་ཟླ་ ༡༠ ཚེས་ ༡ ཉིན་ལྷ་ས་ནས་བོད་མི་དམངས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་ དེའི་ཁོངས་དངོས་སུ་ཞུགས་སྟབས། རྒྱ་མིའི་དྲག་དམག་གི་མེ་མདའི་མདེའུ་གཉིས་ལུས་ཐོག་ཏུ་ཕོག་ཏེ་རྨས་སྐྱོན་ཚབས་ཆེན་ བྱུང་སྟེ། ལྷ་སར་གྲོང་ཁྱེར་མི་དམངས་སྨན་ཁང་ནང་ཟླ་བ་གཅིག་ལྷག་ཙམ་སྡོད་དགོས་གྱུར། ཕྱི་ལོ་ ༡༩༨༩ ལོར་བོད་ནང་གནས་ཐབས་བྲལ་ཏེ་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་ཐུབ་པ་བྱུང་། ྋ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དྲིན་གྱིས་སྦིར་གསར་འབྱོར་ སློབ་གྲྭར་ཞུགས་ཏེ་བོད་དབྱིན་གཉིས་ལ་སྦྱང་བརྩོན་བྱས། ཕྱི་ལོ་ ༡༩༩༣ ལོར་སློབ་གྲྭ་ཐོན་ནས་མདོ་ཁམས་ཆུ་བཞི་སྒང་དྲུག་སྤྱི་ཁྱབས་དབུས་རྒྱུན་ལས་ཁང་ གི་ལས་བྱེད་བྱས་ཏེ། བོད་ཆོལ་ཁ་གསུམ་གྱི་བོད་མི་རྣམས་རྒྱ་དམར་གྱི་བཙན་འོག་ནས་ཐར་རེའི་ཆེད་དུ་ ཕྱི་ནང་གང་གི་ལས་དོན་ཐད་གོང་རིམ་རྣམ་པའི་བཀའ་བཀོད་དང་ལེན་གྱིས་ལོ་མང་རིང་ སེམས་འཁུར་དང༌། ལྷག་བསམ་ཐོག་བོད་ཆོལ་ཁ་གསུམ་གྱི་རྩ་དོན་དང༌། དམིགས་ཡུལ་སྒྲུབ་ཆེད་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་རྩ་འཛིན་ བསམ་ཤེས་འཁུར་ལེན་བྱས། ཕྱི་ནང་གང་གི་འགལ་རྐྱེན་བར་ཆད་འདྲ་མིན་ཇི་ལྟར་བྱུང་བ་རྣམས་ལ་ཅི་ཕན་སྙིང་ལ་ བཅངས་ཏེ་དཀའ་ངལ་འཛེམས་མེད་བྱས།
ཕྱི་ ལོ་ ༡༩༩༧ ལོར་བཙན་བྱོལ་བོད་གཞུང་དང༌། ཐེ་ཝན་སྲིད་གཞུང་དབར་འབྲེལ་བ་གནང་རྗེས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཟློས་གར་ ཚོགས་པ་ཐེ་ཝན་དུ་བཏང་བའི་ལས་དོན་ཆེད་དུ་ཐེ་ཝན་དུ་བསྐྱོད་བསྡད་བྱས། ཕྱི་ལོ་ ༡༩༩༨ ལོར་ཐེ་ཝན་དུ་འབྱོར་བའི་མདོ་ཁམས་མི་སྣ་རྣམས་བློ་མཐུན་གྲོས་མཐུན་གྱིས་ས་གནས་ ཆུ་སྒང་རྒྱུན་ལས་གསར་འཛུགས་བྱས་ཏེ།
ཕྱི་ལོ་ ༢༠༠༥ ལོ་བར་ས་གནས་རྒྱུན་ལས་འགན་འཁུར་བྱས། ཕྱི་ལོ་ ༢༠༠༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་བཀྲིན་ཆེ་སྐབས་ ནས་བཟུང་ཐེ་ཝན་བོད་རིགས་ཚོགས་པ་གསར་འཛུགས་བྱས་པའི་ཚོགས་གཞོན་དང༌། དྲུང་ཆེ་གཅིག་ལྕོགས་འཁུར་ལེན་བྱེད་མུས་སུ་མཆིས།
ཕྱི་ལོ་ ༢༠༠༥ ཟླ་ ༨ ཚེས་ ༤ ནས་མདོ་སྟོད་རྒྱལ་ཡོངས་མི་མང་གིས་འོས་བསྡུའི་ལམ་ནས་མདོ་ཁམས་ཆུ་བཞི་སྒང་ དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་མིར་འདེམས་ཐོན་བྱུང་བ་ལྟར་དཔལ་ འབྱོར་འགན་འཛིན་དང༌། དངུལ་གཉེར་གྱི་འགན་འཁུར་བྱས། ༢༠༠༨ ལོར་སླར་ཡང་མདོ་སྟོད་རྒྱ་ཆེའི་མི་མང་གིས་ཚད་མཐོའི་གདེངས་འཇོག་གནང་སྟེ་དབུས་ སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཚོགས་མིར་འོས་འདེམས་གནང་བ་ལྟར། ད་ཆ་ཚོགས་གཙོ་གཞོན་པའི་ཐུགས་འགན་འཁུར་མུས་སུ་ཡོད་པ་བཅས་ཀྱི་ངོ་སྤྲོད་སྙིང་ བསྡུས་སུ།

དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་སྒ་པ་ལྷ་མོའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

ཕྱི་ ལོ་ ༡༩༥༣ ལོར་ཁམས་རི་བོ་ཆེ་ཨ་མྱེ་ཚང་ཕ་ཉི་དགའ་དང་མ་ཤོ་བརྡ་ཚང་མེ་ཏོག་སྒྲོན་དཀར་གཉིས་ ཀྱི་རིགས་སྨྱུག་ཏུ་སྐྱེས། ༡༩༥༨ ལོར་རྒྱ་དམག་གིས་བཙན་འཛུལ་བྱས་སྐབས་རང་ཡུལ་གཡུགས་ཏེ་རྒྱ་གར་དུ་སྐྱབས་བཅོལ་ དུ་འབྱོར། ༡༩༦༢ ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཁོངས་སུ་ཞུགས་པ་དང་སློབ་གྲར་ཕྱིན། ༡༩༧༤ ལོར་འཇིག་རྟེན་ལུགས་མཐུན་གྱི་ཁྱིམ་འཛིན་མ་ཡི་འགྲོ་ལུགས་ལྟར་གཉེར་ཏེ་དོན་འགྲུབ་ གླིང་གཞིས་ཁོངས་སུ་སྒ་པ་ཞུ་རྣ་གྲོང་སྟོད་ཚང་དུ་གནའ་མར་སླེབས།
༡༩༨༠ ནས་རིམ་བཞིན་དོན་འགྲུབ་གླིང་གཞིས་ཆགས་ཀྱི་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང༌། དོན་འགྲུབ་གླིང་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་ཀྱི་ལས་ཁུར་བཞེས་པ་དང་རིམ་བཞིན་ཇེ་ པུར་སྐྱབས་བཅོལ་བོད་མིའི་སུད་ཚོང་ཚོགས་པའི་ཚོགས་གཙོ་དང༌། ཚོགས་གཞོན། ༢༠༠༩ ལོའི་ཟླ་ ༡ ཚེས་༢༠ བར་འགན་ཁུར་གྲུབ་འབྲས་ཐོན་པར་བྱས།
༢༠༠༦ ནས་བཙན་བྱོལ་བོད་གཞུང་གིས་སྐྱབས་བཅོལ་བོད་མིའི་སུད་ཚོང་ལྷན་ཚོགས་གསར་འཛུགས་ གནང་སྐབས་ལོ་གཅིག་རིང་བོད་མི་སྤྱི་ཡི་སུད་ཚོང་ཚོགས་པའི་ཚོགས་གཞོན་གྱི་འགན་ ཁུར་གནང་བ་དང་སླར་ཡང་༢༠༠༨ ཟླ་ ༨ ཚེས་ ༢༡ ནས་ལོ་གསུམ་རིང་བོད་མི་སྤྱི་ཡི་སུད་ཚོང་ལྷན་ཚོགས་ཀྱི་ཚོགས་གཞོན་འོས་འདེམས་ བྱུང་བ་ལྟར་ལས་ཁུར་གནང་དང་གནང་བཞིན་མཆིས།
༢༠༠༥ ལོའི་ཟླ་ ༨ ཚེས་ ༤ ནས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་སྐབས་བཅུ་བདུན་དང་བཅོ་བརྒྱད་སོ་སོར་ ཚོགས་མིར་ཚད་མཐོའི་འོས་འདེམས་བྱུང་བ་ལྟར་རྩིས་པ་དང༌། ཚོགས་གཙོ་གཞོན་པའི་ལས་ཁུར་གནང་དང་གནང་མུས་སུ་ལགས། །
 
དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་ཆེ་བདེ་བ་ཚང་རྡོར་རྗེ་དབང་འདུས་ཀྱི་ངོ་སྤྲོད་མདོར་བསྡུས།
 
 
 

 དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དྲུང་གཞོན་ངག་དབང་བསྟན་པའི་ལོ་རྒྱུས་མདོར་བསྡུས།

 དེ་ཡང་འཛམ་གླིང་ཏོག་ཏུ་ཐོན་པའི་བོད་གངས་ཅན་ལྗོངས་ཞེས་གྲགས་པའི་གནས་འདིར། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི།
སྨད་མདོ་ཁམས་སྒང་དྲུག་གསུམ་དུ་ཕྱེས་པའི་ཕྱི་མ། དངུལ་རྫ་ཟལ་མོ་སྒང་གི་ཆར་གཏོགས་དཔལ་དབྱི་ཤོད་རི་བོ་ཆེ་ཞེས་གྲགས་པ།རྒྱལ་བསྟན་རིན་པོ་ཆེ་
སྒྲུབ་པའི་ཕྱོགས་ཀྱིས་གསལ་བར་བྱེད་པ་སོགས་ཡོན་ཏན་གྱི་འབྱོར་པ་དུ་མ་དང་ལྡན་པའི་གནས་དེར། ཕྱི་ལོ་ ༡༩༧༥ལོར་ཁམས་རི་བོ་ཆེ་རི་བཞུགས་ཚང་ཕ་བཀྲ་རྒྱལ་དང་། མ་དཀར་ཆུང་ཚང་ཡེ་ཤེས་ཆོས་མཚོ་གཉིས་སུ་སྐྱེས་ཏེ་འཚར་ལོང་བྱུང་། ཕྱི་ལོ་ ༡༩༨༡ ལོར་རི་ཕུག་དགོན་དུ་བླ་མ་གྲགས་པ་ཡོང་འཛིན་དུ་བསྟེན་ནས་བྲིས་འདོན་ཆོ་ག་ཆོས་སྤྱོད་སོགས་ལ་སྦྱོང་བརྩོན་བྱས་མཐར་བགྲང་བྱ་བརྒྱ་ཕྲག་བདུན་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དཔལ་སྟག་ལུང་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཆེན་པོ་རྨད་བྱུང་གི་གཙུག་ལག་ཁང་ཆེན་ཁྲ་འཁྱིལ་ལམ་བཀྲ་ཤིས་ལྷུན་པོ་འཛམ་གླིང་རྒྱན་དུ་ཕྱི་ལོ་ ༡༩༨༧  ལོར་ཆོས་ཞུགས་བྱས་ཏེ་༧སྐྱབས་མགོན་རྗེ་དྲུང་གདུང་སྲས་ཀུན་དགའ་གྲགས་པ་ལས་རབ་ཏུ་བྱུང་ནས་འབུམ་ལྔ་བསགས་སྦྱང་དང་། འཆམ་བྲོ་གར་། གཏོར་བཟོ་དཀར་རྒྱན་། རྔ་ཆིང་རོལ་གསུམ་། གར་ཐིག་དབྱངས་རོལ། ཆོ་ག་ཆོས་སྤྱོད་རྒྱུད་སྡེ་སོགས་བྱང་ཆུབ་པར་སློབ་། བཤྭའི་འགན་འཛིན་། གཉེར་ལས་དང་དགོན་དེས་ལས་སྣེའི་འགན་ཁུར་ཆ་ཚང་ཞུས།  མཐར་ ༡༩༩༦ ལོར་༸གོང་ས་ཡིད་བཞིན་ནོར་བུ་མཇལ་འདོད་སྐོམ་པ་ཆུ་ལ་རེ་བ་ལྟར་དད་གདུང་གིས་རྐང་པའི་གོམ་ཁ་འཕགས་ཡུལ་དུ་བསྒྱུར་ནས་རྫོངས་སར་བཤད་གྲྭ་སྐལ་བཟང་ཆོས་ཀྱི་དགའ་ཚལ་དུ་མཁན་ཆེན་ཀུན་དགའ་དབང་ཕྱུག་སོགས་མཁན་སློབ་བཤེས་གཉེན་དུ་མ་ལས་དབུ་མ་རྩ་འཇུག་བཞི་གསུམ་སོགས་གཞུང་ཆེན་ཁག་ལ་ལོ་ཤས་རིང་སྦྱངས་རྗེས། བལ་ཡུལ་ཙ་པ་དགོན་བཀྲ་ཤིས་དར་རྒྱས་ཕུན་ཆོགས་གླིང་དགོན་དུ་ལས་གཉེར་ཞུས་པ་དང་་རི་བོ་ཆེ་སྟག་ལུང་བཀའ་བརྒྱུད་ཆོས་ཚོགས་དགོན་པ་དང་།སྐྱིད་སྡུག་ནང་སུ་གཉེར་དྲུང་གཅིག་ལྕོགས་ཀྱི་ལས་འགན་ཞུ་བཞིན་པ་དང་།༸སྐྱབས་མགོན་འཕགས་མཆོག་རིན་པོ་ཆེའི་ཞབས་ཞུ་སྒྲུབ་བཞིན་པའི་ཐོག ཕྱི་ལོ ༢༠༠༤ ལོར་བལ་ཡུལ་མདོ་སྟོད་མི་མང་ནས་ཆུ་སྒང་ས་གནས་རྒྱུན་ལས་འོས་འདེམས་གནང་ཐོག་ལྟར་ཆོས་རིག་འགན་འཛིན་དང་རྩིས་དྲུང་གཅི་ལྕོགས་ལོ་གསུམ་རིང་ཕྱག་ལས་ཧུར་བརྩོན་ཞུས་རྗེས་ཕྱི་ལོ་ ༢༠༠༧ ལོར་མི་མང་ནས་ཆུ་སྒང་དབུས་སྤྱི་ཁྱབ་དུ་འོས་བདེམས་བྱུང་སྟེ་ད་ལྟ་དབུས་སྤྱི་ཁྱབ་རྒྱུན་ཁང་གི་དྲུང་གཞོན་ཀྱི་མཚན་གནས་ཐོག་ཞབས་ཞུ་སྒྲུབ་བཞིན་པ་དང་། ཕྱི་ལོ་ ༢༠༠༨ ཟླ་  ༡༡ ཚེས ༡༧
ནས་ཉིན་དྲུག་གི་རིང་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཐོག་རྡ་སྟིང་བོད་ཁྱིམ་ལ་མདོ་སྟོད་ཆོལ་ཁའི་ངོ་ཚབ་ཆེད་བཅར་ཞུས། ཕྱི་ལོ་ ༢༠༠༩ ལོའི་བ་ཡུལ་མི་མང་གི་ས་གྲོས་འོས་འདེམས་གནང་བ་བཞིན་ས་གནས་གྲོས་ཚོགས་ཀྱི་ཚོགས་གཞོན་གྱི་ལས་གནས་དང་། ཕྱི་ལོ་ ༢༠༡༠ ལོ ཟླ་ ༥ ཚེས་ ༧ ཉིན་མཉམས་མེད་འགྲོ་མགོན་བཀའ་བརྒྱུད་པའི་རྡའ་ས་ནོར་གླིང་ཁང་དུ་། ཀམ་འབྲུག་། འབྲི་སྟག་བཅས་རང་ཁུང་སོ་སོར་ནས་སྐུ་ཚབ་ཆ་སྙོམ་ཡོད་པའི་རྒྱལ་ཡོངས་བཀའ་བརྒྱུད་ལྷན་ཚོགས་ཐེངས་དང་པོའི་ཐོག་ལ་སྟག་ལུང་བཀའ་བརྒྱུད་ངོ་ཚབས་ཆེད་བཅལ་ཞུས་། ༢༠༡༠ ཟླ ༦ མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་ལས་གནས་ཐོག་ཆུ་སྒང་ས་གནས་ ༡༢ ནང།་ས་གནས་གྲོས་ཚོགས་་། ས་གནས་མགོ་འཛིན་།  ས་གནས་རང་བདེན་། ས་གཞོན་བུ་མེད་ཚོགས་སྐྱིད་ཁག་མདོ་སྟོད་མིང་མང་རྣས་ལ་ཆུ་སྒང་ཐོག་མའི་དམིགས་ཡུལ་དང་།  བར་དུ་དཀའ་ངལ་ཇི་འཕྲད་།  མཐར་ ༧གོང་ས་མཆོག་ལྷ་དགོང་དངས་གསལ་།   རང་གཞུང་གིས་ངོས་ལན་ཡོད་པའི་ཚོགས་པ་ཆགས་ཚུལ་།    ད་ལྟའི་ཆུ་སྒང་གནས་སྟང་། མ་འོང་འགན་ཁུར་མི་རེ་རེའི་ཡོད་པ་གསལ་བཤད་བཅས་ཞུས་པའི་གྲུབ་འབྲས་རྒྱ་ཆེན་བྱུང་།དེ་བཞིན་དགོན་སྡེ་ཁག་ ༢༥ ལ་ཆུ་སྒང་སྒྲིག་འཛུག་འདི་ཐོག་བོད་རྒྱལ་ཁབ་མི་རིག་ཀྱི་དོན་དུ་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་རྣམས་དང་ཉེ་ཆར་ཁམས་སྐྱེ་རྒུ་ས་ཡོང་སྐྱེན་ངན་བྱུང་བའི་ཚེ་སྲོག་ཤོར་བ་དང་སྨས་སྐྱོན་བྱུང་བ་རྣམས་ཀྱི་ཆེད་བསྔོ་སྨོན་དང་སྐྱབས་འཇུག་ཆོས་རྒྱུད་ལྔ་ལ་འབུལ་ལམ་ཞུས་པ་དང་ཆུ་སྒང་དབུས་གནས་སྟངས་སྐོར་བླ་སྤུལ་དང་མཁན་པོ་ཕྱག་མཛོད་མི་སྣ་བཅས་ལ་བཀའ་མོལ་ཞིབ་ཕྲ་འབུལ་ལམ་ཞུས་།  ས་གྲོས་ཚོགས་གཞོན་ལས་གནས་ཐོག། ༢༠༡༠ ཟླ་ ༨   ནང་བོད་རྒྱལ་ཡོང་གཞུང་མང་ཚོགས་ཆེན་ཐེངས་དང་པོའི་ཐོག་རྒྱ་གར་ལྷོ་ཕྱོགས་སྦེ་ཀོབ་ལ་མི་མང་ངོ་ཚབ་ཆེད་བཅལ་ཞུས་པ་དང་བོད་བསྟན་པ་ཆབ་སྲིད་ཀྱི་ཞབས་ཞུ་སྒྲུབ་མུས་ལགས་སོ།།

དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དངུལ་གཉེར་རྫ་ཆུ་ཁའི་སྐྱུ་ར་དཔའ་རྡོའི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

གུས་པ་སྐྱུ་ར་དཔལ་རྡོ་ནི་༡༩༥༧ལོར་ཁམས་རྫ་ཆུ་ཁའི་མཁར་ནང་སྡེ་བ་རུ་སྐྱེས༌།༡༩༧༨མ་ཟིན་བར་ ཕྱུགས་རིགས་འཚོ་སྐྱོང་བདག་གཉེར་དང་རྩྭ་ཐང་འཛུགས་སྐྲུན་གྱི་ལས་ཀ་སོགས་རྟ་ ཟོག་ལས་སྡུག་པའི་འཚོ་བ་བསྐྱལ་དགོས་བྱུང༌།  ༡༩༧༨ལོར་ཕྱུགས་ཟོག་སྨན་པའི་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཅུང་ཐོབ། རང་གི་འབད་བརྩོན་ལ་བརྟེན་ནས་སློབ་སྦྱོང་མཐར་ཕྱིན་རྗེས་ཕྱུགས་ཟོག་སྨན་པ་ལོ་ ༡༢རིང་བྱས། སྨན་པ་བྱེད་བཞིན་པའི་སྐབས་༡༩༨༠ནས་༡༩༨༡བར་མཁར་ནང་གྲོང་སྡེ་གསུམ་པའི་མཉམ་ལས་ ལྔ་པའི་རྩིས་པ་བྱས། ༡༩༨༡ ནས་༡༩༩༠པར་གྲོང་སྡེ་ལྔ་བའི་ཏུས་ཀྲང་དང་དམར་ཤོག་ཚོགས་པའི་རྒྱུན་ལས་སྤྱི་ ཚོགས་བདེ་འཇགས་སྲུང་སྐྱོབ་བཅས་ཀྱི་ལས་འགན་ཁུར་བ་ཡིན། ༡༩༩༠ལོ་ལས་ཀ་ཚང་མ་ནས་དགོངས་པ་ཞུས་པ་ཡིན། ལོ་དེ་ཚོའི་ནང་རྒྱ་གུང་ཁྲན་དམར་པོའི་བཙན་འོག་ནས་བོད་བསྟན་པ་ཆབ་སྲིད་ཀྱི་ དོན་དུ་ལས་ཀ་མང་པོ་བྱས་པ་ཡིན། མ་ཚད་བོད་རིགས་མི་དམངས་རྣམས་ལ་ཞབས་ཞུ་ཡང་གང་མང་ཞུ་ཐུབ་སོང༌། བྱས་རྗེས་དེ་ལ་བརྟེན་ནས་རྒྱ་མིའི་ཉེན་རྟོག་པའི་མནར་གཅོད་འོག་ཐེངས་མང་འགྲོ་ དགོས་བྱུང༌། ༡༩༩༡ལོར་མཁར་ནང་དགོན་སྡེ་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ བཞིན་མཁར་ནང་ཡང་ སྤྲུལ་ཐུབ་བསྟན་འཇམ་དབྱངས་རིན་པོ་ཆེ་རྒྱ་གར་འཕགས་ཡུལ་ནས་རང་ཡུལ་དུ་ཞབས་སོར་ འཁོད་རྒྱུ་ཐུགས་ཐག་བཅད་འདུག་པ་དང༌།དེ་དང་ཆབ་གཅིག་ཏུ་སངས་རྒྱས་སྟོང་སྐུ་ གཅིག་གདན་འདྲེན་ཞུ་རྒྱུ་ཡོད། མཁར་ནང་དགོན་སྡེ་གཉིས་ཀྱི་ནང་ནས་ཕེབས་བསུ་ཞུ་མཁན་མི་གོ་ཆོད་གཅིག་གཏོང་དགོས་ པའི་བཀའ་གནང་འདུག་པ་ལྟར་མཁར་ནང་དགོན་སྡེ་གཉིས་ཀྱི་མི་ཆེན་བླ་དཔོན་གནད་ཡོད་ མི་སྣ་ཚང་མ་རྒྱས་འཛོམས་ཐོག་ཡང་སྤྲུལ་རིན་པོ་ཆེ་དང་སྟོང་སྐུ་གདན་འདྲེན་ཞུ་ བར་གོ་ཆོད་གཅིག་བཏང་དགོས་པའི་མི་སུ་དང་སུ་བཏང༌། བཀའ་གྲོས་བྱས་མཐར་དཔོན་ཚང་བཀྲ་ཤིས་དང་ཕྲན་སྐྱུ་ར་དཔལ་རྡོ་གཉིས་ལས་ལྷག་མི་ འདུག་ཁོང་གཉིས་སུ་ཁོམ་ན་འགྲོ་རགས་གསུང་རྒྱུ་གྲོས་ཐག་བཅད་འདུག  དཔོན་ཚང་བཀྲ་ཤིས་ལས་ཀ་བྲེལ་ཚབ་ཆེ་བས་དགོངས་པ་ཞུས་འདུག ཕྲན་ལ་མཁར་ནང་དཔོན་པོ་ལེགས་དཔལ་དོན་གྲུབ་ཀྱིས་བཀྲ་ཤིས་དུས་ཚོད་མི་འདུག ཁྱོད་རང་ལ་དུས་ཚོད་ཡོད་དམ་གསུང་ནས་ཕེབས་བྱུང༌།ཕྲན་ལ་ལས་ཀ་མང་པོ་ཡོད་ཀྱང་ བསམ་བློ་ཞིག་གཏང་ནས་དུས་ཚོད་མེད་ཟེར་ན་ལས་དང་རྟེན་འབྲེལ་ལ་ཡང་འཆུག་འགྲོ་ས་ རེད། གང་ཡིན་ཟེར་ན། མཁར་ནང་སྡེ་བ་མི་ཚང་སྟོང་སྡེ་གཉིས་མ་ཟིན་ཙམ་ཡོད་པའི་སྡེ་བ་ཆེན་པོ་ཞིག་གི་ ནང་ནས་ཕྲན་ལ་བཀའ་གནང་ཡོང་དུས་མིན་ཞེས་ཞུ་ཐབས་མི་འདུག་བསམ་ནས་ཡིན་དང་ཡིན། ཕྲན་འགྲོ་ཆོག་ཞུས་ནས་ཁྱིམ་ཚང་བློས་བཏང་བྱས་ནས་སྔ་ཕྱི་གཉིས་ལ་རིན་པོ་ཆེ་དང་ སྟོང་སྐུ་ཕ་ཡུལ་ཞབས་སོར་མ་འཁོད་བར་དུ་ཞབས་ཞུ་བྱས་པ་ཡིན། ༡༩༩༢ལོར་མཁར་ནང་སོ་དགོན་གཙུག་ལག་ཁང་ཆེན་མོ་ཀ་བ་བརྒྱ་དང་བཅུ་ཡོད་པ་བཞེངས་ མགོ་བརྩམས་པས་ཕྲན་ལྷ་ཁང་གསར་བཞེངས་ཀྱི་གཉེར་པར་བསྐོས་བཞག་བྱུང༌།
ཕྱི་ ལོ་༡༩༩༦ལོར་ལྷ་ཁང་ཡོངས་སུ་རྫོགས་པ་ལེགས་འགྲུབ་བྱུང་ནས་མཁར་ནང་སྡེ་བའི་རྟ་ རྒྱུགས་དུས་ཆེན་སྐབས་སེར་སྐྱ་མི་དམངས་ལྷན་འཛོམས་ཐོག་དཔོན་ཚང་བཀྲ་ཤིས་དང་ ཕྲན་གཉིས་ལ་མཁར་ནང་ཡང་སྤྲུལ་ཐུབ་བསྟན་འཇམ་དབྱངས་རིན་ པོ་ཆེ་མཆོག་གིས་ཆེ་བསྟོད་དང་ཕྱག་རྟགས་གནང་བྱུང་བས་སེར་སྐྱ་མི་དམངས་ཡོངས་ ཀྱིས་རྗེས་སུ་ཡིད་རངས་གནང་སོང༌། ཡང་བསྐྱར་༡༩༩༦ལོར་སྔར་མཁར་ནང་དགོན་པ་ལ་རྒྱལ་བ་བྱམས་པའི་སྐུ་ཕི་ཁྲི་༣༥ཡོད་པ་ ཟངས་གསེར་གྱི་སྐུ་བརྙན་དེ་༡༩༥༨ལོར་ཤུལ་མེད་ཕྱིན་འདུག་པས་དེ་ཡང་བསྐྱར་བཞེང་ དགོས་པས་གཉེར་བ་གཉིས་དགོས་ས་རེད། གསུང་འདུག་པ་ལྟར་དགོན་པའི་ལས་སྣེ་ཆེན་མོ་ཚང་མ་འཛོམས་ཐོག་འོས་གཞི་སེར་སྐྱ་ མི་གྲངས་བདུན་ནང་ནས་གཉིས་ལ་འོས་འཕེན་བྱས་འདུག་པའི་ཕྲན་དང་གོང་འཕེལ་གཉིས་ལ་ འོས་ཤོག་ཐོབ་འདུག སྐབས་དེ་དུས་ཕྲན་ལ་རིན་པོ་ཆེས་ཁ་དར་གནང་སྟེ་གོང་འཕེལ་མི་ཧྲང་ཡིན་པས་གང་ཡོད་ ཧ་གོ་ཡི་མི་འདུག ཁྱོད་རང་གཅིག་པོས་ལས་ཀ་བྱ་ན་འགྲིག་ས་རེད་དམ་གསུངས་བྱུང་བས། ཕྲན་གྱིས་ལགས་སོ་ཡིན་དང་ཡིན་ཞུས་པ་ཡིན། ཁྱིམ་ཚང་དང་ཁྱིམ་མི་བློས་བཏང་བྱས་ནས་ལས་ཀ་བྱས་ཀྱང་རིན་པོ་ཆེའི་ཐུགས་རྗེའི་ དཀའ་དྲིན་གྱིས་རྐྱེན་དང་ཆག་སྒོ་གང་ཡང་མ་འཕྲད་པར་ལས་ཀ་ལེགས་གྲུབ་བྱུང་སོང༌། ༡༩༩༩ མ་ཟིན་བར་ཞབས་ཞུ་ཞུས་པ་ཡིན། སྤྱི་ལོ་༢༠༠༡ལོར་ཕྲན་ལ་རྒྱ་གཞུང་གི་གནོན་ཤུགས་འོག་སྡོད་མ་ཐུབ་ནས་ཡུལ་གྱར་ དུ་མི་ཡོང་ཀ་མེད་བྱུང༌། སྤྱི་ལོ་༢༠༠༢ ཟླ་༡ ནང་རྒྱ་གར་ལ་འབྱོར་ཏེ་རང་གཞུང་བདེ་སྲུང་ལས་ཁུངས་ཀྱི་ཆབ་སྲིད་འབྲེལ་ཆགས་ ཁུངས་སུ་བཅུག་བྱུང༌། སྤྱི་ལོ་༢༠༠༣ ལོར་སེར་འབྲས་དགེ་གསུམ་གཙོས་པའི་རྒྱ་གར་ནང་དུ་གཞུགས་པའི་དགོན་སྡེ་དང་བླ་ ཆེན་མི་ཆེན་ལྷག་པར་དུ་མདོ་སྟོད་ཀྱི་བླ་ཆེན་མི་དཔོན་མི་སྣ་ཚང་མར་འཇལ་འཕྲད་ བྱས། སྤྱི་ལོ་༢༠༠༤ལོའི་ཟླ་༥ཚེས་༣༠ཉིན་མདོ་ཁམས་རྫ་ཆུ་ཁ་རྡ་ས་སྐྱིད་སྡུག་ཚོགས་པ་ གསར་འཛུགས་བྱས་པ་ཡིན། སྤྱི་ལོ་༢༠༠༥ ཟླ་༦ ཚེས་༡༦ ཉིན་ནས་བཟུང་རྡ་ས་ཆུ་སྒང་ས་རྒྱུན་གྱི་ཚོགས་གཞོན་ལས་འགན་ལོ་གསུམ་རིང་ཁུར། སྤྱི་ལོ་༢༠༠༧ ཟླ་༦ ཚེས་༡༦ ཉིན་ཡང་སྐྱར་རྡ་ས་ཆུ་སྒང་གི་ཚོགས་གཞོན་དུ་འོས་འདེམས་བྱུང༌། སྤྱི་ལོ་༢༠༠༧ཟླ་༧ཚེས་༤ཉིན་ྋསྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མདོ་ ཁམས་ཆུ་སྒང་གཞིས་བྱེས་ གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་སྐབས་མགོ་འཇུག་བར་གསུམ་དང་མཐའ་མ་འདུམ་བར་ ཟླ་བ་ལྔའི་རིང་མདོ་ཁམས་ཀྱི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བྱས་པ་ཡིན། སྐབས་དེ་དུས་མདོ་ཁམས་ཀྱི་གོང་འོག་མི་སྣ་མང་པོས་བསྔགས་བརྗོད་དང་རྗེས་སུ་ཡིད་ རངས་ཚད་མེད་གནང་བྱུང༌། སྤྱི་ལོ་༢༠༠༨ལོ་མདོ་ཁམས་ཆུ་སྒང་དབུས་རྒྱུན་ལས་འོས་ཐོབ་བྱུང་བས་ད་སྐབས་ཆུ་ སྒང་དབུས་རྒྱུན་ལས་དངུལ་གཉེར་དང་རྡ་ས་རྫ་ཆུ་ཁའི་སྐྱིད་སྡུག་ཚོགས་པའི་ཚོགས་ གཙོ་རྡ་ས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་བཅས་ཀྱི་ཞབས་ཞུ་བྱེད་མུས་ཡིན། མདོར་ན་མི་ཚེ་གང་པོར་བོད་སྤྱི་བའི་དོན་དུ་ལས་ཀ་བྱས་པའི་ལོ་རྒྱུས་མདོར་ བསྡུས་སུ། །
 
དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ་གྱི་ལོ་རྒྱུས་ངོ་སྤྲོད་མདོར་བསྡུས།

བེ་རི་དགེ་བཤེས་འཇིགས་མེད་དབང་རྒྱལ་ནི། ཆུང་དུས་རང་གི་ཡབ་ཆེན་མཁས་དབང་བློ་བཟང་དོན་ཡོད་ཀྱི་དྲུང་ནས་བོད་ཀྱི་ཐ་སྙད་ རིག་གཞུང་སྒྲ་སྙན་མངོན་སྡེབ། རྒྱལ་རབས་ཆོས་འབྱུང༌། དེབ་ཐེར་ལོ་རྒྱུས། རྒྱའི་སློབ་གྲྭ་ལས་རྒྱ་ཡིག་དང༌། ས་ཁམས། དངོས་ཁམས། ཆབ་སྲིད། ཨང་རྩིས་སོགས་ལའང་བསླབས་ནས་འབྲིང་སློབ་ཐོན། ཀླུ་སྦྱིན་དགེ་བཤེས་ཆེན་མོའི་དྲུང་ནས་ཕར་ཚད་ཀྱི་གཞུང་དང་ལམ་རིམ་ལ་བསླབས། ༡༩༨༩ ལོར་རྒྱ་གར་སླེབས་ནས་འབྲས་སྤུངས་སུ་ཞུགས། གཞུང་ཆེན་པོ་ལ་སློབ་གཉེར་འཕྲོ་མཐུད་བྱེད་པའི་ཞོར་དུ། ༡༩༩༣ ནས་བློ་གླིང་གཙུག་ལག་དཔེ་སྐྲུན་ཁང་གི་ཞུ་དག་པ་དང༌། ༡༩༩༥ ལོ་ནས་བློ་གསལ་གླིང་གི་སློབ་གྲའི་དགེ་རྒན་བྱས།

༡༩༩༦ ལོ་ནས་བློ་གསལ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་འགན་འཛིན་བྱས། ༡༩༩༧ ལོ་ནས་གངས་སུལ་གྱི་རོལ་དབྱངས་དུས་དེབ་རྩོམ་སྒྲིག་པའི་སློབ་སྟོན་པ་བྱས། ༢༠༠༡ ལོར་ལྡི་ལི་བོད་ཁང་ཟ་མ་ཏོག་གི་རྩོམ་སྒྲིག་ཚོགས་མི་བྱས། ༢༠༠༣ ལོ་ནས་ཨ་མི་རི་ཁ་ཨི་ཌི་ཨ་ན་Indiana Uགཙུག་ལག་སློབ་གྲྭ་ཆེན་མོར་ལོ་རྒྱུས་རིག་པའི་ཕྱོགས་ཕེབས་དགེ་རྒན་ཆེན་མོ་ བྱས། ༢༠༠༤ ལོར་གཞུང་ལུགས་རབ་བྱམས་སྨྲ་བའི་དགེ་བཤེས་དམ་བཅའ་བཞག ལོ་དེ་ནས་སྐབས་བཅུ་གཉིས་པའི་དགེ་ལུགས་སྤྱི་འཐུས་བྱས། ༢༠༠༥ ལོ་ནས་ནོར་གླིང་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དུ་ྋགོང་ས་མཆོག་གི་མཛད་ རྣམ་རྩོམ་སྒྲིག་པ་དང་ནོར་གླིང་མཐོ་སློབ་ཀྱི་དགེ་རྒན་བྱས། ༢༠༠༦ ལོ་ནས་སྐབས་བཅུ་བཞི་པའི་དགེ་ལུགས་སྤྱི་འཐུས་བྱས། ༢༠༠༧ ནས་ཝཱ་ཎཱ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་དགེ་འོས་B.edདགེ་རྒན་ བྱས།  སྔ་ཕྱིར་ཨ་རི་དང༌། འཇར་མན། དབྱིན་ལོན་སོགས་ནུབ་ཕྱོགས་རྒྱལ་ཁབ་དུ་མར་རྒྱལ་སྤྱིའི་བོད་རིག་པའི་ཞུབ་འཇུག་ དང༌། རྒྱལ་སྤྱིའི་གཞོན་ནུའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་དུ་མའི་ཐོག་གདན་ཞུས་ བྱུང་བ་ལྟར་འགྲོ་ཁུལ་བྱས་ནས་དེ་དག་ཏུ་བོད་རིག་པའི་དཔྱོད་བརྗོད་དུ་མ་སྤེལ་ ཁུལ་བྱས། གཞིས་བྱེས་གཉིས་ཀྱི་ཆོལ་གསུམ་ཆོས་ལུགས་སེར་སྐྱ་རིས་མེད་ཐོག་རྒྱ་བལ་འབྲུག་ གསུམ་དང༌། སྦོ་རིཡ། ཨིཊ་ལི། འཇའ་མན། ཨ་རི། དབྱིན་ལོན་སོགས་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་སློབ་མ་སྟོང་ཕྲག་དུ་མ་ བསྐྱངས། དུས་དེབ་དང་ཚགས་པར་ཁག་ཏུ་ནང་ཆོས་དང༌། སྙན་ངག ལོ་རྒྱུས། དཔྱད་རྩོམ། སྒྲུང་གཏམ་སོགས་བརྩམས་མང་པོ་སྤེལ། དཔེ་བསྐྲུན་བྱས་ཟིན་པ་དང་མ་ཟིན་པའི་རྩོམ་ཆོས་གླེགས་བམ་ཉི་ཤུ་རྩ་གསུམ་ཙམ་ བྲིས།

དཔེ་བསྐྲུན་ཟིན་པ།

[1] དུས་རབས་གསར་པའི་སྙན་ངག་པ་ཞིག་གི་སྙིང་ཁམས་ནས་འཕོས་པའི་ཟུངས་ཁྲག དེབ་འབྲིང༌། ༡༩༩༦ལོར་སྐྲུན།
དཔེ་སྐྲུན་ཞུ་མཁན་འཁྲུངས་གསར་བླ་བྲང༌། ཤོག་གྲངས་༢༦༨།
[2] ཤར་མཐའི་དཔའ་བོའི་གད་རྒྱང༌། དེབ་འབྲིང༌། ༡༩༩༩ལོར་སྐྲུན། དཔེ་སྐྲུན་ཞུ་མཁན་དཀར་མཛེས་གཤོང་གཉེར་ཚང༌། ཤོག་གྲངས་༡༥༨།
[3] ཆུ་སྒང་ལོ་རྒྱུས་དེབ་ཕྲེང་དང་པོ། དེབ་འབྲིང༌། ༡༩༩༩ལོར་སྐྲུན། དཔེ་སྐྲུན་ཞུ་མཁན་ལྡི་ལི་ཆུ་བཞི་སྒང་དྲུག
ཤོག་གྲངས་༣༡༢།
[4] འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང༌། གླེགས་བམ་དང་པོ། དེབ་ཆེ། ༢༠༠༤ལོར་སྐྲུན།
དཔེ་སྐྲུན་ཞུ་མཁན་འབྲས་སྤུངས་བློ་གསལ་གླིང༌། ཤོག་གྲངས་༥༩༦།
[5] འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང༌།གླེགས་བམ་གཉིས་པ། དེབ་ཆེ། ༢༠༠༤ལོར་སྐྲུན།
དཔེ་སྐྲུན་ཞུ་མཁན་འབྲས་སྤུངས་བློ་གསལ་གླིང༌། ཤོག་གྲངས་༧༦༢།
[6] ཏྲེ་བོ་ཧོར་སེར་ད་ར་ཁག་ལྔས་ྋགོང་ས་མཆོག་ལ་བརྟན་བཞུགས་ཕུལ་བ་ལས་བརྩམས་པའི་ གཏམ་ཆོས་དུང་གཡས་སུ་འཁྱིལ་བའི་སྒྲ་དབྱངས། དེབ་འབྲིང༌། ༢༠༠༥ལོར་སྐྲུན། དཔེ་སྐྲུན་ཞུ་མཁན་ཏྲེ་བོ་བརྟན་བཞུགས་ཚོགས་པ། ཤོག་གྲངས་༣༡༩།
[7] ྋགོང་ས་མཆོག་གི་བསྙེན་རྫོགས་སྡོམ་རྒྱུན་མཁན་པོ་རིམ་བྱུང་གི་རྣམ་ཐར་འཛམ་བུའི་གསེར་གྱི་མཆོད་སྡོང༌།
དེབ་ཆེ། ༢༠༠༦ལོར་སྐྲུན། དཔེ་སྐྲུན་ཞུ་མཁན་བོད་གཞུང་ཆོས་རིག་ལས་ཁུངས། ཤོག་གྲངས་༥༠༣།
[8] ཀླུ་སྦྱིན་དགེ་བཤེས་རིན་པོ་ཆེའི་རྣམ་ཐར་དད་གསུམ་རྦ་རླབས་འཕྱུར་བའི་ཆུ་གཏེར། དེབ་འབྲིང༌། ༢༠༠༦ལོར་དཔེ་སྐྲུན་ཞུས། དཔེ་སྐྲུན་ཞུ་མཁན་དགེ་ཕྲུག་ཐུན་མོང༌། ཤོག་གྲངས་༣༦༩།
[9] གངས་ལྷ་སྒེག་མོའི་སྤྱན་ཆབ། བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གཉིས་པ། དེབ་འབྲིང༌། ༢༠༠༦ལོར་དཔེ་སྐྲུན་བྱས། དཔེ་སྐྲུན་ཞུ་མཁན་སླེ་ལུང་སྤྲུལ་སྐུ། ཤོག་གྲངས་༡༧༩།
[10] གངས་ལྷ་སྒེག་མོའི་ངུ་རྒྱངས། བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གསུམ་པ། དེབ་འབྲིང༌། ༢༠༠༦ལོར་དཔེ་སྐྲུན་བྱས། དཔེ་སྐྲུན་ཞུ་མཁན་སླེ་ལུང་སྤྲུལ་སྐུ། ཤོག་གྲངས་༡༦༩།

དཔེ་སྐྲུན་བྱེད་ལ་ཉེ་བའི་དཔེ་དེབ།

[11] འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང༌།གླེགས་བམ་གསུམ་པ། དེབ་ཆེ། ༢༠༠༧ལོར་བསྐྲུན་
རྒྱུ། དཔེ་སྐྲུན་ཞུ་མཁན་འབྲས་སྤུངས་བློ་གསལ་གླིང༌། ཤོག་གྲངས་༡༡༠༠།
[12] འཕགས་བོད་ཆོས་འབྱུང་འཛམ་བུའི་གསེར་གྱི་འཁྲི་ཤིང༌།གླེགས་བམ་བཞི་པ། དེབ་ཆེ། ༢༠༠༧ལོར་བསྐྲུན་རྒྱུ།
དཔེ་སྐྲུན་ཞུ་མཁན་འབྲས་སྤུངས་བློ་གསལ་གླིང༌། ཤོག་གྲངས༌།
[13]དགའ་ལྡན་ཁྲི་རབས་རིམ་བྱུང་གི་རྣམ་ཐར་ཛམྦུའི་གསེར་གྱི་ཕྲེང་བ། དེབ་ཆེ། གཅིག་བྱས་ན་དཔེ་སྐྲུན་ཞུ་མཁན་ནོར་གླིང་
བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང༌། ཤོག་གྲངས་༥༡༠།
[14] ལྷ་བཟོ་སངས་རྒྱས་ཡེ་ཤེས་ཀྱི་ལོ་རྒྱུས། དེབ་འབྲིང༌། དཔེ་སྐྲུན་ཞུ་མཁན་ལྷ་བཟོ་རང་ཉིད་ཀྱི་སློབ་མ་སོག་པོ་ཞིག། ཤོག་གྲངས་༢༠༠།
[15] བེ་རི་རྒྱལ་པོའི་མངའ་ཐང་དར་རྒུད་ཀྱི་སྐོར་རགས་ཙམ་གླེང་པ། དེབ་ཆེ། དཔེ་སྐྲུན་ཞུ་མཁན་རྒྱལ་སྤྱིའི་བོད་རིག་པའི་ཚོགས་པ། ཡིན་ནའང་མདོར་བསྡུས་བཟོ་དགོས་བྱུང༌། ཤོག་གྲངས་༢༣༦།
[16]རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན། དེབ་འབྲིང༌། དཔེ་སྐྲུན་ཞུ་འཆར་བོད་གཞུང་དཔེ་མཛོད། ཤོག་གྲངས་???།
[17] སྟོང་སྐོར་ཞབས་དྲུང་རིན་པོ་ཆེ་སྐུ་ཕྲེང་རིན་བྱོན་གྱི་རྣམ་ཐར་བསམ་འཕེལ་ནོར་ བུའི་འོད་སྣང༌། དེབ་འབྲིང༌། དཔེ་སྐྲུན་ཞུ་མཁན་སེར་སྨད་ཞབས་དྲུང་བླ་བྲང༌། ཤོག་གྲངས༌།
[18]དགའ་ལྡན་ཁྲི་ཐོག་བརྒྱ་པ་ཆོས་རྗེ་བློ་བཟང་ཉི་མའི་རྣམ་ཐར་སྐལ་བཟང་དང་བ་འདྲེན་པའི་མིག་རྒྱན།
དཔེ་སྐྲུན་ཞུ་མཁན་ཁྲི་བླ་བྲང་དང་སྐུ་སྒེར་སུ་ཡིན་ཤེས་མ་བྱུང༌།
[19]ཆུ་སྒང་ལོ་རྒྱུས་དེང་ཕྲེང་གཉིས་པ། དེབ་འབྲིང༌། ༢༠༠༨ལོར་སྐྲུན་ངེས་པ། དཔེ་སྐྲུན་ཞུ་མཁན་དབུས་ཆུ་བཞི་སྒང་དྲུག ཤོག་གྲངས་༤༦༠།
རྗེས་སུ་དཔེ་སྐྲུན་ཞུ་སྲིད་པ།  འདི་ཚོ་ཕལ་ཆེ་བ་དུས་དེབ་འདྲ་མིན་ཐོག་འཁོད་ཟིན
[20]རྒྱལ་སྲས་ལག་ལེན་སོ་བདུན་མ་སོགས་ལམ་རིམ་སྐོར། དེབ་འབྲིང༌། ཤོག་གྲངས་༡༣༥།
[21] རྐང་རྗེས་དམར་པོ། སྒྲུང་རྩོམ་ཕྱོགས་སྒྲིག དེབ་འབྲིང༌། ཤོག་གྲངས་༡༥༧།
[22] འབོར་རྩོམ་ཕྱོགས་སྒྲིག དེབ་འབྲིང༌། ཤོག་གྲངས་༣༣༩།
[23]དཔྱད་རྩོམ་འགའ་ཞིག དེབ་འབྲིང༌། ཤོག་གྲངས་༣༢༡།

དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ནང་ཆེན་རྡོ་རྗེ་གྲགས་པའི་ལོ་རྒྱུས་མདོ་བསྡུས།

ཆེ་མིང་རྡོ་རྗེ་གྲགས་པ་བོད་ཤར་ཕྱོགས་ནང་ཆེན་ཟུར་མང་བོན་པོ་ཚང་དུ་༡༩༤༨ ལོར་སྐྱེས་ཤིང་༡༩༦༠ ནང་བོད་ཡིག་སློབ་པ་དང་དམར་པོའི་ལྟ་སྤྱོད་ལ་སློབ་སྦྱོང་བྱས། ༡༩༦༩ ནས་རྒྱ་དམར་ལ་ངོ་ལོག་རྒྱབ་ནས་ཁྱུང་པོ། སོག་རྫོང༌། ནག་ཆུ་བཅས་སུ་རྒྱ་དམག་དང་འཐབ་འཁྲུག་ལན་མང་བྱས་མཐར་འབྲུག་ཡུལ་བརྒྱུད་རྒྱ་གར་ དུ་འབྱོར། ༡༩༧༢ ནས་མེ་སོར་བདེ་སླར་གཞིས་ཁོངས་སུ་གནས་སྡོད་ཀྱིས་ད་ལྟའི་བར་རང་འཁྲིའི་ཆོས་ སྲིད་ཀྱི་ལས་འགན་གང་ཐུབ་ཞུས་པ་མ་ཟད། མི་མང་རྒྱ་སྤྱི་དང༌། རང་བཙན་ཚོགས་མི། མཉམ་འབྲེལ་འགན་འཛིན། ཆུ་སྒང་ས་གནས་རྒྱུན་ལས་དང་ཚོགས་གཞོན་བྱས་དང་བྱེད་མུས་ཐོག ད་ལྟའི་ཆར་སྐབས་བཅོ་བརྒྱད་པའི་ཆུ་སྒང་དབུས་རྒྱུན་འོས་འདེམས་བྱུང་བ་ལྟར་ལས་ འཁུར་ཞུ་མུས་བཅས་ལོ་རྒྱུས་མདོར་བསྡུས་སུ།།

དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་གྲའུ་ཚེ་བརྟན་གྱི་ལོ་རྒྱུས་མདོར་བསྡུས།


གྲའུ་ཚེ་བརྟན་ནི། སྤྱི་ལོ་༡༩༥༨་ལོར་ཡབ་གྲའུ་དཔོན་རིན་ཆེན་ཚེ་རིང་དང་མ་མཚོ་མོ་དབྱངས་ཅན་ གཉིས་ཀྱི་བུ་མོར་བོད་ཤར་ཕྱོགས་ཁམས་སྒ་སྐྱེ་རྒུ་མདོར་སྐྱེས། སྤྱི་ལོ་༡༩༥༩་ལོར་རྒྱ་གར་དུ་འབྱོར་ནས་འཛིན་རིམ་བཅུ་གཉིས་བར་ལྡེ་ར་དུན་དུ་ སློབ་སྦྱོང་བྱས། ༡༩༧༦ ལོར་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོ་ནས་སློབ་ཐོན་ཟིན་ཡང་། མགྲོན་ཁང་(Hotel management)དོ་དམ་བྱས་ཕྱོགས་སྐོར་ལ་རྒྱལ་ས་ལྡི་ལི་དང་པུ་ས་སློབ་གླིང་དུ་ སློབ་སྦྱོང་བྱས། ཕྱི་ལོ་༡༩༨༠་ནས་གྲའུ་དཔོན་གཞིས་ཆགས་ཀྱི་ཐོན་སྐྱེད་དོ་དམ་གྱི་ཕྱག་ལས་གནང་བ་ མ་ཟད། ས་གནས་བདེ་དོན་གྱི་ཕྱག་ལས་བྱས། སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་སུ་འདེམས་ཐོན་བྱུང་ཡོད།

དེང་ སྐབས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དབུས་རྒྱུན་ལས་སུ་འདེམས་ཐོན་བྱུང་ནས་ཕྱག་ ལས་གནང་བཞིན་པ་དང་། ད་ལྟ་ཧིན་མ་ཅལ་མངའ་སྡེ་ཀམ་རའོ་རྫོང་ཁོངས་གྲའུ་གཞིས་ཆགས་སུ་གནས་སྡོད་བཞིན་ཡོད།།

དབུས་རྒྱུན་རི་བོ་ཆེ་ཀརྨ་མཁས་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས།

སྤྱི་ལོ་ ༡༩༥༨ ལོར་ཕ་རྡོ་རྗེ་ཚེ་རིང་དང་མ་རྡོ་རྗེ་སྒྲོན་མ་གཉིས་སུ་ཁམས་རི་བོ་ཆེར་སྐྱེས། ༡༩༦༡ ལོར་རྒྱ་གར་དུ་སྐྱབས་བཅོལ་དུ་འབྱོར་ནས་ཨ་སམ་ཏི་ཛུ་དར་རྒྱས་གླིང་དུ་གཞིས་ཆགས། ༡༩༦༦ ལོར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་སུ་འབྱོར། གཞིས་ཆགས་ཀྱི་ཉིན་མོའི་སློབ་གྲྭར་སློབ་སྦྱོང་བྱས། ༡༩༧༠ ལོར་དང་སློབ་དམག་སྒར་གྱི་སློབ་གྲྭར་ལོ་གཉིས་རིང་སློབ་སྦྱོང་བྱས། ༡༩༧༢ ལོར་ནང་གི་འཚོ་ཐབས་བཀའ་ངལ་དབང་གིས་སློབ་གྲྭ་ནས་ཕྱིར་ཐེན་བྱ་དགོས་བྱུང༌། དེ་ནས་རིམ་བཞིན་གཞིས་ཆགས་ནང་ཕ་མའི་ཞབས་ཞུ་ཞིང་ལས་དང་ཚོང་ལས་སོགས་ལ་འབད་བཞིན་ ༡༩༨༥ ལོར་ཀ་ཀྲག་སུད་ཚོང་གི་འཐུས་མིའི་ལས་འགན་ཞུས། ༡༩༨༩ ནས་ ༡༩༩༠ བར་ལོ་གཅིག་རིང་གཞིས་ཆགས་སུ་དགེ་རྒན་ཕ་མའི་འཐུས་མི་དང་ ༡༩༩༡ ནས་ ༡༩༩༥ བར་ལོ་བཞིའི་རིང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་དང་ཆུ་སྒང་ས་རྒྱུན་གྱི་ལས་ཁུར་གནང༌།  ༡༩༩༥ ནས་ ༡༩༩༨ བར་ལོ་གསུམ་རིང་ཕུན་ཚོགས་གླིང་ས་གནས་འཐུས་ཚོགས་སྐབས་གཉིས་པའི་འཐུས་མི་  ༡༩༩༨ ནས་ ༢༠༠༡ བར་ལོར་གསུམ་རིང་ས་འཐུས་སྐབས་གསུམ་པའི་རྒྱུན་ལས་ཀྱི་ལས་ཁུར། ༢༠༠༢ ནས་ ༢༠༠༤ བར་ཕུན་ཚོགས་གླིང་གཞིས་གྲོངས་ལྔ་པའི་སྤྱི་མི་དང༌།  ༢༠༠༤ ནས་ ༢༠༠༧ བར་ལོ་གསུམ་རིང་ས་འཐུས་སྐབས་ལྔ་པའི་ཚོགས་གཙོ་དང༌། གཞན་ཡང་རྒྱ་གར་རྒྱལ་ཡོངས་ཚོང་པའི་ལྷན་ཚོགས་ཀྱི་བར་བརྒལ་འགན་འཛིན་ལྷན་ཚོགས་ཀྱི་འགན་ཁུར་ལོ་གཉིས།  ༢༠༠༨ ནས་རྒྱ་གར་རྒྱལ་ཡོངས་ཚོང་པའི་ལྷན་ཚོགས་ཐེངས་དང་པོའི་འགན་འཛིན་ལྷན་ཚོགས་ཀྱི་འགན་ཁུར་བྱས། དེང་སྐབས་ཀ་ཀྲག་སུད་ཚོང་འཐུས་མི་དང་ཕུན་ཚོགས་གླིང་གཞིས་ཆགས་སུ་བཀའ་གསལ་ཚོགས་ཆུང་གི་ཚོགས་གཙོ་དང་གསུང་ཆོས་གོ་སྒྲིགས་ཚོགས་ཆུང་གི་འབྲེལ་འཐུད་པ་བཅས་ཀྱི་ལས་འཁུར་ཞུ་བཞིན་ཡིན།

དབུས་རྒྱུན་ཀོང་པོ་ཕུར་བུ་ཚེ་རིང་གི་ལོ་རྒྱུས་མདོར་བསྡུས།

སྤྱི་ལོ་ ༡༩  ལོར་མདོ་ཁམས་ཀོང་པོར་སྐྱེས། ༡༩༥༩ ལོར་བཙན་བྱོལ་དུ་འབྱོར༌།  ༡༩༦༣ ནས་ ༡༩༧༥ བར་དམག་སྒར་ ༢༢ ནང་དུ་འཛུལ་ཞུགས་ཀྱིས་འཇབ་དམག་གི་སློབ་སྦྱོང་བྱས་ཤིང་བཅུ་དཔོན་དང༌། ལྡིང་དཔོན། བརྒྱ་དཔོན་ལས་རོགས་བཅས་ཀྱི་ཞབས་ཞུ་ཞུས།
༡༩༧༡ ལོར་པ་ཀི་སི་ཐན་དམག་འཁྲུགས་ནང་ཞུགས།  ༡༩༧༥ ལོར་དམག་སྒར་ནས་དགོངས་ཞུས་ཀྱིས་མོན་གྷོ་གཞིས་ཆགས་ཀྱི་ཁོངས་སུ་ཞུགས་ཏེ་ལུས་རྩལ་དགེ་རྒན་བྱས། གཞིས་གྲོང་ ༦ པའི་སྤྱི་མི་དང་བརྒྱ་དཔོན་ཐེངས་གསུམ་བྱས། དེའི་རིང་ཉམ་ཐག་ལྟ་སྐྱོང་དང༌། ཆུ་གློག་གསར་འཐེན། རྩེད་ཐང་གསར་བཟོ་བཅས་ཀྱི་ཕྱག་ལས་གནང་ནས་མི་དམངས་ལ་ཞབས་ཞུ་ཚུལ་མཐུན་ཞུས། དེ་རྗེས་དང་ཟུར་སྒྲིག་འཛུགས་ཀྱི་ཚོགས་པ་གསར་འཛུགས་དང་རྒྱ་གར་གཞུང་ལ་དེབ་སྐྱེལ་བྱས། ཚོགས་པ་དེའི་ཚོགས་གཙོ་ཐེངས་གཉིས་གནང༌།  ཚོང་ཁང་གསར་འཛུགས་དང་དྭང་ཟུང་རྒན་ཡོལ་རྣམས་ལ་ཟླ་རེར་ཧིན་སྒོར་ ༡༠༠༠ རེ་རྒྱ་གར་གཞུང་ནས་བཀའ་འཁྲོལ་ཐོབ། ༡༩༩༠ ནས་བཟུང་ད་ལྟའི་བར་མོན་གྷོ་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་དང༌། ད་དུང་ས་གནས་འོས་བསྡུའི་འགན་འཛིན་བཅས་བྱས་པའི་ལོ་རྒྱུས་སྙིང་བསྡུས་སུ།