Dhondup Ling
དོན་གྲུབ་གླིང་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་ལོ་རྒྱུས།
ཨོ་རྒྱན་རྡོར་རྗེ།
ཕྱི་ལོ་ ༡༩༥༣ ཕྱི་ཟླ་ ༧ ཚེས་ ༡ ཉིན་ཁམས་སྡེ་དགེ་དཔལ་ཡུལ་དུ་ཡབ་ཚེ་རིང་དོན་གྲུབ་དང། ཡུམ་སྒྲོལ་མ་གཉིས་ཀྱི་བུ་རུ་སྐྱེས། སྐྱབས་བཅོལ་དུ་འབྱོར་རྗེས་ས་གནས་ཀ་ལ་མེན་ཏོན་དོན་གྲུབ་གླིང་གཞིས་ཆགས་སུ་ཕྱི་ལོ་ ༡༩༧༨ ནས་ ༡༩༨༡ བར་ས་གནས་གཞོན་ནུའི་ཚོགས་གཙོ་གནང་། ཕྱི་ལོ་ ༡༩༨༡ ནས་ ༡༩༨༣ བར་ས་གནས་གཞོན་ནུའི་དངུལ་གཉེར་དང། ཕྱི་ལོ་ ༡༩༨༣ ནས་ ༡༩༨༧ བར་ས་གནས་ཁམས་པའི་ན་གཞོན་ཚོགས་པའི་ཚོགས་གཙོ་གནང། ཕྱི་ལོ་ ༡༩༨༣ ནས་ད་བར་ Tibetan Nehru Memorial Foundation & Dhokham Tibetan Foundation གྱི་སྤྱི་ཁྱབ་དྲུང་ཆེ་གནང་བཞིན་པ་དང། ཕྱི་ལོ་ ༢༠༠༢ ནས་ད་བར་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོའི་ངོ་བོའི་ཐོག་ནས་ཕྱག་ལས་གནང་བཞིན་ཡོད་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ། །

















