མདོ་ཁམས་ཆུ་བཞི་སྒང་དྲུག་རིག་གནས་སློབ་གཉེར་ཁང་།
རིག་གནས་སློབ་གཉེར་ཁང་འདི་བཞིན་དགུང་ལོའི་བབས་ཀྱིས་སློབ་གྲྭར་མ་ཚུད་པའི་ བོད་མི་གསར་འབྱོར་བ་རྣམས་དང༌། སློབ་གྲྭའི་གུང་གསེང་སྐབས་བསྐྱར་སྦྱོང་གནང་དགོས་རིགས། དེ་མཚུངས་གནས་ཡུལ་ལ་བརྟེན་པའི་ཆ་རྐྱེན་དབྱིན་ཇིའི་སྐད་ཡིག་མཁྱེན་འདོད་ཡོད་ པའི་བོད་མི་ཞིག་ཡིན་ཕྱིན་སློབ་གཉེར་བྱ་ཡུལ་རིན་མེད་ཞིག་གོ་སྒྲིག་ཞུ་ཐུབ་པ་ བྱུང་ན་དགེ་ཕན་ཆེན་པོ་ཡོད་པའི་མཐུན་རྐྱེན་དང༌། བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་དགོས་ངེས་ཤིག་ཡོང་རེར་དམིགས་ཏེ་ཕྱི་ལོ་ ༢༠༠༡ ནས་དབུ་བཙུགས་ཏེ་ད་བར་མུ་མཐུད་དེ་བོད་མི་སེར་སྐྱ་སུ་ཕེབས་ལ་སློབ་ཡོན་མི་དགོས་ པའི་སློབ་སྦྱོང་འབུལ་དང་འབུལ་བཞིན་པ་ཡིན། རིག་གནས་སློབ་གཉེར་ཁང་འདི་བཞིན་མུ་མཐུད་རྒྱུན་གནས་ཐུབ་རྒྱུར་ས་གནས་རྒྱུན་ ལས་ཁང་གིས་འགན་ཁུར་གནང་བ་དང༌། དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་དཔལ་འབྱོར་འཕར་འབུབ་ཇི་ལྟར་གནས་ཀྱང་སློབ་ཁང་ གི་འགྲོ་གྲོན་ཐབས་འཚོལ་ཞུས་པ། སྔ་རྗེས་དབྱིན་ཡིག་སློབ་མཁན་གྱི་དགེ་རྒན་ཆུ་སྒང་ས་རྒྱུན་རྩིས་པ་ཚེ་དབང་ལྷ་ མཚོ་དང༌། དགེ་རྒན་ནོར་བུ་ལགས་སུ་འཚོ་སྣོན་ཕྲན་བུ་ཞིག་ཕུལ་བའི་ཐོག་ནས་བོད་པའི་སྤྱི་ ཚོགས་ལ་ཕན་རཻར་དམིགས་ཏེ་ཞབས་ཞུ་རྒྱུན་རིང་གནང་བ་དང༌། ད་ལྟ་རིག་གནས་སློབ་དགེ་གནང་བཞིན་པ་ཆུ་སྒང་ས་རྒྱུན་དྲུང་ཆེ་སྨོན་ལམ་གྲགས་པ་ ལགས་ཀྱིས་ད་བར་དུས་ཡུན་རིང་པོའི་ནང་ལྟོ་མེད་གླ་མེད་ཐོག་དང་བླངས་ཀྱིས་ཉིན་ ལྟར་སློབ་མ་གྲངས་ ༧༠ ནས་ ༡༠༠ ལྷག་ཙམ་ལ་དབྱིན་ཡིག་སློབ་ཁྲིད་གནང་དང་གནང་བཞིན་འདི་དག་བོད་པའི་སྤྱི་ཚོགས་ལ་ ཞབས་ཞུ་བླ་ན་མེད་པ་བསྐྲུན་གནང་བ་དང༌། དུས་སྐབས་འདི་འདྲ་ཞིག་གི་ནང་གསོལ་དོད་ལ་མ་དམིགས་པའི་དང་བླངས་ཀྱིས་ཞབས་ཞུ་ གནང་མཁན་ནི་ཉིན་མོའི་སྐར་མ་དང་མཚུངས་སོ། དགེ་རྒན་སྨོན་ལམ་གྲགས་པ་ནས་ད་བར་སློབ་དགེ་གནང་རིང་ཚོགས་པར་དཔལ་འབྱོར་གྱི་ མཐུན་
སྦྱོར་དགོས་རིགས་སྦྲང་མའི་ཟ་ཟེར་ཙམ་མ་གནང་བར་ལྷག་བསམ་ཆེན་པོས་དགེ་རྒན་ གྱི་འགན་ཁུར་གནང་ཡོད། རིག་གནས་སློབ་གཉེར་ཁང་མུ་མཐུད་རྒྱུན་སྐྱོང་གནང་སྟེསློབ་སྦྱོང་གི་གོ་སྐབས་མ་ རགས་པ་ཚོར་དབྱིན་ཡིག་སྦྱོང་རྒྱུའི་གོ་སྐབས་བསྐྲུན་ཐུབ་པ་ཞུ་རྒྱུ་ང་ཚོའི་ དམིགས་ཡུལ་ངེས་ཅན་ཞིག་ཡིན།
















