དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།92
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།92
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3206
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118073

Online (20 minutes ago): 7
Your IP: 38.107.179.240
,
Today: May 20, 2012

སྐབས་དྲུག་པའི་དྷ་ས་ས་གནས་ཆུ་སྒང་གི་རྒྱུན་ལས་རྣམས་ཀྱི་ལོ་རྒྱུུས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

མཚན།    གེ་བ་ཚང་ངག་དབང་ཐར་པ།

ལས་གནས།  དྷ་ས་ས་གནས་ཆུ་སྒང་ཚོགས་གཙོ།

ངག་དབང་ཐར་པ་ནི། ཕྱི་ལོ་༡༩༨༠ ལོར་སོག་རྫོང་དུ་སྐྱེས། བོད་ཡིག་རང་སྦྱོང་དང། སོག་ཙན་དན་དགོན་དུ་ཆོས་ཞུགས་བྱས་ཏེ་ནང་ཆོས་དང་ཐུན་མོང་རིག་གནས་སྐོར་ལ་སློབ་སྦྱོང་བྱས། ཕྱི་ལོ༡༩༩༦ལོར་བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭ་རུ་ལོ་ངོ་གསུམ་རིང་བོད་དབྱིན་གཉིས་ལ་སྦྱང་བརྩོན་བྱས།

༢༠༠༠ ལོ་ནས་༢༠༠༦ བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་དངོས་གཅེས་ཉར་སྡེ་ཚན་ནམ། ཡིག་ཚགས་སྡེ་ཚན་དང་གློག་ཀླད་དྲ་རྒྱའི་སྡེ་ཚན་གྱི་འགན་འཛིན་གཅིག་ལྕོགས་སུ་བྱས། དེའི་ཞོར་དུ་སྦྲ་སོག་འབྲི་གསུམ་མཉམ་འབྲེལ་སྐྱིད་སྡུག་གི་དྲུང་ཆེ་བྱེད་མྱོང་ཡོད།མི་རིགས་དང་རིག་གཞུང་ལ་ཕན་པའི་དྲ་རྒྱ་www.norbulingka.org, www.unitingtibetans.orgwww.tibetexpress.net, www.dhokhamchushigangdrug.com , www.teachfund.org,འདི་དག་གིས་གཙོས་པའི་དྲ་རྒྱ་སྐད་ཡིག་གཉིས་ལྡན་༢༠ ལྷག་གསར་བཟོ་བྱེད་མྱོང་ཡོད། དེང་སྐབས་གློག་ཀླད་ཀྱི་ཤེས་བྱ་མང་པོར་བྱང་ཆུབ་པའི་གློག་ཀླད་ཆེད་ལས་མི་སྣ་ཞིག་ཡིན་པ་མ་ཟད། དྷ་ས་བོད་ཀྱི་གློག་ཀླད་བརྡ་འཕྲིན་རིག་པའི་DITG ཚོགས་ཆུང་གི་ཚོགས་མི་དང༌།            བོད་ཀྱི་གསར་འགོད་པའི་མཐུན་ཚོགས་ཀྱི་ཚོགས་མི་བྱས།   ཕྱི་ལོ་༢༠༠༧ ནས་ལོ་གཅིག་རིང་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཏུ་ཁོར་ཡུག་སྐོར་གྱི་ཟབ་སྦྱོང་དང་གོ་རྟོགས་ཀྱི་ལས་འགུལ་སྤེལ་ཏེ་བོད་མིའི་གཞིས་ཆགས་ཁག་ལ་རྒྱུས་ལོན་བྱས། ༢༠༠༩ ལོར་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པའི་གོ་སྒྲིག་འོག་ཆ་འཕྲིན་དང་དྲ་ཚིགས་ཀྱི་ལམ་ནས་བོད་ཡིག་བེད་སྤྱོད་གཏོང་ཐབས་སྐོར་གྱི་ཟབ་སྦྱོང་དང་དེ་བཞིན་གཞོན་སྐྱེས་རྣམས་ལ་གློག་ཀླད་དང་འབྲེལ་བའི་ཟབ་སྦྱོང་ཐེངས་ཁ་ཤས་སྤྲད། གཟའ་ཉི་མས་མཚོན་ལས་གསེང་གི་དུས་ཚོད་སྤྱད་དེ་www.unitingtibetans.org གཞིས་བྱེས་ལྷན་འཛོམས་དྲ་རྒྱ་ཞེས་པའི་འགན་འཛིན་དང༌། རྩོམ་སྒྲིག་གི་ལས་ཀའང་གཉེར་བཞིན་པ་དང། ༢༠༠༦ ལོ་ཟླ་༩ པ་ནས་ད་བར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འཛིན་སྐྱོང་དོ་དམ་པ་དང་། བོད་ཀྱི་བང་ཆེན་དྲ་རྒྱའི་ལག་རྩལ་བ་དང་གསར་འགོད་པ། ད་སྐབས་དྷ་ས་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་དང། དྷ་ས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོའི་ལས་ཁུར་ཞུ་བཞིན་པའི་ལོ་རྒྱུས་མདོར་བསྡུས་སུ།།

ཁ་པར། 0091 9816046407

གློག་འཕྲིན། This e-mail address is being protected from spambots, you need JavaScript enabled to view it