དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།55
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།287
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1179
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96072

Online (20 minutes ago): 10
Your IP: 38.107.179.239
,
Today: Feb 07, 2012

Dharamsala

སྐབས་དྲུག་པའི་དྷ་ས་ས་གནས་ཆུ་སྒང་གི་རྒྱུན་ལས་རྣམས་ཀྱི་ལོ་རྒྱུུས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

མཚན།    གེ་བ་ཚང་ངག་དབང་ཐར་པ།

ལས་གནས།  དྷ་ས་ས་གནས་ཆུ་སྒང་ཚོགས་གཙོ།

ངག་དབང་ཐར་པ་ནི། ཕྱི་ལོ་༡༩༨༠ ལོར་སོག་རྫོང་དུ་སྐྱེས། བོད་ཡིག་རང་སྦྱོང་དང། སོག་ཙན་དན་དགོན་དུ་ཆོས་ཞུགས་བྱས་ཏེ་ནང་ཆོས་དང་ཐུན་མོང་རིག་གནས་སྐོར་ལ་སློབ་སྦྱོང་བྱས། ཕྱི་ལོ༡༩༩༦ལོར་བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭ་རུ་ལོ་ངོ་གསུམ་རིང་བོད་དབྱིན་གཉིས་ལ་སྦྱང་བརྩོན་བྱས།

དེ་ལས་མང༌།: སྐབས་དྲུག་པའི་དྷ་ས་ས་གནས་ཆུ་སྒང་གི་རྒྱུན་ལས་རྣམས་ཀྱི་ལོ་རྒྱུུས།

 

སྐབས་ལྔ་པའི་རྡ་ས་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

 བློ་བཟང་ཚེ་རིང༌།ཚོགས་གཙོ།
སྐྱེས་ཚེས་ ༡༩༧༠ ། ༢ ། ༡༡ ཡྀན། ཕ་མིང་ཨོ་རྒྱན་སྨིན་གྲོལ། ལུང་ཚན་ནང་ཆེན་དང༌། མཚན་གནས་ཚོགས་གཙོ་དང༌། ལས་དུས་འགོ་འཛུགས་ ༢༠༠༡ ། ༡༢ །༡ ༢ ཉིན་སྐབས་དང་པོའི་དངུལ་གཉེར་གྱི་ལས་འགན་བླང་སྟེ་ ༢༠༠༢ ། ༡ ། ༢ ཉིན་ལས་ཡུན་གཙང༌། ༢༠༠༢ ། ༡ ། ༣ ཉིན་སྐབས་གཉིས་པའི་དྲུང་ཆེའི་ལས་གནས་ཐོག ༢༠༠༣ ། ༦ ། ༡༥ ཉིན་ལས་ཡུན་གཙང༌། ༢༠༠༣ ། ༦ ། ༡༦ ཉིན་སྐབས་གསུམ་པའི་རྒྱུན་ལས་འོས་འདེམས་བྱུང་སྟེ་དྲུག་ཆེའི་ལས་གནས་ཐོག ༢༠༠༤ ། ༦ ། ༡༥ ཉིན་ལས་ཡུན་གཙང༌། ༢༠༠༤ ། ༦ ། ༡༦ ཉིན་སྐབས་བཞི་པའི་རྒྱུན་ལས་ལ་འོས་འདེམས་བྱུང་སྟེ་ཚོགས་གཞོན་ལས་འགན་བླང༌། ༢༠༠༤ ། ༩ ། ༡༤ ཉིན་ཚོགས་གཙོ་དགོངས་ཞུས་འཚབས་ལ་འོས་བསྡུའི་ལམ་ནས་ཚོགས་གཙོ་ལ་བསྐོ་བཞག་རྩལ་ ཏེ་ ༢༠༠༧ ། ༦ ། ༡༥ ཉིན་ལས་ཡུན་གཙང༌། ༢༠༠༧ །༦ ། ༡༦ ཉིན་སྐབས་ལྔ་པའི་རྒྱུན་ལས་ལ་འོས་འདེམས་བསྐྱར་དུ་བྱུང་ཡང་དེ་སྔོན་ཉམས་མྱོང་ གི་རྒྱུད་རིམས་ཁྲོད་རྙོག་འཛིང་དང་དཀའ་ཚེགས་ས་གཡོལ་ཆེད་དགོངས་ཞུས་ཕུལ་ཡང༌། ལས་རོགས་རྒྱུན་ལས་དང་ས་གནས་མི་སྣ་ཁག་ནས་དགོངས་འཁྲོལ་མ་བྱུང་སྟབས། ད་ལྟ་ལས་ཐོག་ཚོགས་གཙོ་ཡིན་པའི་ལོ་རྒྱུས་མདོར་བསྡུས་སོ།

དེ་ལས་མང༌།: སྐབས་ལྔ་པའི་རྡ་ས་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས།

 

རྡ་ས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཟུར་པ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

བློ་བཟང་།
སྐྱེས་ཚེས་ ༡༩༦༦།༡༢།༡༠ ཡིན། ཕ་མིང་འདན་མ་ཡིན། ལུང་ཚན་སྡེ་དགེ་རྫོགས་ཆེན། མཚན་གནས་རྒྱུན་ལས། ལས་དུས་འགོ་འཛུགས་ ༢༠༠༣།༦།༡༦ ཉིན་སྐབས་གསུམ་པའི་རྒྱུན་ལས་ལ་འོས་འདེམས་བྱུང་སྟེ་ ༢༠༠༤།༦།༡༥ ཉིན་ལས་ཡུན་གཙང༌། ༢༠༠༤།༦།༡༦ ཉིན་སྐབས་བཞི་པའི་རྒྱུན་ལས་ལ་འོས་འདེམས་བྱུང་སྟེ་ ༢༠༠༥ །༨།༢༠ ཉིན་ཚོགས་གཞོན་ཚབ་ལ་རྒྱུན་ལས་ཐུན་མོང་ནས་བསྐོ་བཞག་བསྩལ་ཏེ་ ༢༠༠༧།༦།༡༥ ཉིན་ལས་ཡུན་གཙང༌།  
ཀུན་དགའ་འམ་མགོན་པོ་དོན་འགྲུབ།
ཕྱི་ལོ་ ༡༩༧༡ ཟླ་ ༡ ཚེས་ ༢༦ ཉིན་སྡེ་དགེ་འཇོ་མདའ་ཁུལ་བཀའ་ཐོབ་གྲོང་དུ་ཡབ་བསག་དགེ་ཚུལ་ཁྲིམས་དང་། ཡུམ་བདེ་གཡང་གཉིས་ཀྱི་བུར་སྐྱེས་རྗེས་ཁོང་གི་སྲུ་མོ་ལགས་ནས་འཛི་སྒར་དགོན་དུ་གྲྭ་རྒྱུན་དུ་ཕེབས་ཆེད་དུ་ཡར་ཁྲིད་ནས་ཚར་ལོང་བྱུང། ཆུང་མིང་ལ་ཀུན་དགའ་བསོད་ནམས་དང་དངོས་མིང་མགོན་པོ་དོན་འགྲུབ་ཅེས་བཏགས། སློབ་པའི་ནར་སོན་དུས་ས་གནས་དེ་གའི་དམངས་བཙུག་སློབ་གྲྭར་ལོ་ ༥ ཙམ་འགྲིམས།  དེ་ནས་ན་སོན་སྐབས་ལྷ་ས་སོགས་སུ་གནས་སྐོར་ཞོར་དུ་ཚོང་ལས་ལ་འབེད་སྐབས་བོད་མི་རིགས་ཀྱི་ཆེད་དུ་ལས་ཀ་གང་མང་བྱས་པ་ནི། ཐོག་མར་ཕྱི་ལོ་ ༡༩༨༩ ལོའི་ཞི་རྒོལ་ཆེན་མོའི་ནང་ཞུགས་ཏེ་ཁྲོམ་སྐོར་དང་སྐད་འབོད་སོགས་བྱས། དེ་རྗེས་རིམ་པར་ལྷ་སར་ཞི་བའི་ངོ་རྒོལ་རིམ་པར་བྱུང་བར་ག་དུས་ཡིན་ནའང་མཉམ་ཞུགས་ཀྱིས་བོད་མི་རིགས་ཀྱི་དོན་དུ་ལས་ཀ་གང་མང་བྱས་ཡོད། མཐར་ཕྱི་ལོ་ ༡༩༩༧ ལོའི་ཟླ་ ༡༡ ནང་བཙན་བྱོལ་དུ་ཡོང་དགོས་བྱུང་སྟེ། ཐོག་མར་རྡ་རམ་ས་ལར་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་ཞལ་མཇལ་གྱི་སྐལ་པ་ཐོབ། དེ་རྗེས་རིམས་པར་ཤེས་ཡོན་ནི་དགོས་མཁོའི་རྩ་བར་དམིགས་ཏེ་དབྱིན་ཡིག་སོགས་སྐད་ཡིག་ལ་འབེད་ཞོར་བོད་གཞིས་བྱེས་གཉིས་ཀྱི་དམིགས་འདུན་ཉག་གཅིག་སྟེ་མ་འོངས་བོད་ཀྱི་བདེན་མཐའ་བསལ་ཆེད་ཞི་རྒོལ་སོགས་བྱ་བ་ཆེ་ཕྲ་ཁག་ཚང་མར་མཉམ་ཞུགས་ཀྱིས་ལས་དོན་མི་དམན་པར་བསྒྲུབས་ཡོད་པ་དང།  དེ་བཞིན་རྡ་སར་སྡེ་དགེ་ས་སྐྱོང་བསྟན་པ་ཚེ་རིང་རྗེས་དྲན་ཚོགས་པ་གསར་འཛུགས་བྱས་པ་དང་བསྒྲགས་ཚོགས་པ་དེའི་འགན་ཆ་ཚང་ལོ་མང་རིང་ཞུས། ལྷག་དོན་བཙན་བྱོལ་སྤྱི་ཚོགས་ནང་དུ་ཆུ་སྒང་གསར་རྙིང་ཞེས་པའི་བརྙོག་ཟིང་སྐབས་སུ་རང་ནུས་གང་ལྕོགས་ཀྱིས་ཕན་ཚུན་མཐུན་སྒྲིལ་དམ་ཟབ་ཡོང་ཐབས་ལ་འབེད་བརྩོན་ཤུགས་ཆེར་བྱས་ཡོད་པ་རེད། དེ་ནས་ཆུ་སྒང་གསར་རྙིང་གི་རྩོད་བརྙོག་མེད་པར་བྱུང་མཚམས་སུ་མདོ་སྟོད་མི་མང་གིས་མང་མོས་ཀྱིས་ས་གནས་དེ་གའི་མདོ་སྟོད་ཆུ་སྒང་གི་ས་རྒྱུན་གྱི་ཕྱག་ལས་རིམས་པར་གནང་བ་ཁག་ནི།
ལས་དུས་འགོ་འཛུགས་ ༢༠༠༡ ། ༡༢ ། ༡༢ ཉིན་སྐབས། དང་པོའི་ས་རྒྱུན་ཚོགས་གཙོའི་ལས་འགན་བཞེས་ཏེ་ ༢༠༠༢ །༡།༢ ཉིན་ལས་ཡུན་གཙང༌། ༢༠༠༢ ། ༡ ། ༣ ཉིན་སྐབས་གསུམ་པའི་རྒྱུན་ལས་ལ་འོས་འདེམས་བྱུང་སྟེ་ཚོགས་གཙོའི་ལས་འགན་བཞེས་ཏེ་ ༢༠༠༤ ། ༦ ། ༡༥ ཉིན་ལས་ཡུན་གཙང༌། ༢༠༠༣ ། ༦ ། ༡༦ ཉིན་སྐབས་གསུམ་པའི་རྒྱུན་ལས་ལ་འོས་འདེམས་བྱུང་སྟེ་ཚོགས་གཙོའི་ལས་འགན་བཞེས་ཏེ་ ༢༠༠༤ ། ༦ ། ༡༥ ཉིན་ལས་ཡུན་གཙང༌། ༢༠༠༤།༦།༡༦ ཉིན་སྐབས་བཞི་པའི་རྒྱུན་ལས་ལ་འོས་འདེམས་བྱུང་སྟེ་ཚོགས་གཙོ་ལ་བསྐོ་བཞག་བསྩལ་བ་ ༢༠༠༤ ། ༩ ། ༡༤ ཉིན་ཚོགས་གཙོ་ནས་དགོངས་པ་ཞུས་ཏེ་རྒྱུན་ལས་ཁོངས་སུ་བསྡད་ ༢༠༠༥ ། ༧ ། ༡༩ ཉིན་རྒྱུན་ལས་ཁོངས་ནས་རྩ་དགོངས་ཞུས། དེ་བཞིན་ས་གནས་འོས་བསྡུ་ཚོགས་ཆུང་དང་ས་གནས་འཐུས་ཚོགས་སོགས་སུ་འོས་ཐོབ་ཡོད་ཀྱང་རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས་དགོངས་པ་ཞུ་དགོས་བྱུང་ཡོད་པ་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་སུ། །

བསྟན་འཛིན་དབང་འབྱོར།
སྐྱེས་ཚེས་ ༡༩༧༨ ཟླ་ ༧ ཚེས་ ༦ ཉིན། ལུང་ཚན་ཁྱུང་པོ། མཚན་གནས་ཚོགས་གཞོན་དང་ལས་དུས་འགོ་འཛུགས་ ༢༠༠༡།༡༢།༡༢ ཉིན་སྐབས་དང་པོ་ཚོགས་གཞོན་གནང་སྟེ་ ༢༠༠༢།༡།༣ ཉིན་སྐབས་གཉིས་པའི་ཚོགས་གཞོན་སྟེ་ ༢༠༠༣།༦།༡༥ ཉིན་ལས་ཡུན་གཙང༌། རྒྱུན་ལས་དགོངས་ཞུས་ཚབ་ལ་  ༢༠༠༥ །༧།༢༦ སྒུག་ཐོ་བང་རིམ་ནས་རྒྱུན་ལས་ལ་བསྐོ་བཞག་བསྩལ།
 

དེ་ལས་མང༌།: རྡ་ས་མདོ་ཁམས་ཆུ་སྒང་རྒྱུན་ལས་ཟུར་པ་རྣམས་ཀྱི་ལོ་རྒྱུས་མདོར་བསྡུས།