དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།55
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།287
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1179
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96072

Online (20 minutes ago): 10
Your IP: 38.107.179.238
,
Today: Feb 07, 2012

བར་གྱི་རྒྱུད་རིམ།

མདོ་ཁམས་ཆུ་བཞི་སྒང་དྲུག་གི་བརྒྱུད་རིམ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

 སྟོད་གློ་ཡུལ་དུ་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་པ་རྣམས་གསང་བའི་འཇབ་དམག་གི་སྒྲིག་ཚུགས་སུ་གྱུར་པ།
༡༩༦༠ ལོར་འབྲས་ལྗོངས་སུ་ཡོད་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དང་བླངས་དཔོན་དམག་ལམ་ བཟོར་ཞུགས་པ་རྣམས་རིམ་བཞིན་སྟོད་གློ་ཡུལ་ཕྱོགས་སུ་འཇབ་དམག་སྒྲིག་འཛུགས་ཀྱི་ ཆེད་དུ་ཀ་སྦུག་བརྒྱུད་ཤི་ལི་གྷུ་རི་ནས་བལ་ཡུལ་ས་མཚམས་རག་སོར་གྷིར་བར་རླང་ འཁོར་དང༌། དེ་ནས་རིམ་བཞིན་རྒྱ་བལ་ནང་གི་ཁོད་མ་སྙོམས་པའི་རང་འབྱུང་ཚ་གྲང་གང་ལའང་ཉམས་ང་ མེད་པ་བློ་ཐག་ཆོད་པོའི་ཐོག་བོད་བསྟན་པ་ཆབ་སྲིད་སླར་གསོ་དང༌། རྒྱ་དམག་གུང་ཁྲན་མཐའ་སྤྲོད་ཐུབ་རྒྱུའི་རེ་བ་ཁོ་ནར་དམིགས་ཏེ་རིམ་བཞིན་རྡོག་ ཐོན་གོམས་བགྲོད་ཀྱིས་བྷིར་གྷན་ཇི་ནས་བལ་པོའི་རྒྱལ་ས་ཀ་ཐ་མན་གྲུ་དང༌། དེ་ནས་ཏི་ཆུ་ལིས་དང༌། སྙན་ཤོང་བརྒྱུད་གློ་ཆུ་མིག་བརྒྱ་རྩར་མུ་མཐུད་དེ་འབྱོར། ཐོག་མར་སྤོག་རར་འབྱོར་བའི་དཔོན་དམག་ཧྲག་བསྡུས་རྣམས་གློ་ཡུལ་དུ་ཕེབས་རྒྱུར་ བལ་པོའི་དམག་གིས་ཟླ་བ་གཉིས་ཙམ་བཀག་འདུག་ཀྱང་མཐར་མཚན་མོའི་དུས་ཚོད་དང་བསྟུན་ བྲོས་བྱོལ་དུ་ཕེབས་སྐབས་སྲས་ཚ་དགེ་འདུན་ཉི་མ་དང༌། ཆབ་མདོ་དཀོན་མཆོག་རྡོ་རྗེ་དང༌། སྲས་ཚང་དཀོན་ཚེ། སྡེ་དགེ་དོན་འགྲུབ་ཕུན་ཚོགས། ཆབ་མདོ་དྲུང་ཡིག་བློ་བཟང༌། དབུ་སག་ཡག་པ་བསོད་ཚེ་སྤུན་གཉིས་སོགས་དཔོན་དམག་བརྒྱ་སྐོར་ཞིག་བཅུ་ཤོག་སོ་ སོར་ཆ་བགོས་ཀྱིས་སྔ་རྗེས་སུ་སྒམ་འགྲོ་ལ་ཟེར་བ་བརྒལ་ཏེ་འགྲོ་སྐབས་བལ་དམག་ དང༌། ཡུལ་མིས་སྦ་ཟམ་བསྡུ་རྒྱུའི་ཐག་པ་འཐེན་བཞིན་མེ་མདའི་ཁ་སོ་ཆུ་སྒང་དཔོན་དམག་ ཚོར་བསྟན་ཏེ་ཕེབས་ལམ་བཀག་པར་བརྟེན་ཞི་བའི་ཐོག་ལམ་གཡར་ཞུས་ཀྱང་མ་ཉན་པར་གདོང་ ལེན་བྱས་ཏེ་འཐབ་འཛིངས་བྱ་རྒྱུ་ལས་ཐབས་ལམ་གཞན་མེད་སྟབས་བལ་དམག་གི་གོ་མཚོན་ ལག་ཆ་རྣམས་བཙན་འཕྲོག་བྱས་ཏེ་འགྲོ་ལམ་ཕྱེ་དགོས་བྱུང་འདུག  ཕྱོགས་མཚུངས་དེའི་སྐབས་ས་ལམ་རྒྱུད་མེད་དང༌། སེམས་ཤུགས་ཁོ་ན་མ་གཏོགས་འཇབ་དམག་གི་རྟེན་གཞི་གསར་འཛུགས་བྱ་རྒྱུའི་དཔལ་ འབྱོར་གྱི་ཆ་རྐྱེན་འཐུས་ཚང་མེད་པའི་དཀའ་ངལ་ཅི་ཆེའི་འོག་གློ་ཡུལ་དུ་དང་དམག་ གི་སྒྲིག་འཛུགས་གྲབས་གཤམས་བྱས་པའི་དཀའ་ངལ་དེ་དག་ལ་བསམ་ན་ཡ་ང་སྙིང་རྗེ་ལྡན་ པའི་མི་ཞིག་ཡིན་ན་ངུ་ཤོར་རྒྱུ་ལས་མེད། མཚན་མོར་བལ་པོའི་དམག་དཔོན་དེས་ཁྱེད་ཚོ་ཉིན་མོར་ཕྱིན་ཚེ་མི་བཀག་ཐབས་མེད་དང༌། མཚན་མོར་གསང་བའི་ཐོག་ནས་བྲོས་བྱོལ་དུ་སོང་ཚེ་འགྲིགས་ལུགས་བརྗོད་པ་ལྟར་གསང་ སྟབས་ཀྱིས་མཚན་མོར་ཐོན་ཏེ་ཉིན་ཤས་རྗེས་བཀག་ཟེར་བའི་ས་ཆར་སྔོན་འབྱོར་དཔོན་ དམག་ཁག་གཅིག་བཞུགས་ཡོད་སར་ཤར་རྒྱག་ཕྱིན་པ་དང་རིམ་བཞིན་དཔོན་དམག་རྣམས་ཕྱོགས་ སོ་སོ་ནས་གློ་ཡུལ་དུ་སྦྲང་བརྩིར་བུང་བ་འདུས་པ་ལྟར་བོད་བསྟན་སྲིད་ཁོ་ནའི་ ཆེད་དུ་དགྲ་བོར་རྒོལ་ལན་དོན་སྙིང་ལྡན་པ་ཞིག་ཐུབ་རེ་ཁོ་ནར་དམིགས་ཏེ་རིམ་ བཞིན་ལས་འགོ་བཙུགས་ཏེ་ཕོགས་ཁང་ཨ་མ་བཟོས་པ་དང་དམག་སྒར་ལྟེ་བ་འཛུགས་ས་གཡག་ར་ སྦུག་ཏུ་དམག་མི་རྣམས་རིམ་འབྱོར་བྱུང་བ་དང༌། ལྷ་མོ་ཚེ་རིང་གི་སྤུན་ཆུང་བ་བྱང་ཆུབ་སྦྱིན་པ་དང༌། འཕན་པོ་རྒན་རབ་ཡངས་གཉིས་དགེ་རྒན་བསྐོས་ཏེ་དཔུང་དམག་རྣམས་ལ་སློབ་སྦྱོང་ སྤྲོད་རྒྱུའི་དབུ་འཛུགས་གནང༌། དེ་ཡང་གློ་མི་དམངས་རྣམས་དམག་སྒར་ལ་བློ་མི་ལོག་པའི་ཆེད་དང༌། གློ་ཡུལ་དུ་དམག་སྒར་རྒྱུན་མར་གནས་ཐུབ་ཆེད་དམིགས་པ་ཞིག་ཡིན་འདུག   འོན་ཀྱང་ཉིན་ཞིག་བྱང་ཆུབ་སྦྱིན་པས་དམག་དཔུང་ནང་དུ་སྡེ་དགེ་ཡིན་ན་རྐུ་ཇག་ བཟོ་བ་དང༌། ཨ་མདོ་ཡིན་ན་སྐྱེས་དམན་ལ་བཙན་དབང་ལོག་གཡམ་བྱེད་པ་དང་རྒྱུ་ལ་འདོད་རྔམ་བྱེད་ རྒྱུ་དེ་རེད། དབུས་གཙང་ཡིན་ན་ཁ་ཁོག་མི་མཚུངས་པའི་གཡོ་སྒྱུའི་འོག་ཚང་མར་ཁ་དཀར་ཞེ་ནག་བྱེད་ རྒྱུ་དེ་རེད་ཅེས་བཤད་པར་ཚང་མས་ཕན་ཚུན་ཕར་ལྟ་ཚུར་ལྟ་རེ་བྱས་པ་མཉམ་དུ་འུར་ ཟིང་སྟབས་མ་བདེ་བ་ཞིག་བྱུང་སྟེ་སློབ་གསོའི་གཏམ་བཤད་མ་རྫོགས་པར་འཕྲལ་དུ་ མཚམས་འཇོག་བྱ་དགོས་གྱུར།  དེ་ནས་བཟུང་སྤྱིའི་སློབ་སྦྱོང་གི་སྒྲིག་འཛུགས་མཇུག་བསྒྲིལ་འདུག

དེ་ལས་མང༌།: མདོ་ཁམས་ཆུ་བཞི་སྒང་དྲུག་གི་བརྒྱུད་རིམ།

 

In Exile

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

Most of the leaders as well as the members of the organization who could escape from Tibet ,wanted very much to continue their activities of opposition to the Chinese rule in Tibet.Their strong desire was to fight and die for Tibetan freedom rather than seek to make a comfortable life in exile.Thus the guerilla outfit in Mustang ,Nepal was formed consisting mainly of the remnants of the Chushi Gangdrug organization .Also ,When the first Tibetan division called Establishment No-22 was raised under the Indian army ,many veteran leaders and members of the Chushi Gangdrug formed its nucleus.Many such persons also served in the Indo -Tibetan Border Police.

In the Tibetan refugee society in general,gradually the Chushi Gangdrug transformed itself intio a civilian body and ultimately came to be recognised as the sole organization representing the Dhoto Chokha or Provice.They took their rightful place in the Gyalyong Tsogchen or the National Assembly and contributed their mite in the struggle and reconstruction of the Diaspora.