དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།44
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།276
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1168
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96061

Online (20 minutes ago): 10
Your IP: 38.107.179.240
,
Today: Feb 07, 2012

Delhi

ལྡི་ལི་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་རྣམས་ཀྱི་ལོ་རྒྱུས་གཤམ་གསལ།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

ངག་དབང་དོན་ལྡན། ཚོགས་གཙོ།

ངག་དབང་དོན་ལྡན་ནི་ཁམས་བྲག་གཡབ་འདག་ཐུ་གྲོང་མོ་ཆེའི་འདག་ཐུ་ཚང་དུ་ཕྱི་ལོ་ ༡༩༦༨ ཟླ་ ༧ ཚེས་ ༥ ཉིན་ཕ་ཁྱི་ལོད་བཀྲ་ཤིས་ཀྱི་བུ་རུ་སྐྱེས། ཕྱི་ལོ་ ༡༩༩༠ ཟླ་ ༦ ཚེས་ ༢༨ ཉིན་སྦིར་གསར་འབྱོར་སློབ་གྲྭར་འཛུལ་ཞུགས་བྱས། འོན་ཀྱང་ཕྱི་ལོ་ ༡༩༩༣ ཟླ་ ༦ ཚེས་ ༡༦ ཉིན་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་པའི་དུས་དྲན་ཉིན་དེར། ཕྲན་གྱི་མི་ཚེའི་ནང་བརྙེད་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དེ་ཤོར་ཡོད་པ་རེད། རྒྱུ་མཚན་ནི། གཙོ་བོ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ལྟ་བ་ལང་ཕྱོགས་དང་ཁམས་པའི་ལ་རྒྱ་ལ་ཐུག་ཡོད་པ་གསལ་པོ་ཡིན། འདིའི་སྐོར་བྱུང་རིམ་གྱི་ལོ་རྒྱུས་ཤོག་ལྷེ་མང་པོ་ཕྲན་ལ་ཡོད། ཕྱི་ལོ་ ༡༩༩༣ ཟླ་ ༡༠ ཚེས་ ༢༨ ཉིན་ལྡི་ལིའི་ཆུ་བཞི་སྒང་དྲུག་གི་རིག་གཞུང་ཟློས་གར་ཚོགས་པ་གསར་འཛུགས་གནང་བཞིན་འདུག་པས། ཕྲན་རང་ཉིད་ཀྱིས་ཟློས་གཉེར་གྱི་ལས་ཁུར་ཞུས་ཏེ་ཟློས་གར་གསར་འཛུགས་ཀྱི་ལས་འགན་ཆ་ཚང་ཞུས་པ་ཡིན། སྐབས་མཚམས་ཆུ་སྒང་དབུས་ཀྱི་ཕྱག་ལས་ཛ་དྲག་སྐབས་ཉིན་མཚན་མགོ་སྦྲེལ་གྱིས་ཕུ་གཏོང་མདའ་མངག་གང་བྱས་ཀྱང་ཅི་གསུངས་བཀའ་སྒྲུབ་ཀྱི་རང་ནུས་གང་ཡོད་ལྷག་བསམ་ལྷད་མེད་ཐོག་ལས་དོན་བསྒྲུབས་ཡོད། སྐབས་དེར་ཟློས་གར་སློབ་གཉེར་བ་དང་སྐུ་སྲུང་བ་སོགས་ཕོ་མོ་མི་གྲངས་ལྔ་བཅུ་ང་བཞི་ཙམ་ཡོད་ཀྱང༌། ཐེ་ཝེན་དང་ཆུ་སྒང་གི་འབྲེལ་རྙོག་གིས་ཉིན་རེར་མི་གྲངས་གསུམ་བཞི་ཙམ་ཆུ་སྒང་གསར་པ་ཞེས་པའི་ཁོངས་སུ་ཐོན་ཕྱིན་པ་རེད། མཐར་ཕྲན་གཙོས་མི་གྲངས་བཅུ་གཉིས་ཙམ་ལས་བསྡད་མེད་པ་རེད།

དེ་ལས་མང༌།: ལྡི་ལི་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས་རྣམས་ཀྱི་ལོ་རྒྱུས་གཤམ་གསལ།

 

ལྡི་ལི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ཟུར་རྣམས་ཀྱི་མཚན་གཞུང༌།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

བཀྲ་དགའ།

ཕ་ཡུལ་སྡེ་དགེ་འདན་མ། ཡབ་ཀྱི་མཚན་ལ་འཇི་དགའ་དང༌། ཕྱི་ལོ་ ༡༩༣༥།༡།༡༥ ཉིན་སྡེ་དགེ་འདན་མ་གཡུ་རུ་ཁ་རུ་གྲོང་མིང་གཙོ་བོ་ཚང་དུ་སྐྱེས། ཕྱི་ལོ་ ༡༩༩༣།༦།༡༦ ནས་ ༢༠༠༢།༦།༡༦ བར་ལྡི་ལིའི་ས་གནས་རྒྱུན་ལས་ཀྱི་འགན་བཞེས་ཡོད།

 
 
ཕུན་ཚོགས་དངོས་འགྲུབ།

ཕ་ཡུལ་ཆ་ཕྲེང༌། ཡབ་ཀྱི་མཚན་ལ་བློ་བཟང་ཕུན་ཚོགས། ཕྱི་ལོ་ ༡༩༣༧ ཉིན་ཆ་ཕྲེང་རྡོ་རྗེ་ཚང་དུ་སྐྱེས། ཕྱི་ལོ་ ༡༩༩༢།༦།༡༦ ནས་ ༢༠༠༢།༦།༡༦ བར་ལྡི་ལིའི་ས་གནས་རྒྱུན་ལས་ཀྱི་འགན་བཞེས་ཡོད།

 
 

དེ་ལས་མང༌།: ལྡི་ལི་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ཟུར་རྣམས་ཀྱི་མཚན་གཞུང༌།