ཌལ་ཧོར་ས་གནས་ཆུ་སྒང་རྒྱུན་ཟུར་གྱི་ལོ་རྒྱུས།
སྐལ་བཟང་རྒྱལ་མཚོ།
སྐྱེས་ཚེས་ ༣།༤།༡༩༧༤ ཡིན། ཕ་མིང་མཁས་གྲུབ་དང༌། ཤེས་ཡོན་གནས་ཚད་སྦི་ཨེ་ཐོན། ལས་དུས་འགོ་འཛུགས་ ༢༠༠༧ ནས་ཆུ་སྒང་ཚོགས་པའི་ཚོགས་མི་འཛུལ་བཞུགས་བྱས་པ་རེད།
པདྨ་གྲུབ་དབང༌།
ཕྱི་ལོ་ ༡༩༧༣ ལོ་ཁམས་ཏྲི་ཧོར་བྲག་འགོ་གཙང་སྟོད་སྡེ་བ་ཡི་ཕ་དཀོན་མཆོག་བསྟན་འཛིན་ཚང་དུ་སྐྱེས། ཕྱི་ལོ་ ༡༩༩༦ ལོ་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་ནས་ལྷོ་ཕྱོགས་ཀོ་ལི་གར་གཞི་ཆགས་ཁོངས་ཡོད་རྫོགས་ཆེན་དགོན་དུ་ལོ་གཅིག་རིང་རང་ཆོས་སློབ་གཉེར་བྱས། དེ་རྗེས་ ༡༩༩༨ ལོ་ལ་བྱང་ཕྱོགས་ཧི་མ་ལ་ཡི་རི་རྒྱུད་ཌལ་ཧོར་ཕུན་ཚོགས་གླིང་ལག་ཤེས་བཟོ་གྲྭའི་ནང་རི་མོ་བྲིས་ནས་ལོ་དྲུག་ལྷགས་སོང༌། ༢༠༠༣ ལོ་བཟོ་གྲྭའི་རི་མོ་སྡེ་ཚན་གྱི་འགན་འཛིན་དུ་བསྐོ་བཞག་བྱུང་བ་དང་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་མི་འདེམས་ཐོན་བྱུང༌། ༢༠༠༥ ལོ་མདོ་ཁམས་ཆུ་སྒང་ཚོགས་པའི་ས་གནས་ཚོགས་གཙོའི་ལས་འགན་ཞུས། ༢༠༠༦ ལོ་ཌལ་ཧོར་ས་གནས་འཐུས་ཚོགས་སྐབས་གཉིས་པའི་ཚོགས་གཙོ་གཞོན་པའི་ལས་འགན་ལ་འདེམས་ཐོན་བྱུང་བ་དང་ཕུན་ཚོགས་གླིང་བཟོ་གྲྭའི་འགན་འཛིན་ལྷན་ཚོགས་གྱི་འཐུས་མིར་བསྐོ་བཞག་བྱུང་ནས་ད་ཆ་ཡང་ལས་འགན་བྱེད་བཞིན་པ་ཡིན། ཞེས་གུས་གོང་མིང་པས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ ཚེས་ ༢༧ ཉིན།
ཆོས་ཉིད་ལྷུན་གྲུབ།
གུས་པ་ཆོས་ཉིད་ལྷུན་གྲུབ་ནི་ཕ་ཡུལ་བྲག་གཡབ་དང༌། ཕ་མིང་སྐལ་བཟང་ཟླ་བ། ཕྱི་ལོ་ ༡༩༥༢ ཟླ་ ༨ ཚེས་ ༡༥ ཉིན་ཁམས་བྲག་གཡབ་ཏུ་སྐྱེས། དེ་རྗེས་རྒྱ་གར་དུ་འབྱོར་རྗེས་ཌལ་ཧོལ་བོད་གཞུང་གཏན་སློབ་ཏུ་ལོ་ཤས་རིང་སློབ་སྦྱོང་བྱས། དེ་ནས་ཌལ་ཧོལ་བོད་གཞུང་བཟོ་གྲྭར་ལས་ཀ་ལོ་ཤས་རིང་བྱས། པྱི་ལོ་ ༡༩༩༠ ཐམས་པ་ནས་ ༡༩༩༠ བར་ཌལ་ཧོལ་ས་གནས་མདོ་སྟོད་ཆུ་བཞི་སྒང་དྲུག་གི་དྲུང་ཆེའི་འགན་ཁུར་སྐབས་གཉིས་ཀྱི་རིང་ཞུས་ཤིང༌། བར་སྐབས་ཆུ་སྒང་གསར་རྙིང་གི་རྙོག་གླེང་ལྟ་བུས་ས་གནས་མི་མང་ཚང་འཛོམས་ཐོག་ས་རྒྱུན་གནས་སྐབས་རིང་ཕྱིར་བསྡུ་བྱས། གུས་རང་ས་གནས་མདོ་སྟོད་འོས་བསྡུའི་འཐུས་མི་ཡིན་སྟབས་དབུས་ས་གཉིས་ཀྱི་བར་ཡིག་འབྲེལ་མུ་མཐུས་བྱས། ཕྱི་ལོ་ ༡༩༩༧ ནས་ཕྱི་ལོ་ ༢༠༠༥ བར་ས་རྒྱུན་གསར་པ་མ་ཚུགས་བར་ཧུར་ཐག་ཞུས་པས་ལོ་རྒྱུས་མདོར་བསྡུས་སུ།

















