Bonzhi
བོན་གཞིས་ས་གནས་སྐབས་དང་པོའི་མདོ་ཁམས་ཆུ་སྒང་རྒྱུན་ལས་མིང་ཐོ་གཤམ་གསལ།
ཧོར་བ་ར་ཚེ་དབང་བཀྲིས། ཚོགས་གཙོ།
ཕ་ཡུལ་འབྲོག་ཤོག་རྫ་གསེབ་བྲེ་གཞུང་ནས་ཡིན་ཀྱང༌། སྐྱེས་ས་རྒྱ་གར་ཧི་མ་ཅལ་གྱི་མངའ་ཁུལ་བོན་གཞིས་ཐོབ་རྒྱལ་གསར་པར་ཕྱི་ལོ་ ༡༩༧༩།༡༢།༡༢ ཉིན་སྐྱེས། དེ་ནས་བོན་གཞིས་ཐོབ་རྒྱལ་གསར་པའི་ཉིན་སློབ་ནས་འཛིན་གྲྭ་བརྒྱད་པ་སློབ་ཐོན་བྱས་མཐར། སྤོན་ཊ་གཏན་སློབ་ནས་འཛིན་གྲྭ་བཅུ་པ་སློབ་ཐོན་བྱས། ཕྱི་ལོ་ ༢༠༠༥ ནས་ ༢༠༠༤ བར་བོན་གཞིས་ས་གནས་གཞོན་ནུའི་དངུལ་གཉེར་དང༌། ཕྱི་ལོ་ ༢༠༠༥ ནས་ད་བར་དྷན་སྦ་ད་སུད་ཚོང་དྲུང་ཆེ་དང་རྩིས་པ་གཅིག་ལྕོགས་ཀྱི་ལས་ཁུར་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༦ ནས་ ༢༠༠༨ བར་དམིགས་བསལ་རང་བདེན་ཚོགས་ཆུང་དང༌། བོན་གཞིས་ས་འཐུས་ཀྱི་རྩིས་པའི་ལས་འགན་སྒྲུབ་ཅིང༌། ད་ཆར་བོན་གཞིས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་དང༌། ས་གནས་འཐུས་ཚོགས་ཀྱི་ཚོགས་མི། མདོ་སྟོད་ས་གནས་འོས་བསྡུའི་ཟུར་དཔང༌། དམིགས་བསལ་རང་བདེན་ཚོགས་ཆུང་གི་དྲུང་ཆེ། བོན་གཞིས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་ས་གནས་བོན་གཞིས་ཆུ་སྒང་གི་ཚོགས་གཙོའི་ལས་ཁུར་ཞུ་བཞིན་ཡོད་པའི་ལོ་རྒྱུས་མདོར་བསྡུས་སུ།
དེ་ལས་མང༌།: བོན་གཞིས་ས་གནས་སྐབས་དང་པོའི་མདོ་ཁམས་ཆུ་སྒང་རྒྱུན་ལས་མིང་ཐོ་གཤམ་གསལ།
བོན་གཞིས་ས་གནས་ཆུ་སྒང་རྒྱུན་ཟུར་གྱི་མཚན་གཞུང་།
ཕ་ཡུལ་མདོ་ཁམས་ཁྱུང་པོ་སྟེང་ཆེན། སྐྱེས་ལོ་ ༡༩༢༩ ད་ལྟའི་སྡོད་གནས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁུལ་བོན་གཞིས་ཐོབ་རྒྱལ་གསལ་པ། ཕྱི་ལོ་ ༡༩༨༡ ལོ་ནས་བཟུང་བོན་གཞིས་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོའི་འགན་ཁུར་མི་ལོ་ ༢༨ རིང་ཞུས། ༢༠༠༨ ཕྱི་ལོ་ ༢༠༠༨ ཕྱི་ཟླ་ ༡༡ པའི་ནང་ཚོགས་གཙོ་ལས་རྒྱུན་འཕོས་ཏེ་ད་ལྟ་ས་རྒྱུན་སློབ་སྟོན་པའི་འགན་ཁུར་ཞུ་བཞིན་ཡོད། བྱུང་རིམ་ལོ་རྒྱུས་ནི་ ༡༩༨༡ ནས་གཡུང་དྲུང་བོན་གྱི་བསྟན་པའི་མངའ་བདག་ྋསྐྱབས་རྗེ་སྨན་རིའི་མཁན་སློབ་རྣམ་གཉིས་ཀྱིས་བཀའ་མངགས་དང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ངོས་བཞེས་འོག་རིམ་བཞིན་འགན་ཁུར་ཞུས། ༡༩༨༧ ལོར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱལ་ཡོངས་ཚོགས་ཆེན་ནས་བཀའ་མངགས་དང་བསྐོ་བཞག་གནང་དོན་ལྟར་མུ་
















