དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།56
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།288
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1180
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96073

Online (20 minutes ago): 11
Your IP: 38.107.179.240
,
Today: Feb 07, 2012

Bir Nangchen

སྦིར་ནང་ཆེན་ས་གནས་ཆུ་སྒང་རྒྱུན་ལས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

བློ་གྲོས་རིན་ཆེན། ཚོགས་གཙོ།
ཕ་ཡུལ་གོ་འཇོ། ༡༩༦༨ ལོའི་སྤྱི་ཟླ་  ༡༠ པའི་ཚེས་ ༢༨ ཉིན་ཕ་འདས་པོ་གོ་འཇོ་བསོད་ནམས་ཚེ་རིང་དང་མ་མཚོ་རྒྱལ་གཉིས་ཀྱི་མདུན་དུ་ཏེ་ཛུ་དར་རྒྱས་གླིང་གཞིས་ཁོངས་སུ་ཡུན་ཚར་ལོང་བྱུང་ཞིང༌། གུས་པའི་ཕ་འདས་པོ་གོ་འཇོ་བསོད་ནམས་ཚེ་རིང་ནི་སྤྱི་ལོ་ ༡༩༥༩ ལོར་བོད་ས་ཡོངས་རྗོགས་རྒྱ་དམར་གྱི་དབང་བསྒྱུར་འོག་འགྲོ་ཉེན་སྐབས་སུ་བོད་བསྟན་བསྲུང་དྭངས་བླངས་དམག་ཆུ་བཞི་སྒང་དྲུག་དམག་ཁོངས་སུ་ཞུགས་ཏེ་རང་མི་རིགས་དང་རྒྱལ་ཁབ་ཆེད་དུ་རང་སྲོག་བློས་བཏང་ནས་རྒྱ་དམར་གྱི་མེ་མདའི་གདོང་བསུས་སྟེ་ ༡༩༥༩ ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར། གུས་པ་རང་ལོ་ ༡༧ ལ་སོན་སྐབས་རྒྱ་གར་དམག་གི་སྒྲིག་ཁོངས་སུ་ཞུགས་ནས་ལོ་ངོ་ ༡༢ ཙམ་རིང་སྔོད་རིང་གང་ཅིར་ལྷག་བསམ་རྣམ་དག་དང་རྩེ་ཕུད་གྱི་གྲུབ་འབྲས་སོན་པའི་ཉེར་ལེན་ལ་བརྟེན་ནས་སྤྱི་ལོ་ ༡༩༩༡ ལོ་ནས་ ༡༩༩༤ བར་ྋགོང་ས་མཆོག་གི་སྐུའི་སྲུང་བྱའི་ལས་འཁུར་ཞུ་རྒྱུའི་གོ་སྐབས་བཟང་པོ་ཐོབ་པ་ལྟར་རང་ཉིད་ཀྱི་སྒོ་གསུམ་ནུས་པ་ཅི་ཡོད་ཀྱི་ཞབས་ཞུ་བསྒྲུབས། དམག་ཁོངས་ནས་འདོན་རྗེས་མ་ན་ལིར་ཚོང་ལས་གཉེར་སྟེ་སྡོད་རིང་ཐོག་མར་ས་གནས་ཆུ་བཞི་སྒང་དྲུག་གི་ས་གནས་རྒྱུན་ལས་ཀྱི་ལས་འཁུར་ཐོག་མར་ཞུས།  སྤྱི་ལཽ་ ༢༠༠༧ ལོ་ནས་སྦིར་ཅོན་ཏར་ར་ནང་ཆེན་ས་གནས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་དང་ས་གནས་གྲོས་ཚོགས་ཚོགས་གཞོན་གྱི་ལས་འཁུར་ཞུ་བཞིན་པ་དང་བཅས།
ཐུབ་པ་རྒྱལ་མཚན།
སྦིར་ས་གནས་གཞིས་ཆགས་སུ་ཕྱི་ལོ་ ༡༩༦༨ ནས་བཟུང་མདོ་སྟོད་ཆུ་བཞི་སྒང་དྲུག་གི་བརྡ་ཁྱབ་དང་གསལ་བསྒྲགས་སོགས་གང་ཐུབ་ཞུ་མཞིན་ཡོད་པ་དང༌། སྦིར་ནང་ཆེན་གཞིས་ཆགས་སུ་འཐུས་མི་ལོ་གྲངས་འགའ་རིང་བྱས། དེ་རྗེས་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དང༌། ཡང་ས་གནས་ཚོགས་གཙོ། དེ་རྗེས་སླར་ཡང་ས་གནས་ཚོགས་གཞོན་སོགས་ལ་འཁོད། རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་ནང་དུའང་ལོ་ཤས་རིང་ཞབས་ཞུ་བྱས། ད་ཆ་སེམས་པ་ས་ལ་ཡོད་ཀྱང༌། རེ་བ་གནམ་ལ་ཡལ་བའི་དཔེ་ལྟར་ལོ་གྲངས་ ༧༥ ལ་སླེབས་ནས་ལུས་པོ་ལྕོགས་ས་མི་འདུག་ཀྱང་གཏམ་བཤད་གསལ་བསྒྲགས་སོགས་ཞབས་ཞུ་གང་ཐུབ་ཞུ་བཞིན་ཡོད་པའི་ལོ་རྒྱུས་སུ།

ཀརྨ་མཐུ་སྟོབས།
ཕྲན་གྱི་ཕ་ཡུལ་ཁམས་ནང་ཆེན་ཁོངས་འབྲོང་པ་སྟོད་མ་དང༌། དུད་མིང་ལ་འབྱོ་ཚང་ཟེར། ཕྱི་ལོ་ ༡༩༥༩ ལོར་བོད་ལ་རྒྱ་མིས་བཙན་གནོན་དབང་སྒྱུར་སྐབས་ཕྲན་རང་ལོ་བཅུ་གཉིས་སུ་སླེབས། དེ་རྗེས་ཕྲན་རང་ཉིད་རྒྱ་གར་ལ་དྭགས་ཕྱོགས་སུ་སྐྱབས་བཅོལ་དུ་འབྱོར་རྗེས་ལོ་ཤས་རིང་དམག་ཁོངས་སུ་བསྡད། ཕྱི་ལོ་ ༡༩༦༦ ལོར་སྐྱབས་རྗེ་མཆོག་གླིང་རིན་པོ་ཆེའི་བཀའ་དྲིན་དང་དབུ་ཁྲིད་འོག་སྦིར་གཞིས་ཆགས་སུ་ཞུགས་ཏེ། གཞིས་ལས་ངལ་རྩོལ་ལོ་མང་རིང་བྱས་པར་ལོ་གཞོན་སྐབས་སྤྱི་ཚོགས་དང་མི་མང་གི་ལས་དོན་སྒྲུབ་བྱེད་བཅུ་དཔོན་དང་བརྒྱ་དཔོན། རང་བདེན་ཚོགས་ཆུང་གི་དངུལ་གཉེར་དང་རིམ་པར་ལོ་བཅུ་གཉིས་རིང་ལས་འགན་ཞབས་ཞུ་གང་ཐུབ་ཞུས། ཕྱི་ལོ་ ༡༩༩༣ ནས་ ༡༩༩༩ བར་ཐེངས་གཉིས་རིང་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་བྱས། ཕྱི་ལོ་ ༡༩༩༩ ལོར་བོད་ཀྱི་ན་གཞོན་རྣམས་ལ་གོ་སྐབས་སྤྲད་དེ་དགོངས་པ་ཞུས། ཡིན་ནའང་ཕྱི་ལོ་ ༢༠༠༢ ལོར་སྦིར་ཅོང་ཏ་ར་ནང་ཆེན་གཞིས་ཆགས་ས་གནས་འཐུས་ཚོགས་སྐབས་གསུམ་པའི་འཐུས་མི་འོས་བསྡུ་བྱས་པས། མི་མང་གིས་དགོངས་ཁྲོལ་མ་གནང་ནས་ས་འཐུས་ཚོགས་གཙོའི་འོས་ཐོབ། དེ་སྐབས་བོད་རྒྱལ་ཁབ་མི་རིགས་ཀྱི་དོན་དུ་ལས་དོན་འཐུས་ཤོར་མེད་པར་བསྒྲུབ་བྱ་སྒྲུབ་བྱེད་ཡང་དག་བགྱིས། དེ་ནས་བཟུང་ཕྱི་ལོ་ ༢༠༠༩ བར་ས་གནས་གྲོས་ཚོགས་འཐུས་མི་རུ་ཞུགས་ནས་ལྷག་བསམ་རྣམ་དག་ཐོག་ཞབས་ཞུ་ལས་སྒྲུབ་ཞུ་བཞིན་ཡོད། ཕྱི་ལོ་ ༢༠༠༧ མདོ་ཁམས་ཆུ་བཞི་སྒང་དྲུག་གི་ས་གནས་རྒྱུན་ལས་ཀྱི་ཚོགས་གཙོ་འོས་ཐོབ་པ་བཞིན། དེ་ནས་བཟུང་རྒྱུན་ལས་དབུ་བཙུགས་ཏེ་ལས་འགུལ་སོགས་སྤེལ། ཕྱི་ལོ་ ༢༠༠༧ ལོར་སྐབས་དབུས་མདོ་ཁམས་ཆུ་བཞི་སྒང་དྲུག་གིས་ྋགོང་ས་མཆོག་ལ་བརྟན་བཞུགས་སྐབས་ལས་འགན་གང་ཐུབ་ཞུས། སྤྱིར་མི་མང་གིས་འོས་འཕེན་སྐབས་ཀརྨ་མཐུ་སྟོབས་ཞེས་གསང་བའི་ཐོག་ནས་འོས་གྲངས་གང་མང་ཐོབ་མྱངས་བ་སོགས། ཕྲན་གྱིས་རྣམ་ཀུན་ལས་དོན་ཐད་དྲང་པོའི་ལམ་ནས་གང་ཐུབ་ཞུ་བཞིན་ཡོད་པར་བརྟེན་མི་མང་གིས་དགའ་མོས་གནང་གི་ཡོད་པ་སོགས་ཀྱི་ལོ་རྒྱུས་མདོར་བསྡུས་སུ། །

 

སྦིར་ས་གནས་ཆུ་སྒང་རྒྱུན་ལས་ཟུར་པ་རྣམས་ཀྱི་ལོ་རྒྱུས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

བྱོར་ཐར་ཚང་ལྷ་སྐྱབས།
ཕྱི་ལོ་ ༡༦༥ ལོར་མཆོག་གླིང་རིན་པོ་ཆེའི་གཞིས་ཆགས་ནས་བཟུང༌། ཕྲན་ནས་ལྔ་འགོ་བཅུ་དཔོན་དང༌། དེ་རྗེས་རང་བདེན་ཚོགས་ཆུང་གི་དྲུང་ཆེ་དང༌། ཡང་དངུལ་གཉེར། དེ་རྗེས་ས་འཐུས་དྲུང་ཆེའི་ལས་འགན་ལོ་དྲུག་ལ་ཞུས། ཕྱི་ལོ་ ༡༩༩༤ ལོར་ མདོ་སྟོད་མི་མང་རི་བོང་ཅལ་འདྲོག་བྱས་སྐབས་ཕྲན་རང་ཉིད་རང་ཚུགས་བརྟན་པོའི་ཕྱོགས་རིས་སོགས་བྱས་མ་མྱངས། ནང་ཆེན་གཞིས་ཆགས་སུ་དབུས་རྒྱུན་རྙིང་པའི་ས་རྒྱུན་མེད་སྟབས། ཕྱི་ལོ་ ༢༠༠༦ ལོར་གནས་བབས་མདོ་སྟོད་རྙིང་པའི་ས་རྒྱུན་ལས་ཚབས་དང་དྲུང་ཆེ་གཅིག་ལྕོགས་དང༌། ཨོ་རྒྱན་སྟོབས་རྒྱལ་དང་འཇམ་དབྱངས་རྒྱལ་མཚན། གཞན་མི་གྲགས་གནད་ཡོད་རྣམ་པས་བདག་ལ་ཐད་བསྐོས་བགྱིས་ནས། མདོ་སྟོད་ཆུ་བཞི་སྒང་དྲུག་གི་ལས་དམ་དང་ལས་ཤོག ཀྲིག་སི་འབོར་ཆེན་དང་ཁོང་རྣམ་པའི་ཕྱོགས་གཏོགས་ལ་གནས་པའི་མི་མང་གི་མིང་ཐོའི་མ་དེབ་དང༌། དེ་དག་དང་འབྲེལ་བའི་དཔྱ་ཁྲལ་བསྡུ་ལེན་གཙང་མ་གྱིས་ཤོག་གསུངས་པའི་བཀའ་ནན་པོ་གནང་བྱུང༌། འོན་ཀྱང་ཕྲན་རང་ཉིད་དབུས་རྒྱུན་རྙིང་པའི་ཕྱོགས་སུ་ཞེན་སྟབས་ས་རྒྱུན་ཚབ་ཏུ་ལྡོག་ཐབས་མ་བྱུང༌། ལས་གཞི་གསར་པ་ལ་དཀའ་རྙོག་ཤིན་ཏུ་ཆེ་བས་ངལ་བ་གདོང་ལེན་གྱིས་དཔྱ་ཁྲལ་བསྡུ་ལེན་སྐབས་མི་མང་ལ་རང་ནུས་གང་ཡོད་ཀྱིས་སློབ་བསོ་བགྱིས་པས་བསྡུ་སྒོ་ཡང་དག་བྱུང༌། ལོ་གཅིག་ལྷག་ཙམ་ལ་ས་རྒྱུན་ལས་དོན་ཞབས་ཞུ་བསྒྲུབས། དེ་ནས་ལྕོགས་ཐབས་མི་འདུག་པས་མི་གྲགས་རྣམས་ལ་ས་རྒྱུན་གསར་པ་གསར་འདེམས་དགོས་པའི་སྙན་སྒྲོན་ཞུས་པས་དོན་གཏན་ཁེལ་ནས། མི་མང་གིས་འོས་འདེམས་སྐབས་ཚོགས་ཐོག་བདག་ལ་ས་རྒྱུན་ལས་དོན་ཡུན་རིང་སྒྲུབ་ནུས་མེད་ལུགས་གསར་བཤད་ཐོག འོས་ཁོངས་ནས་དགོངས་པ་ཞུས་པས་གནང་བ་ཐོབ། དེ་སྐབས་ཀརྨ་མཐུ་སྟོབས་དང༌། བློ་གྲོས་རིན་ཆེན། ཀརྨ་བློ་གྲོས་གསུམ་ལ་འོས་ཤོག་ཐོབ། སྐབས་དེར་ཚོགས་གཙོ་དང་དྲུང་ཆེ། དངུལ་གཉེར་སོགས་ལ་ཚོགས་དངུལ་དང་ལས་དམ། ལས་ཤོག མི་མང་གི་ལས་སྦྱར་མིང་ཐོ། ཀྲི་སི་ལྷག་མ་བཅས་རྩིས་འབུལ་ཞུས་པ་སོགས་ཀྱི་ལོ་རྒྱུས་སུ། །

དེ་ལས་མང༌།: སྦིར་ས་གནས་ཆུ་སྒང་རྒྱུན་ལས་ཟུར་པ་རྣམས་ཀྱི་ལོ་རྒྱུས།