མི་སྒེར་གྱི་ལོ་རྒྱུས།
ཆུ་སྒང་དམག་སྤྱི་སོག་སྡེ་དཔོན་བེ་ཧུ་ནོར་བུ་ཚེ་རིང་གི་སྐུ་ཚེའིལོ་རྒྱུས།
ཆུ་སྒང་དམག་སྤྱི་སོག་སྡེ་དཔོན་བེ་ཧུ་ནོར་བུ་ཚེ་རིང་གི་སྐུ་ཚེའི་ལོ་རྒྱུས།
སོག་སྡེ་དཔོན་ནོར་བུ་ཚེ་རིང་ནི་ཕ་རབས་བུ་རྒྱུད་ཡུལ་སོག་སྡེ་སྨད་མའི་དཔོན་རྒྱུད་ཡིན་པ་དེའི་གདུང་ལས་ཡབ་བེ་ཧུ་ཁྲི་བཙན་གྱི་སྲས་སུ་ཚོ་པ་སོ་དགུའི་ནང་དུ་སྐུ་འཁྲུངས་པ་དང༌། དགུང་ལོ་ཆུང་དུས་ནས་སོག་སྡེའི་ཡུལ་ལུང་འཁོར་འབངས་ཚང་མས་ཁོང་ལ་དད་མདུན་ཆེ་ལ་ཁོང་གིས་ཀྱང་འབངས་མི་སེར་གྱི་བདེ་སྡུག་ལ་གཟིགས་རྟོགས་གནང་ཐུབ་མཁན་གྱི་ཁམས་པའི་ཕོ་རྒོད་ཞིག་ཡིན། ཕྱི་ལོ་ ༡༩༥༨ ལོར་རྒྱ་དམག་རིམ་བཞིན་ཚོ་པའི་ཁུལ་དུ་ཇེ་མང་དུ་འགྲོ་བཞིན་པ་དང་བཙན་འཛུལ་བའི་དབང་ཤུགས་སྔར་བའི་ནུས་ཤུགས་ཆེ་རུ་ཕྱིན་ཏེ་ཚོ་པ་སུམ་བཅུ་སོ་དགུའི་ཁོངས་སུ་གོ་ལག་མཚོན་ཆ་ཡོད་ཚད་རྒྱ་ནག་གུང་ཁྲན་ལ་རྩིས་སྤྲོད་དགོས་སྐོར་གྱི་བཙན་བཀའ་བཏང་བར་ངོས་ལེན་མ་གནང་བ་དང༌། སྐབས་དེར་གངས་ཅན་དཔའ་བོའི་ཁྱུ་མཆོག་ཆུ་སྒང་དམག་སྤྱི་དཀར་རུ་དཔོན་ཚེ་དབང་སྟོབས་རྒྱལ་མཆོག་དང༌། སོག་སྡེ་དཔོན་ནོར་བུ་ཚེ་རིང༌། བོང་ཐ་དཔོན་ཨ་རུ་བརྟན་རབ། རྫ་དམར་དཔོན་ཞྭ་གྲ་འཆི་མེད། འབྲོག་ཤོག་དཔོན་སངས་རྒྱས་རྣམ་རྒྱལ་བཅས་གོ་བསྡུར་སྔ་རྗེས་གནང་ཏེ་འཆི་སྲོག་ལན་དགུ་ཆད་ཀྱང་གོ་མཚོན་རྩིས་རྒྱག་བྱ་རྒྱུ་མིན་པ་དང་བློ་ཐག་ནག་ཤར་རེ་བཅད་དེ་རྒྱ་དམག་ལ་འཐབ་རྒོལ་བྱ་རྒྱུར་འཇིགས་ཞུམ་ཙམ་ཡང་མེད་པར་བྱས་ཏེ།
དེ་ལས་མང༌།: ཆུ་སྒང་དམག་སྤྱི་སོག་སྡེ་དཔོན་བེ་ཧུ་ནོར་བུ་ཚེ་རིང་གི་སྐུ་ཚེའིལོ་རྒྱུས།
གངས་ཅན་དཔའ་བོའི་ཁྱུ་མཆོག་མི་རྗེ་ཁྱུང་དཀར་རྒྱལ་པོ་ཚེ་དབང་སྟོབས་རྒྱལ་གྱི་རྣམ་ཐར་ཉུང་བསྡུས།
མདོ་ཁམས་ཆུ་བཞི་སྒང་དྲུག་གི་བྱང་ཕྱོགས་དམག་སྒར་ལས་དམག་སྤྱི་ཁག་གཅིག་གི་གཡུལ་འགྱེད།གངས་ཅན་དཔའ་བོའི་ཁྱུ་མཆོག་མི་རྗེ་ཁྱུང་དཀར་རྒྱལ་པོ་ཚེ་དབང་སྟོབས་རྒྱལ་གྱིས་དམག་འཐབ་ལོ་རྒྱུས་ཉུང་བསྡུས།
ཆུ་སྒང་དམག་སྤྱི་ཁྱུང་དཀར་དཔོན་ཆེན་ཚེ་དབང་སྟོབས་རྒྱལ་མཆོག་གིས་ཁྱུང་པོ་ལྷོ་ཕྱོགས་སུ་ཐོག་མར་དགྲ་རྒོལ་བྱས་པ་དང༌། དེ་ནས་བྱང་ཕྱོགས་སུ་དགྲ་རྒོལ་གཡུལ་འགྱེད། མཐར་རང་དམག་རྣམས་ཕམ་ཉེས་སུ་ཤོར་ཏེ་དཔོན་དམག་རྣམས་འཛིན་བཟུང་བཙོན་འཇུག་དང་མི་རྗེ་མཆོག་བཙོན་འོག་ཏུ་སྐུ་ཚེར་བར་ཆད་བྱུང་ཏེ་མྱ་ངན་ལས་འདས་པ་བཅས་སྔོན་གླེང་གྲུབ་མཚམས་མུ་འཐུད་དེ་འཆད་རྒྱུ་ཡིན། དེ་ཡང་ཁྱུང་པོ་སྟེང་ཆེན་ནི་ཞང་བོད་གཉིས་རྒྱལ་ཁབ་སོ་སོར་བདག་དབང་ཡོད་པའི་སྐབས་ཞང་ཞུང་རྒྱལ་པོའི་མངའ་ཁོངས་སུ་གཏོགས་པ་ཙམ་མ་ཟད། ཞང་ཞུང་རྒྱལ་ཁབ་ཀྱི་ས་ཁྱོན་ནས་ཞང་ཞུང་སྒོ་པ་སུམ་པ་གླང་གི་གྱིམ་ཤོད་ཡུལ་ཞེས་པ་དེ་ཡིན། ཞང་བོད་གཡུལ་ཐག་ཆོད་མཚམས་ཀྱང་རྒྱ་བོད་སོག་གསམ་གྱིས་དབང་བསྒྱུར་ལ་བལྟོས་མི་དགོས་པ་གནས་ཀྱང་དུས་ཡུན་གང་མཚམས་གྲུབ་རྗེས་སོག་པོའི་དམག་ཁྲིད་དེ་སྡེ་པ་གཞུང་གི་དྲག་པོའི་དམག་གིས་བཙན་འཛུལ་བྱས་ཏེ་ཚོ་པ་སོ་དགུའི་ཁྱབ་ཁོངས་མི་མང་རྣམས་སྡུག་ལ་སྦྱར། ལོ་རྒྱུས་ཐོག་སྡེ་པ་གཞུང་གིས་རྒྱ་ནག་དང་མཆོད་ཡོན་གྱི་འབྲེལ་བ་ཁ་ལ་ཁྱེར་ཏེ་དཔོན་ངན་དེ་ཚོས་བོད་པའི་འཁོར་འབངས་ལོངས་སྤྱོད་ཐམས་ཅད་ཚོང་འགྲེམས་བྱེད་
དེ་ལས་མང༌།: གངས་ཅན་དཔའ་བོའི་ཁྱུ་མཆོག་མི་རྗེ་ཁྱུང་དཀར་རྒྱལ་པོ་ཚེ་དབང་སྟོབས་རྒྱལ་གྱི་རྣམ་ཐར་ཉུང་བསྡུས།

















