བྷེལ་འཇེམ།
སྐབས་གསུམ་པའི་ལྦེལ་ལྗེམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས།
འདི་ག་སྦེལ་ཇིམ་ས་གནས་ཆུ་བཞི་སྒང་དྲུག་གིས་ཉེ་སྔོན་སྤྱི་ཟླ་ ༦ ཚེས་ ༡༦ ཉིན་ཆུ་སྒང་དུས་དྲན་སྲུང་བརྩི་དང་འབྲེལ་རྒྱུན་ལས་གསར་པ་བསྐོ་གཞག་བྱས་ཟིན་པ་དང༌།
ཚོགས་གཙོ། ཏྲེ་ཧོར་བློ་བྱམས་པ།
ཚོགས་གཞོན། སྡེ་དགེ་པདྨ་འོད་ཟེར།
དྲུང་ཆེ། ལི་ཐང་བློ་བཟང་རྡོ་རྗེ་དང་འབའ་པ་བསོད་ནམས།
རྩིས་པ། ཚ་བ་བློ་ཚུལ་ཁྲིམས།
དངུལ་གཉེར། བྲག་གཡབ་བློ་བཟང༌།
གཞན་ཡང་རྒྱུན་ལས། སྒ་པ་དབང་འདུས་བཀྲ་ཤིས། རི་བོ་ཆེའི་གཏམ་དགའ།
རྫ་ཆུའི་བསོད་ནམས་དབྱིག་གཉེན།
ཆབ་མདོའི་བསོད་ནམས་རིན་ཆེན།
ཏྲེ་ཧོར་མིག་དམར།
ལིཐང་དོན་གྲུབ་ཚེ་རིང༌།
སྨར་ཁམས་དཀོན་མཆོག་གྲགས་པ།
ནང་ཆེན་བློ་བཟང་འཕྲིན་ལས་བཅས་ཡིན།
བྷེལ་ལྗམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ཟུར།
རྟ་མགྲིན་ཚེ་འཕེལ།
རྟ་མགྲིན་ཚེ་འཕེལ་ནི་སྤྱི་ལོ་ ༡༩༧༨ སྤྱི་ཟླ་ ༡༢ ཚེས་ ༣ ཉིན་ཁམས་ལི་ཐང་མོ་ལ་རུ་སྐྱེས། རང་ལོ་༩ ནས་ ༡༦ བར་བོད་ཡིག་དང་རྒྱ་ཡིག་གཉིས་ལ་སློབ་སྦྱོང་བྱས། སྤྱི་ལོ་ ༢༠༠༠ ལོར་རྒྱ་གར་ལ་བྲོལ་བྱོལ་དུ་འོང་ཞིང་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་ ༣ རིང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་དབྱིན་ཡིག་སོགས་ལ་སློབ་སྦྱོང་བྱས། ༢༠༠༣ ལོར་སྦེལ་ཇིམ་དུ་འབྱོར་ཞིང་ལོ་ ༢ རིང་ས་གནས་དེ་གའི་སྐད་ཡིག་ལ་སློབ་སྦྱོང་དང༌། སྦེལ་ཇིམ་ས་གནས་ཆུ་བཞི་སྒང་དྲུག་སྐབས་དང་པོའི་དངུལ་གཉེར་བྱས་མྱངས་བ་བཅས་ལོ་རྒྱུས་མདོར་བསྡུས་སུ་སྤྱི་ལོ་ ༢༠༠༩ ཟླ་ ༥ ཚེས་ ༢༨ ཉིན།།
བྱམས་པ་བསོད་ནམས།
༄༅། ། དཀར་མཛེས་བྱམས་པ་བསོད་ནམས་མཆོག་ནི། སྤྱི་ལོ་ ༡༩༦༧ ཟླ ༥ ཚེས་ ༧ ཉིན། མདོ་ཁམས་དཀར་མཛེས་སུ་འཁྲུངས། དགུང་ལོ་དྲུགནས་བཅུ་དྲུག་བར་རྒྱ་མིའི་སློབ་གྲྭ་ཕེབས་ཏེ། རྒྱ་ཡིག་གི་སྦྱོངས་འབྲས་རྩེར་སོན་གྱི་ལེགས་སྐྱེས་སུ་བྱ་དགའ་ཡང་ཇི་སྙེད་ཐོབ། དགུང་གྲངས་བཅུ་བདུན་ནས་ཉེར་ལྔ་བར། དཀར་མཛེས་སུ་ས་གནས་ཀྱི་དབུ་ཁྲིད་གནང༌། སྐབས་དེར་ཁོང་ནི་བོད་མི་རིགས་ལ་རིགས་ཞེན་གྱི་ལ་རྒྱའི་སྙིང་སྟོབས་འབར་ཞིང། བོད་ཀྱི་ལོ་རྒྱུས་སོགས་བོད་དོན་གླེང་སློངགི་ཐོག་ནས། ལོ་མང་པོ་རྒྱའི་ལས་ཁུངས་ནང་ཕྱག་ལས་གནང་ཞིང༌། མི་རིགས་དབྱེ་འབྱེད་དང་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་ལ་མ་ཉེས་ཁ་གཡོག་གི་ལས་འགུལ་སྤེལ་བ་སོགས་རྒྱ་མི་དང་མཉམ་དུ་གཤིབ་ཡུན་ཇི་ཙམ་རིང་བ་དེའི་ཚོད་ཀྱིས་རྒྱ་མི་ལ་ཞེན་པ་ལོག་ནས། རྒྱ་མིའི་ལས་བྱེད་གྲས་སུ་བཞུགས་འདོད་མ་གནང་བར། སྤྱི་ལོ་ ༡༩༩༡ ་ལོར་དགུང་གྲངས་ཉེར་ལྔ་ཐོག་རྒྱ་གར་དུ་བྲོས་བྱོལ་ལ་ཕེབས་ནས། སྤྱི་ནོར༧ གོང་ས༧་སྐྱཔས་མགོནཆེན་པོ་མཆོག་གི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་མངོན་དུ་གྱུར། ལོ་དེར་རྒྱ་གར་ལྷོ་ཕྱོགས་སུ་ཕེབས་ནས། གདན་ས་ཆེན་པོ་འབྲས་སྤུངསབློ་གསལ་གླིང་དུ་ཆོས་སྒོ་ཞུགས་ཏེ་གཞུང་ཆེན་སོགས་ལ་གསན་སྦྱངས་མཛད། སྤྱི་ལོ་ ༢༠༠༡ ་ལོར་ནུབ་ཕྱོགས་ཡུ་རོབ་སྦེལ་ཇིམ ( BELGIUM ) ལ་ཕེབས། སྤྱི་ལོ་ ༢༠༠༤ ལོ་སྦེལ་ཇིམ་བོད་རིགས་ཚོགས་པའི་ས་གནས་འཐུས་མི་གནང༌། སྤྱི་ལོ་ ༢༠༠༥ ་ཟླ་བ་ ༧ ་པའི་ཚེས་ ༣༡ ་ལ་མ་སྐུལ་དྭངས་བླངས་ཐོག་ནས་སྒ་བ་ཐུབ་བསྟན་དང་ཟུང་འབྲེལ་གྱིས་སྦེལ་ཇིམ་རྒྱལ་ཁབ་ལ་མདོ་ཁམསཆུ་བཞི་སྒང་དྲུག་གི་ཚོགས་པ་གསར་འཛུགས་གནང་བ་མ་ཟད་སྦེལ་ཇིམ་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་དང་པོའི་ཚོགས་གཙོ་དང་སྐབས་གཉིས་པའི་སློབ་སྟོན་པ་གནང་ཡོད། ཚོགས་པ་འདི་སྤྱི་ནོར་༧ གོང་ས་སྐྱབསམགོན་ཆེན་པོ་མཆོག་གིས་ཡང་དག་པའི་དབུ་འཁྲིད་འོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་དགོངས་དོན་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུངགི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་གང་ཐུབ་སྤེལ་མཁན་ཞིག་ཡིན་བཅས་མཛད་པ་རགས་བསྡུས་སུ་འབྲས་བློ་གླིང་ཏྲེ་ཧོར་ངག་དབང་རྒྱལ་མཚན་ནས་བྲིས། །
སྒ་བ་ཐུབ་བསྟན།
སྒ་བ་ཐུབ་བསྟན་མཆོག་ནི་སྤྱི་ལོ་ ༡༩༧༥ ཟླ་ ༡༠ ཚེས་ ༥ ཉིན་མདོ་སྟོད་སྒ་བའི་ཆར་གཏོགས་ཤུལ་མ་སྡེ་ཞེས་པའི་འབྲོགསྡེ་ཞིག་ཏུ་ལངས་ཆོའི་མེ་ཏོག་ཐོག་མར་བཞད། རང་ལོ་ ༡༣ ནས་ཤུལ་མ་དགོན་དགེ་ལྡན་ཕུན་ཚོགས་དར་རྒྱས་གླིང་གི་སྒྲིག་ཁོངས་སུ་ཞུགས་ནས་ སྐྱབས་སེམས་ཆོས་སྤྱོད་ནས་བདེ་གསང་འཇུག་གསུམ་དང་ཀུན་རིགས་བཅས་ཀྱིས་ཆོ་ག་སོགས་རང་དགོན་གྱི་འདོན་ཆ་ཚང་མ་བློ་འཛིན་མཐར་སོན་གནང༌། ༡༩༩༦ ལོ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་མཇལ་འདོད་དང་
སློབ་སྦྱོང་གི་ཆེད་དུ་གནས་མཆོག་གངས་དཀར་ཏི་སེ་བརྒྱུད་རྒྱ་གར་འཕགས་ཡུལ་དུ་བཙན་བྱོལ་ལ་འབྱོར་བ་མ་ཟད་ྋགོང་ས་མཆོག་གི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་ཐོབ། དེ་ནས་སེར་བྱེས་མཁས་སྙན་གྲ་ཚང་གི་ཆོས་སྒོ་ཞུགས་ནས་བགྲང་བྱ་གཉིས་ལྷག་གི་རིང་ལ་སློབ་སྦྱོང་ཧུར་ཐག་གནང་ན་ཡང༌། རྒྱ་མའི་དམར་པོས་བཙན་གནོད་འོག་གི་གཞིས་ལུས་སྤུན་ཟླ་རྣམས་སློབ་སྦྱོང་གི་གོ་སྐབས་བྲལ་བ་ཐུགས་ཀྱི་མ་བཟོད་ནས། ཕྱིར་ཕ་ཡུལ་དུ་ཕེབས། ལམ་བར་དུ་ཀླ་ཀློའི་དྲག་སྤྱོད་ལས་སྡུག་ལས་སྣ་ཚོགས་མྱངས་ཡང༌། ཇི་མི་ཉམས་པ་རང་དགོན་ཀྱི་གྲ་བ་བཅུ་གསུམ་ཁྲིད་ནས་ཡང་རྒྱ་གར་འཕགས་ཡུལ་དུ་བདེ་འབྱོར་བྱུང༌། དེ་ནས་སེ་ར་ཆོས་སྒར་ནས་སློབ་སྦྱོང་ཚུལ་བཞིན་བྱེད་པའི་ཞོར་ལ་ཤུལ་མ་དགེ་བཤེས་བློ་བཟང་རྣམ་གྲོལ་སྐུ་ཕྲེང་གཉིས་པ་རྗེ་བཙུན་བསྟན་འཛིན་དར་རྒྱས་གྱི་ཡང་སྲིད་བཙད་འཚོལ་གྱི་ཕྱག་ལས་གནང་ཞིང༌། ྋགོང་ས་མཆོག་གིས་སྒྲིབ་བྲལ་ཡེ་ཤེས་ཐུགས་ཀྱིས་ཐག་གཅོད་གནང་བའི་གང་གིས་ཡང་སྲིད་འཁྲུལ་བླ་རྙེད་སོན་བྱུང་བ་མ་ཟད་ད་ལྟ་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ གཞུང་ཆེན་བཀའ་པོད་ལྔ་ལ་གསན་བསམ་ཆུ་བོའི་རྒྱུན་བཞིན་གནང་བཞིན་པར་འདི་ལགས་སོ། སྤྱི་ལོ་༢༠༠༣ ལོ་ནུབ་ཕྱོགས་ཡོ་རོབ་རྒྱལ་ཁབ་སྦེལ་ཇིམ་ལ་ཕེབས་ནས། སྤྱི་ལོ་ ༢༠༠༤ ལོ་སྦེལ་ཇིམ་བོད་རིགས་ཚོགས་པའི་ས་གནས་འཐུས་མི་གནང་བ་མ་ཟད་སྤྱི་ལོ་ ༢༠༠༥ ཟླ་ ༧ཚེས་ ༣༡ ཉིན་མ་སྐུལ་དང་བླངས་ཐོག་ནས་དཀར་མཛེས་བྱམས་པ་བསོད་ནམས་མཉམ་དུ་སྦེལ་ཇིམ་མདོ་ཁམས་ཆུ་བཞི་སྒང་དྲུག་གསར་འཛུགས་གནང་བ་མ་ཟད་སྦེལ་ཇིམ་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་དང་པོ་དང་སྐབས་གཉིས་པའི་ཚོགས་གཙོའི་ཕྱག་ལས་གནང་ཡོད། ཚོགས་པ་འདི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཡང་དག་པའི་དབུ་འཁྲིད་འོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་དགོངས་དོན་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཟུང་གི་བོད་དོན་བདེན་མཐའ་གསལ་ཐབས་ཀྱི་ལས་འགུལ་གང་ཐུབ་སྤེལ་མཁན་ཞིག་ཡིན་བཅས་ཀྱི་ལོ་རྒྱུས་ཉུང་སྡུས་སུ།།
ཨོ་རྒྱན་ནོར་ལྷ།
ཨོ་རྒྱན་ནོར་ལྷ་ནི་སྤྱི་ལོ་ ༡༩༧༥ ཟླ་ ༢ ཚེས་ ༣ ཉིན་མདོ་ཁམས་རི་བོ་ཆེ་དབུ་རག་གྲོང་དུ་སྐྱེས། ཆུང་དུས་སུ་ཕ་ཡུལ་ནང་ལོ་གཅིག་ཙམ་རིང་བོད་ཡིག་དང་རྒྱ་ཡིག་ཨང་རྩིས་སོགས་ལ་ཐོག་མར་སྦྱངས། སྤྱི་ལོ་ ༡༩༩༥ ལོར་བཙན་བྱོལ་དུ་རྒྱ་གར་ལ་འབྱོར་ནས་སྦེར་མཆོག་གླིང་དགོན་དུ་ཆོས་སྒོ་ཞུགས། ༡༩༩༨ ལོར་བོད་དུ་ཕྱིན། ༢༠༠༡ ལོར་སྐྱར་དུ་རྒྱ་གར་ལ་ཡོང་ནས་སྦིར་མཆོག་གླིང་དགོན་དུ་ནང་ཆོས་སོགས་ལ་སློབ་ སྦྱོང་བྱས། སྤྱི་ལོ་ ༢༠༠༣ ལོར་ཡོ་རུབ་སྦེལ་ཇིམ་དུ་ཡོང་ནས་ས་གནས་
འདི་ གིའི་སྐད་དང་ཡི་གེར་སློབ་སྦྱོང་བྱས། སྤྱི་ལོ་ ༢༠༠༥ ལོར་སྦེལ་ཇིམ་མདོ་ཁམས་ཆུ་བཞི་སྒང་དྲུག་གསར་འཇུགས་སྐབས་མ་བསྐུལ་དང་བླངས་ཐོག་ཆུ་སྒང་ཟློས་གར་གྱི་འཁྲབ་ཆས་སོགས་ཚིམས། ༢༠༠༧ ལོར་སྦེལ་ཇིམ་ཆུ་བཞི་སྒང་དྲུག་ས་གནས་རྒྱུན་ལས་དང་རྩིས་པ་བྱས་མྱངས་ཡོད་པ་ བཅས་ལོ་རྒྱུས་མདོར་སྡུས་སུ།།
བྱམས་པ་སྐལ་བཟང༌།
བྱམས་པ་སྐལ་བཟང་ནི་ཕྱི་ལོ་ ༡༩༧༢ ལོར་མདོ་ཁམས་ཏྲེ་ཧོར་སྟོང་འཁོར་ཁག་གསུམ་གྲོང་དུ་ཕ་བློ་བཟང་དོན་གྲུབ་དང་མ་ པད་གཡང་གཉིས་ཀྱི་བུར་སྐྱེས། ཕྱི་ལོ་ ༡༩༩༣ ལོར་རྒྱ་གར་དུ་སླེབས་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་བྱས་ནས་ལོ་གསུམ་བསྡད། ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་ལྷོ་ཕྱོགས་བྷིང་ལོར་གྲོང་ཁྱེར་དུ་ཕྱིན་ནས་བོད་གཞུང་དཔལ་འབྱོར་ལས་ཁུངས་སུ་ལས་ཀ་ལོ་ཤས་བྱས། ཕྱི་ལོ་ ༢༠༠༤ ལོ་ཡུ་རོབ་ཁུལ་སྦེལ་ཇེམ་དུ་སླེབས་ནས་སྐྱབས་བཅོལ་ཞུས། ཕྱི་ལོ་ ༢༠༠༥ ནས་ ༢༠༠༨ བར་ལོ་གསུམ་གྱི་རིང་སྦེལ་ཇེམ་ས་གནས་ཆུ་སྒང་རྒྱུན་ལས་བྱས། རྒྱུན་ལས་བྱས་པའི་རིང་སུད་སུ་ནས་སླེབས་པའི་མདོ་ཁམས་ཟློས་གར་ཚོགས་པ་ལ་སྣེ་ལེན་དང་མདོ་ཁམས་ཡུལ་གྱི་ཟློས་གར་དང་གླུ་གཞས་སོགས་སྦེལ་ཇེམ་ས་ཁུལ་དུ་ཁྱབ་བསྒྲགས་གང་ཐུབ་བྱས། སྦེལ་ཇེམ་ས་གནས་སུ་སླེབས་པའི་ཁམས་རིགས་མི་མང་བསྡུ་བསྐོངས་ཐོག་ཐུགས་སྤྲོའམ་གཏོང་སྒོ་བཏང་བ་དང༌། ཆུ་སྒང་གི་ལྟ་བ་ལང་ཕྱོགས་ལས་དོན་སོགས་ཁྱབ་བསྒྲགས་རྒྱ་ཆེར་བྱས། མདོར་ན་ས་རྒྱུན་བྱས་རིང་ལས་དོན་ཐོག་ཧུར་ཐག་བྱས་པའི་ལོ་རྒྱུས་སུ།
སྐབས་གཉིས་པའི་ལྷེལ་ལྗམ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ཟུར།
ཚུལ་ཁྲིམས་ཟླ་བ། ཚོགས་གཙོ།
ཚུལ་ཁྲིམས་ཟླ་བ་ནི་སྤྱི་ལོ་ ༡༩༧༣ སྤྱི་ཟླ་ ༥ ཚེས་ ༥ ཉིན་ཁམས་ལི་ཐང་ཨོ་ཐོག་སྡེ་བ་རུ་སྐྱེས། ༡༩༨༥ ནས་ ༡༩༩༤ བར་བོད་ཀྱི་སྐད་ཡིག་དང༌། གསོ་བ་རིག་པ། ནང་ཆོས་བཅས་ལ་སློབ་སྦྱོང་བྱས། ༡༩༩༥ ལོར་རྒྱ་གར་ལ་བྲོས་བྱོལ་དུ་འོང་ནས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གསུམ་རིང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་དབྱིན་ཡིག་སོགས་ལ་སློབ་སྦྱོང་བྱས། སྤྱི་ལོ་ ༢༠༠༠ ནས་ ༢༠༠༣ ལོའི་བར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་བོད་ཀྱི་རིག་གནས་ཞིབ་འཇུག་དང་རྩོམ་རིག་སྡེ་ཚན་དུ་གངས་ཅན་ཤེས་རིག་བང་མཛོད་གློག་ཀླད་ནང་འཇུག་ཞོར་དུ། ནོར་ལྡེ་དང༌། ནོར་འོད། ནོར་མཛོད། ནོར་རྒྱུན་བཅས་ཀྱི་ཇུས་འགོད་པ་བྱས། ༢༠༠༣ ལོར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་འགན་འཛིན་གསེར་རྟ་ཚུལ་ཁྲིམས་ལགས་དང་ལྷན་དུ་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གསར་འཛུགས་ཀྱིས་ ༢༠༠༦ ལོའི་བར་སྲི་ཞུ་ཁང་དེ་ཉིད་ཀྱི་འགན་འཛིན་གཞོན་པ་དང་དངུལ་གཉེར། བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་ལས་རོགས་དང་ཇུས་འགོད་པ་བཅས་བྱས། ༢༠༠༦ ལོར་ཡུ་རོབ་རྒྱལ་ཁབ་སྦེལ་ཇིམ་དུ་འབྱོར་ཞིང་ལོ་གཉིས་རིང་ས་གནས་དེ་གའི་སྐད་ཡིག་དང་སྤྱི་ཚོགས་ལམ་སྟོན་ཤེས་བྱ་སོགས་ལ་སློབ་སྦྱོང་བྱས། ད་ལ་ྟསྦེལ་ཇིམ་ས་གནས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ་ལས་ཐོག་བཅས་ལོ་རྒྱུས་མདོར་བསྡུས་སུ་ ༢༠༠༩ སྤྱི་ཟླ་ ༥ ཚེས་ ༢༣ ལ།།བློ་བཟང་ཐུབ་བསྟན། ཚོགས་གཞོན།
བློ་བཟང་ཐུབ་བསྟན་ནི་སྤྱི་ལོ་ ༡༩༧༩ སྤྱི་ཟླ་ ༧ ཚེས་ ༡༠ ཉིན་ཁམས་སྡེ་དགེ་པ་ཡུལ་ལེགས་གྲོང་དུ་སྐྱེས། རང་ལོ་བཅུ་བཞི་ནས་ལོ་དྲུག་རིང་ལྷ་བཟོ་དགེ་རྒན་བཅོ་ལྔ་ཚེ་རིང་ལགས་ཀྱི་དྲུང་ནས་ལྷ་བཟོ་སྦྱངས། ༢༠༠༡ ལོར་རྒྱ་གར་ལ་བྲོས་བྱོལ་དུ་འོངས་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གསུམ་རིང་བོད་ཀྱི་རིག་གནས་དང་རྒྱལ་རབས་ལོ་རྒྱུས་སོགས་ལ་སློབ་སྦྱོང་བྱས་རྗེས་བལ་ཡུལ་དུ་ཕྱིན་ནས་ལོ་གཅིག་རིང་ལྷ་བཟོ་སྦྱངས། ༢༠༠༥ ལོར་སྦེལ་ཇིམ་དུ་འབྱོར་ཞིང་ལོ་གཅིག་རིང་ས་གནས་དེ་གའི་སྐད་ཡིག་སློབ་སྦྱོང་བྱས། ད་ལྟ་སྦེལ་ཇིམ་ས་གནས་ཆུ་བཞི་སྒང་དྲུག་གི་ཚོགས་གཞོན་ལས་ཐོག་བཅས་ལོ་རྒྱུས་མདོར་བསྡུས་སུ་ ༢༠༠༩ སྤྱི་ཟླ་ ༥ ཚེས་ ༢༢ ལ།།བསོད་ནམས་ཉི་མ། དྲུང་ཆེ།
བསོད་ནམས་ཉི་མ་ནི་སྤྱི་ལོ་ ༡༩༧༥ སྤྱི་ཟླ་ ༥ ཚེ་ ༡༥ ཉིན་བོད་ཤར་ཕྱོགས་མདོ་ཁམས་རི་བོ་ཆེ་ཆུ་མགོ་གྲོང་དུ་སྐྱེས། ཕྱི་ལོ་ ༡༩༩༥ ལོར་བལ་ཡུལ་རྒྱུད་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་དབྱིན་ཡིག་ཨང་རྩིས་སོགས་ལ་ལོ་གསུམ་རིང་སློབ་སྦྱོང་བྱས། ཕྱི་ལོ་ ༡༩༩༩ ལོར་བལ་ཡུལ་དུ་ཕྱིན་ནས་ལོ་གཅིག་རིང་གློག་ཀླད་མཉེན་ཆས་སྐོར་ལ་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༢ ལོར་ཕྱི་རྒྱལ་བ་ཞིག་གིས་བཙུགས་གནང་བའི་སྤྱི་ཚོགས་ཞབས་ཞུའི་སློབ་གྲྭ་ཞིག་ཏུ་མུ་མཐུད་གློག་ཀླད་ཐོག་སྦྱོང་བརྡར་དང་གློག་ཀླད་རྨང་གཞིའི་དགེ་རྒན་བྱས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༧ བར་རྡ་སར་ཡོད་པའི་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་དུ་གློག་ཀླད་སྡེ་ཚན་གྱི་འགན་འཛིན་དང་དགེ་རྒན་བྱས། ཕྱི་ལོ་ ༢༠༠༧ ལོར་སྦེལ་ཇིམ་ལ་སྐྱབས་བཅོལ་དུ་ཡོང༌། འདི་གར་ཡུལ་ལུང་གོམ་སྲོལ་དང་སྤྱི་ཚོགས་ཀྱི་ཁྲིམས་དང་སྐད་ཡིག་སོགས་ལ་སློབ་སྦྱོང་དང༌། ད་ལྟ་སྦེལ་ཇིམ་ས་གནས་མདོ་ཁམས་ཆུ་གཞི་སྒང་དྲུག་གི་དྲུང་ཆེ་ལས་ཐོག་བྱེད་མུས་བཅས་ལོ་རྒྱུས་མདོར་བསྡུས་སུ།།བསོད་ནམས་བཀྲ་ཤིས། དངུལ་གཉེར།
བསོད་ནམས་བཀྲིས་ནི་ སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༣ ཚེས་ ༣ ཉིན་མདོ་ཁམས་སྡེ་དགེ་འཇོལ་མདའ་རུ་སྐྱེས། ༢༠༠༢ ལོར་རྒྱ་གར་དུ་བྲོས་བྱོལ་དུ་ཡོང༌། ༢༠༠༧ ལོར་སྦེལ་ཇིམ་དུ་འབྱོར་ནས་ད་ལྟ་སྦེལ་ཇིམ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དངུལ་གཉེར་ལས་བྱེད་མུས་སུ་ལོ་རྒྱུས་མདོར་བསྡུས་སུ།།ཚུལ་ཁྲིམས་མཐར་ཕྱིན།
ཚུལ་ཁྲིམས་མཐར་ཕྱིན་ནི་སྤྱི་ལོ་ ༡༩༥༩ སྤྱི་ཟླ་ ༣ ཚེས་ ༡ ཉིན་མདོ་ཁམས་ནང་ཆེན་ལྕམ་ཆམ་གྲོང་དུ་སྐྱེས་ཤིང་ཆུང་དུས་ནས་བོད་ཡིག་འབྲི་ཀློག་སོགས་ལ་སྦྱང་བརྩོན་བྱས། ༡༩༨༥ ལོར་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་ནས་རྒྱ་གར་ལྷོ་ཕྱོགས་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་དགོན་དུ་ཆོས་ཞུགས་བྱས་ནས་སྔ་འགྱུར་རྙིང་མའི་ཆོས་རྒྱུད་ཆོ་ག་སོགས་ལ་སློབ་གཉེར་གསན་གསུམ་མཐར་ཕྱིན། སྤྱི་ལོ་ ༢༠༠༥ ལོར་ཡོ་རུབ་སྦེལ་ཇིམ་དུ་འོངས་ནས་སྦེལ་ཇིམ་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་དང་པོའི་རྩིས་པ་དང་སྐབས་གཉིས་པའི་དངུལ་གཉེར་བྱེད་བྱས་པ་བཅས་ལོ་རྒྱུ་མདོར་བསྡུས་སུ།ཟླ་བ་ཕུན་ཚོགས།
ཟླ་བ་ཕུན་ཚོགས་ནི་སྤྱི་ལོ་ ༡༩༧༢ སྤྱི་ཟླ་ ༣ ཚེས་ ༢ ཉིན་ཁམས་དཀར་མཛེས་རོང་པ་ཚ་རུ་སྐྱེས་ཤིང་ས་གནས་སློབ་གྲྭ་རུ་ཕྱིན་ཏེབོད་ཡིག་ དང་རྒྱ་ཡིག་གཉིས་ལ་སློབ་སྦྱོང་བྱས། ༡༩༩༢ ལོར་རྒྱ་གར་ལ་བྲོས་བྱོལ་དུ་འབྱོར་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་ཆོས་ཞུགས་ ཀྱིས་ལོ་བཅུའི་རིང་ཚོགས་ཆོས་སློབ་གཉེར་དང༌། ལོ་གཅིག་རིང་ཁམས་ཚན་གྱི་གཉེར་པ་བྱས། ༢༠༠༢ ལོར་སྦེལ་ཇིམ་དུ་འབྱོར་ཏེ་ལོ་གཅིག་རིང་ས་གནས་དེ་གའི་སྐད་ཡིག་སློབ་སྦྱོང་དང་ སྦེལ་ཇིམ་ས་གནས་ཆུ་བཞི་སྒང་དྲུག་སྐབས་གཉིས་པའི་ཚོགས་གཙོ་བྱས་པ་བཅས་ལོ་ རྒྱུས་མདོར་བསྡུས་སུ་ ༢༠༠༩ ཟླ་ ༥ ཚེས་ ༢༣ ལ།།རིན་ཆེན་ལྷུན་འགྲུབ།
རིན་ཆེན་ལྷུན་འགྲུབ་ནི་སྤྱི་ལོ་ ༡༩༧༦ སྤྱི་ཟླ་ ༢ ཚེས་ ༡༡ ཉིན་མདོ་ཁམས་ནང་ཆེན་སྡོམ་པ་སྤྱི་སྲེབ་བླ་ཆེན་གྲོང་དུ་སྐྱེས། ཆུང་དུས་ནས་བོད་ཡིག་དང་རྒྱ་ཡིག་སོགས་ལ་སློབ་སྦྱོང་དང༌། དེ་རྗེས་ཆོས་སྒོར་ཞུགས། སྤྱི་ལོ་ ༡༩༩༤ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་དཔལ་ཀརྨའི་ཟུར་མང་བཤད་སྒྲུབ་ཆོས་འཁོར་གླིང་དུ་གཞུང་ཆེན་རྣམས་དང༌། སུམ་རྟགས། ཟུར་ལུགས་ཀྱི་གདང་དབྱངས་རོལ་གསུམ། ཆོས་ག་ཆོས་སྤྱོད་སོགས་ལ་སློབ་སྦྱོང་དང༌། རྒྱན་དཔོན་གྱི་འགན་ཁུར་བྱས། སྤྱི་ལོ་ ༢༠༠༦ ལོར་སྦེལ་ཇིམ་དུ་ཡོང་རྗེས་འདི་གའི་སྐད་ཡིག་དང་སྤྱི་ཚོགས་གསར་པར་གོམ་སྲོལ་ལམ་སྟོན་གྱི་ཐོག་སློབ་སྦྱོང་བྱས། དེ་བཞིན་འདིར་ཡོད་དང་བླངས་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་ཞིག་ཏུ་དང་བླངས་ཀྱི་ལས་ཀ་བྱས། ད་ལྟ་སྦེལ་ཇིམ་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ལས་ཐོག་བཅས་ལོ་རྒྱུས་མདོར་བསྡུས་སུ།
བསོད་ནམས་རིན་ཆེན།
བསོད་ནམས་རིན་ཆེན་ནི་སྤྱི་ལོ་ ༡༩༦༤ ཟླ་ ༡ ཚེས་ ༥ ཉིན་མདོ་ཁམས་ཁྱུང་པོ་སྟེང་ཆེན་དུ་སྐྱེས། ༡༩༦༩ ལོར་ཕ་དམ་པ་རྒྱ་དམར་གྱིས་དམར་བསད་བཏང་ནས་གྲོངས། ༡༩༨༧ ལོར་ལྷ་སར་ཞི་བའི་སྐད་འབོད་བྱས་རྗེས་རྒྱ་གར་ལ་བྲོས་བྱོལ་དུ་ཡོངས་ཏེ་དྷ་ལ་ཧའོ་སི་དུ་བོད་ཀྱི་མཉམ་ལས་བཟོ་གྲར་ལོ་ ༣ རིང་ལས་ཀ་བྱས། ༡༩༩༥ ལོར་བདེ་སྐྱིད་གླིང་གཞིས་སྒར་དུ་ལོ་ ༣ རིང་ས་གནས་འོས་བསྡུས་ལས་ཀ་བྱས། དེ་རྗེས་ས་གནས་དེ་གར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནང་ལོ་ ༢ ལྷག་ཙམ་ལས་ཀ་བྱས། སྤྱི་ལོ་ ༡༩༩༨ ལོར་ས་གནས་དེ་གར་ས་གནས་སྨན་ཁང་གི་གསོལ་ཐབས་ཁང་དུ་ལོ་ ༦ རིང་ལས་ཀ་བྱས། ༡༩༩༩ ལོར་སྦེལ་ཇིམ་དུ་འབྱོར། སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༣ ཚེས་ ༡༠ ཉིན་ནས་བདུན་ཕྲག་གཉིས་རིན་བོད་བསྟན་སྲིད་ཀྱི་དོན་དུ་ཟས་བཅད་ངོ་རྒོལ་བྱས། ད་ལྟ་སྦེལ་ཇིམ་ཆུ་བཞི་སྒང་དྲུག་ས་གནས་མཐུན་མིའི་ལས་ཐོག་བཅས་ལོ་རྒྱུས་མདོར་སྡུས་སུ།དཀོན་མཆོག་གྲགས་པ།
དཀོན་མཆོག་གྲགས་པ་ནི་སྤྱི་ལོ་ ༡༩༨༠ སྤྱི་ཟླ་ ༡༢ ཚེས་ ༡༠ ཉིན་མདོ་ཁམས་སྨར་ཁམས་ཆུ་སྣོད་གྲོང་དུ་སྐྱེས། ཕྲན་ཆུང་དུས་ནས་རྒན་སྐུ་ཡང་ཞེས་པའི་དྲུང་ནས་བོད་ཡིག་འབྲི་གློག་ཐོག་མ་དེ་སྦྱངས། རང་ལོ་ ༧ ལོན་སྐབས་ལྷོ་ར་དགོན་དུ་ཆོ་སྒོར་ཞུགས་ནས་ནང་ཆོས་སོགས་ལ་སློབ་སྦྱོང་བྱས། སྤྱི་ལོ་ ༡༩༩༢ ལོ་ྋརྒྱལ་བ་ཐམས་ཅད་མཁྱེན་པ་ཞལ་མཇལ་དང༌། མུ་མཐུད་ནང་ཆོས་སོགས་ལ་སློབ་སྦྱོང་བྱ་རྒྱུར་དམིགས་ཏེ་རྒྱ་གར་དུ་ཡོང་རྗེས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུང་བློ་གསལ་གླིང་གྲྭ་ཚང་ལ་སློབ་གཉེར་ལོ་ལྔ་རིང་བྱས། དེ་རྗེས་ལྡི་ལིར་ཡོད་པའི་དབང་པོ་སྐྱོན་ཅན་དང༌། ད་ཕྲུག་གསོ་སྐྱོང་ཁང་དུ་ཞབས་ཕྱི་ལོ་ལྔ་རིང་ཞུས། སྤྱི་ལོ་ ༢༠༠༧ ལོར་སྦེལ་ཇིམ་ལ་ཡོང༌། ད་ལྟ་སྦེལ་ཇིམ་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ལས་ཐོག་དང༌། སྨར་ཁམས་སྐྱིད་སྡུག་གི་རྒྱུན་ལས་བཅས་ལོ་རྒྱུས་མདོར་སྡུས་སུ།།
ནོར་བུ་བཟང་པོ། ཟློས་གར་འགན་འཛིན།
གུས་མིང་ནོར་བུ་བཟང་པོ་ཕ་ཡུལ་དཀར་མཛེས་གསེར་མཁར་བོ་རི། སྤྱི་ལོ་ ༡༩༩༦ ལོ་རྒྱ་གར་དུ་ཡོངས་ནས་ ༢༠༠༤ བར་བལ་ཡུལ་དུ་བསྡད། སྤྱི་ལོ་ ༢༠༠༤ ལོའི་ལོ་འཇུག་ཏུ་སྦེལ་ཇིམ་དུ་སྐྱབས་བཅོལ་ལ་ཡོང། ༢༠༠༥ ནས་སྦེལ་ཇིམ་མདོ་ཁམས་ཆུ་བཞི་སྒང་དྲུག་གསར་འཛུགས་སྐབས་ཟློ་གར་ནང་འཁྲབ་སྟོན་དང་སྤྱི་ལོ་ ༢༠༠༦ ནས་སྦེལ་ཇིམ་མདོ་ཁམས་ཆུ་བཞི་སྒངདྲུག་གི་ཟློ་གར་འགན་འཛིན་ལས་ཐོག་བཅས་ཀྱི་ལོ་རྒྱུས་མདོར་སྡུས་སུ།།བསོད་ནམས་རྒྱལ་མཚན། རྩིས་པ།
བསོད་ནམས་རྒྱལ་མཚན་ནི་ཁམས་འབའ་བ་རུ་སྐྱེས་ཤིང༌། ཕྱི་ལོ་ ༡༩༩༥ ལོར་རྒྱ་གར་དུ་སློབ་གཉེར་གྱི་ཁ་ཕྱོགས་ཞིག་ལ་དམིགས་ཏེ་བཙན་བྱོལ་དུ་འབྱོར། དེ་རྗེས་ཤེས་རབ་དགའ་ཚལ་སློབ་གླིང་དུ་ལོ་གཉིས་ཙམ་གྱི་རིང་སློབ་གཉེར་གྱི་བྱ་བར་འབུང༌། དེ་རྗེས་བ་ཡུལ་དུ་ཕྱིན་ནས་ཕྱི་ལོ་ ༢༠༠༢ བར་བསྡད། ཕྱི་ལོ་ ༢༠༠༢ ལོར་སྦེལ་ཇེམ་དུ་ཕྱིན་ནས་ད་བར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཀྱི་ལས་དོན་སྒྲུབ་བཞིན་ཡོད་པའི་ལོ་རྒྱུས་སུ།བློ་བཟང་ཚུལ་ཁྲིམས།
ཕྱི་ལོ་ ༡༩༥༧ ཟླ་ ༩ ཚེས་ ༩ ཉིན་ཚ་བ་དཔལ་ཤོད་དུ་སྐྱེས། ལོ་ཤས་སྔོན་ནས་སྦེལ་ཇེམ་དུ་ཕྱིན་ཏེ་ཕྱི་པོ་ ༢༠༠༥ ནས་བཟུང་སྦེལ་ཇེམ་ས་གནས་ཆུ་བཞི་སྒང་དྲུག་གི་ལས་དོན་སྒྲུབ་བཞིན་ཡོད་པའི་ལོ་རྒྱུས་སུ།
















