དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།50
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།282
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1174
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96067

Online (20 minutes ago): 11
Your IP: 38.107.179.239
,
Today: Feb 07, 2012

རྩོམ་ཡིག

ར་ཤི་ཡའི་གོང་མའི་སྲིད་གཞུང༌།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

གནམ་ལྷས་བསྒྱུར།

རླབས་ཆེ་པའི་གོང་མ་པེ་ཊར་མཆོག་གིས་ར་ཤི་ཡ་གྲོགས་མེད་ཁེར་རྐྱང་གི་གནས་ནས་སྐྱབས་པ་དང༌། རྗེས་ལུས་ཀྱི་རྒྱལ་ཁབ་དེ་ཡོ་རབ་སྤྱི་ཡོངས་ཀྱི་སྟོབས་ཤུགས་ཅན་དུ་བསྒྱུར། ཁོང་འདས་ནས་ལོ་བཞི་བཅུ་བཞིར་ཉེ་པའི་སྐབས་སུ་རླབས་ཆེ་བའི་གོང་མ་ཁ་ཐར་རན་ཟེར་བའི་སྲིད་བསྐྱངས་ཏེ་ཁོང་གི་བསམ་དོན་འཕེལ་རྒྱས་སུ་བཏང༌།
རླབས་ཆེན་པེ་ཊར་རམ་གོང་མ་པེ་ཊར་དང་པོ་མཆོག་ཕྱི་ལོ་ ༡༦༨༢ ལོར་ར་ཤི་ཡའི་ཛེར་གྱི་ཁྲིར་འགོད་སྐབས་ཁོང་དགུང་གྲངས་བཅུ་ཡིན། ཐོག་མར་ཁོང་གི་ཕ་སྤུན་ཨེ་བན་ལྔ་པ་དང་ལྷན་དུ་སྲིད་དབང་མཉམ་སྐྱོང་གནང༌། ཕྱི་ལོ་ ༡༦༩༦ ལོར་ཨེ་བན་འདས་རྗེས་པེ་ཊར་ཁོང་གིས་སྲིད་དབང་ཕྱི་ལོ་ ༡༧༢༥ བར་སྲིད་དབང་བདག་སྐྱོང་མཛད། ཕྱི་ལོ་ ༡༦༣༩ ནས་ར་ཤི་ཡ་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་ཡོད་ན་ཡང༌། ཡོ་རབ་རྒྱལ་ཁབ་གཞན་དག་དང་བསྡུར་ན་ད་དུང་ཆེས་རྗེས་ལུས་ཡིན། གོང་མ་པེ་ཏར་མཆོག་ཡར་རྒྱས་གཏོང་འདུན་ཆེ་བ་དང༌། ཁོང་ཟླ་ངོ་བཅོ་བརྒྱད་ཀྱི་རིང་ལ་ཡོ་རབ་ནུབ་ཕྱོགས་སུ་གཟིགས་སྐོར་ལ་ཕེབས་པའི་སྐབས་སུ། གནས་དེར་ཅི་ཞིག་འབྱུང་བཞིན་པར་ཞིབ་འཇུག་གནང་བ་སྟེ། རྒྱལ་པོ་ཁག་དང༌། ཚན་རིག་པ། བརྐོས་དཀྲོལ་བ། དེ་བཞིན་དུ་བཟོ་གྲྭའི་སྐོར་ལ་ཤེས་རྒྱ་ཡོན་མཁན། ཞིང་པ་དང་གྲུ་བཟོ་བ་བཅས་ལ་མཇལ་འཕྲད་གནང་བ་དང༌། ནེར་དྷར་ལན་ཊིར་བཞུགས་སྐབས་ཁོང་གིས་རང་ཉིད་ལས་བཟོ་བ་ཕལ་བར་བརྫུས་ནས་ཐ་ན་གྲུ་གཟུངས་བཟོ་སར་ལས་ཀ་ཡང་བྱས་པ་རེད།
པེ་ཏར་ཕྱིར་ར་ཤི་ཡར་ཕེབས་ནས་ཁོང་ལ་ཐོབ་པའི་ཤེས་བྱ་ཡོན་ཏན་རྣམས་རྣམ་དཔྱོད་དང་ལྡན་པའི་སྒོ་ནས་བེད་སྤྱོད་བཏང་སྟེ། ཁོངགི་ར་ཤི་ཡའི་མཚོ་དམག་འཛུག་སྐྲུན་དང་དེང་རབས་ཅན་གྱི་ལྕགས་ལས་བཟོ་གྲྭ་གསར་འཛུགས་མཛད་པ་དང༌། དམག་དཔུང་རྒྱ་བསྐྱེད་པ་དང༌། གཞུང་ལམ་དང་མཚོ་ལམ་གསར་སྐྲུན་བྱས་ཏེ་ཚོང་ལས་སྟབས་བདེ་ཡོང་བར་ཕན་ཐོག་ཆེན་པོ་གནང༌། བཟོ་གྲྭ་དང་ཞིང་པ་རྣམས་ལ་བློ་སྟོབས་སྤེལ།  
གཞན་ད་དུང་པེ་ཊར་མཆོག་གིས་ར་ཤི་ཡར་དགུན་ཁར་འཁྱག་རོམ་མེད་པའི་གྲུ་ཁ་ཞིག་གི་དགོས་པའི་ངོས་ཤེས་བརྙེད་ན་ཡང༌། དེར་འདུས་པའི་བྷལ་ཊེ་ཁུ་  སྐྱཎརྡྤདྲཏྲ དང་མཚོ་ནག་པོ་ སྐྱརྡཎཏྲྡ པྲྟཎཔྲ གཉིས་པོའི་གང་རུང་ཡིན་དགོས་ཀྱང་དེ་གཉིས་ཀ་ར་ཤི་ཡའི་མངའ་ཁུངས་མིན། ཕྱི་ལོ་ ༡༧༢༡ ལོར་པེ་ཊར་གྱིས་སོ་ཏན་རྒྱལ་ཁབ་ལ་དམག་འཁྲུག་ལས་རྒྱལ་ནས་ཨེས་ཏོ་ནེ་ཡ་དང་ལི་བོ་ནེ་ཡ་གཉིས་ཐོབ། ས་ཆ་དེ་གཉིས་ཀ་བྷལ་ཊེ་ཁུའི་མཚོ་འགྲམ་དུ་ཡོད། ར་ཤི་ཡའི་དཔལ་འབྱོར་དང་རྒྱལ་པོའི་སྟོབས་ཤུགས་འཕེལ་རྒྱས་སོང་བའི་དབང་གིས་པེ་ཊར་མཆོག་གིས་རྒྱལ་ས་བྱང་ཕྱོགས་མོ་སུ་ཁོ་ནས་ ྔྤ ངྟྤྟཔྱཔྲཏསྤྱཔྱཐྲ ཟེར་བར་གནས་སྤོས། གང་ལྟར་ཡང་ཞིང་གྲོང་ཁུལ་གྱི་ཞིང་པ་རྣམས་པེ་ཊར་གྱི་ལྕི་རུ་འགྲོ་བཞིན་པའི་གཞུང་ཁྲལ་ཁག་འཇལ་དགོས་པས་དཀའ་སྡུག་གི་གནས་ལྷུང་ཡོད།
ཕྱི་ལོ་༡༧༢༥ ལོར་གོང་མ་པེ་ཊར་མཆོག་སྐུ་གཤེགས་པར་བརྟེན་ར་ཤི་ཡུའི་སྤྱི་ཚོགས་བདེ་འཇགས་སྟེ། སྔར་གོང་པེ་ཊར་མཆོག་ལ་སྟོབས་འབྱོར་མངའ་ཐང་ཧ་ཅང་རྒྱས་ཡོད་པའི་དུས་སྐབས་ལས་ཀྱང་སྔོན་ཐོན་འཐུས་ཚང་གི་ཕྱོགས་སུ་བསྐྱོད་ཡོད།
ཕྱི་ལོ་ ༡༧༦༢ ལོར་སྟོབས་ཤུགས་ཡོངས་སུ་རྫོགས་པའི་སྲིད་དབང་འཛིན་མཁན་གཞན་ཞིག་ཁྲི་ལ་བཀོད། ༼རླབས་ཆེན༽ཁ་ཐི་རན་གཉིས་པ་པར་ཞེ་ཡ་རུ་སྐུ་འཁྲུངས་ཀྱང་ཁོ་མོ་ར་ཤི་ཡི་རྒྱལ་པོའི་རྒྱུད་འཛིན་ཁྲི་ཐོག་པ་དང་ལྷན་དུ་ཕྱྀ་ལོ་ ༡༧༤༥ གཉེན་སྒྲིག་གནང་པ་རེད། ཁོ་བ་ཛེར་རམ་རྒྱལ་པོ་ཁྲིར་བཀོད་ནས་ཟླ་དྲུག་གི་རྗེས་སུ་སྐུ་དཀྲོངས་རྗེས། བཙུན་མོ་ཁ་ཐི་རན་མཆོག་གིས་མོ་རང་ཉིད་གོང་མ་ཡིན་པའི་ཁྱབ་བསྒྲགས་བྱས། དེ་ལྟ་ནའང་ཁོ་མོའི་སྲིད་ཁྲི་རང་གི་བུ་ལ་ཕུལ་བ་རེད། རྒྱལ་མོ་དེ་པེ་ཊར་དང་པོ་དང་འདྲ་བར་ནུབ་ཕྱོགས་ཀྱི་བསམ་བློ་དར་སྤེལ་བཏང་བ་དང༌། དམག་བརྒྱབ་ནས་མངའ་ཁུངས་གསར་བ་མང་པོ་ཐོབ། ཕྱི་ལོ་ ༡༧༧༤ ནས་ ༡༧༩༢ བར་ཊར་ཀིའི་གོང་མ་ཨོ་ཐོ་མན་དང་འཐབ་པ་དང༌། ཕྱི་ལོ་ ༡༧༨༠ ལོར་སོ་ཏན་དང་དམག་འཁྲུག་རྒྱབ་པ་རེད། པོ་ལན་ཊི་དུམ་བུར་བགོ་སྐབས་ཁོ་མོས་ཀྱང་ས་ཁུལ་མང་པོ་ཞིག་རང་ཁུངས་ཡིན་ཞེས་བསྒྲགས། གང་ལྟར་སྐབས་དེར་ཡང་ཞིང་པ་ཚོའི་གནས་བབས་ལ་ཡར་བསྐྱེད་ཅི་ཡང་བྱུང་མེད་པ་མ་ཟད། ཁོང་ཚོས་ད་དུང་ཧ་ཅང་ལྕི་བའི་གཞུང་ཁྲལ་འཇལ་དགོས་པ་དང༌། གཞུང་ཁྲལ་འཇལ་བ་ལ་བརྟེན་ནས་རྒྱུན་དུ་ཁོང་ཚོ་ལྟོག་སྐོམ་གྱིས་ངང་ནས་འཚོ་དགོས་བྱུང༌། ཁོང་ཚོས་གཞུང་ལ་བསམ་འཆར་བཤད་སྐབས་མི་སྤྱོད་ལས་འདས་པའི་ཉེས་བརྡུང་གཏོང་གི་ཡོད། ཕྱི་ལོ་ ༡༧༧༣ ལོའི་གྱེན་ལོག་གདུག་རྩུབ་དྲག་པོས་མགོ་སྣོན་བྱས་སྟབས་གྱེན་ལོག་གི་བློ་སྟོབས་ཉམས་རྒུད་དུ་བཏང༌།