དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།75
mod_vvisit_counterཁ་སང།232
mod_vvisit_counterབདུན་ཕྲག་འདི།307
mod_vvisit_counterབདུན་ཕྲག་སྔོན་མ།1316
mod_vvisit_counterའདི་ཟླ།1199
mod_vvisit_counterཟླ་བ་སྔོན་མ།5383
mod_vvisit_counterགཟིགས་མཁན་བསྡོམས།96092

Online (20 minutes ago): 7
Your IP: 38.107.179.237
,
Today: Feb 07, 2012

གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

༄༅།     མཁྱེན་རླབས་མཚུངས་མེད་མདོ་ཁམས་ཆུ་སྒང་ས་གནས་རྒྱུན་ལས་སོ་སོར།
                                                                                                                ཆེད་ཞུ།
དགོངས་མངའ་བཞིན།  ལོ་ལྟར་མདོ་ཁམས་ཆུ་སྒང་འགན་འཛིན་ལྷན་ཚོགས་བསྐོང་འཚོགས་གནང་དགོས་པ་ལྟར།  འདི་ལོར་འགན་ལྷན་ཐེངས་ ༤༠ པ་འདི་དམིགས་བསལ་གལ་གནད་ཆེ་བའི་དུས་ཚིགས་དང།  བསྟན་སྲིད་ཐད་གལ་ཆེའི་བགྲོ་གླེང་ཞུ་དགོས་བཅས་ལ་བརྟེན།  དམིགས་བསལ་མདོ་སྟོད་ཆེས་མཐོའི་དཔོན་རིགས་རྣམ་པ་དང།  དེ་བཞིན་མདོ་སྟོད་སྤྱི་འཐུས་རྣམ་པ།  ཆོལ་ཁ་རང་ཁོངས་ནས་ཡིན་པའི་ཆོས་རྒྱུད་ཁག་གི་སྤྱི་འཐུས་རྣམ་པ་སོགས།  མདོ་དོན་མདོ་སྟོད་ཆེས་མཐོའི་མི་སྣ་གང་མང་ཞིག་འཛམ་གླིང་གང་ས་ནས་གདན་འདྲེན་ཞུ་གཏན་ཁེལ་བ་ལྟར།  ས་གནས་རྒྱུན་ལས་སོ་སོའི་ཚོགས་གཙོ་དང་དྲུང་ཆེ།   ཡང་ན་སྐུ་ཚབ་བཅས་ངེས་པར་དུ་ཕེབས་ཐུབ་པ་དགོས་རྒྱུ་དང་། ཕྱི་རྒྱལ་ཁག་ནས་ཕེབས་མཁན་ཚོའི་ལམ་གྲོན་རང་ཁོངས་ནས་གོ་སྒྲིག་གནང་དགོས་ཀྱང།  ཚོགས་འདུའི་རིང་བཞུགས་གནས་དང་གསོལ་ཚིགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་ཞུ་རྒྱུ་ཡིན།  རྒྱ་བལ་འབྲུག་གསུམ་ནས་ཕེབས་པའི་ཚོགས་བཅར་བ་ཚང་མ་མེ་འཁོར་གྲང་གློག་ཨང་  ༣  པ་དང།  སྦ་སི་ཨང་དང་པོའི་ནང་དུ་ཕེབས་ན་འཐུས་ཀྱང་མེ་འཁོར་དང་སྦ་སིའི་སྦིལ་འཛིན་ཚད་ལྡན་བསྣམས་མ་ཕེབས་ཚེ་རྩིས་འགྲོ་གཏོང་རྒྱུ་མིན།  ཚོགས་འདུའི་རིང་བཞུགས་གནས་དང་གསོལ་ཚིགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གོ་སྒྲིག་ཞུ་རྒྱུ།  ཚོགས་འདུ་དངོས་གཞི་ནི་ ༢༠༡༠  ཟླ་བ་ ༢  ཚེས་  ༢༥  ནས་ཚེས་  ༢༧  བར་ ཉིན་གསུམ་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་སྤྱི་ཁྱབ་ཡང་སྟེང་ཚོགས་ཁང་དུ་འཚོགས་ གཏན་ཁེལ་སོང་བས་དེ་དོན་ཚང་མས་དགོངས་འཇགས་ཡོང་བ་ཞུ་རྒྱུ་དང་། ས་གནས་ཁག་ནས་ཕེབས་པའི་ཚོགས་བཅར་བ་ཚོས་ཟླ་བ་ ༢ ཚེས་༢༤ ཉིན་འབྱོར་ཐོ་འགོད་འབུལ་ཐུབ་པ་དགོས་རྒྱུ་བཅས་དེ་དོན་ཚང་མས་དགོངས་འཇགས་ཡོད་ པ་ཞུ།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཕྱི་ལོ་ ༢༠༡༠ ཟླ་  ༡  ཚེས་ ༥་ལ།