གསལ་བསྒྲགས།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སྐབས་མདོ་སྟོད་ཆོལ་ཁའི་སྐུ་ཚབ་འཐུས་མི་གཏན་འབབ་གནང་བ།
བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དེ་རྒྱ་གར་ལྷོ་ཕྱོགས་བྷེ་ལ་ཀུ་པིས་སུ་ཕྱི་ལོ་ ༢༠༡༠ ཟླ ༨ཚེས ༢༦ ནས ༣༡ བར་བསྐོང་འཚོགས་གནང་རྒྱུ་དང་། དེ་རྗེས་ཕྱི་ཟླ་ ༩ ཚེས ༡ ཉིན་༸སྤྱི་ནོར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་མ་ཟད་ཚེས་ ༢ ཉིན་བོད་གཞུང་མང་གཙོ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ ༥༠ འཁོར་བའི་དུས་དྲན་ཟབ་རྒྱས་ཤིག་བསྲུང་བརྩི་གནང་འཆར་ཡོད་པ་ལྟར། སྐབས་དེར་གཞུང་འབྲེལ་གྱིས་ཆོལ་ཁ་རེ་ནས་སྐུ་ཚབ་འཐུས་མི་གཉིས་རེ་དགོས་ཤེས་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་ཆོལ་ཁ་སོ་སོར་ཚོགས་བརྡ་འབྱོར་ཡོད་པ་རེད། ༢༠༡༠ ཟླ་ ༦ ཚེས ༡ དང ༢ ཉིན་གཉིས་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་རྒྱུན་ལས་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་འཚོགས་གནང་སྐབས་མདོ་སྟོད་ཆོལ་ཁའི་སྐུ་ཚབ་འཐུས་མི་ཆུ་སྒང་དབུས་རྒྱུན་ལས་ནང་ཆེན་ཨ་རྡོ་དང་། ཀོང་པོ་ཕུར་བུ་ཚེ་རིང་གཉིས་ལ་གཏན་ཁེལ་གནང་བའི་གནས་ཚུལ་ཐོན་འདུག
གསལ་བསྒྲགས།
གསལ་བསྒྲགས།
ཕྱི་ལོ་ ༢༠༡༠ ཟླ ༦ ཚེས ༡ ནས་ཉིན་ཤས་རིང་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་བཅོ་བརྒྱད་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ལྷན་ཚོགས་ཐེངས་བརྒྱད་པ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བསྐོང་འཚོགས་གནང་རྒྱུ་ཡིན་པ་རེད། དབུས་རྒྱུན་ལྷན་ཚོགས་ཐེངས་བརྒྱད་པའི་ཐོག་མདོ་ཁམས་ཆུ་སྒང་ཚོགས་པའི་སྒྲིག་དོན་གཞིར་བཟུང་འགན་ལྷན་ཐེངས་ ༤༠ པའི་གྲོས་ཆོད་ལག་བསྟར་ཟིན་པ་རྣམས་ཀྱི་གྲུབ་འབྲས་ལ་ཞིབ་འཇུག་དང་། འདས་པའི་ཟླ་བ་གསུམ་ནང་ཚུན་མདོ་ཁམས་ཆུ་སྒང་ཚོགས་པའི་བཏང་ཡོང་གི་རྩིས་ཁྲར་ནང་ཞིབ་བྱ་རྒྱུ་མ་ཟད། ས་གནས་རྒྱུན་ལས་ཁག་གིས་སྐབས་བཅོ་ལྔ་པའི་བོད་མི་མང་མདོ་སྟོད་སྤྱི་འཐུས་རྣམ་པའི་འོས་གཞིའི་མི་འགྲོ་གཏོང་འབྱོར་བྱུང་བ་ནས་ཆ་རྐྱེན་ཚང་རིགས་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིར་གྲངས་ཚད་ངེས་ཅན་ཞིག་གཏན་འབེབས་གནང་རྒྱུ་ཡིན། དེ་བཞིན་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་འོས་ཆོས་ཚང་བའི་སྔོན་འགྲོའི་འོས་གཞིའི་ས་བོན་བྱུང་བ་རྣམས་གཞི་རྩར་བཞག་སྟེ་སྐབས་བཅུ་དགུ་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་སྔོན་འགྲོའི་འོས་གཞི་གཏན་འབེབས་གནང་རྒྱུ་ཡིན་སྟབས་ས་གནས་ཁག་སོ་སོའི་ཕྱི་ཟླ་ ༦ ཚེས ༡ ནང་ཚུན་འོས་གཞིའི་ས་བོན་གྱི་སྙན་ཐོ་འདི་ག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་མ་འབྱོར་ཚེ་རང་བཞིན་གྱིས་རྩིས་མེད་དུ་འགྲོ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་ཡོད་པ་ཞུ།
མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཕྱི་ལོ་ ༢༠༡༠ ཟླ ༥ ཚེས ༢༠ ལ་ཕུལ།
༸རྒྱལ་དབང་ཀརྨ་པ་མཆོག་ལ་སྙན་ཞུ།
༄༅། །བསྒྲུབ་བརྒྱུད་ཤིང་རྟའི་སྲོལ་འཛིན་ལྔ་སྙིགས་འགྲོ་བའི་སྐྱབས་མགོན་རྒྱལ་དབང་༸་ཀརྨ་པ་༸སྐུ་ཕྲེང་བཅུ་བདུན་པ་ཆེན་པོའི་ཞབས་པད་གསེར་ཁྲི་མངོན་པར་མཐོན་པོའི་དྲུང་དུ།སྒོ་གསུམ་མི་ཕྱེད་དད་པས་སོར་བཅུའི་འདབ་མ་སྤྱི་བོར་བརྒྱན་ཏེ་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་ནས་ཞུ་གསོལ་འདེབས་སྙིང་། ལུགས་གཉིས་ཀྱི་མཁྱེན་དཔྱོད་རབ་ཏུ་སྤྲོ་ཞིང་གདུལ་བྱ་ཡིད་ཅན་དག་འཁོར་བ་དུ་ཁའི་སྨག་མུན་སེལ་བའི་ཐུགས་རྗེའི་
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་ཞུ།
༄༅། །སྲིད་ཞིའི་གཙུག་རྒྱན་༸གོང་ས་༸ལྷ་མིའི་རྣམ་འདྲེན་སྐྱབས་མགོན་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གི་ཞབས་པད་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་མངོན་པར་མཐོན་པོའི་དྲུང་དུ།
དེ་ལས་མང༌།: སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་ཞུ།
དེ་ལས་མང་བའི་རྩོམ་ཡིག...
ཤོག་ངོས། 1 of 3

















