Simla
སིམ་ལ་ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་
ཕྲན་ ཀྱི་ལོ་རྒྱུས་སྙིང་བསྡུས་ཤིག་ཞུས་ན། ཕྱི་ལོ་ ༡༩༣༤ ༧ ༡ ལ་ཕ་ཡུལ་དཀར་མཛེས་གྲོང་མིང་སེར་ཤུལ་ཏི་ཟེར་བར་སྐྱེས། ཕྲན་ ༡༩༥༩ ལོ་ནས་ཀོང་པོ་རྒྱ་གཞིས་ལ་རྟ་དམག ༡༢༥ ཙམ་དམག་སར་འགྲོ་མཁན་གྲལ་ནས་གཅིག་ཡིན། ང་ཚོ་ཁས་ལེན་པ་ ༣༣ ནས་དམག་སར་བོད་དམག་ ༡༦ བསད་ཤོར། དེའི་ནང་ངའི་ཕ་གཅིག་མ་གཅིག་གི་ཇོ་ཇོ་ཚེ་དབང་མགོན་པོའང་དམག་སར་གྲོངས་པར་མ་ ཟད་མི་མདའ་ལྔ་ལ་རྨས་སྐྱོན་ཚབ་ཆེན་ཕོག དེའི་ཉིན་ཞོགས་པ་ཆོད་ཚོད་ ༨ ནས་ ༡༠ བར་དམག་ཐག་ཆོད། དེ་ནས་རྒྱ་གར་མ་སླེབས་བར་དམག་སར་ཐེངས་དྲུག་ཙམ་བསྐྱོད་མྱངས་ཡོད། བཙན་བྱོལ་དུ་འབྱོར་ནས་ཏྲེ་ཧོར་དུ་བསྡད། དེ་རྗེས་སིམ་ལར་གནས་སྤོས་བྱས་ཏེ་ད་ལྟའི་བར་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་ལས་ ཁུར་ཞུས། བདུན་ཅུ་ཐམ་པ་ནས་ཚོགས་གཙོའི་ལས་ཁུར་ཞུས་ཏེ་ད་བར་སྐྱིད་ན་སྐྱིད་རོགས་དང་ སྡུག་ན་སྡུག་རོགས་བྱས་ཏེ་བསྡད། ༦༢ ནས་ ༢༠༠༨ བར་བཙན་བྱོལ་སྤྱི་ཚོགས་སུ་ཚོགས་པའི་ཆེད་མངར་སྐྱུར་གྱི་འཚོ་བ་འདྲ་མིན་མྱངས་ ཡང་དེ་ཙམ་ལས་ཞིབ་རྒྱས་ཞུ་དགོས་མ་མཆིས་པས་དེ་ལུགས་དགོངས་འཇགས་འཚལ།
















