དྲ་རྒྱ་གཟིགས་མཁན།

mod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_countermod_vvisit_counter
mod_vvisit_counterདེ་རིང་།88
mod_vvisit_counterཁ་སང།203
mod_vvisit_counterབདུན་ཕྲག་འདི།88
mod_vvisit_counterབདུན་ཕྲག་སྔོན་མ།1180
mod_vvisit_counterའདི་ཟླ།3202
mod_vvisit_counterཟླ་བ་སྔོན་མ།6049
mod_vvisit_counterགཟིགས་མཁན་བསྡོམས།118069

Online (20 minutes ago): 3
Your IP: 38.107.179.240
,
Today: May 20, 2012

ནིའུ་ཡོག་ས་གནས་མདོ་ཁམས་ཆུ་སྒང་རྒྱུན་ལས།

Attention, open in a new window. ཕི་ཌི་ཨེཧཕ།པར་འདེབས།གློག་འཕྲིན།

གུས་བྲག་གཡབ་བློ་བཟང་གི་ལོ་རྒྱུས་མདོར་བསྡུས།
ཕ་ངག་དབང་དགེ་ལེགས་དང་། མ་རིན་ཆེན་ལྷ་མོ་གཉིས་ལ་ཕྱི་ལོ་ ༡༩༧༦ ཟླ་ ༡༢ ཚེས་ ༢༨ ཉིན་ལ་བོད་ཤར་ཕྱོག་མདོ་ཁམས་བྲག་གཡབ་མ་དགོན་ག་གཟི་ལ་སྐྱེས། དེ་ནས་ལོ་ལྔ་ནས་བཅུ་གསུམ་བར་བོད་ཡིག་འབྲི་ཀློག་འདོན་གསུམ་དང་ཞིང་འབྲོག་གི་མཚོ་ཐབས་བཅས་དེ་ནས་རྒྱ་དམར་གི་མནར་གཅོད་སྡུག་རྩུབ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་སྡུག་ཏུ་བཏང་བས་གུས་ཕྱི་ལོ་༡༩༨༩ ལོ་རྒྱ་གར་ལ་བྲོས་བྱོལ་ཡོང་ནས་༧ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་ཞལ་མཇལ་གསུང་ཐོས། དེ་ནས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་ རྒྱ་གར་ལྷོ་ཕྱོག་དཔལ་ལྡན་འབྲས་སྤུང་མཁས་མང་བློ་གསལ་གླིང་གྲྭ་ཚང་ལ་ཚན་རིག་དང་ནང་ཆོས་བོད་གི་རིག་གཞུང་གཅས་ལ་ལོ་བཞི་རིང་སློབ་སྦྱོང་བྱས། དེ་ནས་སྦེང་ལོར་ལ་རྒྱ་གར་གི་སྐད་དང་དབྱིན་ཇི་བཅས་ལ་སློབ་སྦྱོང་ལོ་བདུན་བྱས། དེ་ནས་ཕྱི་ལོ་ ༡༩༩༤ ལོ་ལ་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་རྒྱུན་ལས་ནས་བོད་བསྟན་པ་ཆབ་སྲིད་གི་དོན་དུ་ཐེ་ལྦན་དང་གཉམ་དུ་དོན་ཚན་ཁག་ལ་དབང་ཚད་ཆེ་ཆུང་གི་སྒྲོ་མིང་འདྲ་མིན་སྣ་ཚོག་ཞིག་བཏགས་དོ་ངོ་མ་ཁོ་པ་ཚོས་ཆུ་སྒང་རྩ་མེད་གཏང་རྒྱུ་དེ་ཡིན་སྐབས། གུས་དབུས་ཆུ་སྒང་རྒྱུན་ལས་རྣམ་པ་སྲུང་སྐྱོབ་ཡང་ཡང་ཞུས་པ་མ་ཟད་རྒྱ་གར་ལྷོ་

ཕྱོགས་སྦེལ་ཀུབ་ལ་གནས་སྡོད་སྐབས་ས་གནས་ཆུ་སྒང་རྒྱུན་ལས་དང་མཉམ་ཕྱག་རོགས་གང་ཐུབ་ཞུས་པ་ཡིན། དེ་ནས་ཕྱི་ལོ་༢༠༠༤ ལོ་ཨ་རིའི་ལ་སླེབས་ནས་ཕྱི་ལོ་ ༢༠༠༨ ལོ་གསར་ལ་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཕྱི་ལོ་ ༡༩༤༧ ནས་ཕྱི་ལོ་ ༢༠༠༨ བར་ལ་རྒྱ་དམར་གི་བོད་མིའི་སྟོང་ཕྲག་མང་པོ་དམར་བསད་བཏང་། ཁྲི་ཕྲག་མང་པོ་བཙོན་འཇུག་བྱས་འབུམ་ཕྲག་མང་པོ་སེམས་ལ་བདེ་བ་ནམ་ཡང་མེད་པ་བཟོས་པའི་སྡུག་སེམས་མཉམ་བསྐྱེད་ཀྱི་མཚོན་བྱེད་ལ་ཚོགས་དང་མཆོད་མེ་གསོལ་ཇ་མི་གྲངས་ ༥༥༠ ཞིག་ལ་ང་དང་གོ་འཇོ་བློ་གྲོས་ཏྲེ་ཧོར་བློ་དགའ་གསུམ་གྱི་དང་བླངས་ཀྱི་ལས་འགུལ་སྤེལ་ཐུབ་པ་བྱུང་སོང་། དེ་ནས་ཨ་རི་ལ་ International English center English course and basic computer course བཅས་ལོ་གཉིས་རིང་སློབ་སྦྱོང་བྱས། དེ་ནས་ཕྱི་ལོ་ ༢༠༠༩ ལོ་ཨ་རིའི་ནིའུ་ཡོག་མདོ་ཁམས་ཆུ་བཞི་སྒང་དྲུག་སྐབས་གསུམ་པའི་རྒྱུན་ལས་འོས་ཐོབ་ནས་དྲུང་ཆེ་གཞོན་པའི་ལས་འགན་བསྒྲུབས་དང་སྒྲུབ་བཞིན་པ་ཡིན། དེ་དོན་ཆུ་སྒང་ཁྱབ་ཁོང་ཡོངས་ལ་དམ་བཅའ་བརྟན་པའི་ཐོག་དྲང་པོ་དྲང་བཞག་དང་ལྷག་བསམ་ཤེས་འཇོན་གཉིས་ལྡན་ཐོག་ཕྱག་ལས་གནང་ཐུབ་པ་བྱ་ཡི་ཡིན། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཚེ་བསྐལ་བརྒྱར་བརྟན་ཤིང་བོད་མདོ་ཁམས་ཡུལ་ལ་རང་བཙན་མྱུར་དུ་ཐོབ་པའི་སྨོན་མདུན་ཡོད།
ཨ་རིའི་ནིའུ་ཡོག་མདོ་ཁམས་ཆུ་བཞི་སྒང་དྲུག་དྲུང་ཆེ་གཞོན་པ་བྲག་གཡབ་བློ་བཟང་ནས་ཕྱི་ལོ༢༠༠༩ཟླ་༡༢ཚེས་༢༣ལ་ཕུལ།

 

 

༄༅། ཨ་རི་ནེའུ་ཡོག་ས་གནས་ཆུ་སྒང་རྒྱུན་ལས་ཀྱི་ལས་བསྡོམས་སྙིང་བསྡུས།

ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་པར་ཕེབས་པའི་དབུས་དང་ས་གནས་ཁག་གི་ཆུ་སྒང་རྒྱུན་ལས་ཡོངས་ལ་ཨ་རི་ནེའུ་ཡོག་ས་གནས་ཆུ་སྒང་རྒྱུན་ལས་ཀྱིས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག་ཆུ་སྒང་འགན་འཛིན་ལྷན་ཚོགས་ཐེངས་བཞི་བཅུ་པའི་ཚོག྄ས་འདུའི་ཐོག་ངེད་རྣམས་བཅར་ཐུབ་མ་སོང་ཀྱང༌། གངས་ལྗོངས་བོད་ཀྱི་རྩ་དོན་ལ་ལྷོད་གཡེང་གཏན་ནས་མེད་པར་དུས་དང་གོ་སྐབས་ནམ་བྱུང་ལ་ལས་འགུལ་ཅི་རིགས་ཐོག་ངལ་བ་དྭང་ལེན་དང་སྤྲོ་སེམས་འཕེལ་བའི་ངང་ན྄ས་སྒྲུབ་ཀྱིན་ཡོད། 

ད་ལན་འགན་འཛིན་ལྷན་ཚོགས་སུ་ས་གནས་སོ་སོའི་ལོ་འཁོར་ལས་བསྡོམས་དང་རྩིས་ཁྲ་སྒྲོགས་སྦྱང་གཞན་ཡང་བོད་མི་དམངས་སྤྱི་འཐུས་དང་ཆུ་སྒང་དབུས་རྒྱུན་གསར་འདེམས་བྱེད་ཕྱོགས་ཀྱིས་མཚོན་པའི་གནད་དོན་གལ་ཆེན་ཁག་ལ་བགྲོ་གླེང་བྱ་རྒྱུ་སྐོར་བཅས་འཁོད་པའི་མགྲོན་བརྡ་དྲྭ་རྒྱ་དང་ཡིག་ཟམ་བརྒྱུད་ལག་སོན་བྱུང་བ་ལྟར་ཨ་རི་ནེའུ་ཡོག་ས་གནས་ཆུ་སྒང་གི་ལས་བསྡོམས་གཤམ་གསལ།

སྤྱི་ལོ་ ༢༠༠༩ སྤྱི་ཟླ་ ༨ སྤྱི་ཚེས་ ༣༠ ཉིན་འདེམས་སྒྲུག་བྱུང་བ྄འི་སྐབས་གསུམ་པའི་ས་གནས་རྒྱུན་ལས་རྣམས་ཀྱིས་དུས་ཐུང་ནང་གལ་ཆེའི་ལས་འགུལ་སྣེ་ཁ་བཞི་ཙམ་བསྒྲུབ་ཐུབ་སོང་བ་དེ་དག་ནི། 

དང་པོ།  ཨ་རིའི་རྒྱལ་ས་ཝ་ཤིང་ཏྲོན་དུ་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་གི་གཞུང་ཚབ་ཁང་གི་མདུན་ཐང་དུ་གངས་ལྗོངས་བོད་ཀྱི་རྒྱལ་དར་དང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་དམག་དར་གཉིས་མཁའ་དབྱིངས་སུ་མཉམ་འཕྱར་གྱིས་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་བསྐོར་ཡུན་རིང་བྱས་པ་དང་ཆབས་གཅིག་སྐད་གསེང་མཐོན་པོའི་ངང་ནས་དགོས་འདུན་གྱི་འབོད་ཚིག་ཁག་ངག་ཐོག་དང་ཡིག་ཐོག་ནས་ཤུགས་ཆེར་བསྒྲགས་ཡོད།

དེ་བཞིན་ཤར་ཏུ་ཀི་སི་ཐན་གྱི་རྔམ་སྟོན་ཁྲོམ་བསྐོར་བ་དང་མཉམ་དུ་ལག་གདང་གཅིག་སྦྲེལ་དང་དཔུང་པ་མཉམ་བཤིབ་ཀྱིས་ལྟ་བ་དང་ལང་ཕྱོགས་ཀྱི་ངོ་བོ་གཅིག་གྱུར་དང་འགྱུར་མེད་རྟག་བརྟན་ཡིན་པ་ལུས་ངག་གཉིས་ཀྱི་ཐོག་ནས་མཚོན་པར་བྱས་ཡོད། 

དེ་ཉིན་གྱི་དགོང་མོར་ཤར་ཏུར་ཀི་སི་ཐན་གྱི་ཚོགས་གཙོ་ལྕམ་སྐུ་ཞབས་ར་སྦི་ཡ་ཡིས་མོ་རང་གི་ལས་ཁུངས་སུ་མགྲོན་འབོད་བྱུང་བ་དང་སྦྲགས་ཁམས་པ་དང་ནང་སོག་ཤར་ཏུ་ཀི་སི་ཐན་བཅས་ལུང་པ་གསུམ་གྱི་མཉམ་འབྲེལ་སྒྲིག་འཛུགས་ཞིག་བཙུགས་ཐུབ་པ་བྱུང་ཡོད། 

གཉིས་པ། བོད་མི་དམངས་ཀྱི་སྤྱི་འཐུས་དང་མདོ་ཁམས་ཆུ་སྒང་གི་ཚོགས་གཙོ་གཅིག་ལྕོགས་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ཆེད་དུ་གདན་ཞུས་ཀྱིས་མི་དམངས་ལ་ཆབ་སྲིད་ཀྱི་གོ་རྟོགས་འཕེལ་ཐབས་དང་རྩ་དོན་ཐོག་སེམས་ཤུགས་རྒྱས་ཐབས། གཞན་ཡང་འདས་པའི་བྱུང་རབས་ནང་ཆུ་སྒང་ལ་འཕྲད་པའི་དཀའ་ངལ་དང་རྙོག་དྲྭའི་སྐོར། ཆུ་སྒང་གི་ལོ་རྒྱུས་བཅས་ཀྱི་ཐོག་བཀའ་སློབ་གནང་རོགས་ཞུས་པ་ལྟར་གནང་བས་མི་དམངས་ཀྱི་བསམ་བློའི་གོ་རྟོགས་ལ་ཕན་ཐོག་རྒྱ་ཆེར་བྱུང༌། 

གསུམ་པ། རྒྱལ་ས་ཝ་ཤིང་ཏྲོན་དང་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་རྒྱ་ནག་དམངས་གཙོ་བརྩོད་ལེན་པའི་ཚོགས་པ་ཁག་དང་མཉམ་འབྲེལ་གྱི་ཐོག་ནས་ལས་འགུལ་མང་པོ་དེ་སྔ་སྤེལ་ཟིན་པ་དང་ད་དུང་མུ་མཐུད་སྤེལ་རྒྱུ་འཆར་གཞི་ཡོད། ལས་འགུལ་ནང་མཉམ་བཞུགས་བྱེད་མཁན་རྒྱ་རིགས་དམངས་གཙོ་བརྩོད་ལེན་པ་ཚོས་ང་ཚོའི་ལས་འགུལ་ལ་མཐོང་ཆེན་དང་རྒྱབ་སྐྱོར་ཆེན་པོ་ཡོད་པའི་རྣམ་པ་གསལ་པོ་ཞེ་དྲག་འདུག། རྒྱལ་ས་ཝ་ཤིང་ཏྲོན་དུ་ཚོགས་པ་འདི་ཚོ་དང་མཉམ་དུ་འདུ་འཛོམས་ཐེངས་གཉིས་ཙམ་བྱུང་བའི་སྐབས་ཆུ་སྒང་གི་སྒྲིག་འཛུགས་ཀྱི་ངོ་བོ་དང་ལོ་རྒྱུས་ཀྱི་བྱུང་རབས་སོག྄ས་ལ་གསལ་བཤད་དང་ངོ་སྤྲོད་བྱེད་རྒྱུ་གོ་སྐབས་བཟང་པོ་བྱུང༌། 

བཞི་པ། མདོ་ཁམས་ཡུལ་གྱི་རིག་གཞུང་དང་གོམ་སྲོལ་བཟང་པོ་རྣམས་མི་ཉམ་རྒྱུད་འཛིན་དང་ཉམ་པ་སླར་གསོ་བཅས་ཀྱི་ཆེད་དུ་གཞས་སྣ་ཁྲབ་སྟོན་བྱེད་རྒྱུར་གྲ་སྒྲིག་ཞིག་བྱས་པ་ལ་ཕྱི་ནང་གསང་གསུམ་གྱི་བར་ཆད་མང་དག་བྱུང་ཡང༌། ཆུ་སྒང་ལ་ཞེན་པ་དཀར་བའི་མི་དམངས་ཀྱིས་རྒྱབ་སྐྱོར་ཤུགས་དྲག་གནང་བར་བརྟེན། བར་ཆད་ཐ་དག་ལས་རྣམ་པར་རྒྱལ་སྟེ་ཚོགས་ཁང་ཆེན་པོ་ནང་མི་དམངས་བགྲང་གིས་མི་ལང་བ་འདུ་འཛོམས་བྱུང་བས་སྤྲོ་བ་དང་རྒྱལ་ཁའི་ངང་ནས་ཁྲབ་སྟོན་མཇུག་སྒྲིལ་བྱས་ཐུབ་སོང་བའི་ལས་བསྡོམས་སྙིང་བསྡུས་སུ། 

ཨ་རི་ནེའུ་ཡོག་ས་གནས་སྐབས་གསུམ་པའི་ཆུ་སྒང་རྒྱུན་ལས་གྱིས། སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༢ སྤྱི་ཚེས་ ༢༥ ཉིན་ཕུལ།།