གསར་འགྱུར།
ཟ་ཁང་བོགས་གཏོང་གི་གསལ་བསྒྲགས།
རྒྱ་ཆེའི་མདོ་སྟོད་མི་མང་ཡོངས་ལ་གསལ་བསྒྲགས་ཞུ་རྒྱུར། བཞུགས་སྒར་དྷ་རམ་ས་ལའི་མེག་གྷན་ཁྲོམ་ལམ་དུ་ཡོད་པའི་འདི་ག་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཀེ་ལ་ཤ་གསོལ་མགྲོན་ཁང་དེ་ཉིད་ལོ་གསུམ་གྱི་བོགས་དུས་ཚང་ནས་སླར་ཡང་ལོ་གསུམ་རིང་བོགས་གཏོང་བྱ་རྒྱུ་ཡིན་ན།བཀོད་ཁྱབ
༄༅། །མདོ་སྟོད་ས་གནས་རྒྱུན་ལས་ལྷན་རྒྱས་དང་རྒྱ་ཆེའི་མི་མང་རྣམ་པར།
ཆེད་དོན།
མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས་(༤༢ པ་ཕྱི་ལོ་༢༠༡༢ ཟླ་ ༢ ཚེས ༡༠ནས་ ༡༢ བར་ཉིན་གསུམ་ཚོགས་)པའི་ནང་དུ་བགྲོ་གླེང་དང་གོ་བསྡུར་ལྷུག་པོར་གནང་བའི་གྲུབ་དོན་ལསམདོ་ཁམས་ས་གནས་སེར་སྐྱ་མི་མང་རྣམ་པས་ལག་བསྟར་དགོས་རིགས་གཤམ་གསལ།
1. ༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་ཉེན་སྲུང་ཆེད་ཆུ་སྒང་འགན་ལྷན་ཐེངས་ ༤༢ པའི་ཐོག་བཞག་པའི་གྲོས་ཆོད་འབྲུ་དོན་བཞིན། ༸གོང་ས་མཆོག་གི་སྐུ་ཕྱྭའི་ཆེད་ས་གནས་ཁག་ནས་རྣམ་དཀར་དགེ་སྒྲུབ་རིམ་འགྲོ་གསོག་བསྒྲུབ་བྱ་རྒྱུ་དང་།
བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་གཞི་གྲོས་ཆོད།
གྲོས་གཞི།
བོད་བསྟན་སྲིད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་གཏོང་གིས་བོད་རང་དབང་སླར་གསོའི་རྩ་དོན་འཐབ་རྩོད་ལ་རླབས་ཆེན་མཛད་རྗེས་ལྡན་པའི་དཔའ་བོ་ཛ་སག་ཨ་འབྲུག་མགོན་པོ་བཀྲ་ཤིས་མཆོག་དབུས་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་ཁོངས་སུ་ཞུགས་མྱོང་ཡོད་པ་རྣམས་ཀྱིས་གཙོས་སྔོན་གཤེགས་བོད་ཀྱི་དཔའ་བོ་རྣམས་དང་།
དེ་ལས་མང༌།: བཀའ་དྲིན་རྗེས་དྲན་དང་མྱ་ངན་གུས་འདུད་ཀྱི་གྲོས་གཞི་གྲོས་ཆོད།
དབུས་ཆུ་སྒང་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་གྲོས་གཞི།
གྲོས་གཞི།
ཆུ་སྒང་འགན་འཛིན་ལྷན་ཚོགས་འཚོགས་དགོས་དོན་ནི། དབུས་རྒྱུན་ལས་ཀྱི་དུས་ཡུན་དེའི་རིང་གི་འཛིན་སྐྱོང་གི་ལས་ཀ་དང་། བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲའི་གནས་སྟངས་ཇི་བཞིན་ས་གནས་ཁག་གིས་མཁྱེན་རྟོགས་ཡོང་ཐབས་དང་། ས་གནས་ཁག་གིས་ལས་འགུལ་གང་ཞིག་གནང་ཡོད་པ་དང་། བྱུང་སོང་བསྡད་གསུམ་གྱི་རྩིས་ཁྲའི་གནས་སྟངས་སྐོར་དབུས་ནས་མཁྱེན་རྟོགས་ཡོང་སླད་ཡིན་ཡང་། དེ་སྔོན་གནས་སྟངས་འདྲ་མིན་གྱི་འོག་ནས། ས་གནས་མི་ཉུང་བ་ཞིག་གི་ལས་བསྡོམས་དང་རྩིས་ཁྲ་དུས་ཐོག་སྤྲོད་འབུལ་ཐོག ཚགས་ཚུད་མ་བྱུང་བ་དེ་རིགས་ལེགས་བཅོས་མཇུག་སྐྱོང་ཡོང་སླད་གྲོས་ཆོད་གཅིག་འཇོག་གལ་ཆེ་བར་མཐོང་།
གྲོས་ཆོད།
ད་ནས་བཟུང་ཆུ་སྒང་འགན་ལྷན་ནམ་འཚོགས་སུ་ས་གནས་ཁག་སོ་སོ་ནས། དུས་ཡུན་དེའི་རིང་གི་ལས་བསྡོམས་དང་། རྩིས་ཁྲ་དུས་འགྱང་མེད་པར་འགན་ལྷན་ཚོགས་ཆེན་ཐོག་ངེས་གནང་དགོས་རྒྱུ།
ཤེས་ཡོན་སྐོར་གྱི་གྲོས་གཞི།།
སྔོན་གླེང།
ཤེས་ཡོན་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུར་མེད་དུ་མི་རུང་བ་ཞིག་ཡིན་པ་དང་། རྒྱ་དམར་གཞུང་གིས་བོད་ཀྱི་ཆོས་རིག་རྩ་མེད་བཏང་དང་གཏོང་བཞིན་པར་གདོང་ལེན་དང་། མ་འོངས་པར་བོད་མི་སྤྱི་དང་ལྷག་པར་མདོ་སྟོད་མི་མང་གི་གནའ་དེང་གི་ཤེས་ཡོན་ཡར་རྒྱས་ཡོང་ཆེད་སྔར་ལྷག་ཐུགས་སྣང་དགོས་པའི་གྲོས་ཆོད་ཅིག་འཇོག་དགོས་མཐོང་།
དེ་ལས་མང་བའི་རྩོམ་ཡིག...
- བོད་བསྟན་སྲིད་ལ་སྨན་པའི་ཆབ་སྲིད་ལས་འགུལ་ཐད་ཀྱི་གྲོས་གཞི།
- ༄༅། །མདོ་ཁམས་ཆུ་སྒང་འགན་ལྷན་ཐེངས་(༤༢ པ་ཕྱི་ལོ་༢༠༡༢ ཟླ་ ༢ ཚེས ༡༠ནས་ ༡༢ བར་ཉིན་གསུམ་ཚོགས་)པའི་ནང་དུ་བགྲོ་གླེང་དང་གོ་བསྡུར་བྱས་པའི་གྲུབ་དོན།
- གསལ་བསྒྲགས།
- གསལ་བསྒྲགས།
- གསལ་བསྒྲགས།
- མྱ་ངན་གུས་འདུད་དང་འདས་འཇུག་དགེ་བསྔོའི་གསར་བརྡ།
- བཀའ་བློན་ཁྲི་ཟུར་འཇུ་ཆེན་མཆོག་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ།
- མདོ་ཁམས་ཆུ་སྒང་དབུས་རྒྱུན་གསར་རྙིང་རྩིས་སྤྲོད་ལེན་དང་སྐབས་ ༡༩ པའི་དབུས་རྒྱུན་ལྷན་ཚོགས་ཐེངས་དང་པོ།
- མདོ་ཁམས་ཆུ་བཞི་སྒང་དྲུག་རྒྱལ་ཡོངས་ཚོགས་ཆེན་ཐེངས་ ༡༩ པའི་གྲོས་གཞི་གྲོས་ཆོད་ཁག
- མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླང་དམག་དབུ་བརྙེས་པའི་དུས་དྲན།
- མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་སྐབས་ ༡༨ པའི་ལས་བསྡོམས་སྙིང་བསྡུས།
- བོད་ཀྱི་བསྟན་སྲུང་དྭང་བླངས་མདོ་ཁམས་ཆུ་བཞི་སྒང་དྲུག་དབུ་བརྙེས་ནས་མི་ལོ་ཧྲིལ་པོ ༥༣ འཁོར་བའི་དུས་དྲན་ཀྱི་ཡོངས་ཁྱབ་གསུང་འཕྲིན།
- བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་འདུ་བ་ཡོངས་ལ་སྙན་ཞུ།
- མདོ་ཁམས་ཆུ་སྒང་དབུས་རྒྱུན་སྐབས་ ༡༩ པར་འདེམས་ཐོན་བྱུང་བ་གཤམ་གསལ།
- གྲོས་གཞི་དང་གྲོས་འཆར་ཁག
ཤོག་ངོས། 1 of 11
















